Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་མགོན་པོ་ཕྱག་བཞི་པའི་མན་ངག་བསྙེན་སྒྲུབ་ལས་གསུམ་གྱི་ཟིན་བྲིས།
   
   
   
   


 
previousཡེ་ཤེས་མགོན་པོ་ཕྱག་བཞི་པའི་མན་ངག་བསྙེན་སྒྲུབ་ལས་གསུམ་གྱི་ཟིན་བྲིས།next

ཡེ་ཤེས་མགོན་པོ་ཕྱག་བཞི་པའི་མན་ངག་བསྙེན་སྒྲུབ་ལས་གསུམ་གྱི་ཟིན་བྲིས།


CMR027_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོ་ཕྱག་བཞི་པའི་མན་ངག་བསྙེན་སྒྲུབ་ལས་གསུམ་གྱི་ཟིན་བྲིས་བཞུགས་སོ།།


CMR027_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་མ་ཧཱ་ཀཱ་ལ་ཡེ། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །འདིར་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཆོ་ག་རྗེ་བཙུན་དབང་ཕྱུག་རྡོ་རྗེས་བསྩལ་བ་འདི་ལ། ཉེ་བར་མཁོ་བའི་དམིགས་རིམ་ཅུང་ཟད་བཀོད་ན། བཀའ་ཡི་གནང་བ་སྩོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡང་སྤྱིར་མགོན་པོ་འདི་ལ་བདེ་མཆོག་གི་བདག་བསྐྱེད་ཡིན་ལ། དབང་ཕྱུག་རྡོ་རྗེས་བདེ་མཆོག་ཕག་མོ་གང་རུང་གསུངས། རྗེ་ཆོས་ཀྱི་དབང་ཕྱུག་གིས་བདེ་མཆོག་ལྷ་ལྔ་མཛད། གདོང་མཁའ་སྤྱོད་པའི་ཕྱག་ལེན་རྒྱུད་ལ་གྲྭ་ལོའི་ལྷན་སྐྱེས་མ་མཛད། འོན་ཀྱང་བསྡུ་ན་རྡོ་རྗེ་ཕུབ་རྫོང་གིས་ཀྱང་


CMR027_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག །སྤྱིར་མགོན་པོ་འདིས་ཏདྱ་ཐཱ་བཟློ་ཤེས་པ་ཡན་ཆད་ཀྱི་གྲོགས་བྱེད་པ་ལ། ཁྱད་པར་བདེ་མཆོག་གི་རྣལ་འབྱོར་སྟོང་ཉིད་བསྒོམ་ཤེས་པའི་རྣལ་འབྱོར་པ་སྐད་ཅིག་གཡེལ་བ་མེད་པ་སྐྱོང་གསུངས་པ་དང་། སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་སྲུང་མ་ཡིན་པས། ཡི་དམ་གང་བསྒོམས་ཀྱང་མི་འགལ་ཞིང་ཐུགས་རྗེ་ཆེན་པོ་དང་མགོན་པོ་སྦྲག་སྟེ་བསྒྲུབ་པའི་མན་ངག་སོགས་ཀྱང་ཡོད་པས། ཐུགས་རྗེ་ཆེན་པོ་དང་སྦྲེལ་ཏེ།། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་པས་སོ། །ཡང་བསིལ་བ་ཚལ་དུ་ཨོ་རྒྱན་རིན་པོ་ཆེས་ལས་མགོན་འཁོར་བཅས་དམ་ལ་བཏགས་ཤིང་། ཡེ་ཤེས་


CMR027_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་རྒྱུད་དང་མན་ངག་མང་པོ་དངོས་སུ་གསུངས་པའི་ཕྱིར། གུ་རུ་ཞི་དྲག་དང་འབྲེལ་ཆེ་མོད།་འོན་ཀྱང་བསྙེན་པའི་སྐབས་སུ་ནི་ཡི་དམ་གང་ཡིན་ནའང་། སྐད་ཅིག་ལ་གནས་འགྱུར་ནས་བདེ་མཆོག་ཏུ་ང་རྒྱལ་འཕོ་བར་བྱའོ། །དང་པོ་བསྐྱེད་པའི་སྐབས་སུ་ཧཱུྃ་དེ་རང་བཞིན་དུ་བསྒོམ་ན་རྩུབ་ལ་རང་གི་ཐུགས་ཀ་ནས་སྤྲོས་ན་གོང་ནོན་སླ་ཞིང་འཇམ་ལ་ཧཱུྃ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པར་བསམ། དེས་ནི་མ་ཆུན་ནག་པོ་ཆེན་པོ་སྲས་སུ་བྱ་བའི་མན་ངག་གོ །དེ་ནས་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བདུད་དང་ལོག་འདྲེན་གདུག་པ་ཅན་ཐམས་ཅད་ཚར་བཅད། དེ་རྣམས་ཀྱི་ནུས་པ་ཐམས་ཅད་དང་ཁྱད་པར་འཇིག་རྟེན་ཁམས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱི་མཐུ་དང་ནུས་པ་ཐམས་ཅད་ས་ནས་གྲི་གུག་ཧཱུྃ་དང་བཅས་པ་ལ་ཐིམ། དེ་དང་མཉམ་དུ་འོད་ཟེར་དེས་ཕྱོགས་བཅུའི་བླ་མ་ཡི་དམ་རྒྱལ་བ་སྲས་བཅས་འཕགས་པའི་ཚོགས་རྣམས་ཐམས་ཅད་དང་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ། བྱིན་རླབས་མཐུ་སྟོབས་ཐམས་ཅད་གྲི་གུག་དང་རྡོ་རྗེ་རྩེ་ལྔ་དང་འོད་ཟེར་མཐིང་ནག་གི་རྣམ་པར་ཚུར་འདུས་ནས་གྲི་གུག་


CMR027_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་གིས་མཚན་ལོ་ཐིམ་པར་དམིགས། དེ་ནི་འཁོར་འདས་དབང་དུ་བསྡུ་བའི་དམིགས་པ་ཡང་ཟེར། ཆུན་ཆུང་ན་དྲེགས་པ་སྤྱི་དང་སྦྲེལ་ཏེ་སྒྲུབ་པའི་མན་ངག་གོ །འོད་འཕྲོས་བདུད་ཀྱི་སྡེ་བཅོམ་ཞིང་། །ཞེས་སོགས། ཚིག་གཉིས་པོའི་དམིགས་རིམ་མོ། ༈ །དེ་ནས་ཧཱུྃ་དང་གྲི་གུག་དེ་འོད་ཟེར་མཐིང་ནག་ལ་ཞུ། ཆེར་འབར་བ་ལས་གཞུང་ལྟར་བསྐྱེད། དེ་ཡང་བསྙེན་པ་དུས། སྐུ་མདོག་མཐིང་སྐྱ་ཞལ་ཁྲོ་འཛུམ་སྤྱན་སྒྲུབ་པ་པོ་ལ་གཟིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་གཡས་དང་པོ་བྷེ་ཏའི་འབྲས་བུ། གཡོན་ཐོད་པ་བདུད་རྩིས་གང་བ། འོག་མ་གཉིས་རལ་གྲི་དང་ཁ་ཊཾ་ཡང་དྲང་པོར་སླང་བ། སྐུ་ལ་རིན་པོ་ཆེ་སྣ་ཚོགས་བརྒྱན་ཅིང་མེ་རི་དཀར་སེར་གྱེན་དུ་འབར་བ། ཞབས་དཔའ་བོས་འདུག་སྟབས་ཕྱེད་སྐྱིལ་དུ་བཞུགས་པར་བྷེ། ༈ སྒྲུབ་པའི་དུས། སྐུ་མདོག་མཐིང་ཀ་ཞལ་རྔམས་ལ་སྤྱན་ཁྲོ་གཉེར་ཐད་དཀར་གཟིགས་ཏེ། དབུ་སྐྲ་ཁམ་པ་གཟིང་བ། གཡས་རྡོ་རྗེ་གྲི་གུག་གཡོན་ཐོད་པ་ཆང་གིས་གང་བ་བསྣམས་པ། རལ་གྲི་ཁ་ཊཾ་ཡང་འཕྲད་དུ་ཕྱུར་བ་སྐུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་མེ་རི་དམར་སེར་འཕྲད་དུ་


CMR027_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ། ཞབས་བཙན་འཁྱིལ་གྱི་སྟབས་སུ་བཞུགས་པར་བསྐྱེད།་ལས་སྦྱོར་དུས། སྐུ་མདོག་མཐིང་ནག་ཞལ་རབ་ཏུ་ཁྲོས་པ་སྤྱན་སྒྲུབ་པ་པོ་ལ་འབུར་ཚུགས་སུ་གཟིགས་པ། དབུ་སྐུ་ཁམ་ནག་ཐུར་དུ་གྲོལ་ཞིང་ཕྱག་གཡས་གཡོན་དང་པོ་གཉིས་གྲི་གུག་གིས་སྙིང་ཁྲག་དཀྲུག་པ། འོག་མ་གཉིས་རལ་གྲི་དང་ཁ་ཊཾ་གཉིས་བསྒྲུབ་བྱ་ལ་བསྣུན་པ། སྐུ་ལ་དུག་སྦྲུལ་གྱི་ལྷ་ཚིགས་བརྒྱན་ཅིང་དོ་ཤལ་སོགས་བྱས་པ། མེ་རི་དམར་ནག་མེ་ལྕེ་ཐུར་དུ་འབར་བ། ཞབས་གཉིས་གྱད་ཀྱིས་འདོར་སྟབས་སུ་བཞེངས་ནས་ས་ལ་བརྡབས་པས་ས་ཆེན་པོ་གཡོ་བའོ། །དེ་ནི་གཙོ་རྐྱང་བསྐྱེད་པའི་མན་ངག་སྟེ་རྗེ་ཕག་གྲུ་པའི་བཅོ་བརྒྱད་ཀྱི་གཞུང་། དྲུང་པ་རིན་པོ་ཆེ་ཀུན་དགའ་རྣམ་རྒྱལ་ལས་ཐོབ་ཅིང་། དེ་ཡི་མན་ངག་གི་འགྲེལ་པ་ཆོས་ལྡིང་པས་མཛད་པའི་དོན་བསྡུས་པའོ། །དེ་ཡང་གཙོ་རྐྱང་སྒོམ་པ་ཨརྱ་དེ་ཝའི་རྒྱ་གཞུང་གི་ལུགས་ཏེ། ཕྱི་སྒྲུབ་ཡིན་ན་ལྷ་བཅུ་གསུམ་བྱས་པ་འདི་གྲྭ་ལོའི་དུས་མཁྱེན་ལ་གནང་བ་བཀའ་སྡོད་ལྟར་སྒྲུབ་པའམ། ནང་སྒྲུབ་ལྟར་བྱས་ཀྱང་རུང་སྟེ། རྒྱུད་ཆེན་པོའི་ཉི་ཤུ་རྩ་ལྔའི་དོན་ཐམས་ཅད་མན་ངག་གི་བསྡུས་ཏེ། གཙོ་བོ་ལ་ཡེ་ཤེས་མགོན་པོའི་རྒྱུད་ལྔའི་དོན་བསྡུས། ལས་ཀྱི་


