Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འབུ་སུ་ཀུའི་སྤྱོད་པས་དགྲ་བགེགས་ཚར་གཅོད་པའི་མན་ངག
   
   
   
   
   


 
previousའབུ་སུ་ཀུའི་སྤྱོད་པས་དགྲ་བགེགས་ཚར་གཅོད་པའི་མན་ངགnext

འབུ་སུ་ཀུའི་སྤྱོད་པས་དགྲ་བགེགས་ཚར་གཅོད་པའི་མན་ངག


CMR027_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སུ་ཀུའི་སྤྱོད་པས་དགྲ་བགེགས་ཚར་གཅོད་པའི་མན་ངག་ཡོད། ༈ ན་མོ་ཀརྨ་མ་ཧཱ་ཀཱ་ལ་ཡེ། ལས་མགོན་ནག་པོ་ཆེ་ལ་འདུད། །ཐུབ་པའི་བསྟན་པ་བསྲུང་བའི་ཕྱིར། །མ་རུངས་གདུག་པའི་ལས་འདི་བཀོད། །བཀའ་སྲུང་རྣམས་ཀྱིས་བཀའ་གནང་སྩོལ། །འབུ་སུ་ཀུ་ཡི་རྣལ་འབྱོར་པར། །དམ་ཉམས་དགྲ་ཡིས་འཚེ་བ་ན། །སྤྱོད་ལམ་རྣམ་བཞིས་ཚར་གཅོད་ཐབས། །མན་ངག་ཟབ་མོ་འདི་ལྟར་ཏེ། །དེ་ཡང་མགོན་པོའི་བསྙེན་པ་ལེགས་པར་ཐེམ་ཞིང་། བསྐྱེད་རིམ་ལས་སུ་རུང་བའི་རྣལ་འབྱོར་པས། སྤྲོས་མེད་ཀྱི་སྤྱོད་པས་བསྟན་དགྲ་འདུལ་བ་ནི། འགྲོ་བའི་ཚེ་རང་ཉིད་མགོན་པོ་བཞེངས་ཐབས་སུ་བསྐྱེད་པའི། གཡས་སུ་བྱ་རོག་གདོང་སོགས་ཆོས་སྐྱོང་ཕོ་རྒྱུད། གཡོན་དུ་ཙིནྟི་ཀ་སོགས་ཆོས་སྐྱོང་མོ་རྒྱུད་ཐམས་ཅད་བཞེངས་ནས་འབྱོན་པའི་ཞབས་རྣམས་ཀྱི་མཐིལ་དུ། གནམ་ལྕགས་ཀྱི་ཕུར་པ་རྣོ་ངར་དང་ལྡན་པ་རེ་རེ་ཡོད་པས་འགྲོ་བའི་ལམ་ཐམས་ཅད་དུ་དགྲ་བགེགས་ཐམས་ཅད་གཡས་འགྱེལ་གཡོན་འགྱེལ་དུ། ཐམས་ཅད་གན་རྐྱལ་ཡོད་པའི་སྟེང་དུ་མགོན་པོ་གཙོ་འཁོར་ཞབས་བརྡབ་ཅིང་བྱོན་པས། སྙིང་དཀར་ནག་མཚམས་སུ་ཕུར་པ་ཐལ་སོང་ནས། །སྲོག་


CMR027_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་དྲོད་བྱེད་བཅད། ཞབས་བཏེག་པས་ཁྲག་སོབ་སོབ་སོང་བ། ཤ་ཟ་ལྕེ་སྤྱང་སྟག་གཟིག་ཐམས་ཅད་ཀྱིས་ལྷག་མེད་དུ་ཟོས་ཤིང་སོང་བར་དམིགས་ལ། གཞི་སྙིང་དང་ཤཱ་ས་ན་སྤེལ་ཚིག་དང་བཅས་པ་བཟླ་ཞིང་འགྲོའོ། །ཨྠྀི། འདུག་པའི་ཚེ་རང་ཉིད་མགོན་པོའི་ཐུགས་ཀ་ནས་ལས་མགོན་ལྕགས་ཀྱུ་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་འཕྲོས། དགྲ་བགེགས་དམིགས་བྱ་ཐམས་ཅད་རང་དབང་མེད་པར་བཀུག་ལ།་རོང་གིས་འོག་ཏུ་རིམ་པ་དགུའི་ས་འོག །རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་གནམ་ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་པའི་ནང་དུ་བཙུག་སྟེ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་གླིང་བཞི་རི་རབ་དང་བཅས་པས་མནན། དེའི་སྟེང་དུ་རང་ཉིད་མགོན་པོ་འཁོར་དང་བཅས་པ་བཞུགས་པས་མནན་ནས། བསྐལ་པ་གསུམ་དུ་མི་ཐར་བར་དམིགས། སྔགས་ཐུང་ངམ་ཤཱ་ས་ན་གཞི་སྙིང་མཇུག་ཏུ་དགྲ་བགེགས་སྟམྦྷ་ཡ་ནན། ཞེས་སྦྱར། ཨྠྀི། ཟས་ཟ་བའི་ཚེ་རང་ཉིད་མགོན་པོར་བསྒོམ། རང་གི་འཁོར་རྣམས་མགོན་པོའི་འཁོར་རྣམས་སུ་བྷྱོ། ཡེ་ཤེས་པ་བསྟིམས་ལ་རང་དམ་ཚིག་པའི་ཐུགས་ཀར་ཡེ་ཤེས་ཀྱི་མགོན་པོ། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་མཐིང་ག་མེ་འབར་བར་


