Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གཏོར་ཟློག །ཤིན་ཏུ་བསྡུས་པ། བསྐང་ཟློག་སྦྲག་མའི་གཏོར་སྒྲུབ།
   
   
   


 
previousདཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གཏོར་ཟློག །ཤིན་ཏུ་བསྡུས་པ། བསྐང་ཟློག་སྦྲག་མའི་གཏོར་སྒྲུབ།next

དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གཏོར་ཟློག །ཤིན་ཏུ་བསྡུས་པ། བསྐང་ཟློག་སྦྲག་མའི་གཏོར་སྒྲུབ།


CMR027_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གཏོར་ཟློག །ཤིན་ཏུ་བསྡུས་པ། བསྐང་ཟློག་སྦྲག་མའི་གཏོར་སྒྲུབ་བཞུགས་པའི་དབུ་ཕྱོགས་སོ།།


CMR027_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་ཤི་ཙཀྲ་སཾ་ཝ་ར་ཡེ། འཁོར་ལོ་སྡོམ་པའི་ཞབས་ལ་ཕྱག་འཚལ་ནས། །མགོན་པོའི་གཏོར་ཟློག་བསྐང་ཟློག་སྦྲགས་མ་བྲི། །མགོན་པོ་འཁོར་བཅས་བཀའ་ཡིས་གནང་བ་སྩོལ། །དེ་ལ་མགོན་པོ་འདིའི་གཏོར་ཟློག་གྲུབ་ཆེན་ནག་པོ་པས་མཛད་པའི་གདོང་ལྔའི་གཞུང་དང་། རྒྱ་གཞུང་དུ་གྲགས་པའི་ཐན་ཟློག་དང་། གཏོར་ཆེན་ཉུང་ངུ་སོགས་ཀྱང་གཉེན་ཅིང་བཀའ་རྒྱ་དམ་དྲགས་པས་གཞན་ཡིག་ཆུང་ལ། དཔལ་གྲྭ་ལོས་མཛད་པའི་གཏོར་ཆེན་རྒྱས་པ་ནི་ཧ་ཅང་རྒྱས་དྲག་པས་མི་ལྕོགས། ཟུར་མང་ལུགས་ཀྱི་ཟིན་བྲིས་ལྟར་གཏོར་ཟློག་བཅའ་ནས་མདོས་ཉི་ཤུ་སོགས་འདོན་པ་ཧ་ཅང་འབྲེལ་མི་ཆགས་པ་འདྲ་ཞིག་བྱུང་འདུག་པས། འདིར་བསྐང་ཟློག་སྦྲགས་མའི་བཀའ་


CMR027_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་སྟབས་བདེ་བར་བཀོད་པར་བྱ་སྟེ། དེ་ཡང་པཎྜི་ཏ་ཆེན་པོ་རྡོ་རྗེ་གདན་པ་ཆེན་པོའི་རྒྱ་གཞུང་རྩོད་པ་མེད་པ་ནི། མགོན་པོའི་བསྐང་བ་རིན་ཆེན་ཕྲེང་བ་འདི་ཡིན་པས། དཔལ་གྲྭ་ལོ་ཆེན་པོས་ཀྱང་གཏོར་ཆེན་གྱི་གཞུང་འདི་ལ་བརྟེན་ནས་མཛད་པ་ཡིན་པས། འདི་ཡང་བྱིན་རླབས་ཆེ་བར་བསམས་ནས། འདོན་ཆའི་ཚིག་འདི་ཉིད་ལ་ཁོག་ཕུབ་པར་བྱའོ། །དེ་ཡང་མགོན་པོའི་གཏོར་ཟློག་འདི་རྒྱུད་གང་ནས་གསུངས་པའི་ལུང་ཁུངས་ནི། མགོན་པོ་བྱ་རོག་སྲོག་ཟན་ནག་པོའི་རྒྱུད་ཆེན་པོ་ལས། སྙིང་མི་དགའ་ཞིང་དུ་སྙིང་འདོད། །ཚིག་པ་ཟ་ཞིང་རྒོལ་བ་དང་། །ལྟོགས་ཤིང་ལུས་པོ་ཉམ་པ་དང་། །དམག་གིས་བསྐོར་ཞིང་དགྲ་ཡིས་དེད། །གཅན་གཟན་མཛེ་སྤྲང་འོང་གྱུར་ན། །དེ་ཚེ་མགོན་པོའི་ཟློག་མདོས་བྱ། །ཞེས་