CMR027_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་རྒྱུད་ལྔའི་དོན་བྱ་སེང་གཉིས་ལ་འདུས། ཡུམ་དང་མཁའ་འགྲོ་མ་བརྒྱད་ལ་ཡུམ་རྒྱུད་ལྔ་ཡི་དོན་བསྡུས། གཙོ་བོ་དང་ལེགས་ལྡན་གཉིས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྒྱུད་ལྔའི་སྤྱི་རྒྱུད་ལྔའི་ལུགས་ལ་དོན་བསྡུས་ཏེ། འདི་ཤིན་ཏུ་ཟབ། ༢ དེ་ལ་རྗེ་ཞྭ་དམར་པ་ན་རིམ་གྱིས་དུད་སོལ་མ་སྦྱར་ནས། འདི་ལ་བྱ་རོག་ཆེན་པོ་ཁྲག་མཚོ་ཁོལ་མ་ལ་སོགས་དུ་མ་ནས་ཡབ་ཡུམ་སྦྲེལ་བར་བཤད་ལ། འབྲུག་ལུགས་དང་རྗེ་རྨ་སེའི་ལུགས་ལའང་ཡོད་ཅིང་ཆོས་སྐྱོང་ཕོ་མོ་སྦྲེལ་བསྒྲུབ་བྱས་ན་བཀྲ་ཤིས་དང་ཚན་ཆེ་བ་དང་འཁུ་ལྡོག་ཆུང་བའི་མན་ངག་གོ །དེ་ལ་རྗེ་ཆོས་ཀྱི་དབང་ཕྱུག་གིས་ཕྱག་དྲུག་པ་སོགས་རྗེ་ཉིད་ཀྱི་དབང་ལུང་གང་གསན་གྱི་ཆོས་སྐྱོང་ཧྲག་བསྡུས་ལྷ་མགྲོན་མཛད་དེ། དེ་ཡང་རྒྱུད་ཐམས་ཅད་ནས་ཆོས་སྐྱོང་དེ་ཆོས་སྐྱོང་ཐམས་ཅད་ཀྱི་གཙོ་བོར་གསུངས་པས། འབྲུག་ལུགས་སོགས་ལའང་མགོན་མང་དུ་གྲགས་པ་ཐམས་ཅད་ཆོས་སྐྱོང་ཐམས་ཅད་འདི་ཡི་འཁོར་དུ་བྱས་འདུག་པ་དང་མཐུན་ནོ། ༢ །འདིར་བཀའ་སྡོད་ལྟར་བསྒྲུབ་པ་སྟེ་གཞལ་ཡས་ཁང་མི་དགོས་སོ། ༢ །དེ་ཡང་དབང་པོ་རབ་འབྲིང་གིས་གཙོ་བོ་ཕྱག་བཞི་པ་འཁོར་བཅས་ལ། འཁོར་


CMR027_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་ཐམས་ཅད་སོ་སོའི་རྒྱན་ཆ་ལུགས་འཁོར་སྤྲུལ་པོ་དང་བཅས་པ་སོ་སོར་མ་འདྲེས་པར་འཇའ་ཤར་བ་ལྟར་དུས་གཅིག་ལ་བསྐྱེད། ༢ འབྲིང་གཙོ་བོ་ཕྱག་བཞི་པ་ལ་ལྷ་བཅུ་གསུམ་པ་ལ་འཁོར་ལྷ་མགྲོན་རྣམས་གཙོ་བོ་གསལ་ཞིང་འཁོར་མོས་པ་ཙམ་དུ་བསྐྱེད། ༢ དབང་པོ་ཐ་མས་ཕྱག་བཞི་པ་ལྷ་བཅུ་གསུམ་པ་ལ་ཡེ་ཤེས་འཇིག་རྟེན་གྱི་ཆོས་སྐྱོང་ཐམས་ཅད་ན་རིམ་ནས་ཀུན་འདུས་སུ་བྷེ་པ་སྟེ། གཏོར་མ་འདི་ལ་རྒྱུད་མན་ངག་སོགས་ནས་ཀྱང་དེ་ལྟར་བཤད་ལ། བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་ཀྱང་གསུང་རྒྱུན་ལྷད་མེད་སྙན་དུ་བརྒྱུད་པའི་མན་ངག་གོ །ཡང་གཙོ་བོ་ལ་མཁའ་འགྲོ་མ་བརྒྱུད་རྐྱང་པས་བསྐོར་བ་ནི། གསང་སྒྲུབ་སྟེ་རྒྱུད་མང་པོས་རྒྱ་གཞུང་ནས་གསུངས་ཤིང་། གཙོ་བོ་ཡབ་ཡུམ་དང་སྦྱོར་བ་ལ་མཁའ་འགྲོ་མ་བརྒྱད་ཀྱིས་བསྐོར་བ་ནི། ཡང་གསང་བླ་ན་མེད་པ་སྟེ་བདག་བསྐྱེད་བྱ་བར་གསུངས་སོ། །གཉིས་པ་གནས་གསུམ་བྱིན་གྱིས་རློབས་པའི་དམིགས་པ་འཁོར་འདས་དབང་དུ་བསྡུ་བའི་མན་ངག་ནི། མགོན་པོའི་དཔྲལ་བ་ནས་འོད་ཟེར་ཕྱོགས་བཅུར་སྤྲོས་པས་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཁྲོ་བོ་ཁྲོ་མོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་ཡི་ནུས་པ་དང་


CMR027_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས། སྣང་སྲིད་ལྷ་འདྲེ་མི་གསུམ་གྱི་ལུས་ཀྱི་སྟོབས་དང་ནུས་པ་ཐམས་ཅད་འཁོར་ལོ་དཀར་པོ་དང་འོད་ཟེར་དཀར་པོའི་རྣམ་པར་བསྡུས། མགོན་པོའི་དཔྲལ་བར་ཐིམ་པས་ཟླ་བའི་གདན་ལ་ཨོཾ་དཀར་པོའི་མཚན་པ་རྒྱལ་བ་སྲས་བཅས་ཀྱི་སྐུ་དང་དབྱེར་མེད་ཅིང་སྣང་སྲིད་ཐམས་ཅད་ཀྱི་ལུས་དབང་བསྒྱུར་བའི་ནུས་པ་དང་ལྡན་པར་བསམ། ༈ ཡང་མགོན་པོའི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་གསུང་གི་ནུས་པ་དང་བྱིན་རླབས་སྣང་སྲིད་ཐམས་ཅད་ཀྱི་ངག་གི་ནུས་མཐུ་ཐམས་ཅད་པདྨ་དམར་པོ་དང་འོད་ཟེར་དམར་པོའི་རྣམ་པར་བསྡུས། མགོན་པོའི་མགྲིན་པར་ཐིམ་པས་མགྲིན་པར་པདྨའི་སྟེང་དུ་ཨཱདམར་པོའི་མཚན་པས། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་གསུང་དང་དབྱེར་མེད་ཅིང་འཁོར་འདས་ཐམས་ཅད་ཀྱི་ངག་ལ་དབང་བསྐུར་བའི་ནུས་པ་ལྡན་ལ། ༢ ཡང་མགོན་པོའི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་འཕྲོས་པས། བླ་མ་རྒྱལ་བ་སྲས་བཅས་ཡི་དམ་དཔའ་བོ་མཁའ་འགྲོ་ཁྲོ་བོ་ཁྲོ་མོ་ཆོས་སྐྱོང་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་དང་མཐུ་སྟོབས་ནུས་པ་ཐམས་ཅད་སྣང་སྲིད་ཀྱི་སེམས་ཀྱི་ནུས་མཐུ་


CMR027_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་དང་མངོན་ཤེས་ཐམས་ཅད་རྡོ་རྗེ་སྔོན་པོ་དང་འོད་ཟེར་སྔོན་པོའི་རྣམ་པར་བསྡུས་ནས། མགོན་པོའི་ཐུགས་ཀར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་དབྱེར་མེད་ཅིང་སྣང་སྲིད་ཀྱི་སེམས་ལ་དབང་བསྒྱུར་ནུས་པ་དང་ལྡན་པར་བསྒོམས་ལ། དེ་ཡང་འཁོར་རྣམས་ལ་བྱིན་རླབས་མི་བསྡུ་བར་གཙོ་བོ་དང་མཉམ་དུ་ཡིག་འབྲུ་སྒོམ་ཙམ་བྱ་སྟེ། གཙོ་འཁོར་ཀུན་གྱི་སྤྱི་བོར་ནི། །ཞེས་སོགས་བརྗོད། དེ་གནས་གསུམ་བྱིན་གྱིས་རླབས་པའི་དམིགས་པའོ། ༢ །དེ་ནས་སྤྱན་འདྲེན་དམིགས་པ་ནི། བདག་གི་ཐུགས་ཀ་ནས་འོད་འཕྲོས་མདུན་བསྐྱེད་ལ་ཕོག་པས་བསྐུལ་མ་ཐག་སྟེ་མདུན་བསྐྱེད་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། འོག་མིན་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བརྟན་གཡོ་སྲིད་པའི་དུར་ཁྲོད་ཆེན་པོ་དང་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་ཤིང་ཡོངས་འདུས་ལྗོན་པའི་རྩ་བ་དང་། རྩུབ་འགྱུར་གྱི་ཚལ་དང་། ལྕང་ལོ་ཅན་དང་། རི་བོ་མ་ལ་ཡི་རྩེ་དང་། ནཱ་ལེནྡ། རྡོ་རྗེ་གདན། བསིལ་བ་ཚལ་དང་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས། མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པ། རང་རང་གི་གནས་ནས་ཆོས་སྐྱོང་ལྷ་