CMR027_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། རང་གི་ཡ་སོ་ཐམས་ཅད་བྱ་རོག་གདོང་སོགས་ཆོས་སྐྱོང་ཕོ་རྒྱུད། མ་སོ་ཐམས་ཅད་རྩ་འཇིབ་སོགས་ཆོས་སྐྱོང་མོ་རྒྱུད་དང་། ཁ་མེ་ཧོམ་གྱི་རང་བཞིན། ཁོག་པ་མེ་དཔུང་གི་དབུས་སུ་ཡེ་ཤེས་ཀྱི་མགོན་པོ་ཞལ་ཤིན་ཏུ་གདངས་བར་བསྐྱེད་ལ། ཟས་དེ་དགྲ་བགེགས་དངོས་སུ་གསལ་བ་ལས། རང་གི་ཐུགས་ཀའི་ཧཱུྃ་ལས་སྤྲུལ་པའི་ལས་མགོན་དཔག་ཏུ་མེད་པ་ལྕགས་ཀྱུ་ཞགས་པ་ཐོགས་པ་འཕྲོས་ནས། ཟས་དེ་ལ་བསྟིམས་པས་དགྲ་བགེགས་དངོས་སུ་གསལ་བ་ལ། རང་མགོན་པོའི་ཕྱག་གཡས་གྲི་གུག་ལས། གྲི་གུག་རྣོ་ངར་དང་ལྡན་པ་འཕྲོས། ཚངས་བུག་ཏུ་ཞུགས་ནས་རྩ་དབུ་མའི་ནང་ནས་མར་སོང་སྟེ་སྙིང་ཁའི་སྲོག་གི་ངོ་བོ་ཨ་ཐུང་མར་མེ་ལྟ་བུའི་དཀྱིལ་དུ་དྲག་ཏུ་འཁོར་བས་ཨ་ཐུང་ནག་ཐོམ་གྱིས་སོང་ཞིང་ཁ་ནས་ཁྲག་ན་ར་ར་འཛག་ཅིང་། གྲི་གུག་ཇེ་ཆེར་སོང་ནས་འཁོར་བས་ལུས་ཐམས་ཅད་དམར་ཉིལ་ཉིལ་གཏུབ་པར་དམིགས་ལ། གཞི་སྙིང་ཤཱ་ས་ན་སྤེལ་ཚིག་ཅན་ཉེར་གཅིག་བཟླ། དེས་དགྲ་བོའི་ལོངས་སྤྱོད་ཐམས་ཅད་མ་ཟད་བར་དུ་བདག་ཉིད་ཆོས་སྐྱོང་འཁོར་བཅས་ཀྱི་ཟ་སྐལ་དུ་བྷེ་ལ་བཟའ་བ་དགྲ་བགེགས་ཀྱི་ཤ་ཁྲག་དོན་སྙིང་དང་། བཏུང་བ་


