Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཚོགས་ལས་དངོས་གྲུབ་ཀུན་འབྱུང་།
   
   
   
   
   
   
   
   
   
   


 
previousདཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཚོགས་ལས་དངོས་གྲུབ་ཀུན་འབྱུང་།next

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཚོགས་ལས་དངོས་གྲུབ་ཀུན་འབྱུང་།


CMR027_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཚོགས་ལས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།


CMR027_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷིམྨསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ལས་མེ་ཀཾ་ལས་མི་མགོའི་སྒྱེད་པུ་གསུམ། དེའི་སྟེང་དུ་ཨ་ལས་ཐོད་པའི་སྣོད་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དགྲ་བགེགས་བྱད་མ་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ། རུས་པའི་གྲམ་རི། ཤ་ལྔ་བདུད་རྩི་ལྔ་ཡི་སྟེང་དུ་ཨོཾ་དཀར་པོ་ཨཱདམར་པོ་ཧཱུྃ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པ་ལས་འོད་ཟེར་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །ཡི་གེ་གསུམ་ལ་ཐིམ་འོད་དུ་ཞུ་


CMR027_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོག་གི་ཤ་ཁྲག་དང་འདྲེས་པས། །ཁ་དོག་དཀར་བ་རེག་བྱ་འཇམ་པ་རོ་མངར་བ་ནུས་པ་ཕུན་སུམ་ཚོགས་པའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱི༔ ལན་གསུམ་བརྗོད། ཨོཾ་ཨཱཿཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །རྩ་བའི་བླ་མ་བརྒྱུད་པར་བཅས་པ་རྣམས། །སྐུ་མདོག་སྔོ་བསང་རྡོ་རྗེ་དྲིལ་བུ་འཛིན། །ཚོགས་གཉིས་རབ་རྫོགས་ཐུགས་རྗེའི་རང་བཞིན་ཅན། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དགྲ་བགེགས་བྱད་མ་བསྒྲལ་བའི་ཚོགས་མཆོད་བཞེས། །ཐུགས་དམ་བརྒྱུད་བསྐུལ་ཐུགས་རྗེའི་བྱིན་གྱིས་རློབས། །


CMR027_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །ཆོས་དབྱིངས་རྡོ་རྗེ་བཙུན་མོའི་བྷ་ག་ནས། །ཡི་དམ་དཔལ་ཆེན་འཁོར་ལོ་བདེ་བའི་མཆོག །ཐབས་ཤེས་གཉིས་སུ་མེད་པའི་ཡུམ་ལ་འཁྱུད། །དྲུག་ཅུ་རྩ་གཉིས་དཔའ་བོ་མཁའ་འགྲོར་བཅས། །ཡི་དམ་ཞི་ཁྲོ་མཁའ་འགྲོའི་འཁོར་གྱིས་བསྐོར། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དགྲ་བགེགས་བྱད་མ་བསྒྲལ་བའི་ཚོགས་མཆོད་བཞེས། །ཐུགས་དམ་བརྒྱུད་བསྐུལ་ཐུགས་རྗེའི་བྱིན་གྱིས་རློབས། །བདག་ཚེཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་ལ། །ཟག་མེད་བདེ་བ་ཆེན་པོའི་དངོས་གྲུབ་སྩོལ། །མཐིང་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས། །བདེ་གཤེགས་ཐུགས་སྤྲུལ་ཡེ་ཤེས་མགོན་པོ་ནི། །ཞལ་གཅིག་ཕྱག་བཞི་སྐུ་མདོག་མཐིང་ནག་འཇིགས། །སྣ་ཚོགས་རྒྱུན་ལྡན་སྤྲུལ་པ་བསམ་མི་ཁྱབ། །སྐུ་ལྔའི་མགོན་པོ་རྒྱ་མཚོའི་ལྕམ་དྲལ་བཅས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དགྲ་བགེགས་བྱད་མ་བསྒྲལ་བའི་ཚོགས་མཆོད་བཞེས། །ཐུགས་དམ་བརྒྱུད་བསྐུལ་ཐུགས་རྗེའི་བྱིན་གྱིས་རློབས། །བདག་