CMR027_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་ཐམས་ཅད་དང་གཞལ་ཡས་ཁང་ཕྱོགས་བཅུའི་བླ་མ་ཡི་དམ་མཁའ་འགྲོ་ཁྲོ་བོ་ཁྲོ་མོ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོའི་རྣམ་པར་སྤྱན་དྲངས་མདུན་གྱི་ནམ་མཁར་བྱོན། །༢ ཡང་བདག་གི་ཐུགས་ཀ་ནས་རྗེ་བཙུན་མ་དམར་མོ་སྐུ་ཆུང་ལ་མཛེས་ཤིང་ཆགས་པའི་ཉམས་ཅན་ཞིག་ཤད་ཀྱིས་སོང་ནས། བསིལ་བ་ཚལ་དུ་བཞུགས་པའི་ཡེ་ཤེས་ཀྱི་མགོན་པོའི་ཐུགས་ཀའི་ཐུགས་སྲོག་ཧཱུྃ་སྔོན་པོ་དེ་ཡི་ཁུག་པ་ལ་རྗེ་བཙུན་མའི་གྲི་གུག་གི་རྩེ་ལྕགས་ཀྱུ་ལྟ་བུས་འཇུས་ཏེ། དམ་ཚིག་ལ་དགོངས་ནས་མྱུར་དུ་བྱོན་ཅིག །མ་བྱོན་ན་སྲོག་འདི་གཅོད་དེ་ཞེས་པའི་ཚུལ་གྱིས་ཧཱུྃ་ལ་གྲི་གུག་གིས་འཐེན་པས། རང་དབང་མེད་པར་མདུན་གྱི་ནམ་མཁར་སྐད་ཅིག་ལ་བྱོན་པར་བསྒོམ། ཐུགས་ཀའི་ཧཱུྃ་ལས་སོགས། སྤྱན་འདྲེན་གཞུང་ལྟར་བྱ་ཞིང་ཡིད་ཀྱིས་ཅུང་ཟད་བྱོན་སྐྱེམས་ཀྱི་ཚུལ་དུ་མཆོད་ལ། ཛཞེས་དམ་ཚིག་པ་སྤྱི་བོར་འགུགས། ཧཱུྃ་ཞེས་དམ་ཚིག་པ་ཆུ་ལ་ཆུ་ཐིམ་པ་ལྟར་བཞུགས། ཐཾ་ཞེས་དམ་ཡེ་དབྱེར་མེད་དུ་བཅིང་། ཧོཞེས་དེ་ཐམས་ཅད་བྱས་པ་ལ་ཐུགས་མི་དགྱེས་པ་མེད་པར་ཤིན་ཏུ་དགྱེས་པ་བསྐྱེད་པར་བསྒོམས་ལ། ཛཿཧཱུྃ་བཾ་ཧོ༔དམ་ཚིག་པ་


CMR027_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དང་གཉིས་སུ་མེད་པར་གྱུར་ཞེས་པ་ནི་སྤྱན་འདྲེན་དམིགས་པ་སྟེ་མགོན་པོ་དབང་དུ་བསྡུ་བའི་མན་ངག་གོ ༢ །དེ་ནས་གདན་འབུལ་བཞུགས་གསོལ་ནི་སྔགས་ཙམ་གྱིས་ཆོག་པས། དམ་ཚིག་པ་དང་པོ་ནས་གདན་བསྐྱེད་ནི་ཡོད་ཀྱང་། རང་ཉིད་ཚེ་རིང་བ་དང་མངའ་ཐང་དར་ཞིང་ཆོས་སྲིད་བརྟན་པའི་རྟེན་འབྲེལ་དུ་གདན་འབུལ་ཏེ། ཡིད་ལས་གྲུབ་པའི་རིན་པོ་ཆེའི་ཁྲི་དང་པདྨ་ཉི་ཟླས་མཚན་པའི་ཁྲི་དེ་ཡང་སེང་གེ་གླང་ཆེན་རྟ་དང་པདྨ་མཁའ་ལྡིང་གིས་བཏེག་པ་དང་། ཚངས་པ་དང་དབང་ཕྱུག་དང་དབང་པོ་དང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་བདུད་དང་སྲེད་མེད་ཀྱི་བུ་དང་། འོག་ནས་བཏེག་པའི་ཁྲི་དཔག་ཏུ་མེད་པ་སྤྲོས་ཏེ་མགོན་པོ་འཁོར་བཅས་ཀྱི་ཁྲི་གདན་ཉི་མས་བཏེག་པས་གཟི་བརྗིད་ལྡན་པར་བསྒོམ། པདྨ་ཀ་མ་ལཱ་ཡེ་ཧཱུྃ། ཞེས་བརྗོད། ༧ དེ་ནས་རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་ཅུང་ཟད་ཁྲོ་མོའི་ཉམས་ཅན་སྤྲོས་ཏེ་མཆོད་པ་རྣམ་ལྔས་མཆོད་པར་དམིགས་ལ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ཁྲག་ཆེན་ཞེས་བརྗོད་ཅིང་སྔགས་མཆོད་རྒྱས་པར་བྱའོ། ༧ །དེ་ནས་ཕྱག་འཚལ་ཞིང་བསྟོད་ནས་མངའ་གསོལ་ཞིང་སྟོབས་བསྐྱེད་པ་ནི། རང་གི་ཐུགས་ཀའི་


CMR027_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས་བསྐུལ་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བླ་མ་ཡི་དམ་ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་མཁའ་འགྲོ་དཔའ་བོ་ཆོས་སྐྱོང་ཐམས་ཅད་ཀྱི་གནས་ལྔ་ནས། ཨོཾ་དཀར་པོ༔ ཨཱདམར་པོ། ཧཱུྃ་མཐིང་ནག །སྭཱ་སེར་པོ། ཧ་ལྗང་ཁུ་རྣམས་དང་འཁོར་ལོ་པདྨ་རྡོ་རྗེ་རྒྱ་གྲམ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་དང་འོད་ཟེར་ཁ་དོག་སྣ་ཚོགས་ཆར་ཆེན་པོ་ལྟར་བྱུང་ནས། མགོན་པོའི་གནས་ལྔར་ཐིམ། ༢ ཡང་སྲན་མ་ལ་བསངས་སྦྱངས་བྱས་ནས་བསྐྱེད་པའམ་དམིགས་པས་ཀྱང་ཆོག་སྟེ། བདེ་མཆོག་ཀྱེ་རྡོར་གསང་བདག་སོགས། ཡེ་ཤེས་ཀྱི་ཁྲོ་མོ་བཅུ་དང་། གཤེད་དམར་ནག་འཇིགས་སོགས། ཁྲོ་བོ་བསྐྱེད་ལ་ཡེ་ཤེས་པ་བསྟིམ་པ་དང་། མཆོད་བསྟོད་ཡིད་ཀྱིས་བྱ། དེ་རྣམས་འོད་དུ་ཞུ་ནས་ཁྲོ་ཆུང་ནས་འབྲས་ཙམ་དབྱངས་གསལ་བྱེད་ཕྱག་མཚན་ལྔ་དང་འོད་ཟེར་སྣ་ཚོགས་ཀྱི་རང་བཞིན་དུ་གྱུར་ཏེ། མགོན་པོའི་སྐུ་ལ་ཆིལ་གྱིས་ཐིམ་པར་བསམས་ལ། ནས་སྲན་མ་ཡོད་ན་རྟེན་གཏོར་རམ་སྐུ་འདྲ་ལ་གཏོར། དེས་མཐུ་སྟོབས་རབ་ཏུ་རྒྱས་ཏེ་མགོན་པོ་སྐུ་གཅིག་པོ་དེས་འཁོར་འདས་སྣང་སྲིད་ཐམས་ཅད་ཁྱབ། སྐུ་ཡི་གཟི་བརྗིད་ཚད་མེད་པའི་འོད་ཟེར་གྱིས་རྒྱལ་བ་སྲས་བཅས་


CMR027_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་བོ་ཁྲོ་མོ་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་འཕྲོས་ཤིང་འདུས་པས། སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་ཅིང་དབང་དུ་བསྡུ་བར་གྱུར་པས་མཆོད་པའི་ལྷ་མོ་ཤ་སྟགས་སུ་གྱུར་ནས་སུ་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་གླུ་དབྱངས་རོལ་མོ་སྣ་ཚོགས་དང་བཅས་འཁོར་འདས་ཐམས་ཅད་ཀྱི་དབང་ཕྱུག་བསྟན་པའི་བདག་པོ་ཆེན་པོར་གྱུར། མངའ་གསོལ་ཞིང་བསྟོད་པར་དམིགས་ལ། ཧཱུྃ་ལས་སྐྱེས་པའི་ཞེས་སོགས། དམ་ཅན་ཁྱོད་ལ་བདག་བསྟོད་དོ། །ཞེས་པའི་བར་བརྗོད་པ་ནི་མཐུ་སྟོབས་བསྐྱེད་པའི་མན་ངག་གོ ། ༈ །དེ་ནས་དམ་བཞག་དབང་བསྐུར་ནི་རང་ཡི་དམ་གྱི་ང་རྒྱལ་གྱིས་གསལ་བའི་སྤྱི་བོར་རྡོ་རྗེ་འཆང་། ཀླུ་སྒྲུབ། གྲྭ་ལོ་ལ་སོགས་རང་གི་མགོན་པོ་འདི་ཉིད་གང་ལས་ཐོབ་པའི་བླ་མ་རྣམ་སྤྲིན་འཁྲིགས་པ་ལྟར་སྒོམ། དེ་རྣམས་ཀྱིས་ཀྱང་དམ་བདར་གསུངས་ཤིང་ཆོས་སྐྱོང་འཁོར་བཅས་ཀྱི་དཔྲལ་མཚམས་སུ་དམ་ཚིག་རྡོ་རྗེ་ནག་པོ་རྩེ་ལྔ་པ་རེ་རེ་བཞག །ལྕེ་ལ་དམ་ཚིག་བདུད་རྩི་བྱིན་པར་བསམ། སྤྲོ་ན་བདུད་རྩི་ཐིགས་པ་རྟེན་གཏོར་སོགས་ལ་རྡོ་རྗེའི་རྩེ་ཡིས་ཅུང་ཟད་གཏོར། རང་གི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་


CMR027_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས། སྔོན་གྱི་དམ་ཚིག་ཁས་བླངས་ཐམས་ཅད་བྲན་ནས། ཀྱེ་དཔལ་ཆེན་པོ་ཅི་གསུང་བཀའ་བཞིན་ཏུ་སྒྲུབ་བོ་ཞེས། ཁས་བླངས་དམ་བཅས་ནས་འདར་ཕྲི་ལི་ལི་བྱེད་པར་བསམས་ལ། དམ་ལ་མ་འདའ་ནག་པོ་ཆེ། །སོགས། ཧ་ན་ཧཱུྃ་ཕཊ༔ ཀྱི་བར་བརྗོད། སྔོན་གྱི་དམ་ཚིག་གཉེན་པོ་དགོངས། །ཞེས་པའི་སྐབས་སུ། རྡོ་རྗེ་འཆང་དང་བདེ་མཆོག་གསང་བའི་བདག་པོ་ཀླུ་སྒྲུབ་གྲྭ་ལོ་དུས་མཁྱེན་མཁའ་སྤྱོད་པ་ཡབ་སྲས་ཞྭ་དམར་དྲུག་པ་ན་རིམ་སོགས་ཀྱིས། བཀའ་བསྒོས་དམ་བཞག་ཐམས་ཅད་མི་བསྙེལ་བར་རྗེས་སུ་དྲན་པར་བསྒོམ་མོ། ༢ །དེ་ནས་ཐུགས་ཀ་ནས་འོད་ཟེར་འཕྲོས་ནས་རིགས་ལྔ་ཡབ་ཡུམ་བཞི་སེམས་དཔའ་སེམས་མའི་ཚོགས་དང་འཁོར་ལོ་བདེ་མཆོག་ཡབ་ཡུམ་སྙིང་པོ་ཡིས་རྣལ་འབྱོར་མ་བཞི་སོགས། ཁྲོ་བོ་ཁྲོ་མོའི་ཚོགས་སྤྱན་དྲངས་ཡིད་ཀྱིས་མཆོད་བསྟོད་བྱས་ནས་ཡིད་ཀྱིས་གསོལ་བ་བཏབ་པས། ཡུམ་བཞིས་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ་དབང་བསྐུར་། རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་བཀྲ་ཤིས་བརྗོད་པ་དང་། གླུ་དང་རོལ་མོ་བྱེད་ཅིང་བདུད་རྩིས་ཆུས་སྐུ་གང་དྲི་མ་དག་


