Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
ཆོས་སྐྱོང་ཧྲག་བསྡུས་གསོལ་མཆོད་བསྡུས་པ་རས་ཆེན་པའི་གཞུང་ནས་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆོས་སྐྱོང་ཧྲག་བསྡུས་གསོལ་མཆོད་བསྡུས་པ་རས་ཆེན་པའི་གཞུང་ནས་བསྡུས་པ།next

ཆོས་སྐྱོང་ཧྲག་བསྡུས་གསོལ་མཆོད་བསྡུས་པ་རས་ཆེན་པའི་གཞུང་ནས་བསྡུས་པ།


CMR027_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་ཧྲག་བསྡུས་གསོལ་མཆོད་བསྡུས་པ་རས་ཆེན་པའི་གཞུང་ནས་བསྡུས་པ་བཞུགས་སོ། །


CMR027_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཁའི་གཏོར་མ་ཡོད་ན་རབ། མེད་ན་བསྐང་གཏོར་གསོ་བྲན་བྱས་ཀྱང་འཐུས། མེད་ན་ཆོས་སྐྱོང་སྤྱི་འདུས་གཏོར་མ་གསོ་བྲན་བྱས་ལ། ཨོཾ་ཧིཔདྨནྟ་ཀྲྀཏྟ་བཛྲ་ཀྲོ་དྷ་རྒྱ་ཤྲཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱ་སྭ་བྷཱ་བ་ཤུདྡྷོཉཧཾ། སྟོང་པར་གྱུར། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་མགོ་བོའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཡེ་ཤེས་ཀྱི་བདུད་རྩི་གཅིག་ཏུ་འདྲེས་པའི་གཏོར་མ་རྣམས་དང་། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི་བསྒྲུབ་པའི་རྫ་ས། མཆོད་པའི་རྫས། བསྐང་བའི་རྫས། རྟེན་པའི་རྫས་ལ་སོགས་པ་མཆོད་པའི་


CMR027_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན། །རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། ཨོཾ་མ་ཧཱ་མཾ་ས། །རཀྟ་ཙིཏྟ་བ་སུ་ཏ་མེ་ཙི་གོ་རོ་ཙ་ན་ཨ་མྲྀ་ཏ་སུ་ར་ཏ་བ་ལིཾ་ཏ་ཀིཾ་ནི་རི་ཏི། ཨོཾ་ཨཱཿཧཱུྃ། ཧཱུྃ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེས་རབ་སྤྲུལ་སྤྲུལ་པའི་སྐུ། །སྐྱེ་མེད་ངང་ལས་འཇིགས་ཆེན་སྐུ། །བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །མི་འདའ་ཐུགས་རྗེས་རྩེ་གཅིག་གིས། །དཔལ་ལྡན་མགོན་པོ་ནག་པོ་ཆི། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་


CMR027_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

བྲང་ནས། །ཡབ་གཅིག་ལེགས་ལྡན་ནག་པོ་ཆེ། །ཡེ་ཤེས་མགོན་པོའི་ཚོགས་ཀྱིས་བསྐོར། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདི་བྱོན། །ཧཱུྃ། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ཡི། །བྲག་སྟེང་གྲུ་གསུམ་གཞལ་ཡས་ནས། །སྲས་མཆོག་ནག་པོ་འཇིགས་པའི་སྐུ། །ཕྱོགས་བཅུ་མགོན་པོའི་དབུས་ནས་བཞེངས། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །ཧཱུྃ། རྩོད་ལྡན་བསྟན་པ་སྙིགས་དུས་སུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །དམ་ཅན་ཐུགས་བསྐྱེད་ཐུགས་དམ་ཅན། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །འཇིག་རྟེན་མགོན་པོ་གནས་འདིར་བྱོན། །དུར་ཁྲོད་བདག་པོ་གནས་འདིར་བྱོན། །གཟི་བརྗིད་ཆེན་པོ་གནས་འདིར་བྱོན། །བདུད་རྒྱལ་ཐོད་ཕྲེང་གནས་འདིར་བྱོན། །ཡུམ་མཆོག་ལྷ་མོ་གནས་འདིར་བྱོན། །རང་བྱུང་རྒྱལ་མོ་གནས་འདིར་བྱོན། །བདུད་མོ་རེ་ཏི་གནས་འདིར་བྱོན། །དྲེགས་པ་དོན་གཉིས་གནས་འདིར་བྱོན། །དྲེགས་པ་རྣམ་གསུམ་གནས་འདིར་བྱོན། །མ་བདུན་སྲིང་བཞི་གནས་འདིར་བྱོན། །འབར་དུས་ལྷ་མོ་གནས་འདིར་བྱོན། །དམག་ཟོར་རྒྱལ་མོ་གནས་འདིར་བྱོན། །དབང་ཕྱུག་ཉེར་བརྒྱད་