CMR027_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དེའི་དོན་དཔལ་ཆེན་ཧྥ་ལོས་བཀྲོལ་བ་ལས། དེ་ལ་གཏོར་མ་འདི་བྱེད་པའི་དུས་ནི། རྣལ་འབྱོར་པ་དམ་ཚིག་ཉམས་ཆག་གི་རྐྱེན་གྱིས་གཞན་གྲིབ་བྱུང་བའམ། རང་གི་ཆོས་སྐྱོང་ཕར་ལ་ཆད་པ་ཚུར་ལ་འཁུ་ལྡོག་བྱུང་ནས་སྙིང་མི་།དགའ་ཞིང་ངུ་སྙིང་འདོད་པ་དང་། ཚིག་པ་ཟ་ཞིང་རང་གི་འཁོར་ལ་སོགས་པ་ལ་ཁྲོ་སྙིང་འདོད་པ་དང་། ལྟོ་ཟོས་ཀྱང་བཀྲེས་ཤིང་རང་གི་ལུས་པོ་རྒུད་ཅིང་ཉམས་ཆུང་བ་རྨི་ལམ་དུ་རང་དམག་གིས་བསྐོར་བ་དང་། དགྲ་ཡིས་དེད་པ་ལས་བྲོས་པས་མི་ཐར་བ་དང་། མུན་རུབ་ཅིང་ཉི་ཟླ་ཐལ་བ་དང་། གོས་ནག་པོ་གྱོན་ཞིང་ཐུར་དུ་རྒྱུག་པ་དང་། གཅན་གཟན་གཏུམ་པོའི་ཚོགས་ཀྱིས་དེད་པ་དང་། མཛེ་སྤྲང་མང་པོའི་ཚོགས་རྨི་ལམ་དུ་བྱུང་བར་གྱུར་པ་དེའི་ཚེ་མགོན་པོའི་གཏོར་ཆེན་བྱའོ། །དེ་ལ་ཆོས་སྐྱོང་མགོན་པོའི་གཏོར་ཆེན་འདི་ནི། རྣལ་འབྱོར་པའི་བར་ཆད་སུན་མ་ཐམས་ཅད་ཟློག་པ་དང་། གཞན་བསྒྲུབ་པ་པོས་དཔལ་ནག་པོ་ཆེན་པོ་སྒྲུབ་པའི་དུས་སུ་རྟགས་འོང་བ་དང་། འགྲུབ་པའི་རྟགས་དུས་སུ་མ་བྱུང་བ་དང་། འགྲུབ་ཀྱང་འཁུ་ལྡོག་བྱེད་པའི་རྟགས་ཆོ་འཕྲུལ་ཆེ་བར་བྱུང་བ་དང་། སྔགས་པ་ནང་རྒྱས་སམ། གཞན་གྱི་རིག་སྔགས་ཁྲོད་གཏོང་དྲག་པོ་ཟློག་པ་དང་། ཡམས་ནད་རིམས་ནད་དལ་ཡམས་ཆེན་པོ་གཅོད་པའམ། །བགེགས་ཆེན་པོ་འབྱུང་བའམ། སྨྱོན་པ་མི་རུང་བ་འདུལ་བ་སོགས་ནད་པ་ཚབས་ཆེན་པོའི་བར་ཆད་སེལ་བ་དང་། སྲིའུ་གསོ་བ་དང་། དམ་ཉམས་དགྲ་བོ་གསོད་ཅིང་ཆད་པའམ། ཕ་རོལ་དགྲ་དཔུང་ཆེན་པོ་དང་གཡུལ་གཤོམ་པ་ལ་