CMR027_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡི་ལྷག་མ་ཡར་འཁྱིལ་བ་ལས་གཙོ་བོ་ལ་སྤྱི་བོར་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་ལ་འཇིགས་བྱེད་དང་དུས་མཚན་གདན་མེད་པ་གཅིག་གིས་དབུ་བརྒྱན་ཏེ། དེ་ཡང་གོང་མི་ནོན་དོགས་ཤིང་འཚུབ་ཆེ་ན་བདེ་མཆོག་སྐུ་ཆེ་བ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཡང་རྟགས་བུར་དོགས་ན་སོར་བཞི་ཙམ་གཅིག་བྷེ། དེ་ཡང་དྲི་མ་དག་ཟེར་བ་ནི་ལྷ་ལ་དྲི་མ་ཡོད་པ་མ་ཡིན་ཏེ། རང་གི་རྣམ་རྟོག་གི་དྲི་མ་སྦྱང་བའི་ཕྱིར་རོ། །དེ་ནས་བདེ་མཆོག་ཡབ་ཡུམ་སྙོམས་པར་ཞུགས་པའི་སྒྲས་སངས་རྒྱས་བྱང་སེམས་སྤྱན་དྲངས་ནས་བདེ་མཆོག་གི་ཞལ་དུ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས་བདུད་རྩི་བྱང་སེམས་དུ་ཞུ་བ་སྦྱོར་མཚམས་ནས་མར་བབས་པས། མགོན་པོའི་ཚངས་བུག་ནས་ཞུགས་ཐུགས་ཀ་ཡན་ཆད་གང་ཐུགས་ཀའི་ཧཱུྃ་སྔར་བས་ཀྱང་སྔོ་ལ་འཚེར་བར་གྱུར་མགྲིན་པ་མན་ཆད་གང་ཨཱཡིག་སྔར་བས་ཀྱང་དམར་ལ་འཚེར། སྤྱི་བོ་མན་ཆད་གང་ཨོཾ་ཡིག་སྔར་བས་ཀྱང་དཀར་ལ་འོད་དུ་འབར། ཆུ་ལྷག་ཡར་ལུད་པ་ལ་བདེ་མཆོག་ཡབ་ཡུམ་སྔར་བས་ཀྱང་གཟི་བརྗིད་ཆེ་བ་ཉི་མ་འབུམ་གྱི་གཟི་བརྗིད་ཅན་དུ་བསྒོམ། བྱ་རོག་གདོང་སེང་གདོང་ཡབ་ཡུམ་ལེགས་ལྡན་མཁའ་འགྲོ་བརྒྱུད་རྣམས་ལ་ཕྱག་བཞི་པ་སོར་བཞི་ཙམ་རེ་


CMR027_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ནག་པོ་སྟོང་ལ་བྱ་རོག་གདོང་། ཤ་ཟ་འབུམ་ལ་སེང་གེའི་གདོང་། མ་མོ་བྱེ་བར་ཙཎྜི་ཀ །གནོད་སྦྱིན་ཁྲི་ལ་ལེགས་ལྡན་རྣམས་སོར་བཞི་ཙམ་གྱིས་བརྒྱན་པར་མོས། འཁོར་རྣམས་ལ་མ་བྱས་ཀྱང་རུང་སྟེ། ཅུང་ཟད་རྩུབ། དེ་ནས་ཕྱག་དྲུག་པ་སོགས་ལྷ་མགྲོན་ཐམས་ཅད་ལ་རང་རང་གི་རིགས་བདག་བསམ། ཡང་ན་མི་བསྐྱོད་པས་དབུ་བརྒྱན་པར་བསྒོམ། ཡང་འཁོར་ཐམས་ཅད་ལ་མི་བསྐྱོད་པས་དབུ་བརྒྱན་ན་རྒྱུད་འཇམ་པའི་གནད་ཡོད་དོ། །དེ་ནས་བསྙེན་པ་བྱ་བ་ནི། ཕྲེང་བ་དབྱངས་གསལ་ཞུ་བ་ལ་མི་མགོའི་ཕྲེང་བར་བསྒོམ་ཞིང་། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡ་ན་ཡེ་སྭཱ་ཧཱ། ཞེས་བདུན་གྱིས་ཕྲེང་བ་སྙིམ་པར་བཅུག་སྟེ་ཕུས་བཏབ། དེ་ནས་རང་གི་སྙིང་ཁར་ཉི་མའི་སྟེང་དུ་བདེ་མཆོག་ཡིན་ན་ཧཱུྃ་ལ་ཨོཾ་ཧཱིཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཀྱིས་གཡས་སུ་བསྐོར་བར་བསྒོམ། དེ་ནས་ཕག་མོ་རྒྱལ་བ་རྒྱ་མཚོ་སོགས་ལ་ཧིལ་རང་སྔགས་ཀྱིས་བསྐོར་བར་བསྒོམ། མགོན་པོའི་ཐུགས་ཀར་ཡང་ཉི་མའི་གདན་ལ་ཧཱུྃ་ལ་ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་གང་ཡིན་དེ་ཡི་སྔགས་ཀྱིས་གཡས་སུ་བསྐོར་བར་བསྒོམ། ༧ དེ་ནས་རྒྱུན་ཁྱེར་གྱི་བསྙེན་པ་ཕྲེང་བསྐོར་ཙམ་ལས་མི་བྱེད་ན་དམིགས་པ་


CMR027_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པ་ནི། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། མགོན་པོའི་ཐུགས་ཀའི་ཧཱུྃ་སྔགས་ཕྲེང་དང་བཅས་པ་ལ་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་མགོན་པོའི་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ནས་རང་གི་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལ་ཐིམ་པས་ཡེ་ཤེས་ཀྱི་མགོན་པོའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བདག་གིས་ཐོབ་ཅིང་། དེ་མ་ཐག་མགོན་པོ་འཁོར་དང་བཅས་པ་སྤྲུལ་པའི་ཕོ་ཉེས་ཞི་བའི་ལས་མཛད་དཀར་མོ་འབུམ་སྡེ་ལྷ་བརྒྱད་ཀླུ་བརྒྱད་སོགས། སྤྲོས་ནས་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས། རྒྱས་པའི་ཕོ་ཉ་སེར་མོ་འབུམ་སྡེ་གནོད་སྦྱིན་ཆེན་པོ་བརྒྱད་གང་པོ་མཛེས་མ་སོགས་གནོད་སྦྱིན་ཁྲི་ཡི་ཚོགས་འཕྲོས་ཚེ་བསོད་དཔལ་འབྱོར་རྒྱས་པར་བྱས། དབང་གི་ལས་མཛད་དམར་མོ་འབུམ་སྡེ་མ་མོ་བྱེ་བ་རྣམས་འཕྲོས་པས་འཇིག་རྟེན་བྱེ་བ་ཐམས་ཅད་དབང་དུ་བསྡུས། དྲག་པོའི་ལས་མཛད་ལྗང་མོ་འབུམ་སྡེ་ནག་མོ་སྟོང་ཤ་ཟ་འབུམ་རྣམས་འཕྲོས་ནས་དགྲ་བགེགས་ཐམས་ཅད་བསད་བཅད་ཟོས་ནས་རྗེས་ཀྱང་མེད་པར་བསྒོམས་ལ། བདག་


CMR027_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བཅོམ་ལྡན་འཇིག་རྟེན་སོགས་ཞེས་པ་ནས། བསྒྲུབ་པར་གྱུར། ཞེས་པའི་སྦྲེལ་མའམ་མ་སྦྲེལ་ཀྱང་རུང་སྟེ། ཀ་ཝུ་ཝ་ཝ་པ་སོགས།་བརྒྱ་ཕྲག་ཙམ་བསྙེན་ནས་གཏོར་མ་བསྔོ་བ་རྒྱུན་གྱི་ཉམས་ལེན་མཛོད། འདི་མཚམས་སྒྲུབ་དུས་ཡིན་ནའང་དང་པོ་རང་གི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་འཕྲོས། རང་གི་ཞལ་ནས་ཐོན། མཆོད་པའི་ཚུལ་དུ་མགོན་པོའི་ཞལ་དུ་ཞུགས། མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ། ཧཱུྃ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་མགོན་པོའི་ཐུགས་ཀ་ནས་དངོས་གྲུབ་དང་བྱིན་རླབས་ཀྱི་ཚུལ་དུ་ལྟེ་བ་ནས་ཐོན། རང་གི་ལྟེ་བར་ཞུགས་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་དངོས་གྲུབ་ཐོབ་པར་བསྒོམ་སྟེ་འོད་ཕྲེང་བ་ལྟར་བར་མ་ཆད་པར་སྒ་ར་ར་འཁོར་བར་བྷེ། གཙོ་ཆེར་བསྙེན་པའི་དམིགས་པའོ། །དེ་ནས་རང་གི་ཐུགས་ཀ་ནས་སྔགས་ཕྲེང་ཡང་བདེ་མཆོག་ཕག་མོ་ལ་སོགས་པ་གཡོན་དུ་ཀྱི་ལི་ལི་འཁོར། རྒྱལ་བ་རྒྱ་མཚོ་གུ་དྲག་སོགས་ལ་གཡས་སུ་འཁོར།་མགོན་པོ་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་ལྷ་ཕོ་ཐམས་ཅད་གཡས་དང་ལྷ་མོ་ཐམས་ཅད་གཡོན་དུ་སྔགས་ཕྲེང་འཁོར་བཞིན་པ་ལས། རང་གི་ཐུགས་ཀ་ནས་


CMR027_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་དཀར་པོ་མཆོད་པའི་རང་བཞིན་འཕྲོས། ཞལ་ནས་ཐོན་མགོན་པོའི་ཞལ་དུ་ཞུགས་པས་མགོན་པོ་མཉེས། མགོན་པོའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁས་བླངས་མི་བརྗེད་པར། སྐུ་ཡི་བྱིན་རླབས་ཞི་བའི་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས། ཐུགས་ཀ་ནས་ཚུར་བྱུང་རང་གི་སྙིང་ཁར་ཐིམ་པས་རྒྱུན་མ་ཆད་པར་བྷེ། བར་གྱི་འོད་ཟེར་དེ་ཡང་འོད་ཟེར་དཔག་མེད་འཕྲོས་ཏེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་ལ་མཉེས་པའི་མཆོད་པ་དཔག་ཏུ་མེད་པ་ཕུལ། དེ་རྣམས་ཀྱི་དཔྲལ་བ་ནས་སྐུ་ཡི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། ཡང་བར་གྱི་འོད་ཟེར་དེ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། སྣང་སྲིད་ཀྱི་ལྷ་སྲིན་བདུད་དང་དྲེགས་པ་ཅན་ཐམས་ཅད་དང་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་ཕོག །ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་དག །ཉོན་མོངས་པ་གཏི་མུག་སྦྱངས། ཆོས་དབྱིངས་ཡེ་ཤེས་ལ་བཀོད། དྲེགས་པ་ལྷ་སྲིན་རིགས་དྲུག་གི་སྐྱེ་འགྲོ་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་ཐམས་ཅད་ལུས་ཀྱི་སྟོབས་དང་ནུས་