CMR027_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་བྱོན། །འཁོར་ཚོགས་སྤྲུལ་པ་གནས་འདིར་བྱོན། །བཙན་བདུད་ཀླུ་གསུམ་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །འདོད་ཡོན་རྣམ་ལྔའི་མཆོད་པ་འབུལ། །བ་ལིང་གཏོར་མའི་མཆོད་པ་འབུལ། །རཀྟ་དམར་གྱི་མཆོད་པ་འབུལ། །བདུད་རྩི་ཛ་གད་མཆོད་པ་འབུལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །དགྲ་བོའི་ཤ་ཁྲག་མཆོད་པ་འབུལ། །རབ་ཏུ་འགྱོད་པས་ཉེས་ཀུན་བཤགས། །ཐུགས་དང་འགལ་བ་བཟོད་པར་གསོལ། །ཁྱོད་ལ་བཅོལ་བའི་ཕྲིན་ལས་ནི། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་ལྕམ་དམ་གནས་དང་། །སྒྲུབ་པའི་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །དུས་རྣམས་ཀུན་ཏུ་སྲུང་བ་དང་། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །འཁོར་དང་ལོངས་སྤྱོད་དབང་སྡུད་ཅིང་། །གདུག་པའི་དགྲ་བགེགས་ཚར་གཅོད་དང་། །ནད་པ་སྲིའུ་


CMR027_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བ་དང་། །གཙུག་ལག་ཁང་སྲུངས་ཆོས་འཁོར་སྐྱོངས། །དམག་དཔུང་གཞོམ་ཞིང་བདག་རྒྱལ་དང་། །བྱད་མ་རྦོད་གཏོང་བཟློག་པ་དང་། །ནད་རིམས་དལ་ཁ་བསྒྱུར་བ་དང་། །ལོག་ལྟ་དབང་སྡུད་ཟིལ་གནོན་སོགས། །ཅི་བཅོལ་ཕྲིན་ལས་ཁྱོད་ཀྱིས་མཛོད། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །བླ་མའི་སྐུ་དགྲ་ཁྱོད་ཀྱིས་སྒྲོལ། །མཆེད་ལྕམ་སྐུ་ཚེ་ཁྱོད་ཀྱིས་སྲིངས། །རྣལ་འབྱོར་སྒོས་དགྲ་ཁྱོད་ཀྱིས་སྒྲོལ། །རྗེས་འཇུག་བུ་སློབ་ཁྱོད་ཀྱིས་སྐྱོངས། །དཀོར་བློདང་རྟེན་མཆོད་ཁྱོད་ཀྱིས་སྲུང་། །ཕོ་ཉ་དོན་སྒྲུབས་བསུ་སྐྱེལ་གྱིས། །དད་མོས་ཡོན་བདག་ཁྱོད་ཀྱིས་སྐྱོངས། །མི་ནོར་རྟ་ཕྱུགས་ཁྱོད་ཀྱིས་སྲུངས། །བསྒྲུབ་པའི་བར་ཆད་ཁྱོད་ཀྱིས་སོལ། །གསང་སྔགས་བཟླས་རྒྱུན་ཁྱོད་ཀྱིས་ཟུང་། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོར། །ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །ཧཱུྃ། བསིལ་བ་ཚལ་གྱི་དུར་ཁྲོད་ནས། །བྱ་རོག་མཚན་ཅན་གནས་འདིར་བྱོན། །


