Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
གསོལ་ཁའི་ལྷན་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོལ་ཁའི་ལྷན་ཐབས།next

གསོལ་ཁའི་ལྷན་ཐབས།


CMR027_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས། །ཛཾ་དཀར་ལྷ་ལྔ་གནས་འདིར་བྱོན། །སྨུག་འཛིན་དམར་པོ་གནས་འདིར་བྱོན། །ཛཾ་ལྷ་རིགས་དགུ་གནས་འདིར་བྱོན། །འབྲོག་གནས་མཆེད་ལྔ་གནས་འདིར་བྱོན། །རྣམ་སྲས་སེར་ཆེན་གནས་འདིར་བྱོན། །མདུང་དམར་འཁོར་བཅས་གནས་འདིར་བྱོན། །རེ་མནྟ་ཡང་གནས་འདིར་བྱོན། །ཀུ་བེ་ར་ཡང་གནས་འདིར་བྱོན། །ནོར་ལྷ་མཆེད་བརྒྱད་གནས་འདིར་བྱོན། །གནོད་སྦྱིན་མོ་བརྒྱད་གནས་འདིར་བྱོན། །ཨ་པར་ཙིཏྟ་གནས་འདིར་བྱོན། །ཛྷཱ་ན་ཀཱིརྟི་གནས་འདིར་བྱོན། །ཚོགས་བདག་རིགས་ལྔ་གནས་འདིར་བྱོན། །ཕག་གདོང་མཆེད་ལྔ་གནས་འདིར་བྱོན། །ཀུན་འཁྱིལ་མཆེད་གསུམ་གནས་འདིར་བྱོན། །རྒྱ་བོད་མདོ་གཙང་གནས་མཆོག་ནས། །རྡོ་རྗེ་ལེགས་པ་གནས་འདིར་བྱོན། །མགར་བ་ནག་པོ་གནས་འདིར་བྱོན། །ཚེ་རིང་མཆེད་ལྔ་གནས་འདིར་བྱོན། །རྡོ་རྗེ་གཡུ་སྒྲོན་གནས་འདིར་བྱོན། །གཉན་ཆེན་ཐང་ལྷ་གནས་འདིར་བྱོན། །དགེ་བསྙེན་མཁར་ནག་གནས་འདིར་བྱོན། །ཇོ་བོ་ཚོགས་བདག་གནས་འདིར་བྱོན། །སྐྱེས་བུ་ལུང་


CMR027_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་གནས་འདིར་བྱོན། །ཇག་པ་མེ་ལེན་གནས་འདིར་བྱོན། །ཕུར་སྲུང་བཅུ་དྲུག་གནས་འདིར་བྱོན། །གདོང་ལྷ་མཆེད་གསུམ་གནས་འདིར་བྱོན། །སྙིང་དྲུང་བཙན་པོ་གནས་འདིར་བྱོན། །མཁའ་རི་ལྕམ་དྲལ་གནས་འདིར་བྱོན། །རྨ་རྒྱལ་སྤོམ་ར་གནས་འདིར་བྱོན། །ཞེས་གསོལ་ཁའི་ལྷན་ཐབས་སུ་༧ རཱ་ག་ཨ་སྱས་བགྱིས་པའོ། །མངྒ་ལཾ།། ཧཱུྃ་གླིང་བཞི་སྲིད་པའི་ཕྱོགས་ལ་འཇུག་དགོས། མཆན།


previousགསོལ་ཁའི་ལྷན་ཐབས།next