Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
དཔལ་ཡེ་ཤེས་ཀྱི་མགོན་པོའི་སྲུང་འཁོར་གྱི་མན་ངག་གཙོ་བོ་ཡབ་ཀྱི་མངོན་རྟོགས་འདི་སྤྱོད་མཛད་ཆོས་ཀྱི་རྡོ་རྗེའི་རྒྱ་གཞུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཡེ་ཤེས་ཀྱི་མགོན་པོའི་སྲུང་འཁོར་གྱི་མན་ངག་གཙོ་བོ་ཡབ་ཀྱི་མངོན་རྟོགས་འདི་སྤྱོད་མཛད་ཆོས་ཀྱི་རྡོ་རྗེའི་རྒྱ་གཞུང་།next

དཔལ་ཡེ་ཤེས་ཀྱི་མགོན་པོའི་སྲུང་འཁོར་གྱི་མན་ངག་གཙོ་བོ་ཡབ་ཀྱི་མངོན་རྟོགས་འདི་སྤྱོད་མཛད་ཆོས་ཀྱི་རྡོ་རྗེའི་རྒྱ་གཞུང་།


CMR027_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོའི་སྲུང་འཁོར་གྱི་མན་ངག་གཙོ་བོ་ཡབ་ཀྱི་མངོན་རྟོགས་འདི་སྤྱོད་མཛད་ཆོས་ཀྱི་རྡོ་རྗེའི་རྒྱ་གཞུང་བཞུགས་སོ།།


CMR027_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སིདྡྷིརཀྟ་པྲ་ཏི་བིད་ར་ས་དྷ་ན་མ། བོད་སྐད་དུ་། དཔལ་ནག་པོ་ཆེན་པོའི་སྲུང་ཟློག་ཅེས་བྱ་བ་དེ་ཡང་གདོང་ལྔའི་རྒྱ་གཞུང་ལས། རང་ཉིད་ནག་པོ་ཆེན་པོར་བསྒོམ། །ཧེ་རུ་ཀ་དཔལ་སྙིང་དབུས་བསམ། །ཡེ་ཤེས་སྤྱན་དྲངས་འགུགས་རྒྱས་གདབ། །ཅེས་གསུངས་པས། དེའི་དོན་བྱ་རོག་ཆེན་པོའི་རྒྱུད་དང་། ཁྲག་མཚོ་ཁོལ་ཆེན་རྒྱུད་དང་། རྩ་མི་ཆེན་པོའི་མན་ངག་བཞིའི་དོན་བསྡུས་པ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་སྐད་ཅིག་གིས། །ཧཱུྃ་ལས་གསེར་མདོག་འཁོར་ལོ་ནི། །རྩིབས་བརྒྱད་སྟེང་འོག་རྩིབས་དང་བཅུ། །རྣོ་ངར་ལྡན་པ་གཡས་སུ་


CMR027_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། །དེ་ནང་པདྨ་འདབ་བརྒྱད་ཀྱི། །དབུས་དང་འདབ་མར་པད་ཉིའི་སྟེང་། །ཧཱུྃ་ལས་འོད་འཕྲོས་དོན་གཉིས་བྱས། །འདུས་པས་ནག་པོ་ཆེན་པོ་ནི། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་པ། །གྲི་གུག་རལ་གྲི་ཐོད་ཁྲག་དང་། །ཁཊཾ་ག་བསྣམས་དྲག་པོའི་སྐུར། །རྒྱན་ཆ་རྣམ་པར་རྫོགས་པ་ལ། །ཙཎཱ་གྲི་ཐོད་འཛིན་དམར་འཁྱུད། །ཕྱོགས་མཚམས་རང་འདྲའི་ཡབ་ཡུམ་བརྒྱད། །ནང་དུ་ཞལ་གཟིགས་བདག་ལ་སྲུངས། །རྩིབས་བརྒྱད་རྩ་བར་ཧཱུྃ་ཡིག་ལས། །ལས་མགོན་བརྒྱད་ཀྱིས་ཞལ་ཕྱིར་གཟིགས། །ཀུན་གྱི་གནས་གསུམ་འབྲུ་