CMR027_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ལྔ་མགོན་པོ་གནས་འདིར་བྱོན། །བྱ་སེང་ཡུམ་གསུམ་གནས་འདིར་བྱོན། །ནག་པོ་སྟོང་སྡེ་གནས་འདིར་བྱོན། །ཤ་ཟ་འབུམ་ཕྲག་གནས་འདིར་བྱོན། །མ་མོ་བྱེ་བ་གནས་འདིར་བྱོན། །གནོད་སྦྱིན་ཁྲི་ཕྲག་གནས་འདིར་བྱོན། །ཧཱུྃ། དགའ་བ་ཚལ་གྱི་དུར་ཁྲོད་ནས། །དུད་སོལ་ལྷ་མོ་གནས་འདིར་བྱོན། །སྙིང་ཕྲོག་མ་གསུམ་གནས་འདིར་བྱོན། །རིགས་བཞི་ལྷ་མོ་གནས་འདིར་བྱོན། །མ་མོ་བརྒྱད་པོ་གནས་འདིར་བྱོན། །ཕྲ་མེན་མ་བརྒྱད་གནས་འདིར་བྱོན། །སྒོ་མ་གདོང་བཞི་གནས་འདིར་བྱོན། །མ་མོ་བྱེ་བ་གནས་འདིར་བྱོན། །ཧཱུྃ། ལྷོ་ཕྱོགས་ཙནྡན་རྐང་གཅིག་ནས། །བར་ཆད་ཀུན་སེལ་གནས་འདིར་བྱོན། །རེ་མ་ཏི་ཡང་གནས་འདིར་བྱོན། །གནོད་སྦྱིན་བཞི་པོ་གནས་འདིར་བྱོན། །དཔལ་མགོན་བདུན་ཅུ་གནས་འདིར་བྱོན། །ཧཱུྃ། ཨུ་ཙ་ལ་ཡི་དུར་ཁྲོད་ནས། །མ་ནིང་རིགས་ལྔ་གནས་འདིར་བྱོན། །ཏྲག་ཤད་ནག་པོ་གནས་འདིར་བྱོན། །སྲོག་བདུད་དཔལ་འབར་གནས་འདིར་བྱོན། ཡང་འཁོར་བརྒྱད་པོ་གནས་འདིར་བྱོན། །བདུད་དམར་བྱེ་བ་གནས་འདིར་བྱོན། །ཧཱུྃ། ཕོ་བྲང་


CMR027_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྱོད་ཙཱ་རི་ནས། །སེང་གདོང་ཡབ་ཡུམ་གནས་འདིར་བྱོན། །བམ་རོ་ཕོ་མོ་གནས་འདིར་བྱོན། །ཤན་པ་སྡེ་བརྒྱད་གནས་འདིར་བྱོན། །བདུད་དམག་སྟོང་སྡེ་གནས་འདིར་བྱོན། །ཧཱུྃ། སྲིན་ཡུལ་ལང་ཀ་པུ་རི་ནས། །ཐོད་ཕྲེང་ཡབ་ཡུམ་གནས་འདིར་བྱོན། །ཏི་སེའི་གངས་བདག་གནས་འདིར་བྱོན། །གདོང་བཞི་ཡབ་ཡུམ་གནས་འདིར་བྱོན། །དབང་ཕྱུག་ཡབ་ཡུམ་གནས་འདིར་བྱོན། །ཧཱུྃ། པོ་ཊ་ལ་དང་ཨོ་རྒྱན་གནས། །བྲག་ལྷ་མགོན་པོ་གནས་འདིར་བྱོན། །ལས་མཁན་མོན་པ་གནས་འདིར་བྱོན། །མདུང་འཛིན་གློག་ཞོན་གནས་འདིར་བྱོན། །ཧཱུྃ། རབ་འཇིགས་དུར་ཁྲོད་ཆེན་པོ་ནས། །དུར་ཁྲོད་བདག་པོ་གནས་འདིར་བྱོན། །དུར་ཁྲོད་བདག་མོ་གནས་འདིར་བྱོན། །ངེ་ནེ་མ་ཡང་གནས་འདིར་བྱོན། ཞང་བློན་ཡབ་ཡུམ་གནས་འདིར་བྱོན། །རྡོ་རྗེ་མོན་པ་གནས་འདིར་བྱོན། །ཨེ་ཀ་ཙ་ཏི་གནས་འདིར་བྱོན། །ཁ་མོ་ཆེ་ཡང་གནས་འདིར་བྱོན། །ཧཱུྃ། བརྟན་གཡོ་སྲིད་པའི་དུར་ཁྲོད་ནས། །མ་ཧཱ་ཀཱ་ལ་རྟ་གདོང་ཅན། །རྟ་ནག་དྲེགས་པ་གནས་འདིར་བྱོན། །ཡབ་ཡུམ་སྲས་འཁོར་གནས་འདིར་བྱོན། །ཤན་


