Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཞལ་གཟིགས་དུས་བསྟོད་པ།
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་མགོན་པོ་ཕྱག་བཞི་པ་ཞལ་གཟིགས་དུས་བསྟོད་པ།next

ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཞལ་གཟིགས་དུས་བསྟོད་པ།


CMR027_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཞལ་གཟིགས་དུས་བསྟོད་པ་བཞུགས་སོ།། ཀའུ་མ་ཧཱ་ཀཱ་ལ་བྱ་རོག་མཚན། །ཁ་དོག་མཐིང་ནག་དབྱར་གྱི་ཆར་སྤྲིན་མདོག །ག་ཤལ་མི་མགོའི་ཕྲེང་བ་སྦྲུལ་གྱིས་སྤྲས། །ང་རོ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕེ་ཕེ་སྒྲ། །ཅ་ཅོ་ངུ་སྒྲ་སྒྲོག་པས་དགྲ་བགེགས་མནན། །ཆ་ལུགས་སྲིན་པོ་ཁྲོས་འདྲ་ནག་པོ་ཆེ། །ཇ་ཆང་ཕུད་དང་ཚོགས་དང་གཏོར་མས་མཆོད། །ཉ་རྒྱས་ལྟར་དཀར་ཐུགས་རྗེའི་འོད་ཟེར་གྱིས། །ཏ་ཐཱ་ག་ཏའི་བསྟན་པ་རྒྱས་པར་མཛོད། །ཐ་ན་བདག་གི་འཁོར་གཡོག་རྗེས་འབྲང་བཅས། །ད་ནི་ཁྱོད་ཀྱིས་རྟག་ཏུ་སྲུང་སྐྱོབ་མཛོད། །ན་ཚ་ཤི་ཆད་གོད་ཁ་མེད་པ་དང་། །པ་ར་ག་ཏའི་ཉམས་རྟོགས་རྒྱས་པར་མཛོད། །ཕ་གཅིག་བུ་གཅིག་ལྟ་བུར་ཐུགས་བརྩེ་བས། །བ་མོར་ཉི་ཟེར་ཕོག་ལྟར་ནད་གདོན་སྡིག །མ་ལུས་ད་ལྟ་ཉིད་དུ་ཞི་བར་མཛོད། །རྩ་རླུང་སྒོམ་པའི་གེགས་སྐྱོན་ཐམས་ཅད་དང་། །ཚ་གྲང་འདུ་བའི་ནད་རྣམས་མེད་པར་མཛོད་།ཛ་ཡི་གོ་འཕང་མཆོག་དེ་མ་ཐོབ་པར། །ཝ་ལེར་དུས་གསུམ་གཟིགས་པའི་མགོན་ཁྱོད་ཀྱིས། །ཞྭ་ལྟར་ཐུགས་རྗེའི་བསིལ་གྲིབ་ལྡན་པར་མཛོད། །ཟ་བྱེད་ཤ་ཟ་


CMR027_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་སོགས་འཁོར་གྱི་ཚོགས། །འ་འུར་ཐུག་ཆོམ་ཆོ་འཕྲུལ་དང་བཅས་ནས། །ཡ་མཚན་སྒྲུབ་པའི་མཚན་མ་དངོས་སུ་སྟོན། །ར་ཆེན་ཁྲི་འབུམ་མང་པོའི་འཁོར་བཅས་པའི། །ལ་ཆེན་མ་མགོན་ལྕམ་དྲལ་ཐམས་ཅད་ལ། །ཤ་ཁྲག་དམར་གྱི་གཏོར་མའི་མཆོད་པ་འབུལ། །ས་དང་ལམ་གྱི་བར་ཆད་ཞི་བ་དང་། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་པས། །ཨ་ལ་ལ་ཧོ་ངོ་མཚར་དངོས་གྲུབ་སྩོལ། །ཞེས་པ་ཕྱག་བཞི་པ་འདི་ཕ་རྒྱུད་ལྷ་དང་སློབ་དཔོན་རྒྱུད་ལྷ་གཉིས་ཀ་ཡིན། ནང་ནས་སྒྲུབ་ཀྱང་འདི་ཚན་ཆེ། ལོ་དུས་ཀྱི་མདོས་དང་། ཉ་མཚམས་བརྒྱད་གསུམ་བཅུ་དགུ་ལ། ཆོ་ག་རྒྱས་པ་བྱེད་ཅིང་ཡོད། གཏོར་བསྔོས་དང་ཐུན་བསྙེན་མ་ཆག་པ་ཡོད་དེ། །ཧ་ཅང་རྟགས་གསལ་པོ་ཡང་མ་བྱུང་བས། ཚེ་སྔོན་ལས་འཕྲོ་མེད་པ་རྣམས། ཆགས་འགའ་ཞིག་ལ་སེམས་ཡང་འཕྲེང་དུས། རང་གི་གྲྭ་པ་འགའ་འབའ་བསམ་བྱེད་ཅིང་ཡོད་སྙམ་ཛ། རང་གི་གཡོན་དུ་གཉིས་བྱུང་ནས་བསྡད་རྒྱལ་དགྲ་ཕ་མ་རིད་པ། །ཕྱག་བཞི་དངོས་གཉིས་བཞག་གདའ་བར་རྨིས། ཉིན་གོང་གཉིད་ལ་རང་ཚན་བར་ཅུང་ཟད་ཐུམ་པའི་ཉམས་སྣང་ལ། མདུན་དུ་མེ་རིའི་སྟེང་ན། མགོན་པོ་ཕྱག་བཞི་པ། རྒྱན་ཆ་ལུགས་ཡོངས་སུ་རྫོགས་པ། སྐུ་ཚད་མི་བས་སུམ་འགྱུར་ཆེ་བ་གཅིག་དངོས་སུ་བཞུགས་པར་གདའ་བར་མཐོང་བ་དེ་ནས་ཀ་བསྟོད་སྦྱར་བའོ། །ཞེས་ཨ་རཱ་གའོ།། །།


previousཡེ་ཤེས་མགོན་པོ་ཕྱག་བཞི་པ་ཞལ་གཟིགས་དུས་བསྟོད་པ།next