CMR027_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཕམ་རྒྱལ་གྱི་སྟོབས་དྲག་པོ་འགྱེད་པ་དང་། གཙུག་ལག་ཁང་བཞེངས་པ་ལ་སོགས་པ་མཁར་ལས་རྩིག་པ་དང་། འཆི་ལྟས་བརྒྱད་ལ་སོགས་པ་ལྟས་ངན་རྨི་ལམ་དང་ཆོ་འཕྲུལ་ངན་པ་བྱུང་བ་དང་། ལྷ་འདྲེའི་ཆོ་འཕྲུལ་ཆེན་པོ་རྩུབ་པ་ལ་སོགས་པ་ཐམས་ཅད་ལ་བྱའོ། །ཞེས་གསུངས་ཏེ་གཏོར་ཟློག་འདི་ཡང་དོན་ལ་གཏོར་ཆེན་བསྡུས་པ་ཞིག་ཡིན་ནོ། །གཞན་ཡང་ཆོས་སྐྱོང་གཏོར་མའི་རྒྱུད་ལས། གཏོར་མ་ནི་བསྐང་བར་ཤེས་པར་བྱའོ། །གཏོར་མ་འདིས་འཆི་བ་བསླུ་བར་ཤེས་པར་བྱའོ། །གཏོར་མ་བྱད་བཟློག་ཏུ་ཤེས་པར་བྱའོ། །གཏོར་མ་ནི་ཟོར་དུ་ཤེས་པར་བྱའོ། །ཞེས་སོགས་དང་དེ་དག་བྱ་ཚུལ་རྒྱས་པར་གསུངས་པའི་དོན་འདིར་མན་ངག་གི་གཏན་ལ་ཕབ་པ་ཡིན་ནོ། །དེ་ལ་སླ་ངོའམ་ལྕགས་འགུ་བཙོ་མ་སོགས་སྣོད་གཙང་མ་ཞིག་འབྲུའམ་ཕུབ་རྒོད་དམ།་ཐང་ལུད་སོགས་ཀྱིས་བཀང་བའི་སྟེང་འཇིམ་པའི་ཞ་ལ་བྱས་པའི་སྟེང་དུ་ཕྲིན་ལས་བཞིའི་དཀྱིལ་འཁོར་མཚོན་ཙམ་བྲི། དེའི་སྟེང་དུ་ཟན་ནམ་ས་གྲུ་བཞི་ཞིག་བཞག་པའི་དཀྱིལ་དུ་གྲུ་གསུམ་དུ་བྲིས་ལ། དེར་གལ་ཆེ་ན་ཤོག་ལིང་སྤྱི་མཚམས་བཀུག་གཞུག་བརྡ་ཙམ་བྱས་ལ་བཅུག །བསྡུ་ན་ཟན་ལིང་ཞིག་བཞག་པས་འཐུས་སོ། །དེའི་སྟེང་དུ་དཔལ་བཤོས་ཟུར་གསུམ་གྲུ་གོང་། འབྲིང་རྐང་གང་། ཐ་མ་ཡང་མཐོ་གང་བ། མར་རྒྱན་མེ་རི་བཙུགས་པས་རྐང་གང་བས་མི་ཐུང་བ་ཅིག་བཞག་ལ། དེའི་ཕྱོགས་གསུམ་དུ་དེའི་སུམ་གཉིས་སླེབ་པ་གསུམ། དེའི་རྒྱབ་ཏུ་དེའི་གཉིས་སུ་སླེབ་པའི་བཤོས་ཕྲན་བརྒྱད་ཀྱིས་བསྐོར། ཆེ་


CMR027_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བ་བཞི་ལ་བསྐང་འབྲས་རྒྱས་པའམ། བསྡུ་ན་བྱ་ནག་གཡག་ནག་ལུག་ནག་ཁྱི་ནག་རྟ་ནག་རྣམས་རབ་བཅུ་གསུམ། འབྲིང་བདུན་ནམ་ལྔ། ཐ་མ་གསུམ་རེ་བཙུགས། རབ་དར་གདུགས། འབྲིང་མདའ་དར་ནག་པོ། ཐ་མ་ནམ་མཁའ་ནག་པོ་ཞིག་བཙུགས། མར་ནག་གམ་ཁྲག་གིས་བྱུག །ཤ་རྒྱན་ཐུད་ཀྱི་རིལ་བུ་མར་མེའམ་མེ་རི་བཙུགས། སེ་ར་སྨྱུག་ཡུངས་ཀར་སྒོང་བུ་ཡོད་ན་བཙུགས། ནང་རྩང་མི་དགོས་སོ། །གཙོ་བོའི་ཙཀ་ལི་ཡོད་ན་ཡང་བཙུགས། མཐའ་བསྐོར་དུ་རྩང་ཉེར་བརྒྱད་སྲིན་མོ་འགྲོས་སུ་བཙུགས། ཡང་ན་དྲུག་ཅུ་རྩ་བཞི་རྩང་བསླས་བྱ། སྒོ་རྩང་བཞི་ཕྱོགས་བཞིར་བསླངས་ནས་བཙུགས། དྲག་པོའི་ཤིང་ལ་བཟློག་སྔགས་བྲིས་པའི་བྱང་བུ་རྩང་རྒྱན་ཚུལ་དུ་བཏགས། ཡང་ན་རས་སམ་ཤོག་བུ་ལ་ཡང་རུང་ངོ་། །ཟན་ལིང་བསྒྲལ་རྒྱུ་གཅིག་དང་གཏོར་ཆུང་བདུན་ནམ་ཉེར་གཅིག་རེ་འབུལ་རྒྱུ་དང་། གཞན་ཆོས་སྐྱོང་མཆོད་གཏོར་སྤྱི་ལྟར་བཤམས། ལས་བྱང་རྣམས་གཞུང་བསྲངས་ནས་རང་ཉིད་ཡི་དམ་གང་ཡིན་གནས་འགྱུར་ནས་བདེ་མཆོག་ཏུ་བསྒོམས། བདེ་མཆོག་མངོན་རྟོགས་བསྒོམས་ནས་ཡོད་ན་མི་དགོས་སོ། །བདེ་མཆོག་རྡོ་རྗེ་མཁའ་འགྲོ་རྒྱུད་ཀྱི་མན་ངག་སྒོམ་བཟླས་ནི། སྐད་ཅིག་གིས་རང་གི་ལྟེ་བ་ནས་གཏུམ་མོ་ཡེ་ཤེས་ཀྱི་མེ་འབར་བས་ནད་གདོན་སྡིག་སྒྲིབ་རྣམ་སྨིན་ཤ་ཁྲག་གི་ལུས་དང་བཅས་པ་བསྲེགས་ནས། ཡེ་ཤེས་ཀྱི་ལུས་བཅོམ་ལྡན་འདས་ཧེ་རུ་ཀ་སྐུ་མདོག་མཐིང་ག །ཞལ་གཅིག་