CMR027_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པ་དམར་ནག་གནས་འདིར་བྱོན། །འབར་བ་སྤུན་བདུན་གནས་འདིར་བྱོན། །ཧཱུྃ། གླིང་བཞི་སྲིད་པའི་གཞལ་ཡས་ནས། །ཁྱབ་འཇུག་འཁོར་བཅས་གནས་འདིར་བྱོན། །དགེ་བསྙེན་སྨྱོ་ཁ་གནས་འདིར་བྱོན། །སྤུ་གྲི་མཆེད་གསུམ་གནས་འདིར་བྱོན། །སྒྲོལ་གིང་བེག་རྩེ་གནས་འདིར་བྱོན། །འཆར་ཁ་ནག་པོ་གནས་འདིར་བྱོན། །ལས་གཤིན་ཆོས་རྒྱལ་གནས་འདིར་བྱོན། །མ་མགོན་སྡེ་བརྒྱད་གནས་འདིར་བྱོན། །དྲེགས་ཆེན་བཅོ་བརྒྱད་གནས་འདིར་བྱོན། །དྲེགས་པ་ཉི་ཤུ་གནས་འདིར་བྱོན་། །སྡེ་དཔོན་སུམ་ཅུ་གནས་འདིར་བྱོན། །དགེ་བསྙེན་ཉེར་གཅིག་གནས་འདིར་བྱོན། །བརྟན་མ་བཅུ་གཉིས་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །འདོད་ཡོན་ལྔ་ཡི་མཆོད་པ་འབུལ། །བ་ལིང་གཏོར་མའི་མཆོད་པ་འབུལ། །རཀྟ་དམར་གྱི་མཆོད་པ་འབུལ། །བདུད་རྩི་ཛ་གད་མཆོད་པ་འབུལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །དགྲ་བོའི་ཤ་ཁྲག་མཆོད་པ་འབུལ། །རབ་ཏུ་འགྱོད་པས་ཉེས་


CMR027_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་བཤགས། །ཐུགས་དང་འགལ་བ་བཟོད་པར་གསོལ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་ལྕམ་དམ་གནས་དང་། །སྒྲུབ་པའི་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །དུས་རྣམས་ཀུན་ཏུ་སྲུང་བ་དང་། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །འཁོར་དང་ལོངས་སྤྱོད་དབང་སྡུད་ཅིང་། །གདུག་པའི་དགྲ་བགེགས་ཚར་གཅོད་དང་། །ནད་པ་སྲིའུ་གསོ་བ་དང་། །གཙུག་ལག་ཁང་སྲུངས་ཆོས་འཁོར་སྐྱོངས། །དམག་དཔུང་གཞོམ་ཞིང་བདག་རྒྱལ་དང་། །བྱད་མ་རྦོད་གཏོང་བཟློག་པ་དང་། །ནད་རིམས་དལ་ཁ་བསྒྱུར་བ་དང་། །ལོག་ལྟ་དབང་སྡུད་ཟིལ་གནོན་སོགས། །ཅི་བཅོལ་ཕྲིན་ལས་ཁྱོད་ཀྱིས་མཛོད། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །བླ་མའི་སྐུ་དགྲ་ཁྱོད་ཀྱིས་སྒྲོལ། །མཆེད་ལྕམ་སྐུ་ཚེ་ཁྱོད་ཀྱིས་སྲིངས། །རྣལ་འབྱོར་སྒོས་དགྲ་ཁྱོད་ཀྱིས་སྒྲོལ། །རྗེས་འཇུག་བུ་སློབ་ཁྱོད་ཀྱིས་སྐྱོངས། །དཀོར་དང་རྟེན་མཆོད་ཁྱོད་ཀྱིས་


CMR027_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས། །ཕོ་ཉ་དོན་སྒྲུབས་བསུ་སྐྱེལ་གྱིས། །དད་མོས་ཡོན་བདག་ཁྱོད་ཀྱིས་སྐྱོངས། །མི་ནོར་རྟ་ཕྱུགས་ཁྱོད་ཀྱིས་སྲུངས། །སྒྲུབ་པའི་བར་ཆད་ཁྱོད་ཀྱིས་་སོལ། །གསང་སྔགས་བཟླས་རྒྱུན་ཁྱོད་ཀྱིས་ཟུངས། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོར། ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འ་ཐུང་། །ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །ཅེས་སྤོས་དང་རོལ་མོ་འབུལ། གསོལ་ཁ་དུས་འབྲུ་སྣ་ཕྱེ་མར་ཤུག་དུད་འབུལ་སྲོལ་འདུག་ནའང་། མ་གྲུབ་ཀྱང་འདོན་ནི་རུང་ངོ་། །ཞེས་པ་དོན་གྲུབ་ཀྱིས་བསྐུལ་ཞིང་ཤོག་བུ་གཏད་པས། འཕྲལ་དུ་༧ རཱ་ག་ཨ་སྱས། རྗེ་རས་ཆེན་པའི་གཞུང་ནས་བསྡུས་པ་ལ་ནོངས་པ་མཆིས་ན་བཤགས་ཤི་ང་དགེ་བས་སྙིང་པོ་དོན་གྱི་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །གསང་རྒྱ་ཡོད་པས་དམ་མེད་རྣམས་ལ་གསང་བ་གལ་ཆེ། མ་གསང་ན་དམ་ཚིག་ཡོད་པས་ཞལ་ལས་ཤེས་སོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཆོས་སྐྱོང་ཧྲག་བསྡུས་གསོལ་མཆོད་བསྡུས་པ་རས་ཆེན་པའི་གཞུང་ནས་བསྡུས་པ།next