Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཀྱི་ལྷན་ཐབས་གཏེར་མགོན་ཕྱག་བཞི་པའི་འདོན་ཆ་ཉང་ལུགས་ནས་ཁ་བཀང་།
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཀྱི་ལྷན་ཐབས་གཏེར་མགོན་ཕྱག་བཞི་པའི་འདོན་ཆ་ཉང་ལུགས་ནས་ཁ་བཀང་།next

གནམ་ཆོས་ཀྱི་ལྷན་ཐབས་གཏེར་མགོན་ཕྱག་བཞི་པའི་འདོན་ཆ་ཉང་ལུགས་ནས་ཁ་བཀང་།


CMR027_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཀྱི་ལྷན་ཐབས་གཏེར་མགོན་ཕྱག་བཞི་པའི་འདོན་ཆ་ཉང་ལུགས་ནས་ཁ་བཀང་བའོ༔


CMR027_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཉིར་ཧཱུྃ་ལས་གཏེར་མགོན་སྔོ༔ སྔོ་ཞིང་སྔོ་ལ་རབ་ཏུ་ནག༔ ཕྱག་བཞི་གཡས་གཉིས་ཙིཏྟ་གྲི༔ གཡོན་གཉིས་བྷནྡྲ་ཁ་ཊཱ་འཛིན༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཡུམ་སྔོན་གྲི་ཐོད་འཛིན་མ་འཁྱུད༔ གཡས་སུ་བྱ་རོག་གདོང་ཅན་ནག༔ ཞལ་གཅིག་ཕྱག་གཉིས་གྲི་གུག་དང་༔ ཐོད་ཁྲག་འཛིན་ཏེ་ཁྲོ་ཆས་རྫོགས༔ པད་ཉིའི་སྟེང་དུ་ཞབས་བགྲད་བཞུགས༔ གཡོན་དུ་ལྷ་མོ་རྩ་འཇིབ་མ༔ སྐུ་མདོག་དམར་མོ་རིད་པའི་གཟུགས༔ གཡས་གཉིས་རལ་གྲི་ཁ་ཊཾ་སྟེ༔ གཡོན་གཉིས་མདའ་གཞུ་མི་མགོ་འཛིན༔ ཞབས་གཉིས་


CMR027_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པད་ཉིར་བགྲད་དེ་བཞུགས༔ དྷེ་ཏུ་ཡག་པ་ནག་ཆེན་པོ༔ འཇིགས་བྱེད་ཅན་དང་བྱ་མཆུ་ཅན༔ གཤོག་པ་ཅན་དང་འོད་ཟེར་ཅན༔ ངོ་ཁྲོ་ཅན་དང་མིག་གདོང་ཅན༔ རྒྱུ་ཞགས་ཅན་དང་སྦྲུལ་ཞགས་ཅན༔ ཐོད་རློན་ཅན་དང་ཐོད་སྐམ་ཅན༔ འཁོར་དང་བཅས་པ་སྤྱན་དྲངས་སོ༔་ཧཱུྃ༔ ཡུལ་གྱི་མིང་ནི་རྒྱ་གར་རྡོ་རྗེ་གདན༔ དུར་ཁྲོད་མིང་ནི་རབ་འཇིགས་བསིལ་བའི་ཚལ༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་དཀྱིལ་ནས༔ ཡེ་ཤེས་མགོན་པོ་ཡབ་ཡུམ་འཁོར་དང་བཅས༔ ལས་མགོན་བྱ་རོག་གདོང་ཅནཾ་བཅུ་གསུམ་ཚོགས༔ དཔལ་ལྡན་ལྷ་