CMR027_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་ལ། །མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །གཏུམ་དྲག་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་བརྒྱད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག་ལ་རྔམས། །དུར་ཁྲོད་རྒྱན་ལྡན་དགྲ་བགེགས་སྲོག་རྩ་གཅོད། །ནག་པོ་སྟོང་སྡེ་ལས་མགོན་རྒྱ་མཚོས་བསྐོར། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དགྲ་བགེགས་བྱད་མ་བསྒྲལ་བའི་ཚོགས་མཆོད་བཞེས། །ཐུགས་དམ་བརྒྱུད་བསྐུལ་ཐུགས་རྗེའི་བྱིན་གྱིས་རློབས། །བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་ལ། །དགྲ་བགེགས་བྱེད་མ་བསྒྲལ་བའི་ཕྲིན་ལས་མཛོད། །ཧཱུྃ། བྱང་ཤར་རླུང་ནག་འཚུབ་མའི་དཀྱིལ་འཁོར་ནས། །ཡུམ་མཆོག་ཨེ་ཀ་ཙ་ཏྲི་རྩ་འཇིབ་མ། །སྦྱོར་སྒྲོལ་ཡུམ་གསུམ་ཤ་ཟ་ཁྲག་འཐུང་མ། །སྣ་ཚོགས་རྒྱན་ལྡན་དམ་ཉམས་སྐྱེ་རྒྱུད་གཅོད། །ལས་ཀྱི་མ་མོ་བྱེ་བ་འབུམ་གྱིས་བསྐོར། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དགྲ་བགེགས་བྱད་མ་བསྒྲལ་བའི་ཚོགས་མཆོད་བཞེས། །ཐུགས་དམ་བརྒྱུད་བསྐུལ་ཐུགས་རྗེའི་བྱིན་གྱིས་


CMR027_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རློབས། །བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་ལ། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་དཀྱིལ་འཁོར་ནས། །ལྷ་མགོན་ཁྱུང་ནག་མཁའ་ལ་གཤོག་པ་རྡེབ། །སེང་གེའི་གདོང་ཅན་ཤ་ཟ་འབུམ་དང་བཅས། །ལེགས་ལྡན་དམག་དཔོན་བརྒྱད་དང་གནོད་སྦྱིན་ཁྲི། །དཔལ་མགོན་བདུན་ཅུ་སྡེ་བརྒྱད་ལ་སོགས་པ། །བཀའ་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །ཡེ་ཤེས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དགྲ་བགེགས་བྱད་མ་བསྒྲལ་བའི་ཚོགས་མཆོད་བཞེས། །ཐུགས་དམ་བརྒྱུད་བསྐུལ་ཐུགས་རྗེའི་བྱིན་གྱིས་རློབས། །བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་ལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་བསྩལ་དུ་གསོལ། །ཚོགས་ཕུད་ཕུལ། གུ་རུ་དྷེ་ཝ་ཌཱཀྐི་ནི་ཤྲཱི་མ་ཧཱ་ཀཱ་ལ་སརྦ་དྷརྨ་པ་ལ་ས་པཱ་རི་ཝཱ་ར་གྷ་ན་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། མགོན་པོའི་གཡག་བསྐང་ནི། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡི་གེ་ཏི་ལས་གཡག་ནག་རྔམས་ཤིང་བརྗིད་པ་དང་། ལུག་ནག་སྤྱི་དཀར་རྣམས་དཔྲལ་བར་མར་གྱིས་བྱུགས་ཤིང་རྭ་ལ་དར་ནག་གིས་ཅོད་པན་འཕུར་བ། དར་ཚོན་