CMR027_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་། །རང་གི་ཐུགས་ཀར་པད་ཉིའི་སྟེང་། །ལྷན་སྐྱེས་ཡབ་ཡུམ་གསལ་བ་ཡི། །ཐུགས་ཀར་པདྨ་ཉི་ཟླའི་སྟེང་། །རྡོ་རྗེ་རྩེ་ལྔའི་ལྟེ་བ་ལ། །ཉི་ཟླའི་གའུར་ཧཱུྃ་ཡིག་གི །ནང་དུ་བསྲུང་བྱ་ཐམས་ཅད་ཚུད། །ཧཱུྃ་མཐར་ཡིག་བདུན་སྙིང་པོས་བསྐོར། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །ཡེ་ཤེས་པ་དང་དབང་གི་ལྷ། །སྤྱན་དྲངས་དམ་ཡེ་དབྱེར་མེད་ཐིམ། །ཛཿཧཱུྃ་བཾ་ཧོ༔ཨ་བྷི་ཥིཉྩནྟཾ། དབང་ལྷ་རྣམས་ཀྱིས་དབང་བསྐུར་བས། །མི་བསྐྱོད་ལ་སོགས་དབུ་བརྒྱན་གྱུར། །བདག་ཉིད་སྐུ་ཡི་འོད་ཟེར་ལས། །ལས་མགོན་ཁྲོ་ཆུང་དཔག་མེད་འཕྲོས། །གནོད་བྱེད་ནམ་མཁའི་མཐར་བསྐྲད་ནས། །ཚུར་འདུས་འཁོར་ལོའི་ཕྱི་རོལ་དུ། །ཡེ་ཤེས་མགོན་པོ་བཞེངས་སྟབས་ཅན། །ཕྱིར་གཟིགས་བཟློག་པའི་ལས་མཛད་གུར། །དེ་རྒྱབ་རྡོ་རྗེའི་རྭ་གུར་ནི། །སྟེང་འོག་བར་གསུམ་སྲུབ་མེད་པ། །དེ་རྒྱབ་རྡོ་རྗེ་ཕ་ལམ་གྱི། །བྲག་རི་རྔམ་མཐུག་གྲུ་བཞིའི་གུར། །དེ་རྒྱབ་རྒྱ་མཚོ་རྦ་རླབས་འཁྲུགས། །ཟླུམ་པོ་གཏིང་ཟབ་ནག་ལ་རྔམ། །དེ་རྒྱབ་མེ་ཡི་གུར་ཁང་ནི། །གྲུ་གསུམ་དམར་ནག་རབ་ཏུ་འབར། །དེ་རྒྱབ་སྤུ་གྲི་ངར་མའི་རླུང་། །


CMR027_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་གམ་རབ་ཏུ་འཁྲུགས་པའོ། །དེ་རྒྱབ་དུག་ཆེན་ཧ་ལའི་གུར། །སྨུག་ནག་གྲུ་བཞི་དུག་རླངས་འཕྱུར། །དེ་རྒྱབ་སྡེ་བརྒྱད་དྲེགས་པའི་ཚོགས། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །ཐམས་ཅད་རབ་འཕྲོས་མཚོན་ཆ་ཐོགས། །ཕྱིར་གཟིགས་བར་མཚམས་མེད་པར་གཏམས། །དེ་རྒྱབ་ཡེ་ཤེས་བསྐལ་པའི་མེ། །ཁ་དོག་ལྔ་ལྡན་རབ་ཏུ་འབར། །སྤྲུལ་པའི་ལས་མགོན་བར་མཚམས་གང་། །གནོད་བྱེད་འགུགས་གཟིར་བཅིང་བ་དང་། །དུག་གིས་མྱོས་དང་སྤུ་གྲིས་གཏུབ། །མེས་བསྲེགས་ཆུས་བཀྲུས་བྲག་རིས་མནན། །སྡེ་བརྒྱད་དྲེགས་པའི་ཚོགས་རྣམས་ཀྱིས། །ཁྲ་གསོད་སྲུང་ཟློག་ལས་མཛད་གྱུར། །ཨོཾ་ཧཱིཧ་ཧ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ།། བདག་དང་བསྲུང་བྱ་ལ་རཀྵ་རཀྵ་སྭཱ་ཧཱ། རང་གཞན་བསྲུང་བར་འདོད་ན་ནད་ལས་ཐར་བའི་གདམས་པ་གྲུ་ཡིས་དུག་ཆུ་ལས་སྒྲོལ་བ་ལྟར་བགེགས་ཀྱི་འཇིགས་པ་ལས་གྲོལ་བའི་སྔགས་པཎྜི་ཏ་བུདྡྷ་ཀཱིརྟིས་གདམས་པའོ། །ཨོཾ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ། བདག་ཅག་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱ། དེ་ལྟ་བུའི་སྲུང་འཁོར་ནི་རྒྱུན་དུ་བསྒོམས་ན་རྡོ་རྗེ་ཕུབ་རྫོང་ལས་