CMR027_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྩ་འཇིབ་ཁྲག་འཐུང་མ༔ ནག་པོ་སྟོང་སྡེ་ཤ་ཟ་འབུམ་ཕྲག་དང་༔ མ་མོ་བྱེ་བ་གནོད་སྦྱིན་ཁྲི་དང་བཅས༔ བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་གྱི༔ སྔོན་གྱི་དམ་ཚིག་གཉེན་པོ་བརྩེར་དགོངས་ལ༔ གཙུག་ལག་ཁང་དང་དུར་ཁྲོད་གནས་སོགས་ནས༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་ཧཱི་ཀཱ་ལ་ཨེ་ཀ་ཛ་ཊི༔ ཁ་ཁ་མུ་ཁ༔ དེ་ཝི་རུ་པི་ནི་ས་པ་རི་ཝཱ་ར་ཨེ་ཨཱ་རལླི་ཧྲི་ཧྲི༔ ཨ་ཀར་ཡ་ས་མ་ཡ་ཛ་ཛཿ ཧཱུྃ༔ སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན༔ མ་ཧཱ་ཀཱ་ལ་ཡབ་ཡུམ་འཁོར་དང་བཅས༔ བདུད་དང་བར་ཆད་མ་ལུས་འདུལ་བ་དང་༔ གདུག་པའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར༔ དྲག་པོའི་གཞལ་ཡས་དཀྱིལ་འཁོར་ཆེན་པོ་འདིར༔ གཉིས་མེད་བརྟན་པར་བཞུགས་ལ་ཕྲིན་ལས་མཛོད༔ ས་མ་ཡ་ཨཱ་བེ་ཤ་ཡ་ཏིཥྛ་ཤ་ཡ་ཧཱུྃ༔ ཧཱུྃ༔ ཡེ་ཤེས་མགོན་པོ་ཡབ་ཡུམ་རྡོ་རྗེ་ནག་པོ་ཆེ༔ བྱ་རོག་བཅུ་གསུམ་མཁའ་འགྲོ་རྩ་ཁྲོས་མ༔ དམ་ཅན་སྲུང་མ་མ་ལུས་འཁོར་བཅས་ལ༔ ཡོན་ཆབ་མེ་ཏོག་བདུག་སྤོས་མར་མེ་དྲི༔ བཤོས་དང་སྒྲ་སྙན་ལ་སོགས་མཆོད་པར་འབུལཿ་ནག་འབྲས་གྲོ་དང་ཏིལ་དང་


CMR027_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

སྲན་ཆེན་སོགས༔ དཀར་གསུམ་མངར་གསུམ་བརྒྱན་པའི་གཏོར་མ་འབུལ༔ ཤ་ལྔ་བདུད་རྩི་ལྔ་དང་ཞལ་ཟས་ཚོགས་ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་འབུལ༔ བདུད་རྩི་སྨན་དང་རཀྟ་དམར་གྱི་མཚེ༔ བཤོས་བུ་སྐྱེམས་ཕུད་རང་རང་མཐུན་པའི་རྫས༔ རང་རང་མཐུན་པའི་མཆོད་པ་འདི་བཞེས་ལ༔ ཞི་དང་རྒྱས་དང་དབང་དང་དྲག་ལ་སོགས༔ ཕྲིན་ལས་རྣམ་བཞི་མ་ལུས་འགྲུབ་པར་མཛོད༔ ཧཱུྃ་མ་ཧཱ་ཀཱ་ལ་ཨེ་ཀ་ཛ་ཊི་ཁ་ཁ་མུ་ཁ་སརྦ་དེ་ཝི་རུ་པི་ནི༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ པཉྩ་ཨ་མྲྀ་ཏ་ཁཱ་ཧྲཱི༔ མ་ཧཱ་རཀྟ་ཁཱ་ཧྲཱི༔ དགྲ་བགེགས་ཀྱི་ཙིཏྟ་རཀྵ་མཾ་ས་ཁཱ་ཧྲཱི༔ སརྦ་པཱུ་ཛ་ཧོ༔ ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར༔ དྲག་པོ་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པའི༔ དཔལ་ལྡན་མགོན་པོ་ཡབ་ཡུམ་ཕྱག་འཚལ་བསྟོད༔ སྔོན་ཚེ་ཁྲག་འཐུང་ཆེན་པོའི་སྤྱན་སྔ་རུ༔ སངས་རྒྱས་བསྟན་པ་བསྲུང་བར་ཁས་བླངས་ནས༔ སྲིན་པོའི་གཟུགས་ཀྱིས་གདུག་པ་མ་ལུས་འདུལ༔ བྱ་རོག་གདོང་ཅན་བཅུ་གསུམ་ཚོགས་ལ་བསྟོད༔ ནག་པོའི་ལས་