CMR027_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

རྔ་ཚོན་སྔགས་བྱང་གིས་དཔུང་པ་མཛེས་པ། དགྲ་བགེགས་ཀྱི་བམ་རོ་བཀལ་བ། ཞུན་མར་ཉི་ཟླ་ལྟར་གསལ་བ། དར་ནག་གི་རུ་མཚོན་སྤྲིན་ལྟར་གཏིབས་པ། ཤ་ཆེན་གྱི་དུད་པ་ན་བུན་ལྟར་འཕྱུར་བ། བདུད་རྩིའི་གསེར་སྐྱེམས་མཚོ་ལྟར་འཁྱིལ་ཞིང་དམར་གྱི་གཏོར་མ་རི་ལྟར་སྤུངས་པ། དེ་འདྲ་རེ་རེ་ལ་གྲངས་མེད་པ་འཕྲོ་བར་གྱུར༔ ཨོཾ་སརྦ་དྷརྨ་པཱུ་ཙ་པཉྩ་རཏྣ་ཀཱ་ཡ་ཀོ་ཏི་བྷི་བྷ་ཝ་ཀ་སྭ་བྷ་ཝ་ཤུདྡྷོཉཧཾ། བསམ་གྱིས་མི་ཁྱབ་པའི་སྔགས་སོ། །ཁྲག་མཚོ་ཁོལ་མ་ནས་གསུངས་སོ། །ཧཱུྃ། མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ནག་པོ་ཆེན་པོ་ལྕམ་དྲལ་དང་། །ལས་མཁན་ནག་པོ་བྱ་རོག་གདོང་། །ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །གཤེགས་ཤིག་བུ་ཡི་གནས་འདིར་གཤེགས། །བུ་ཡི་གནས་མཆོག་དམ་པ་ནས། །ཁྱེད་དང་མཐུན་པའི་དམ་རྫས་ནི། །གཡག་ལུག་ནག་པོ་མར་གྱིས་བྱུག །དར་ནག་རུ་མཚོན་རྭ་ལ་བརྒྱན། །ཕྲག་པར་དགྲ་བགེགས་ལིངྒ་བསྐྱོན། །གསེར་སྐྱེམས་བདུད་རྩིས་བྲན་པ་འདིས། །ནག་པོ་ཆེན་པོའི་ཐུགས་དམ་བསྐང་། །བྱ་རོག་གདོང་ཅན་ལ་སོགས་པའི། །འཁོར་གྱི་མ་དང་མཁའ་འགྲོའི་ཚོགས། །སྣང་གསལ་


CMR027_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཀྱི་ཞུན་མར་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་གྱིས། །ནག་པོ་ཆེན་པོའི་ཐུགས་སྤྲུལ་ཏེ། །མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །སྒྲུབ་པ་པོ་ལ་བུ་བཞིན་སྐྱོངས། །དར་ནག་ལྕགས་ཀྱི་རུ་མཚོན་གྱིས། །བྱ་རོག་གདོང་ཅན་དཔོན་དང་གཡོག །ཐུགས་དམ་གནད་ནས་བསྐུལ་བའི་ཚེ། །མྱུར་དུ་བསྐྱོད་ཅིག་མཁའ་འགྲོའི་ཚོགས། །རོ་ལངས་ལ་སོགས་གཅན་གཟན་སྣ་ཚོགས་དང་། །བསྟན་སྲུང་བཀའ་ཡི་བྱ་ར་བྱེད་པ་རྣམས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལྷ་ཆེན་མ་ཧཱ་ཀཱ་ལ་གསན་ཅིང་དགོངས་སུ་གསོལ། །མ་ཧཱ་ཀཱ་ལའི་དཀྱིལ་འཁོར་སྒོར་ཞུགས་ནས། །བཀའ་ཡི་དམ་ཚིག་གཉན་པོ་སྲུང་རྒྱུ་ལ། །བཀའ་ལྟར་མ་འགྲུབ་གཞུང་བཞིན་རྔོ་མ་ཐོགས། །བསྙེན་སྒྲུབ་དུས་འདས་ཕུད་དང་གཏོར་མ་ཆག །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རྡོ་རྗེ་སྲིན་པོའི་དུར་ཁྲོད་ཚོགས་ལ་བཤགས། །ལུག་ནག་ཁྱི་ནག་གཅན་གཟན་ལ་སོགས་པ། །ཤ་ཁྲག་དམར་གྱི་གཏོར་མ་ཆག་གྱུར་ཏེ། །བྱ་རོག་གདོང་ཅན་འཁོར་དང་བཅས་ལ་བཤགས། །བསྟན་སྲུང་མཐུ་ཡི་དངོས་གྲུབ་


