Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོའི་བསྐང་བ་བསྡུས་པ་དཀྱིལ་ཆོག
   
   
   
   
   
   
   
   


 
previousམགོན་པོའི་བསྐང་བ་བསྡུས་པ་དཀྱིལ་ཆོགnext

མགོན་པོའི་བསྐང་བ་བསྡུས་པ་དཀྱིལ་ཆོག


CMR027_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་བསྐང་བ་བསྡུས་པ་དཀྱིལ་ཆོག་གཞུང་ལྟར་ན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ བསྐང་ངོ་བཀའ་བརྒྱུད་བླ་མ་ཡི་དམ་དང་། །དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས། །ཐུགས་དམ་བསྐངས་བས་ཉམས་ཆག་སོར་ཆུད་ནས། །ཐུགས་རྗེ་ཆེན་པོས་བདག་ལ་དགོངས་པར་མཛོད། །ནག་པོ་ཆེན་པོའི་ཡུམ་གཅིག་རལ་གཅིག་མ། །ལེགས་ལྡན་ནག་པོ་ཡུམ་གཅིག་རྩ་འཇིབ་དམར། །སྤྲུལ་པ་ལས་མགོན་ཆེན་པོ་བྱ་རོག་གདོང་། །སེང་གེའི་གདོང་ཅན་རྣལ་འབྱོར་མ་ཁྲོས་པ། །བྱ་རྒོད་མཁའ་ལྡིང་ཁྭ་ཏ་འུག་པ་དང་། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་པ་ཅན། །ཤ་ཟ་ཁྲག་འཐུང་མ་མོ་འཁོར་བཅས་དང་། །བྱ་ནག་ཁྱི་ནག་སྤྲུལ་པའི་ཚོགས་བཅས་ཀྱིས། །ཐུགས་རྗེ་ཆེན་པོ་དགོངས་ཤིག་བཅོམ་ལྡན་གྱི། །བཀའ་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆག་ཉམས་སྐོངས། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆག་ཆེ་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཞེས་དང་། ༈ ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཁྲོ་བོའི་དྲག་ཤུལ་བཟློག་ཏུ་


CMR027_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཧེ་རུ་ཀ་ཡི་གཟི་བརྗིད་ཟློག །ཕུར་པའི་བྱད་ཁ་བཟློག་ཏུ་གསོལ། །སྟོབས་པོ་ཆེ་ཡི་ཟིལ་གནོན་ཟློག །ལྷ་རྣམས་ཀུན་གྱི་རྩུབ་རིམས་ཟློག །ལྷ་མིན་རྣམས་ཀྱི་དུག་གཟེར་ཟློག །གཟའ་ཆེན་བརྒྱད་ཀྱི་གཟེར་འདེབས་ཟློག །གཤིན་རྗེ་མ་མོའི་འཁྲུལ་འཁོར་ཟློག །བདུད་དམག་རྣམས་ཀྱི་ཁྲམ་ཁ་ཟློག །མ་མོ་རྣམས་ཀྱི་ཐུན་ཟོར་ཟློག །ཀླུ་རྣམས་ཀུན་གྱི་འཆིངས་བ་ཟློག །གནོད་སྦྱིན་རྣམས་ཀྱི་གཟིར་ནད་ཟློག །བཙན་གྱི་རྒྱུ་སྲང་བཟློག་ཏུ་གསོལ། །རྒྱལ་པོའི་དབྱིང་སྨྱོ་ཐམས་ཅད་ཟློག །མཁའ་འགྲོའི་ཁྲག་ནད་བཟློག་ཏུ་གསོལ། །འབྱུང་པོ་ཡི་དྭགས་རིམས་ནད་ཟློག །ཐེའུ་རང་འགོང་པོ་ལ་སོགས་པ། །དམ་སྲི་ལོག་འདྲེན་བགེགས་ཀྱི་ཚོགས། །ཕུག་གི་སྲི་རྐུན་བཟློག་ཏུ་གསོལ། །བལ་མོའི་དུག་མཚོན་བཟློག་ཏུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་སརྦ་དྷརྨ་པ་ལ་ས་པཱ་རི་ཝཱ་ར། མ་ཧཱ་མཾ་ས་ཁ་རཾ་ཁཱ་ཧི། རཀྵ་ཙིཏྟ་བ་སུ་ཏ་ལ་ཁ་རཾ་ཁཱ་ཧི། མཉྩ་མཉི་གོ་རོ་ཙ་ན་ཁ་རཾ་ཁཱ་ཧི། ཨ་མྲྀ་ཏ་ཀཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི། ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་སརྦ་དྷརྨ་པཱ་ལ། ཨོཾ་བཛྲ་སཏཱ་ས་མ་ཡ་སོགས་


CMR027_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་བརྒྱ་བཟླས་སོ། །མགོན་པོའི་གཞུང་ནས་ལྷ་གྲངས་བསྣན་ཏེ་བསྐང་བ་བྱིན་རླབས་ཁྲག་མཚོ་ཁོལ་ཆེན་ནས་གསུངས་སོ། །ཉམས་ཆག་བསྐང་བའི་སྔགས་སྡེབ་གཏེར་མགོན་སོགས་མན་ངག་བསྡུས་པ་འདི་ཤིན་ཏུ་ཟབ་པའོ། །ཞེས་པའང་བླ་མ་དོན་གྲུབ་ཀྱིས་བསྐུལ་བས། ༧ རཱ་ག་ཨ་སྱས་འཕྲལ་དུ་སྦྱར་བ་འགལ་བ་མཆིས་ན་བཤགས་ཤིང་དགེ་བས་བསྟན་པ་དར་རྒྱས་སུ་གྱུར་ཅིག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམགོན་པོའི་བསྐང་བ་བསྡུས་པ་དཀྱིལ་ཆོགnext