Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
བཀའ་སྲུང་མཆོད་ཆོག་དངོས་གྲུབ་ཀུན་སྩོལ་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཀའ་སྲུང་མཆོད་ཆོག་དངོས་གྲུབ་ཀུན་སྩོལ་མ།next

བཀའ་སྲུང་མཆོད་ཆོག་དངོས་གྲུབ་ཀུན་སྩོལ་མ།


CMR027_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྲུང་མཆོད་ཆོག་དངོས་གྲུབ་ཀུན་སྩོལ་མ་བཞུགས་སོ། །


CMR027_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་ཀཱ་རོ་སོགས། ཨོཾ་མ་ཧཱ་ར་ཙ་ཡཀྵ་ས་མ་ཡ༔ བྷེ་ཤ་ར་མ་ཎ་ཡེ༔ སརྦ་ཙིཏྟ་རཏྣ་ཧྲིང་ཧྲིང་ཛ་ཛཿ མ་ཧཱ་བ་ལི་ཁཱ་ཧི། གསུམ། ཧཱུྃ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ནས༔ ལྕང་ལོ་ཅན་གྱི་གནས་མཆོག་གི༔ རིན་ཆེན་འབར་བའི་ཕོ་བྲང་ནས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ སྟོང་གསུམ་རིན་ཆེན་གཏེར་གྱི་བདག༔ གླིང་བཞི་བྱང་ཕྱོགས་སྐྱོང་ཙམ་ན༔ ཕྲིན་ལས་བཞི་ལ་མངའ་བརྙེས་པའི༔ ཨིནྡ་ནི་ལའི་མདོག་དང་ལྡན༔ ས་བརྒྱད་སེམས་དཔའ་བཞུགས་པ་པོ༔ གནོད་སྦྱིན་ཕོ་མོ་མང་པོ་དང་༔ ཀླུ་ཡི་དེད་དཔོན་མཛད་ཙམ་ན༔ རིན་ཆེན་


CMR027_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་ཁ་དོག་ཅན༔ དྷ་ཀི་མ་དང་ཀླུ་མོ་དང་༔ བདུད་མོའི་དེད་དཔོན་མཛད་ཙམ་ན༔ བཻཌཱུར་སྔོན་པོའི་སྐུ་མདོག་ཅན༔ སྣང་སྲིད་དབང་དུ་བསྡུ་བ་དང་༔ འགྲོ་བའི་རྣམ་ཤེས་འགུགས་པའི་ཚེ༔ པདྨ་རཱ་གའི་མདོག་འདྲ་ཞིང་༔ མིའུ་ཐུང་བཞེངས་པའི་ཆ་ལུགས་ལ༔་ལེ་བརྒན་དར་གྱི་ཅོད་པན་ཅན་སྐུ་ལ་བསེ་ཁྲབ་སེར་པོ་གསོལ༔ དབུ་ལ་བསེ་རྨོག་རྒྱ་ཞྭ་གསོལ༔ ཕྱག་གཡས་མདུང་དར་རྒྱལ་མཚན་བསྣམས༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ སྲིད་གསུམ་ཟིལ་གྱིས་གནོན་པར་མཛད༔ ཕྱག་གཡོན་ནེའུ་ལེ་ལྕགས་ཀྱུ་


CMR027_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས༔ ལོངས་སྤྱོད་ཆར་ལྟར་འབེབས་པ་དང་༔ འགྲོ་བའི་རྣམ་ཤེས་དབང་དུ་སྡུད༔ སྐུ་ལས་འོད་ཟེར་དམར་པོ་འཕྲོས༔ སྲིད་པ་གསུམ་ཡང་དབང་དུ་སྡུད༔ འགྲོ་བ་མི་ཡི་རྣམ་ཤེས་འགུགས༔ སྦྱིན་བདག་རྣམས་ཀྱི་ལག་པ་བསྒུལ༔ གཡང་ཅན་ནོར་དང་བརྗིད་ཅན་གོས༔ བཅུད་ཆེན་ཟས་ལ་སོགས་པ་ཡི༔ བདག་ལ་ཟས་ནོར་ལོངས་སྤྱོད་ཀྱི༔ དངོས་གྲུབ་མ་ལུས་ཐམས་ཅད་སྩོལ༔ ནོར་བདག་རྒྱལ་པོ་ཆེན་པོ་ཡི༔ ཐམས་ཅད་གནད་ནས་བསྐུལ་བའི་ཚེ༔ ཁྱེད་ཀྱིས་སྤྲུལ་པའི་རྒྱལ་ཕྲན་ནི༔ འགྲོ་བ་རྣམས་ཀྱི་སྙིང་ལ་ཞུགས༔ རྣམ་ཤེས་བསྒྱུར་ལ་དབང་དུ་སྡུས༔ འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་རྣམས༔ མ་ལུས་ཐམས་ཅད་དབང་སྡུས་ལ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ༔ ཀྱི༔ ཉི་མ་ནུབ་ཕྱོགས་ཕ་ཀི་ན་ཕ་ནི་བདུད་ལ་མ་ནི་དམུ༔ དམུ་བདུད་གཤོས་པའི་མཐུ་རྩལ་ཅན༔ སྐྱེས་བུ་དགེ་བསྙེན་ཆེན་པོ་སྟེ་ཞྭ་ཡི་མགོན་པོ་ར་རྟ་ཅན༔ གནོད་སྦྱིན་ནོར་བདག་མཐུ་རྩལ་ཅན༔ གཏེར་བདག་མཐུ་སྟོབས་རྫུ་འཕྲུལ་ཅན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ ཕྱག་གཡས་ལྕགས་ཀྱུས་མི་ནོར་འགུགས༔


