Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
བརྟན་གསོལ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྟན་གསོལ་བསྡུས་པ།next

བརྟན་གསོལ་བསྡུས་པ།


CMR027_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གསོལ་བསྡུས་པ་ནི༔ གུ་རུ་དྷེ་ཝ་ཌཱཀྐི་ནི་ཧཱུྃ། ཨོཾ་ཨ་ཀཱ་རོ་སོགས། གཏོར་མ་བྱིན་གྱིས་བརླབས་ནས༔ རང་ཉིད་པདྨ་འབྱུང་གནས་སྐུར་གསལ་བས༔ སྐད་ཅིག་ཉིད་ལ་སྤྱན་དྲངས་མདུན་བཞུགས་བསམ༔ བྷྱོཿ ཕྱི་ལྟར་ཤེལ་གུར་སྐུ་གསུང་ཐུགས་ཀྱི་འཕྱོ༔ ནང་ལྟར་བདུད་མཁར་རྩེ་དགུ་དགུང་དུ་འཕྱོ༔ གསང་བ་བདེ་མཆོག་དམ་ཚིག་འཁོར་ལོའི་གནས༔ མ་མོ་མཁའ་འགྲོ་ལྷ་སྲིན་རླུང་ལྟར་འཚུབ༔ དེ་འདྲའི་གནས་ནས་རྡོ་རྗེ་གཡུ་སྒྲོན་མ༔ འཁོར་བཅས་མཆོད་ཕྱིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གནས་འདིར་བཞུགས༔ སྔོན་གྱི་ཁས་བླངས་དམ་ཚིག་དྲན་མཛོད་ལ༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལྔ༔ བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན༔ ཕྱི་ནང་གསང་མཆོད་དངོས་འབྱོར་ཡིད་ཀྱིས་སྤྲུལ༔ གཏོར་མ་ཟག་མེད་བདུད་རྩིའི་རྒྱ་མཚོ་འདི༔ རྡོ་རྗེ་གཡུ་སྒྲོན་མཆེད་ལྔ་དར་འཛིན་བརྒྱད༔ བརྟན་མ་བཅུ་གཉིས་དཀར་མོ་ཉི་ཤུ་བཞི༔ གཟུང་མཆོད་ཞེ་བརྒྱད་སྨན་ཕྲན་བྱེ་བ་


CMR027_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ༔ ཡབ་ཡུམ་མིང་པོ་དམག་དཔོན་ལ་སོགས་པའི༔ འཁོར་དང་བཅས་ལ་འབུལ་ལོ་དགྱེས་པར་རོལ༔ ཐམས་ཅད་མ་ལུས་མཉེས་ཤིང་ཚིམ་གྱུར་ཅིག༔ ཨོཾ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་སྭཱ་ཧཱ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ ཨརྒྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱཿ བྷྱོཿ ཀུན་ཏུ་བཟང་མོ་རིག་པའི་རང་རྩལ་ལས༔ སྲིད་པའི་རྒྱལ་མོ་སྲིད་པ་ཆག་གས་བྱེད་མ༔ ཨེ་ཀ་ཙ་ཏི་གཡུ་ཡི་རལ་གཅིག་མ༔ བདེ་མཆོག་མཚམས་མ་གཤིན་རྗེའི་མཆེ་བ་ཅན༔ རྗེ་བཙུན་སྒྲོལ་མ་སྔོན་མོའི་ཐུགས་སྤྲུལ་མ༔ ཡེ་ཤེས་ངང་ལས་འཇིག་བློ༔ རྟེན་ཚུལ་བཟུང་མ༔ འཇིག་རྟེན་སྒྲོལ་མ་སྔོན་མོ་གཡུ་སྒྲོན་མ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའི་ཕྱག་བྱས་མ༔ འཕགས་པ་སྤྱན་རས་གཟིགས་ཀྱི་ལྕམ་གཅིག་མ༔ ཙཱ་རི་ཏྲ་ཡི་ཞིང་སྐྱོང་ལྷན་སྐྱེས་མ༔ ནམ་མཁའི་ཉི་འོད་འབར་བའི་ལྷན་ཅིག་མ༔ ཞི་བའི་ལས་མཛད་དཀར་མོ་འོད་ལྡན་མ༔ རྒྱས་པའི་ལས་མཛད་གནམ་མཚོ་ཕྱུག་མོ་མ༔ དབང་གི་ལས་མཛད་འཇིག་རྟེན་གསུམ་དབང་མ༔ ཕུར་པའི་སྲུང་མ་རྡོ་རྗེ་ཕག་བྱིན་མ༔ དྲག་པོའི་ལས་མཛད་བདུད་མོ་རེ་མ་ཏི༔ བརྟན་མ་དམག་གི་རྒྱལ་མོ་དམག་ཟོར་མ༔ ཤིན་ཏུ་


CMR027_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་ཚེ་མགོ་དགུ་སྤྱང་ཞོན་མ༔ བརྟན་མ་ཀུན་གྱི་གཙོ་མོ་གཡུ་སྒྲོན་མ༔ འཁོར་དང་བཅས་ལ་བདག་གིས་བསྟོད་པར་བགྱི༔ དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ༔ བདག་ཅག་དཔོན་སློབ་བསྲུང་བྱ་ཐམས་ཅད་ཀྱི༔ ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་༔ ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པ་དང་༔ སྣང་སྲིད་དབང་སྡུད་དགྲ་བགེགས་ཚར་གཅོད་སོགས༔ ཅི་བསམ་དོན་ཀུན་འབད་མེད་འགྲུབ་པ་དང་༔ ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པ་ཡི༔ སྡོང་གྲོགས་མཛོད་ཅིག་མ་སྲིང་བརྟན་མའི་ཚོགས༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ སྔགས་འཆང་རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབརྟན་གསོལ་བསྡུས་པ།next