CMR027_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བསྩལ་དུ་གསོལ། །གཞན་ཡང་ཁྱོད་ལ་མཆོད་སྒྲུབ་ལྷར་བཟུང་ནས། །དུས་ཀྱི་ཚོགས་ཕུད་ནང་ནུབ་མཆོད་རྒྱུ་ལ། །མཆོད་པའི་འབྱོར་ཚོགས་ཆུང་སྟེ་སྐུ་མ་བརྙེས། །ཕྱི་རྟེན་གཡག་ལུག་ལ་སོགས་མ་འབྱོར་བས། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །བཟླས་བརྗོད་སྔགས་ཚིག་ལོང་གཏམ་བར་དུ་ཆོད། །ནག་པོའི་སྲོག་སྙིང་གནད་ནས་མ་ཁོལ་ཏེ། །བཟླས་བརྗོད་སྔགས་ཀྱི་དམ་ཚིག་ཉམས་པ་ཀུན། །ལྷ་ཆེན་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །ཡི་དམ་རྩེ་གཅིག་གཞུང་བཞིན་སྒོམ་སྒྲུབ་ལ། །ཏིང་འཛིན་རྩེ་གཅིག་མ་གསལ་ནག་པོ་བསྐྱེད། །ཐུགས་དམ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །དར་ནག་བྷན་དམ་ཚིག་ལ་སོགས་པ། །རྟེན་རྫས་མ་ཚོགས་ཡན་ལག་དམ་ཚིག་ཉམས། །ནག་པོ་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །གནོང་ངོ་འགྱོད་དོ་མ་དང་མཁའ་འགྲོའི་ཚོགས། །མཐོལ་ལོ་བཤགས་སོ་ཆོས་སྐྱོང་སྲུང་མའི་ཚོགས། །མཐོལ་བཤགས་བཟོད་གསོལ་དང་དུ་ཡར་བཞེས་ལ། །སྒྲིབ་མེད་དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ། །བསྐང་བཤགས་འདི་སྤུ་གྲི་ཀླད་གཟེར་གྱི་རྒྱུད་ཚིག་ཕྱག་བཞི་པ་ཉིད་


CMR027_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གསུངས་ཡིན་པས། གཞན་བསྐང་གསོ་ཀློག་པ་ལས་ཀྱང་འདི་རང་ཚར་མང་དུ་བཏོན་ན་བྱིན་རླབས་ཆེའོ། །ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་ཡིག་བརྒྱ་བཟླས་པས་དམ་ཚིག་ཉམས་ཆག་བྱུང་ན་བསྐང་ཞིང་བཤགས་པ། ས་མ་ཡའི་དམ་ཚིག་གི་སྔགས་བསྡེབ་ཟབ་མོ་གཉན་མགོན་པོ་གཞུང་ངོ་། །དེ་ནས་གཏོར་བསྔོས་ལ་འཇུག །ཚོགས་བར་པས་བསྐང་བ་གསོ་བར་བྱ། དེ་ནས་རྡོ་རྗེ་སློབ་དཔོན་ནས་རིམ་པར་དྲངས་ནས་ཚོགས་ལ་རོལ། ཧོ༔ གཟིགས་ཤིང་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཅེས་དྲངས་ལ། ཧོ༔ རིན་ཐང་མེད་པའི་ལེགས་འོང་ཆོས། །གཟུང་འཛིན་མཚན་མ་ཀུན་སྤང་བའི། །བླང་དོར་ཆོས་ཀུན་བྲལ་བ་ཡིས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོ༔ ཞེས་རོལ། ལྷག་མ་བྲན་ལ། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བར་གྱུར། ཨོཾ་ཨཱཿཧཱུྃ། ཨུཙྪིཥྛ་བཛྲ་ཨ་ཧ་ཧ་ཏྲེ་པ་ཏྲེ་པཾ། ཞེས་བྱིན་གྱིས་བརླབས་སོ། །ཧཱུྃ། དཔལ་ལྡན་མགོན་པོའི་འཁོར་དུ་གཏོགས་པ་ཡི། །ཕྱི་འཁོར་སྐྱོང་