CMR027_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་བསྡུས་ནས། རང་ལ་ཐིམ་པས་སྣང་སྲིད་ཐམས་ཅད་ཀྱི་ལུས་དབང་དུ་བསྡུས་ཤིང་ཟིལ་གྱིས་གནོན་པར་བསྒོམ། དེ་ནི་ཐོ་རངས་ནས་ཉི་དྲོས་བར་དང་། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་སེར་པོ་འཕྲོས། ཞལ་ནས་ཐོན་ཏེ་མཆོད་པའི་རང་བཞིན་གྱིས་མགོན་པོའི་ཞལ་དུ་ཞུགས་པས་ཐུགས་དགྱེས། །ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྔོན་རྒྱལ་བའི་སྤྱན་སྔར་ཁས་བླངས་པ་མི་བརྗེད་པར། ཡོན་ཏན་གྱི་བྱིན་རླབས་རྒྱས་པའི་དངོས་གྲུབ་ཐམས་ཅད་འོད་ཟེར་སེར་པོའི་རྣམ་པར་ཚུར་བྱུང་། རང་ཐིམ་པས་རྒྱུན་མ་ཆད་པར་སེར་སྒ་ར་ར་འཁོར། བར་གྱི་འོད་ཟེར་དེ་ལས་འོད་ཟེར་གྱི་ཚོགས་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་དང་ཁྱད་པར་དུ་རྒྱས་པའི་ལྷ་ཚོགས་ཐམས་ཅད་ཀྱི་ཡོན་ཏན་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་ལྟེ་བ་ནས་ཡོན་ཏན་གྱི་དངོས་གྲུབ་དང་། ཚེ་བསོད་རྒྱས་པའི་དངོས་གྲུབ་ཐམས་ཅད་དང་། རིན་པོ་ཆེ་སེར་པོ་ཏྭཾ་གྱི་མཚན་པ་ལས་འོད་ཟེར་སེར་པོ་དང་བཅས་པ་དཔག་ཏུ་མེད་པ་ཆར་བབ་པ་ལྟར་བྱོན་ནས་རང་གི་ལྟེ་བ་ལ་ཐིམ་པས་ཡོན་ཏན་གྱི་དངོས་གྲུབ་ཐོབ་པར་བསྒོམ་སྟེ། ཉི་དྲོས་ནས་ཕྱེད་ཡོལ་


CMR027_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བར་དུའོ། །དེ་ནས་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་པོ་འཕྲོས་ཞལ་ནས་ཐོན། མཆོད་པའི་ཚུལ་དུ་མདུན་བསྐྱེད་ཀྱི་ཞལ་དུ་ཞུགས་པས་ཐུགས་མཉེས། ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཧེ་རུ་ཀའི་སྤྱན་སྔར་ཁས་བླངས་པ་དྲན། གསུང་གི་བྱིན་རླབས་དབང་གི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཐུགས་ཀ་ནས་བྱུང་། རང་གི་སྙིང་ཁར་ཐིམ་པས་གསུང་གི་བདུད་རྩི་དང་བྱིན་རླབས་དང་དབང་གི་དངོས་གྲུབ་ཐམས་ཅད་འོད་ཟེར་དམར་པོའི་རྣམ་པར་ཐུགས་ཀ་ནས་བྱུང་། དེ་ལྟར་འོད་ཟེར་དམར་པོ་ཀྱི་ལི་ལི་རྒྱུན་མ་ཆད་པར་འཁོར། བར་གྱི་འོད་ཟེར་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་རྒྱལ་བ་སྲས་བཅས་དང་དབང་གི་ལྷ་ཚོགས་ཐམས་ཅད་ཀྱི་གསུང་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་མགྲིན་པ་ནས་གསུང་གི་བྱིན་རླབས་དང་དབང་གི་དངོས་གྲུབ་ཐམས་ཅད་པདྨ་དམར་པོ་ཨཱུས་མཚན་པ་དང་འོད་ཟེར་དམར་པོ་བཅས་ཆར་ལྟར་བབས་ནས་རང་གི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་དང་དབང་གི་དངོས་གྲུབ་རྒྱ་ཆེན་པོ་ཐོབ་པར་བྷེ་སྟེ། ཕྱེད་ཡོལ་ནས་དགོང་མོ་དམར་ཐག་ཆད་བར་དུའོ། །དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་ལྗང་ནག་འཕྲོས་ཞལ་ནས་


CMR027_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་ཚུལ་དུ་མགོན་པོའི་ཞལ་དུ་ཞུགས་ཐུགས་ཀར་ཐིམ་པས་ཧེ་རུ་ཀའི་སྤྱན་སྔར་ཁས་བླངས་པ་དྲན་ནས། ཕྲིན་ལས་ཀྱི་བྱིན་རླབས་དྲག་པོའི་དངོས་གྲུབ་ཐམས་ཅད་འོད་ཟེར་ལྗང་ནག་ཚུལ་དུ་འཕྲོས་ཐུགས་ཀ་ནས་ཚུར་བྱུང་རང་གི་ཐུགས་ཀར་ཐིམ་པས་ཕྲིན་ལས་སྣ་ཚོགས་དྲག་པོའི་མཐུ་ཡི་དངོས་གྲུབ་ཐོབ། དེ་ལྟར་རྒྱུན་མ་ཆད་པར་འོད་ཟེར་ལྗང་ནག་ཁྱུག་ཁྱུག་འཁོར་བའི་འོད་ཟེར་སྣ་ཚོགས་འཕྲོས་པས་ཕྱོགས་བཅུའི་ཧེ་རུ་ཀ་དང་ཁྲོ་བོ་ཁྲོ་མོ་དྲག་པོའི་ལྷ་ཚོགས་ཀྱི་འཕྲིན་ལས་ལ་མཉེས་མཆོད་ཕུལ། དེ་རྣམས་ཀྱི་གསང་གནས་ནས་དྲག་པོ་མཐུ་ཡི་དངོས་གྲུབ་ཐམས་ཅད་འོད་ཟེར་ལྗང་ནག་དང་རྒྱ་གྲམ་ཧཱས་མཚན་པ་ཆར་ལྟར་བབས་ནས་རང་གི་གསང་གནས་སུ་ཐིམ་པས། ཕྲིན་ལས་ཀྱི་བྱིན་རླབས་དང་དྲག་པོའི་དངོས་གྲུབ་ཐོབ་པར་བྷེ་སྟེ། དེ་ནན་མུན་རུབ་ནས་ནམ་ཕྱེད་བར་དུའོ། །ཡང་དེ་དག་གི་ཐུན་མཚམས་རྣམས་སུ་དུས་ནམ་ཡང་རུང་སྟེ། རང་གི་ཐུགས་ཀ་ནས་འོད་ཟེར་སྔོན་པོ་ནམ་མཁའ་སྤྲིན་བྲལ་མདོག་ལྟ་བུ་འཕྲོས། ཞལ་ནས་ཐོན་མགོན་པོའི་ཞལ་དུ་ཞུགས་པས་མཆོད་པས་མཉེས། ཐུགས་ཀའི་ཧཱུྃ་ལ་ཐིམ། ཐུགས་དམ་བསྐང་དམ་ཚིག་རྗེས་སུ་དྲན། མཆོག་གི་


CMR027_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱི་ངོ་བོ་འོད་ཟེར་སྔོན་པོ་ཐུགས་ཀ་ནས་བྱུང་། རང་གི་ཐུགས་ཀར་ཐིམ། མཆོག་གི་དངོས་གྲུབ་ཐོབ་སྟེ་རིག་འཛིན་རྒྱུད་ལ་སྐྱེས་པར་བསམ་སྟེ། རྒྱུན་མ་ཆད་པར་ཀྱི་ལི་ལི་འཁོར་བར་བསམ། བར་གྱི་འོད་ཟེར་ལས་འོད་ཟེར་ཆེན་པོ་ཕྱོགས་བཅུར་འཕྲོས་པས་བླ་མ་བཀའ་བརྒྱུད་གྲུབ་ཐོབ་ཕོ་མོ་ཡི་དམ་ལྷ་ཚོགས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་ལ་མཆོག་གི་མཆོད་པ་ཕུལ། དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་སྔོན་པོ་དང་བཅས་པ་ཆར་དྲག་ལྟར་རང་གི་སྙིང་ཁར་ཐིམ་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྷྱོ། དེ་ཐམས་ཅད་ཀྱི་ཚེ་ཡང་བདག་མདུན་གྱི་ཐུགས་ཀར་སྔགས་ཕྲེང་འཁོར་བཞིན་པ་དང་ལྷ་ཚོགས་ཐམས་ཅད་ཀྱིས་སྔགས་སྒྲ་དི་རི་རི་སྒྲོགས་པར་བྷེ། །རིགས་དྲུག་གི་སེམས་ཅན་མགོན་པོའི་སྐུ་ཤ་སྟགས་སུ་གྱུར་ཏེ་རམ་བུའི་ཚུལ་དུ་སྔགས་སྒྲ་དི་རི་རི་སྒྲོགས་པར་བྷྱོ། ཡང་གཏོར་སྒྲུབ་ལ་སོགས་ཐུན་བར་ལ་བསྒྲུབ་པའི་དམིགས་པ་བསྡུས་པ་ཙམ་བྱེད་ན། སྔགས་འཁོར་བ་རམ་བུ་གོང་ལྟར་ལས། རང་གི་ཐུགས་ཀའི་འོད་ཟེར་ཁ་དོག་ལྔ་འཇའ་ཚོན་ལྟ་བུར་འཕྲོས་ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས་པས་མཆོད་པས་