CMR027_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཀྱི་ཁྲག་དང་ཀླད་པ་བྱང་སེམས་དུ་དམིགས་ལ། རང་ཆོས་སྐྱོང་འཁོར་བཅས་ཀྱིས་ཧབ་ཐོབ་ཏུ་ཟོས་པའམ། དྲག་པོའི་སྦྱིན་སྲེག་གི་ཚུལ་དུ་ལོངས་སྤྱོད་པས། ཐུགས་ཀའི་ཡེ་ཤེས་མགོན་པོའི་ཞལ་དུ་ཆིལ་ཆིལ་སོང་བར་དམིགས་ལ་བཟའ་འོ། །རང་གི་འཁོར་རྣམས་ནག་པོ་སྟོང་སོགས་སུ་གྱུར་ནས་ཟོས་བྷེ། བཟའ་བཏུང་རྒྱུན་དུ་དམིགས་པ་ནི་བྱས་བསྒྲལ་བའི་མཆོག་དམ་པ་ཡིན་པར་བླ་མ་དཔལ་ཆེན་པོ་སྒ་ལོའི་གསུངས་སོ། །ཨྠྀི། ཉལ་བའི་ཚེ་རང་ཉིད་མགོན་པོའི་ཐུགས་ཀ་ནས་འོད་ཟེར་དམར་ནག་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས། དགྲ་བགེགས་ཐམས་ཅད་ཀྱི་ལུས་ལ་ཕོག་སྙིང་ནང་དུ་ཚེའི་ངོ་བོ་ནི་ལྗང་གུ་བསོད་ནམས་ཀྱི་ངོ་བོ་ཨཱདཀར་པོ། ལྷ་དང་སྲུང་མ་ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུྃ་མཐིང་ཀའི་རྣམ་པར་ཡོད་པ། རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་ལྟར་སིབ་ཀྱིས་རང་ལ་བསྟིམ། ཁོ་ནག་ཧོམ་གྱིས་སོང་བ་རང་གི་འཁོར་ནག་པོ་སྟོང་ཤ་ཟ་ཞིང་སྐྱོང་ཐམས་ཅད་ཀྱིས་ཧབ་ཐོབ་ཏུ་ཟོས་པས་ལྷག་མེད་དུ་གྱུར་ཏེ། སྭ་བྷ་ཝའི་སྔགས་བརྗོད་པས་དགྲ་བོའི་ཡུལ་ཞིང་ཁང་དང་བཅས་པ་རྗེས་མེད་དུ་སྟོང་སངས་ཀྱིས་སོང་བར་བསམས་ལ། ཕྱག་རྒྱ་ཆེན་པོའི་ངང་ལ་


CMR027_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་བཞག་ལ་ཉལ་ལོ། །ཨྠྀི། སད་པའི་ཚེ་ཆོས་སྐུ་སྟོང་པའི་ངང་ལས་སྐད་ཅིག་གིས་གཟུགས་སྐུ་ཡེ་ཤེས་ཀྱི་མགོན་པོ་དམ་ཡེ་དབྱེར་མེད་པར་གསལ་བཏབ། །སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཆེད་དུ་བཞེངས་པར་བསམ་ལ་ལངས། ཉི་མ་དང་འོད་ཟེར་རམ་ལུས་དང་གྲིབ་མའི་ཚུལ་དུ་འཁོར་རྣམས་གནས་པས། དགྲ་བགེགས་ཐམས་ཅད་སྐད་ཅིག་ལ་བཀུག་སྟེ་པགས་པ་བཤུས་པའི་གཡང་གཞི་བདག་གཙོ་འཁོར་ཐམས་ཅད་ཀྱིས་གྱོན་པར་བསམས་ལ། གོས་ཐམས་ཅད་རིམ་པར་བགོ །དགྲ་བགེགས་རྒྱུ་མའི་ཞགས་པས་བདག་དང་འཁོར་རྣམས་ཀྱི་རྒྱན་དུ་བྱས་པོར་བསྒོམས་ལ་སྐེ་རགས་སོགས་བཅིངས། དགྲ་བགེགས་ཀྱི་གློ་སྙིང་གི་ཕྲེང་བར་ཆོས་སྐྱོང་འཁོར་བཅས་རྒྱན་དུ་བྱས་པར་བསམ་ལ་རྒྱུན་དང་ལུས་ཆས་རྣམས་རིམ་པར་འདོགས། དགྲ་བགེགས་ཀྱི་མགོ་བོ་བཅད་པའི་ཕྲེང་བ་ཁྲག་འཛག་པར་བྷྱོ་ལ་ཕྲེང་བ་བཀོན། རང་མགོན་པོའི་མདུན་འོག་ནས་ལས་མགོན་ཡབ་ཡུམ་ཞལ་གདངས་ནས་ཡོད་པས། རང་མགོན་པོ་མཐེ་བོང་གྲི་གུག་གིས་ཕྲེང་རྡོག་དགྲ་མགོ་རྦད་རྦད་བཅད་པ། ལས་མགོན་གྱི་ཞལ་དུ་ཧྲུག་ཧྲུག་སོང་། ཕྲེང་ཐག་སྐེ་ཁྲག་གི་རྒྱུན་བར་མ་ཆད་ཡུམ་རྩ་