CMR027_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ལྷག་སྟེ། བྱ་རོག་ཆེན་པོའི་རྒྱུད་དང་། ཁྲག་མཚོ་ཁོལ་ཆེན་རྒྱུད་གཉིས་ཀ་ལས་སྲུང་འཁོར་འདི་ཤིན་ཏུ་གསལ་བར་གསུངས་ཤིང་རྒྱུད་གཉིས་ཀ་ཚིག་མཐུན་པར། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་། །འདིའི་མིང་ཐོས་པས་རབ་རྒྱུན་བྱེར། །འཇིགས་དང་སྐྲག་པ་ཆེན་པོ་ཡིས། །དེ་མ་ཐག་ཏུ་བྲན་དུ་འགྱུར། །བློ་ལྡན་རིང་པོར་མི་ཐོགས་པར། །རྡོ་རྗེ་འཛིན་པའི་ངོ་བོར་གྱུར། །ཞེས་གསུངས་སོ། །རྒྱུན་དུ་ནི་རྗེས་ཆོག་བསྡུ་རིམ་སོགས་མི་དགོས་སེམས་པོའི་ངང་ལ་བཞག་པས་འཐུས་ཏེ། རྒྱུད་གཉིས་ཀ་ལས། གཉིས་མེད་ངང་ལ་མི་དམིགས་བཞག །ཅེས་གསུངས་སོ། །དེ་དག་ནི་སྔ་དྲོའི་སྲུང་བ་ཡིན་ལ། ཕྱི་དྲོ་བཟློག་པ་ནི། ཕྱི་རོལ་གསེར་གྱི་འཁོར་ལོ་དེ། །གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་པ། །རྣོ་ངར་རེག་མི་བཟོད་པར་འགྱུར། །གཡོན་དུ་དྲག་ཏུ་འཁོར་གྱུར་ཅིང་། །རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་ཟེར་ནག་པོ་ལྕགས་ཀྱུའི་དབྱིབས། །ཕྱོགས་བཅུར་འཕྲོས་པས་གནོད་བྱེད་བཀུག །ལས་མགོན་རྣམས་ཀྱིས་མཚོན་ཆས་བརྡེགས། །གསོད་དང་གཏུབ་སྟེ་གཙོ་ལ་འབུལ། །རང་རང་རྣམས་ཀྱིས་ཧབ་ཧབ་ཟོས། །འཁོར་ལོའི་རྩིབས་ལ་བསྐྱོན་པ་རྣམས། །རྡུལ་ཕྲན་བཞིན་དུ་བརླགས་པར་གྱུར། །ཅེས་བསྒོམ་ཞིང་། ༀ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་


CMR027_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཧྲི་ཏི་ཀ་མ་ལ། ཀ་མ་ལ་མི་པཱུ་ཨ་པ་ན་ཡ་སྭཱ་ཧཱ། ཞེས་བཟླས་པས་འཆི་བ་བཟློག་པར་འགྱུར་རོ། །ཨོཾ་ཨཱཿཧཱུྃ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། ཨོཾ་ཨོ། རི་རཱི། ལི་ལཱི། ཨཾ་ཨཱ། ཙ་རཱ་ག་ན་མྱོག་ཐུམ་རིལ་རྦད། ཅེས་བཟླས་པས། ཀླུ་དང་རྒྱལ་པོའི་གནོད་པ་བྱ་སྤུ་རླུང་གིས་གཏོར་བ་དང་འདྲའོ། །དཔག་ཚད་ཙམ་དུའང་ཉེ་བར་མི་ནུས་སོ། །ལྷ་འདྲེ་གང་ཡིན་པས་གནོད་པའང་སྲོག་ཡིག་འབྲུ་ལྡོག་ཏུ་བཀོད་པ་དེ་དང་འདྲའོ། །ༀ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ༀ་མ་ཧཱ་ཀཱ་ལ་ཤཱ་ས་ན། ཨུ་པ་ཀཱ་རི་ཎཾ་ཨེ་ཥཱ་པཉྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཎྞཾ་དགྲ་བགེགས་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲིཉྩ་གྲིཉྩ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། རང་གར་བཟླས་ན་དགྲ་བགེགས་ཟེར་ས་མི་འཛུད། གཏོར་འབུལ་དུས་དགྲ་བགེགས་མལ་དུ་བ་ལི་འཛུད། ཤཱ་ས་ན་ལ་འགྱུར་མི་གཅིག་པ་མང་པོ་དང་གྲུབ་མཐའ་སོ་སོའི་བཞེད་པ་མི་གཅིག་པ་མང་བས་འདི་ནི་ཕྱག་བཞི་པའི་སྐབས་སུ་ཤཱ་ས་ན་རྗེ་ཆོས་ཀྱི་དབང་ཕྱུག་གི་ཕྱག་བྲིས་ངོ་མ་ལ་བྲིས་པས་དག་གོ །ཀ་ཝུ་ཝ་ལ་གཞི་སྙིང་བཏགས་པ་བཟླས་པས་ཕུར་ཁ་བཟློག་པ་དང་བསད་བཟློག་གཉིས་ཀ་འགྲུབ་སྟེ། ཙ་མི་པཎྜི་