CMR027_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མཉེས། ཐུགས་ཀར་ཐིམ་པས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ཡི་རྣམ་པར་ཐོན། འཇའ་ཚོན་ལྟར་ཐུགས་ཀར་བྱོན། རང་གི་ཐུགས་ཀར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། དེ་ལྟར་ཀྱི་ལི་ལི་འཁོར་ཞིང་བར་གྱི་འོད་ཟེར་གྱི་ཚོགས་འཕྲོས། བླ་མ་ཡི་དམ་རྒྱལ་བ་སྲས་བཅས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་མཉེས་མཆོད་ཕུལ། དེ་རྣམས་ཀྱི་སྐུ་ཡི་ཆ་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་དང་། ཕྱག་མཚན་ལྔ། ཡིག་འབྲུ་ལྔ་རྣམས་བྱིན་རླབས་དངོས་གྲུབ་ཀྱི་ངོ་བོར་ཆར་ལྟར་བབས་ནས་རང་གི་ལུས་ཀྱི་ཆ་ཐམས་ཅད་ལ་མཚོ་ལ་ཁ་བ་བབས་པ་ལྟར་ཐིམ་པས་བྱིན་རླབས་དངོས་གྲུབ་ཐོབ་པར་བྷེ། དེ་དག་ཐམས་ཅད་ནི་སྒྲུབ་པའི་དམིགས་རིམ། དེ་ནས་ལས་སྦྱོར་གྱི་དམིགས་རིམ་འཛབ་དགོངས་འཕྲོ་འདུ་བྱ་ཚུལ་ནི། རང་དང་མདུན་བསྐྱེད་ཀྱི་ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་བསྐོར་ཡོད་པ་ལས་ཧཱུྃ་གི་རྩེ་ནས་འོད་ཟེར་སྔགས་ཡིག་འབྲུའི་ཕྲེང་བ་དཀར་པོ་མུ་ཏིག་གི་


CMR027_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་ལྟ་བུ་བྱུང་ནས་རང་གི་སྡིག་སྒྲིབ་དང་ཉོན་མོངས་པ་ཐམས་ཅད་ཞི་བར་བྱས་ནས། རང་གི་ཞལ་ནས་ཐོན་མགོན་པོའི་ཞལ་དུ་ཞུགས་ཐུགས་ཀར་བརྒྱུད་པས་ཞི་བའི་ལས་བཅོལ། མགོན་པོའི་མི་བསྙེལ་བའི་ཞི་བའི་ཕྲིན་ལས་ལ་དགོངས་ཏེ།་མགོན་པོའི་ཐུགས་ཀ་ནས་ཚུར་བྱུང་བར་དུ་འཁོར་ཚེ་ནད་གདོན་དམིགས་བྱ་གང་ཡིན་དེ་བ་མོར་ཉི་ཟེར་ཕོག་པ་ལྟར་ཞི། རང་གི་སྙིང་ཁར་བརྒྱུད་ནས་ཧཱུྃ་ལ་ཐིམ་པས་སྡིག་སྒྲིབ་སོགས་ཞི་བར་བསྒོམ་སྟེ། ཐོ་རངས་ནས་སྔ་དྲོའི་ཆ་ལ་བཟླས་ཤིང་སྔགས་ཤམ་ལ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། །ཞེས་བརྒྱ་སྐོར་ཙམ་སྦྱར་ཞིང་མཇུག་ཏུ། ནད་གདོན་སྡིག་སྒྲིབ་བྱུར་དང་སྐལ་པ་ངན་པ། སྟེང་ལྷ་ཡི་གདུག་པ། འོག་ཀླུ་ཡི་གདུག་པ། བར་མི་དང་མི་མ་ཡིན་གྱི་གནོད་པ་མོ་ལྟས་མཚན་ངན་བདུད་ཀྱི་ཞགས་པ་གཤིན་རྗེའི་ཕོ་ཉ་བྱུར་དང་སྐལ་པ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་དོན་གསོལ་བ་བཏབ་བོ། །དེ་ནས། རང་གི་ཐུགས་ཀ་ནས་ཡིག་འབྲུ་གསེར་བཙོ་མའི་ཁ་དོག་རྨ་བྱའི་ཆུན་པོའི་དབྱིབས་ཅན་གྱི་ཕྲེང་བ་ཞལ་ནས་ཐོན། མགོན་པོའི་ཞལ་དུ་ཞུགས་ནས་ཐུགས་ཀར་བརྒྱུད་པས་རྒྱས་པའི་ལས་བཅོལ་མགོན་པོའི་མི་བསྙེལ་


CMR027_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར། ཐུགས་ཀ་ནས་ཚུར་བྱུང་ནས། རང་གི་དབང་ཐང་མངའ་རིས་ལོངས་སྤྱོད་སྙན་གྲགས་ཐམས་ཅད་རྒྱས། ཚུར་བྱོན་རང་གི་ཐུགས་ཀར་འཁོར་བས་ཚེ་བསོད་དཔལ་དང་གཟི་བརྗིད་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བྷེ། དེས་ཉི་དྲོས་ནས་ཕྱེད་ཡོལ་བར་དུའོ། །སྔགས་ཤམ་དུ། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾཀུ་རུ་ཡེ་ཨོ། ཞེས་བརྒྱ་རྩ་དང་། བདག་གི་ཚེ་བསོད་དཔལ་དང་འབྱོར་པ་ཁ་རྗེ་དབང་ཐང་ཉམས་དང་རྟོགས་པ་ཡེ་ཤེས་ཡོན་ཏན་ཐམས་ཅད་པུཏྟིཾ་ཀུ་རུ་ཡེ་ཨོ། ཞེས་འདོད་དོན་གསོལ། །དེ་ལྟར་ཞི་རྒྱས་གཉིས་ནི་ཕར་འཁོར་བ་ཡིན་ལ། དབང་དྲག་གཉིས་ཚུར་འཁོར་བ་ཡིན། མགོན་པོའི་ཐུགས་ཀའི་ཧཱུྃ་གི་རྩེ་མོ་ནས་སྔགས་ཕྲེང་ཡི་གེའི་ཕྲེང་བ་དམར་པོ་ལྕགས་སྒྲོག་གི་དབྱིབས་ཅན་འཕྲོས་ཞལ་ནས་ཐོན། ཚུར་བྱོན་རྒྱལ་བློན་ཡུལ་འཁོར་དམིགས་ཡུལ་ཐམས་ཅད་དབང་དུ་བསྡུས། རང་གི་ཞལ་དུ་ཞུགས་པ་ཐུགས་ཀར་བརྒྱུད་ནས་རང་སེམས་དབང་དུ་བསྡུས་ནས་ཉོན་མོངས་པ་ཐམས་ཅད་གྲོགས་སུ་འཆར་ཞིང་དམིགས་བྱ་དབང་དུ་འདུས། རང་གི་ཐུགས་ཀ་ནས་ཐོན་མགོན་པོའི་ཐུགས་ཀར་བརྒྱུད་ཚེ། དབང་གི་ཕྲིན་ལས་བཅོལ་བ་དེ་


CMR027_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་མི་བསྙེལ་བར་ཕྲིན་ལས་ལ་དགོངས་པ་གཏད་པར་བྷེ། ཕྱེད་ཡོལ་ནས་ཉིན་གུང་བར་དུའོ། །སྔགས་ཤམ་དུ། ཁམས་གསུམ་སྲིད་གསུམ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་དང་། སྟེང་ལྷ་འོག་ཀླུ་བར་མིའི་རྒྱལ་པོ་བློན་པོ་བཙུན་མོ་འབངས་འཁོར་ཟས་ནོར་ལོངས་སྤྱོད་འབྲུ་བཅུད་ཐམས་ཅད་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་འདོད་དོན་གསོལ། དེ་ནས་མགོན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཁ་དོག་ནག་པོ་ཁྱུག་ཁྱུག་ལྟ་བུ་བྱུང་། ཞལ་ནས་ཐོན་ཚུར་བྱུང་བས་དགྲ་བགེགས་གནོད་བྱེད་ཐམས་ཅད་བསད་བཅད་གཏུབས་ནས་ཚར་ལྕོབཅད་། སྔགས་ཕྲེང་རང་གི་ཞལ་ནས་ཐུགས་ཀར་བརྒྱུད་པས་རང་གི་བར་ཆད་ཉོན་མོངས་པ་ཐམས་ཅད་མེད་པར་བྱས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མགོན་པོའི་ཐུགས་ཀར་འཁོར་བས། དྲག་པོའི་ལས་བཅོལ་བ་མི་བསྙེལ་བར་དྲག་པོའི་ལས་ལ་བརྩོན་པར་བྷེ་སྟེ། །མུན་རུབ་ནས་ནམ་ཕྱེད་བར་དུའོ། །སྔགས་ཤམ་ལ། དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཅེས་དང་། འཁོར་རྣམས་ཀྱི་སྔགས་ལ། ཤཱ་ས་ན་ལ་ཡང་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སྦྱར་བ་ཅུང་ཟད་བརྗོད། ཅེས་པ་འདི་ནི་སྤུ་གྲི་ཀླད་གཟེར་རྒྱུད་ནས་གསལ་བར་


CMR027_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཤིང་། གྲྭ་ལོའི་ཕན་བྱ་གསེར་ཕྲེང་བསྐོར་ནས་བྱུང་བ་བླ་མའི་ཞལ་ཁྲིད་ཀྱིས་བརྒྱན་ནས་གསལ་བར་བྱས་སོ། །དེ་ལྟར་བྱེད་ནས་བསྙེན་པའི་དམིགས་པ་ལ་ཞག་བདུན། ལས་བཞི་ལ་ཞག་བདུན་བྱ་ཞིང་། དགུ་གཏོར་རམ་རྒྱུན་དུ་ཡིན་ན་བསྙེན་པ་ལ་བརྒྱ་རྩ་སྒྲུབ་པ་ལ་བརྒྱ་རྩ་ལས་སྦྱོར་ལ་བརྒྱ་རྩ་རེ་དམིགས་པ་དང་བཅས་པས་བཟླས་སོ། །དེ་ནས་ཐུན་མཇུག་བསྙེན་པ་བཞག་རན་ཙ། མགོན་པོའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཕྱོགས་བཅུའི་བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཡེ་ཤེས་ཀྱི་འཁོར་ལོ་ཁྲོ་བོ་ཁྲོ་མོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱི་སྐུ་ཆེ་ཕྲ་སྣ་ཚོགས་དང་གསུང་སྔགས་ཕྲེང་སྣ་ཚོགས་ཐུགས་ཕྱག་མཚན་སྣ་ཚོགས། ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་དང་། འོད་ཟེར་དཀར་དམར་མཐིང་གསུམ་སྤྱན་དྲངས་ཏེ་མགོན་པོའི་གནས་གསུམ་གྱི་ཡི་གེ་ལ་ཐིམ་པས་དབྱེར་མེད་དུ་གྱུར་ཏེ་མགོན་པོ་ཡང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང་དབྱེར་མེད་དེ། ཕྱོགས་བཅུའི་རྒྱལ་བའང་མགོན་པོ་ལ། མགོན་པོ་ཡང་ཕྱོགས་བཅུའི་རྒྱལ་བར་གྱུར། སླར་མགོན་པོའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །


CMR027_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་སྲིད་ལྷ་འདྲེ་དགྲ་བགེགས་ལྷ་ཀླུ་མི་སོགས་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་ཚེ་བསོད་དཔལ་འབྱོར་དང་འབྱོར་པ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས། མགོན་པོའི་ཡིག་འབྲུ་གསུམ་ལ་ཐིམ་པས་མགོན་པོ་ཉིད་འཁོར་འདས་སྣང་སྲིད་ཀྱི་བདག་པོར་གྱུར་པར་སྒོམ། དེ་ནི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ་བའི་དམིགས་པའོ། ༈ །དེ་ནས། མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་འཇིག་རྟེན་ལྷ་སྲིན་སྡེ་བརྒྱད་དྲེགས་པ་ཅན་སྟོབས་དང་རྫུ་འཕྲུལ་ཆེ་བ་ཐམས་ཅད་ཀྱི་སྲོག་ཡིག །ཨཿཡཿམཿདུཿརུཿཙཿཤཿནཿཡི་རྣམ་པར་བསྡུས་ནས་མགོན་པོའི་ཞབས་ཉི་གདན་འོག་ཏུ་མནན་ཏེ་སྡེ་བརྒྱད་རང་རང་སོ་སོའི་སྙིང་ཁར་འོད་ཟེར་བ་དག་ལྟ་བུའི་འབྲེལ་བས་ལུས་ངག་ཡིད་གསུམ་དད་ཅིང་གུས་པས་བཀའ་ཉན་གསུང་སྡོད་འདར་ཕྲི་ལི་ལི་བྱེད་པར་གྱུར། ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ལྷ་མི་རྒྱལ་བློན་འབངས་གསུམ་སྐྱེས་པ་བུད་མེད་ཐམས་ཅད་ཀྱི་སྲོག་ཡིག་ནི་ཏྲི་དུའི་རྣམ་པར་བསྡུས་ནས། ཉི་གདན་ཞབས་སུ་ཚུད། རང་གི་སྙིང་གར་འོད་ཟེར་བ་དག་ལྟ་བུའི་འབྲེལ། དད་ཅིང་གུས་པས་འདར་ལྡི་ལི་ལི་བྱེད་


CMR027_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམ། འདི་ནི་སྲིད་གསུམ་ཟིལ་གྱིས་གནོན་པའི་དམིགས་རིམ་མོ། ༧ །དེ་ནས་མགོན་པོའི་གནས་ལྔ་ནས་འོད་ཟེར་དཀར་དམར་མཐིང་སེར་ལྗང་གུ་འཕྲོས་རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་མ་ལུས་པ་ཐོབ་པར་བསྒོམ་པ་ནི་དངོས་གྲུབ་བླངས་བའོ། ༧ །ཡང་མགོན་པོའི་གནས་གསུམ་ཡི་གེ་གསུམ་ལས་ཨོཾ་དཀར་པོ་ཨཱདམར་པོ་ཧཱུྃ་སྔོན་པོ་འོད་ཟེར་དང་ལྡན་པ་ཕྲེང་བ་བར་མ་ཆད་པར་བྱོན་ནས་བདག་གི་གནས་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་བ། ལུས་པ་ཐོབ་པར་བསྒོམ་པ་ནི་བྱིན་རླབས་ཞུ་བའོ།། ༧ །དེ་ནས་མགོན་པོའི་གནས་ལྔ་ནས་མགོན་པོ་དཀར་དམར་མཐིང་སེར་ལྗང་གུའི་ཚོགས་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས། ཆར་ལྟར་བབས་པས་རང་གི་གནས་ལྔར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་བསྒོམ་མོ། །དེས་ནི་དབང་བླངས་བའོ། ༧ །དེ་ནས་གཏོར་བསྔོས་ནི་བླ་མ་ཡི་དམ་གྱི་གཏོར་བསྔོས་གོང་དུ་རྒྱས་པར་སོང་བའི་མགོན་པོ་འདི་གཙོ་ཆེར་སྐབས་སུ་བྱེད་པ་སྟེ། གསང་སྔགས་ནང་གཏོར་ལྟར་བྱིན་རླབས་ལ་མགོན་པོ་ཐམས་ཅད་ཀྱི་ནམ་


CMR027_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

མཁར་རྡོ་རྗེ་འཆང་ལ་ཀླུ་སྒྲུབ་གྲྭ་ལོ་སོགས་ཆོས་འདི་ཡི་བཀའ་བརྒྱུད་ཐམས་ཅད་ཀྱིས་བསྐོར་བའོ། །དེ་ཡི་འོག་ཏུ་ནམ་མཁར་བདེ་མཆོག་ལ་ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་བར་བསྒོམས་ལ། ལྗགས་ཀྱི་འོད་ཟེར་གྱིས་བདུད་རྩི་གསོལ་བར་བསམས་ལ་གཏོར་བསྔོས་གཞུང་ལྟར་བྱའོ། ༧ །དེ་ནས་མགོན་པོའི་གཏོར་མ་བྱིན་རླབས་གཞུང་དུ་གསལ་བ་ལྟར། རླུང་གཡོས་མེ་སྦར་ཐོད་པ་དྲོས་ནས་ཤ་ལྔ་བདུད་རྩི་ལྔ་དང་བདུད་དགྲའི་ཤ་རུས་ཐམས་ཅད་ཞུ་ཞིང་ཁོལ་ཏེ་འདྲེས་པ་ལ་དམ་ཚིག་གི་བདུད་རྩི་དེ་ཡི་སྟེང་དུ་ཨོཾ་ཨཱཿཧཱུྃ་གསུམ་དཀར་དམར་མཐིང་གསུམ་བརྩེགས་མར་གནས་པ་ལ་ཧཱུྃ་ཞུ་བ་ལས་ཐུགས་ཀྱི་བདུད་རྩི་སྔོ་ལྟེམ་མེ་སོང་། ཨཱཞུ་བ་ལས་གསུང་གི་བདུད་རྩི་དམར་ལྟེམ་མེ་སོང་། ཨོཾ་ཞུ་བ་ལས་སྐུ་ཡི་བདུད་རྩི་དཀར་ལྟེམ་མེ་སོང་བར་བསྒོམ་པས་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་རྩེ་གསུམ་པ་ལྟེ་བ་ཧཱུྃ་གིས་མཚན་པར་གྱུར་པར་བསྒོམ། ཧཱུྃ་དེ་ལས་འོད་ཟེར་སྦ་གུས་ལྟ་བུའི་གཏོར་མ་དེ་ལ་ཟུག་ནས་བདུད་རྩི་དྲངས་ནས་གསོལ་བས་མཉེས་པར་བསམས་ལ། གཙོ་འཁོར་རྣམས་ཀྱི་སྔགས་ལ། ཁཱ་ཧི་བཏགས་ལ་ལན་གསུམ་མམ་བདུན་འབུལ། ལྷ་


CMR027_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་རྣམས་ལ་རང་རང་གི་སྔགས་ཀྱིས་འབུལ། བསྡུ་ན་གཏོར་མའི་རྒྱུད་ལས་གསུངས་པ་ལྟར་ཆོས་སྐྱོང་སྤྱི་ཡི་སྔགས། ཤཱ་ས་ན། ལན་གསུམ་གྱིས་ཐམས་ཅད་ལ་ཡང་ཕུལ་བས་ཆོག་གོ །དེ་ནས་མཆོད་པ་ནི་གཙོ་བོ་ལ་ཞི་རྒྱས་དབང་དྲག་ལས་བསྒྲུབ་ཕྱིར་ཞི་བའི་མཆོད་པ་དང་། དྲག་པོའི་ལས་བསྒྲུབ་ཕྱིར་དྲག་པོའི་མཆོད་པ་རྣམས་སྤེལ་མར་འབུལ་བ་དང་། འཁོར་ཞི་བ་རྣམས་དང་ཀླུ་བརྒྱད་སོགས་ལ་ཞི་བའི་མཆོད་པ། དྲག་པོ་རྣམས་ལ་དུར་ཁྲོད་ཀྱི་མཆོད་པ་རྣམས་སོ་སོར་འབུལ་བར་དམིགས་ལ། ཡན་ལག་བརྒྱད་ལྡན་སོགས་བརྗོད། ཨརྒྱུ་སོགས་བརྗོད་ལ་སྔགས་བསྔོས་བྱའོ། ༧ །དེ་ནས་ཚོགས་རྒྱས་པ་གོང་དུ་སོང་ནས་ཚོགས་ཕུད་གཏོར་མར་ཕུལ་ནས་བྲན་ལ།་དེའམ་ལྷ་ཚོགས་སྤྱན་གཟིགས་སུ་བཤམས་པ་དེ་ལ་དམིགས་ནས་ཤེས་རབ་མ་དཱ་ན། སོགས་ནས། ཨཱཿཧཱུྃ་གི་བར་དང་། རྟ་ནག་གཡག་ནག་ལུག་ནག་ཁྱི་ནག་ཁྲབ་རྨོག་རལ་གྲི་ལ་སོགས་རྟེན་དངོས་སུ་རྫས་བཤམས་པའམ། གཟུགས་བརྙན་བྲིས་པ་དང་བསྐང་འབྲས་བཙུགས་པ་སོགས་དམིགས་རྟེན་དུ་བྱས་ཏེ། བཟང་ཞིང་རྒྱ་ཆེ་ལ་དཔག་ཏུ་མེད་པར་དམིགས་ལ། ༧ ཆར་སྤྲིན་སོགས་ནས།


CMR027_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མི་ཁྱབ་པ་འབུལ་གྱི་བར་བརྗོད་པར་བྱ། ༧ དེ་ནས་རྒྱས་པར་ན་བསྟོད་པ་ཐམས་ཅད་རྒྱས་པར་བྱ། ཅུང་ཟད་བསྡུ་ན་བསྙེན་པ་དུས་བསྐང་བརྒྱ། སྒྲུབ་དུས་རྩ་བསྟོད། ལས་སྦྱོར་དུས་མཚན་བརྒྱ་རྩ་བརྒྱད་མ་ཡི་བསྟོད་པ་བྱང་ཤར་ནག་འདབ་མ་བྱ། ཕག་གྲུས་མཛད་པ་དུས་གསུམ་སངས་རྒྱས་མ་ཐམས་ཅད་ལ་དགོས་ཏེ་འཁོར་དང་བཅས་པའི་བསྟོད་པ་ལས་བཅོལ་མ་དང་བཅས་པ་ཡིན་ལ། ༧ བྲི་མ་ཧཱ་ཀཱ་ལ་སོགས། དཔལ་ལྡན་ནག་པོ་ཆེན་པོ་ནས། མཛད་དུ་གསོལ། གྱི་བར་དུའོ། །བསྟོད་པ་རྒྱས་པར་ནི།། ཏིལ་མར་མ། དུད་སོལ་མ། བྱང་ཤར་མའི་བསྟོད་པ་ཡིན་པས། ལེགས་ལྡན་བསྟོད་པ། བསིལ་ཚལ་མ། བྱ་རོག་གདོང་། དྭིཤ་ཟ་སེང་གདོང་དང་། མཁའ་འགྲོ་བརྒྱད་བསྟོད་དང་བཅས་པ་བྱས་ལ། རྒྱལ་བའི་བསྟན་པ་སོགས། འདོད་གསོལ་བྱ། དེ་ནས་བསྐང་བ་རྒྱས་པར་བཅས་ནི་ཡོད་ན་བསྐང་བསྐྱེད་རི་རབ་གླིང་བཞི་སོགས་རྒྱས་པར་སྤྱི་ལྟར་བསྐྱེད། བསྡུ་ན་གཏོར་མ་དེ་ཉིད་རླུང་མེ་ཐོད་སྐྱེད་སྟེང་དུ་ཀ་པཱ་ལ་སྟོང་གསུམ་ཙམ་གྱི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་བས་བདུད་རྩི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དེ་