CMR027_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་མཁའ་འགྲོ་ཀུན་གྱི་གཙོ༔ སྲིན་པོའི་གཟུགས་ཀྱིས་དགྲ་ལ་དུག་ཁྲག་འབེབས༔ ཤ་ཟ་ཁྲག་འཐུང་གཏུམ་མོ་རབ་འབར་མ༔ དམར་མོ་རྩ་ཁྲག་འཇིབ་ལ་ཕྱག་འཚལ་བསྟོད༔ འཇིག་རྟེན་ལས་ལས་གྲུབ་པའི་དྲེགས་པ་ཅན༔ དྲག་སྔགས་དམོད་པ་དྲག་པོའི་མཚོན་ཆ་ཡིས༔ ཞིང་བཅུའི་སྲོག་དབུགས་ཕྲལ་བའི་མཐུ་བོ་ཆེ༔ ལས་བྱེད་དྲག་པོའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཡབ་ཡུམ་ཐུགས་ཀྱི་སྦྱོར་མཚམས་སུ༔ གསེར་དངུལ་གའུ་ཁ་སྦྱོར་སོ་སོའི་ལྟར༔ ཧཱུྃ་དང་བྷྱོའཁོར་གཉིས་ཐུགས་ཀར་ཏྲིདང་སྦྱོར་ལ་རང་རང་སྔགས་ཀྱིས་བསྐོར་བར་བསྒོམས་ལ་རྒྱུན་བསྙེན་བྱ་བ་ཡིན་ལ༔ སྒྲུབ་པ་བྱེད་པ་ཡིན་ན་སོ་སོའི་གཞུང་ལས་ཤེས་སོ༔ ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛ་ཊི་ཧཱུྃ་ཕཊ༔ ཅེས་འབྲུ་བཅུ་གཅིག་པ་གཙོ་བོ་ཡབ་ཡུམ་དང་༔ ཏྲི་ཁ་ཁ་མུ་ཁ་དུ་བྷྱོ༔ འབྲུ་བདུན་པ་ལས་མགོན་བྱ་རོག་གདོང་དང་༔ ཨོཾ་མ་ཧཱ་ཀ་ལི་དེ་ཝི་རུ་པི་ནི་ཧཱུྃ་བྷྱོ་ཕཊ༔ ཅེས་བཅུ་གསུམ་པ་ལྷ་མོ་རྩ་འཇིབ་མ་སྟེ་ཤིན་ཏུ་ཟབ་ཅིང་གནད་ཆེ་བ་སྟེ༔ སྔོན་བོད་དུ་བྱུང་བའི་མགོན་པོ་ཕྱག་བཞི་པ་ཐམས་ཅད་ལས་ཀྱང་འདི་ཟབ་བམ་སྙམ་པའི་གནད་མང་དུ་ཡོད་པས་འདི་ལ་དཔེ་དམ་ཞིང་གཙིགས་ཆེ་བར་བྱའོ༔ ཞེས་པ་གནམ་ཆོས་ལས་གཙོ་འཁོར་སོ་སོར་སྒྲུབ་ཐབས་གསུངས་པ་མན་ངག་གཅིག་ཏུ་བསྡུས་ཤི་ང་༔ འདོན་ཆ་ཅུང་ཟད་ཉང་ལུགས་ནས་བླངས་ཏེ་སྔགས་འཆང་རཱ་ག་ཨ་སྱས་


CMR027_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པ་ལ༔ འགལ་བ་མཆིས་ན་མགོན་པོ་ཡབ་ཡུམ་འཁོར་དང་བཅས་ལ་བཤགས་ཤིང་༔ དགེ་བས་ཟབ་གཏེར་བསྟན་པ་རྒྱས་གྱུར་ཅིག༔ མངྒ་ལཾ༔ ཤུ་བྷཾ༔ ཨོཾ༔ ན་མོ་པདྨ་ཀཱ་ར་ཡེ༔ རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་མ་ཧཱ་ཀཱ་ལ་ཁྲོས་པའི་ཆ་བྱད་ཕྱག་བཞི་དང་པོ་གཉིས་ཀྱིས་གྲི་གུག་ཐོད་ཁྲག་འོག་གཉིས་ཁ་ཊཾ་ཙིཏྟ་འཛིན་པ་བྱ་རོག་ཆིབས་པར་བསྐྱེད་ལ༔ ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཧཱུྃ་ཧཱུྃ་ཛ་ཛ་ཛ་ཕྲཊ་ཕྲཊ་ཕྲཊ༔ ཅེས་དྲག་ཏུ་བཟླའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགནམ་ཆོས་ཀྱི་ལྷན་ཐབས་གཏེར་མགོན་ཕྱག་བཞི་པའི་འདོན་ཆ་ཉང་ལུགས་ནས་ཁ་བཀང་།next