CMR027_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྲུང་མ་དམ་ཚིག་ཅན། །དབང་ཕྱུག་མཁའ་འགྲོ་གིང་དང་ལངྐ་དང་། །ཕྲ་མེན་ཤུགས་འགྲོ་གཤིན་རྗེ་སྲིན་པོ་དང་། །འཇིགས་པའི་གཟུགས་ལ་རྔམ་པའི་། ཚོཆ་བྱེད་ཅན། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་། །རྫུ་འཕྲུལ་ཐོགས་མེད་དཔལ་གྱི་ཕ་འབབ་སྡུད། །རིག་འཛིན་དྲོད་ཉུལ་རྣལ་འབྱོར་ཚོགས་ཁང་འགྲིམ། །རང་རང་སྤྲུལ་པ་འཁོར་དང་བཅས་པ་རྣམས། །ཞལ་ཟས་ལྷག་མའི་གཏོར་མ་འདི་བཞེས་ལ། །འཁོར་སྲུང་རྐྱེན་ཟློག་ཕྱི་ནང་བར་ཆད་སོལ། །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཨོཾ་ཨུཙྪིཥྛ་སརྦ་དྷ་ཀི་ནི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཕུད་ལ་མི་དབང་ཞིང་ལྷག་མ་ལ་དབང་བའི་འབྱུང་པོ་ནམ་མཁའ་དང་མཉམ་པ་ཚིམ་པར་གྱུར་ཅིག །ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསྐུལ་པ་ནི། བྷྱོཿ དཔལ་ལྡན་མགོན་པོ་ཡབ་ཡུམ་འཁོར་བཅས་རྣམས། །དགྲ་སྒྲོལ་བགེགས་འདུལ་དམག་ལ་ཆས་པའི་ཚེ། །བྱ་རོག་གདོང་ཅན་ལ་སོགས་ལས་མཁན་རྣམས། །དམ་ཉམས་དགྲ་བོའི་སྲོག་རྩ་དམར་པོ་ཆོད། །རྒྱལ་ཆེན་སྡེ་བཞིའི་རུ་དར་པུ་རུ་རུ། །ཕྱོགས་སྐྱོང་བཅུ་ནི་ནམ་མཁའི་སྤྲིན་ལྟར་གཏིབས། །ལྷ་སྲིན་སྡེ་


CMR027_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བསྭ་སྒྲ་ཏི་རི་རི། །བཀའ་གཉན་ཤན་པའི་གྲི་ཐོག་ཟངས་སེ་ཟང་། །ནག་པོ་སྟོང་གི་ཕོ་ཉ་གློག་ལྟར་འཁྱུགས། །ཤ་ཟ་འབུམ་གྱི་རྐན་སྒྲ་འབྲུག་ལྟར་ལྡིར། །མ་མོ་བྱེ་བས་གདུང་དབྱངས་ཀྱུ་རུ་རུ། །གནོད་སྦྱིན་དུ་མས་སྲོག་གཅོད་ཤ་ར་ར། །ཞིང་སྐྱོང་ས་ཡ་བསྲོ་སྒྲ་དི་རི་རི། །སྟག་སྤྱང་སེངྒེའི་འུར་སྒྲ་ཆེམས་སེ་ཆེམ། །གཏུམ་ཆེན་དུར་བྱས་གཤོག་སྒྲ་འུ་རུ་རུ། །བཞད་དང་ཀང་ཀ་མང་པོ་སྤུངས་སེ་སྤུང་། །བྱ་རོག་ཁྭ་ཏ་མང་པོ་ཐིབས་སེ་ཐིབ། །དོམ་དྲེད་ཁྱི་ནག་མང་པོ་ཀངས་སེ་ཀང་། །མོན་ཕོ་མོན་མོས་བཤུགས་གླུ་ཀྱུ་རུ་རུ། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །དམ་ཉམས་དགྲ་བོའི་ཡུལ་ཁམས་དམག་གིས་ཁེངས། །རྡོ་རྗེ་སྲིན་པོ་འཁོར་བཅས་དུས་ལ་བབ། །སྡིག་ཅན་དགྲ་བོ་བསྒྲལ་བའི་ཞིང་བཅུ་འདི། །ལོ་དང་ཟླ་བར་བཞག་པའི་སྐལ་མེད་པས། །ཞག་དང་ཟ་མར་མ་བཞག་ད་ལྟ་སྒྲོལ། །ཞེས་ཐུགས་དམ་རྒྱུན་དུ་བྱ་བའི་ཆེད་དུ། ༧ སྔགས་འཆང་རཱ་ག་ཨ་སྱས་བྲིས་པས་དགེ་བས་གསང་སྔགས་བསྟན་པ་རྒྱས་པར་གྱུར་ཅིག།


previousདཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཚོགས་ལས་དངོས་གྲུབ་ཀུན་འབྱུང་།next