CMR027_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་རླངས་པར་གཟུགས་རྡོ་རྗེ་མ་སྒྲ་རྡོ་རྗེ་མ་ལ་སོགས་པ་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་དང་། བདུད་རྩི་དེ་ཡི་འོད་ཟེར་ལས་གྲུབ་པའི་བཀྲ་ཤིས་རྫས་རྟགས་བརྒྱད་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་དར་གདུགས་ལ་སོགས་གཞུང་ལས་བྱུང་བའི་རྫས་དཔག་ཏུ་མེད་པར་འཕྲོ་བར་དམིགས་ཏེ་བྷི་ལ། ཨ་ཀཱ་རོས་བྱིན་བརླབས་ནས། སླར་ཡང་བཤགས་ཡུལ་མགོན་པོ་འཁོ་ར་བཅས་སྐད་ཅིག་ལ་སྤྱན་དྲངས་ནས། སྔར་གྱི་དེ་ལ་བསྟིམ་པའམ། ཡང་ལས་བྱང་སྔོན་དུ་སོང་བའི་བསྐང་བ་འདོན་ཆོག་པའི་ཕྱིར་དང་སྔོན་དུ་སོང་ཡང་རིག་འཛིན་ཏེ། སླར་གསོལ་བ་བཏབ་པའི་ཕྱིར་དེ་ནས་ཡན་ལག་བདུན་པ་དང་འདོད་ཡོན་ལྔས་མཆོད་ཕྱིར། ཆག་ཉམས་ཐམས་ཅད་བཤགས་ཕྱིན་ཆད་མི་བགྱིད་པའི་དམ་བཅའ་བ་སོགས། སྟོབས་བཞི་སྔོན་དུ་འགྲོ་བའི་བསྐང་བ་དེ་ཤིན་ཏུ་ཟབ་པ་ཡིན་ནོ། །གཡག་བསྐང་བཅས་ན་ཡང་འདོན་ཆ་འདིས་འཐུས་སོ། ༧ །བསྐང་བཤགས་བྱེད་ཚེ་ཐུན་མོང་མ་ཡིན་པའི་དམིགས་རིམ་ནི། ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་ཡི་དམ་བདེ་མཆོག་གི་གནས་གསུམ་ལས་ཡི་གེ །ཨོཾ་བཛྲ་སཏཱ་ཨོ། ཨོཾ་བཛྲ་སཏཱ་ཨཱཿ ཨོཾ་བཛྲ་སཏྭ་ཧཱུྃ༔ དཀར་དམར་


CMR027_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་གསུམ་གྱིས་བསྐོར་བར་བྷེ། དེ་ཡི་འོད་ཟེར་འཁོར་བཅས་ལ་ཕོག་ནས་གྲིབ་དང་མི་གཙང་བ་ཐམས་ཅད་དག །མགོན་པོའི་ཐུགས་ཀ་ནས་བདག་དང་བསྲུང་བྱ་ཐམས་ཅད་ལ་ཕོག་པས་དམ་ཚིག་ཉམས་ཆག་ཐམས་ཅད་བསྐང་བར་བྷེ། ཡང་འཁོར་ཐམས་ཅད་ཀྱི་གནས་གསུམ་ལས་བདུད་རྩི་དཀར་དམར་མཐིང་གསུམ་བྱུང་བས་སྐུ་ལུས་གང་སྟེ་གཞན་གྱི་ཉམས་གྲིབ་ཕོག་པ་ཐམས་ཅད་དག་པར་བྷེ། རྒྱས་པར་ན་མཇུག་གི་བཤགས་པ་ཡང་འདིར་སྦྱར་ལ་ཡིག་བརྒྱ་བརྗོད། ༧ དེ་ནས་ཐུན་གཏོར་གཅིག་བྲན་ལ། གཏོར་སྣོད་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་དེ་ཉིད་ཁ་ཊཾ་རྩེ་ལྔ་སྤུ་གྲི་ལྟར་རྣོ་བ་དམར་ཡ་ལེ་བ་ཞིག་ཏུ་གྱུར། བཀུག་གཞུག་བྱས་ལ་ལས་མཁན་རྣམས་ཀྱིས་དགྲ་བགེགས་བཀུག་ནས་ཁ་ཊཾ་རྩེ་ལ་ཆལ་ཆལ་རྒྱབ་པས་ཤ་ཁྲག་དམར་ཆ་ལ་ལ་སོང་ནས་གཏོར་སྣོད་དམར་མེར་གྱིས་གང་བ་དང་། ཁ་ཊཾ་འོད་དུ་ཞུ་བ་ལས་བདུད་རྩི་རང་བཞིན་དུ་གྱུར་པ་ལ་ལྷ་ཚོགས་ཐམས་ཅད་ཀྱིས་གསོལ་བར་བསམས་ལ། བྱང་ཤར་མ་ནི་གཙོ་བོ་དང་ལེགས་ལྡན། བསིལ་ཚལ་ལས་མགོན། ཤ་ཟ་སེང་གདོང་མཁའ་འགྲོ་བརྒྱད་བསྡུས་ལས་བཅོལ་དང་བཅས་པའམ། ཐུན་བཞིའམ་དྲུག་ཏུ་


CMR027_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་རེས་མོས་བྱ། བསྡུ་ན་ཐམས་ཅད་ཚང་བ། ༧ སངས་རྒྱས་བསྟན་པ་གཉན་པོ་སྲུང་བའི༴ ཞེས་ཁོ་ནས་ཆོག་གོ ༧ །དེ་ནས་བཟོད་གསོལ་གོང་གི་དམིགས་པ་དང་བཅས་པས་ཡིག་བརྒྱ་བརྗོད།། མཚམས་ཡིན་ན་གྲོལ་དུས་ཚུན་བསྟིམ་པ་དང་གཤེགས་གསོལ་གང་ཡང་མི་བྱེད་པར་ཉིན་གཅིག་བཞིན་སླར་ཡང་གསལ་འདེབས་མ་གཏོགས་ཐུན་མི་བསྡུ་བ་ནི། བདག་གི་སློབ་དཔོན་གྱི་གསུང་རྒྱུན་མཁའ་སྤྱོད་པ་ནས་དེ་ལྟར་བསྙེན་སྒྲུབ་རྒྱུན་ཡོད་པའི་གསུང་རྒྱུན་ཏེ། སྲུང་འཁོར་ཡང་མ་བསྡུས་པས་བགེགས་མི་འཇུག་པ་དང་། རྟགས་མྱུར་དུ་ཡོང་བའི་གནད་ཡོད་པ་དང་། གསར་མ་སྤྱི་ཡི་ལུགས་དོ་ནུབ་ཉལ་ཁ་ནས། མདུན་བསྐྱེད་ཡེ་ཤེས་པ་གཤེགས་སམ་རྟེན་ལ་བསྟིམས། བདག་བསྐྱེད་སྲུང་འཁོར་ནས་རིམ་གྱིས་བསྡུ་ནས་ཧཱུྃ་ལ་བསྟིམ། ཧཱུྃ་ཡང་ན་དྭ་སྟོང་པའི་བར་བསྡུས་ཏེ། དེ་ཡི་ངང་ལས་ཉལ་བས་འོད་གསལ་ཟིན་པའི་གནད་ཡོད་དོ། །སླར་ནངས་པར་ལྷ་ཡིས་ང་རྒྱལ་དུ་ལངས་ལ། བདག་བསྐྱེད་དང་། མདུན་བསྐྱེད་ཐམས་ཅད་བྱེད་དེ་ལྟ་བུ་ལ་མུ་མཐུད་པར་བྱེད་དོ། །ཐུན་མ་བསྡུས་པར་ཞག་འདས་རྟགས་པའི་མཐར་ལྟུང་བའི་ཉེས་པ་ཅུང་ཟད་ཡོད་


CMR027_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་བའང་མཆན། ༢ འདིས་མན་ངག་ལ་བསྙེན་སྒྲུབ་གཉིས་དང་བྱང་ཆུབ་བསྒྲུབ་ལ་ཐུན་བསྡུས་ན་ལེགས། ལས་སྦྱོར་རྟགས་ཐོན་བྱེད་ན་མི་བསྡུ་བ་ཟབ་བོ། །དུས་བསྙེན་ནི་ཟླ་བ་གསུམ་མམ་ཟླ་བ་དྲུག །ཟླ་གཅིག་གམ་ཞག་ཉེར་གཅིག་པས། གཏོར་སྒྲུབ་སོགས་ནི་ཞག་ཉེར་གཅིག་གམ། ཞག་བདུན་ལ་བྱའོ། །གྲངས་ནི་འབུམ་ཕྲག་ཉེར་གཅིག་གཙོ་ཆེར་བཞག་ཅིང་། བྱེ་བ་གཅིག་གམ། ཡང་ན་བདུན་འབུམ་གྱི་ལས་སྦྱོར་ཆོག །པཎྜི་ཏ་ཨ་བྷི་ཀ་རས་གསུངས་ཤིང་། ཡང་ཨོ་རྒྱན་རིན་པོ་ཆེ་ཡིས་སུམ་འབུམ་གྱིས་ཆོག་པར་གསུངས་ལ། གསར་མ་སྤྱི་ལྟར་གཙོ་བོ་ལ་འབུམ་ཚོ་དང་། འཁོར་ལ་ཁྲི་བཟླས་ཀྱང་ལས་ལ་སྦྱར་རུང་ངོ་། །རྡོ་རྗེ་གདན་པས་དུས་དང་གྲངས་ལ་ངེས་པ་མེད། རྟགས་གཙོ་ཆེ་བར་གསུངས་པས་རྟགས་ཡིག་ལྟར། རྟགས་ཐོན་པར་བྱའོ། །དཔལ་ཡེ་ཤེས་ཀྱི་མགོན་པོའི་ཆོ་ག་ལ་ཉེ་བར་མཁོ་བའི་དམིགས་རིམ་འདི་ནི་རང་གཞན་འགའ་ལ་ཕན་པའི་བསམས་པས། ༧ སྔགས་འཆང་ཀརྨ་ཨ་རཱ་གས་བཀོད་པའོ། །འདི་ལ་འགལ་འཁྲུལ་སྦ་འོས་གསལ་བཀོད་མངོན་ཕྱུང་འདི་ལ། ཉེས་པ་མཆིས་ན་དཔལ་ཡེ་ཤེས་མགོན་པོ་ཐུགས་རྗེ་ཅན་འཁོར་དང་བཅས་


CMR027_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དྲུང་དུ་བཤགས་ཤིང་འདི་ཕྱིའི་དངོས་གྲུབ་གེགས་སུ་མ་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཡེ་ཤེས་མགོན་པོ་ཕྱག་བཞི་པའི་མན་ངག་བསྙེན་སྒྲུབ་ལས་གསུམ་གྱི་ཟིན་བྲིས།next