CMR027_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

འཇིབ་མའི་ཞལ་དུ་སོང་བར་དམིགས་ལ་ཕྲེང་བ་བགྲང་ཞིང་སྔགས་ཤམ་བུ་ཅན་ཅི་རིགས་བཟླའོ། །དེ་ཐམས་ཅད་ལ་དང་པོ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་སེམས་བསྐྱེད་བཟང་པོ་དང་། དགྲ་བགེགས་ཀྱི་ལས་ངན་རྒྱུན་བཅད་ནས་སངས་རྒྱས་ཀྱི་ས་ལ་བཀོད་སྙམ་པའི་སྙིང་རྗེ་དྲག་པོ་དང་། བར་དུ་མགོན་པོའི་བསྐྱེད་རིམ་སྣང་སྟོང་འཇའ་ཚོན་ལྟ་བུའི་ང་རྒྱལ་བརྟན་པོས་སྔགས་སྒྲ་དག་ཅིང་ཤུབ་བུར་བཟླས་པ་དང་། མཐར་བདག་དང་མགོན་པོའི་དམིགས་ཡུལ་དགྲ་བགེགས་རྣམས་ཀྱང་གདོད་མ་ནས་བདག་དང་གཞན་དུ་གྲུབ་པ་མེད་པར་ཤེས་པས། །སྟོང་ཉིད་ཀྱི་རྒྱས་བཏབ་ཅིང་བདག་དང་བདག་གི་གདུལ་བྱ་དགྲ་བགེགས་དེ་རྣམས་ཐམས་ཅད་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་གོ་འཕང་མྱུར་དུ་ཐོབ་པའི་བསྔོ་བ་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་བོ། །འདི་ལྟ་བུའི་གདམས་ངག་ནི་མགོན་པོའི་བསྙེན་པ་ཚད་དུ་ཕྱིན་ཅིང་། བསྐྱེད་རྫོགས་ལ་བརྟན་པ་ངེས་པར་ཐོབ་པས་ཉམས་སུ་བླངས་ན། དགྲ་བགེགས་གང་ལ་དམིགས་པ་ངེས་པར་སྒྲོལ་ཞིང་རྟགས་མྱུར་དུ་འབྱུང་ལ། བསྐྱེད་རྫོགས་ནུས་པ་དང་མི་ལྡན་ཞིང་བསྙེན་སྒྲུབ་མ་ཐེམ་པར་འདི་ལྟར་བྱས་ཀྱང་། ཡིད་ཀྱི་བསྒྲིབས་པས་རང་ཉིད་ངན་


CMR027_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

སོང་དུ་ལྟུང་བ་མ་གཏོགས་དགྲ་བགེགས་ལ་རྟགས་ཅི་ཡང་ཐོན་པ་མི་འགྱུར་ཞིང་། རྟགས་མི་ཐོན་པ་རང་ནུས་པ་དམན་པ་མི་ཤེས་པ། ལྷ་དང་གདམས་ངག་ལ་ལོག་པར་ལྟ་བས་དམ་ཚིག་ཉམས་པར་འགྱུར་བས་བག་ཡོད་པར་བྱོས་ཤིག །དཔལ་ཆེན་སྒྲ་ལོའི་མན་ངག་ཟབ་མོ་ནི། །སྔོན་ཆད་གབ་ཅིང་དཀྲུགས་པས་མི་གསལ་བས། །དེང་འདིར་བསྟན་པ་ཤིན་ཏུ་ཉམ་དམས་པས། །དར་ཞིང་རྒྱས་པར་བྱ་ཕྱིར་སེམས་བསྐྱེད་ནས། །སྔགས་ནག་རཱ་གའི་མིང་གིས་གསལ་བར་བྱས། །འདི་བྲིས་བརྩེ་བ་བྲལ་བའི་ཉེས་པ་རྣམས། །ལྷ་མགོན་ཐུགས་རྗེའི་བདག་ཉིད་དྲུང་དུ་བཤགས། །དགེ་བས་ཤཱཀྱའི་བསྟན་པ་དར་ཞིང་རྒྱས། །དཀོན་མཆོག་གསུམ་གྱི་དབུ་འཕང་མཐོ་བར་ཤོག །ཨྠྀི། ས་མ་ཡ་དྷ་ཐིམ། སརྦ་མངྒ་ལཾ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའབུ་སུ་ཀུའི་སྤྱོད་པས་དགྲ་བགེགས་ཚར་གཅོད་པའི་མན་ངགnext