CMR027_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་ནེའུ་ལེས་དབུལ་ཕོངས་སེལ༔ ཕྱེད་བསྐུམ་རིན་ཆེན་སྣ་ལྔས་བརྒྱན༔ ཀོང་བཙུན་གཉན་དང་གཉིས་སུ་མེད༔ བརྟན་མ་བཅུ་གཉིས་འཁོར་གྱིས་བསྐོར༔ སྐུ་མཆེད་སུམ་བརྒྱ་དྲུག་ཅུ་བཅས༔ ཐེའུ་རང་དམག་དཔོན་རྫུ་འཕྲུལ་ཅན༔ རྫུ་འཕྲུལ་སྐད་ཅིག་སྟོང་གསུམ་བསྐོར༔ འཇིག་རྟེན་ཁམས་ཀྱི་ནོར་ལ་སྤྱོད༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མི་ནོར་ཟས་གསུམ་དབང་དུ་སྡུས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སྭཱ་དྷུ་ས་མ་ཡ༔ བཛྲ་ལི་ལ་མ་བ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ གསུམ་། ཀྱེ༔ དམ་ཅན་སྐྱེས་བུ་ཆེན་པོ༔ མཐུ་དང་རྫུ་འཕྲུལ་གྱི་བདག་པོ༔ བདག་ལ་བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་དང་༔ ཁྱེད་སྒྲུབ་ཅིང་མཆོད་པའི་ཡོ་བྱད་དང་མི་ལྡན་པས༔ མི་སྙིང་བསྒུལ་ཅིག༔ མི་སེམས་གཡོས་ཤིག༔ སྣང་བ་བསྒྱུར་ཅིག༔ བདག་ལ་གཡང་ཅན་གྱི་ནོར་སྐྱོལ་ཅིག༔ བརྗིད་ཅན་གྱི་གོས་བཀོན་ཅིག༔ བཅུད་ཆེན་གྱི་ཟས་སྐྱོལ་ཅིག༔ མི་ནོར་ཟས་གསུམ་དབང་དུ་སྡུས་ཤིག༔ འབྲུ་དང་ནོར་གྱི་ཆར་པ་ཕོབ་ཅིག༔ སྐྱེས་བུ་ཆེན་པོ་རེམ་ཅིག༔ མཐུ་དང་རྫུ་འཕྲུལ་རྩལ་དང་ནུས་པ་ལྟའོ༔ ཨོཾ་


CMR027_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ་གིས། གཏོར་མ་ལྷའི་ཞལ་ཟས་སུ་གྱུར༔ ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛ་ཛཿ རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧྲཱི༔ བདག་གིས་འདོད་པའི་དོན་ཐམས་ཅད་འགྲུབ་པར་མཛད་དུ་གསོལ༔ ཧཱུྃ༔ སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་སུ༔ རིན་ཆེན་སྤྲིན་དཀར་བརྩེགས་པའི་གུར་ཁང་ནས༔ རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས༔ འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས་སུ་གསོལ༔ བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད༔ ཧཱུྃ༔ རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ༔ ཆོས་སྐུའི་དབྱིངས་ལ་སྤྲོས་པ་མི་མངའ་ཡང་༔ ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོར་སྟོན༔ སྤྲུལ་སྐུ་སྨན་མོས་འགྲོ་དོན་མཛད་ལ་བསྟོད༔ ཧཱུྃ༔ སྤྲུལ་སྐུའི་གནས་ལ་ངེས་པ་མ་མཆིས་ཀྱང་༔ རི་རབ་གླིང་དང་ནགས་ཚལ་མཚོ་གླིང་ད༔ ལྷོ་མོན་བོད་དང་རྒྱ་གར་ལ་སོགས་ཀྱི༔ ཡུལ་རྣམས་ཀུན་ཏུ་དངོས་གྲུབ་སྟེར་ལ་བསྟོད༔ ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛ་ཛཿ མ་མ་ལ་ལ༔་ལི་ལི་སྲིང་འགྲོ་མ་ཧཱུྃ༔ སིདྡྷི་པུཊྚི་ཀུ་རུ་ཡེ་སྭ་ཧཱུ༔ མི་ནོར་ཟས་གསུམ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་འདི་རྣམས་གཏེར་གཞུང་ཁོ་ན་བསྒྲིགས་


CMR027_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པའོ༔ གཏོར་མ་གསུམ་སོ་སོར་ཡོད་ན་རབ༔ འབྲིང་ཟུར་གསུམ་གཅིག་ལ་བསྡུ༔ ཞེས་བཟླ༔ དམ་ཅན་ལ་ཇ་འཐུང་དུས་མཛུབ་མགོས་མཆོད་པ་རེ་བྱ༔ དམ་ཅན་ལས་ཚོགས་ཟབ་བོ༔ ཐ་མ་མར་རམ་ཐུད་དུམ་བུ་ལ་བསྔོས་ཀྱང་ཆོག༔ཨྠྀི།༔ ཨ་རཱ་གས་སོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཀའ་སྲུང་མཆོད་ཆོག་དངོས་གྲུབ་ཀུན་སྩོལ་མ།next