CMR027_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་རྡོ་རྗེ་གདན་པ་ཆུང་བའི་ཐུགས་དམ་བཅུད་དམ་པའོ།། སྤྱི༔ གཞི་སྙིང་ནི། ཨོཾ་མ་ཧཱ་ཀཱ་ལ་གླུ་ཎ་ཧྲི་ཏ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ནི་ཐུ་ལཾ་ཐཾ། ཐུ་རིམ་ཟད། སུ་ཧཱུྃ་ཛཿ དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། ཏྲཀ་རཀྟ་ཐུ་རིལ་རྦད། ཙིཏྟ་ཁ་རཀ་ཛཿ ཛཿནྲྀཿཛཿ ཙིཏྟ་ལ་ཡ་ཐུ་རིལ་རྦད། ནྲྀ་ཤག་ཤག །དགྲ་བགེགས་ཀྱི་ཙིཏྟ་ལ་ཡ། མ་ཧཱ་ཀཱ་ལ་གིང་ཀ་ར་གིང་ཀ་ར། སྲོག་ལ་ཡ། སྙིང་ལ་ཡ། རུ་རུ་ཙ་པ་ལ་ཡ། མ་ཧཱ་ཀཱ་ལ་ཧཱུྃ་བྷྱོ༔ མ་ཧཱ་ཀཱ་ལ་དགྲ་བགེགས་ཀྱི་སྙིང་ཁྲག་ལྡིབ་ལྗིབ། ཆོད་ཆོད། སྲོག་རྩ་ཆོད། ཐུམ་རིལ་རྦད། ཨོཾ་མ་ཧཱ་ཀཱ་ལ་དགྲ་བོ་ལྷ་དང་ཤག་ཕྱེས་ཤག་ཕྱེས། མ་མ་ཏྲཀ་རཱུ་ཏྲ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། གཞི་སྙིང་འདི་ལ་འདྲ་མིན་དུ་མ་བྱུང་ཡང་དག་པར་བྱས་སོ། །སློབ་དཔོན་བརྒྱུད་པའི་ཞལ་ཤེས་ཀྱང་ཡོད་དོ། །ཞེ་སྡང་དྲག་པོས་བཟླས་བྱས་ན། །ས་བཅུ་ནོན་པའི་སྲོག་ཀྱང་རྒོལ། །ཞེས་རྒྱུད་ལས་གསུངས་པའི་ཕྱིར་ཕྱག་བཞི་པའི་ལུགས་ཀྱི་དྲག་སྔབ།ས་རྣོ་མྱུར་བ་ཡིན་པས་སྔགས་འདི་གུསྟ་གུ་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཧེ་དུན་བྷྱོ། ཨོཾ་མ་ཧཱ་ཀཱ་ལི་པྲ་མོ་ཧེ་དུན་བྷྱོ་བྷྱོ་ཟློག་ཟློག །ཟློག་སྔགས་བྱུང་བ་ཡིན་ནོ།་ཡེ་ཤེས་མགོན་པོའི་སྲུང་འཁོར་རྡོ་རྗེ་ཕུབ་རྫོང་བསྡུས་པ། ཨ་རཱ་གས་སྦྱར་བས་འདི་དག་ཤིན་ཏུ་གལ་ཆེའོ།། །།


previousདཔལ་ཡེ་ཤེས་ཀྱི་མགོན་པོའི་སྲུང་འཁོར་གྱི་མན་ངག་གཙོ་བོ་ཡབ་ཀྱི་མངོན་རྟོགས་འདི་སྤྱོད་མཛད་ཆོས་ཀྱི་རྡོ་རྗེའི་རྒྱ་གཞུང་།next