CMR027_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གསུམ་རལ་པའི་ཐོར་ཅོག་ཟླ་ཕྱེད་ནོར་བུས་བརྒྱན་པ། ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣོལ་ཐབས་སུ་འཛིན་པས་ཡུམ་རྡོ་རྗེ་ཕག་མོ་འཁྱུད་ཅིང་། ཞབས་གཡས་བརྐྱངས་གཡོན་བསྐུམས་པས་པད་ཉི་འཇིགས་དུས་མནན་པ། གར་དགུའི་ཉམས་དང་ལྡན་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་དཔལ་གྱི་ཆས་བཅུས་བརྒྱན་ཅིང་མེ་དཔུང་གི་ཀློང་ན་བཞུགས་པ། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི་རང་བཞིན་དུ་གྱུར། ༈ ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ། བསྙེན་པ་བྱ། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་ཨེ་ཡཾ་རཾ་ཐཾ་ལཾ་སུཾ་རྣམས་ལས། མདོས་གཞི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་། མེ་རི་དང་རྡོ་རྗེའི་ར་བ་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་ནང་། །ཕྲིན་ལས་བཞིའི་དཀྱིལ་འཁོར་གདན་ཐབས་སུ་གྲུབ་པའི་དབུས། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་དང་ལྡན་པ། ནང་ཐོད་མཁར་གྲུ་བཞི་པའི་འོག་གཞི་གྲུ་གསུམ་པ་གནམ་ལྕགས་ཀྱི་ཁང་སྒྲོམ་འབར་བའི་ནང་དུ་དགྲ་བགེགས་དམིགས་བྱའི་སྤྱི་གཙུག་ཏུ་གནས་པའི་སྟེང་ཁ་ཆོད་ཀྱི་ཚུལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་གཉིས་


CMR027_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེགས་ཀྱི་ལྟེ་བ་ཆོས་འབྱུང་ཟུར་དྲུག་པདྨ་ཉི་མ་བཻ་གྱི་གདན་གྱི་སྟེང་དུ། ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་ཐུགས་ཀྱི་མགོན་པོ་ཡབ་ཡུམ་མཐིང་ནག །འདབ་མ་བཞི་ལ་ཤར་དུ་སྐུའི་མགོན་པོ་ཡབ་ཡུམ་དཀར་པོ། ལྷོར་ཡོན་ཏན་གྱི་མགོན་པོ་ཡབ་ཡུམ་སེར་པོ། ནུབ་ཏུ་གསུང་གི་མགོན་པོ་ཡབ་ཡུམ་དམར་པོ། བྱང་དུ་ཕྲིན་ལས་ཀྱི་མགོན་པོ་ཡབ་ཡུམ་ལྗང་གུ །མགོན་པོ་ཡབ་ཡུམ་ལྔ་པོ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་འབར་ཞིང་གཟེངས་པ། ཕྱག་གཡས་རང་རྟགས་ཀྱི་མཚན་པའི་གྲི་གུག་དང་རལ་གྲི་འདེབས་པའི་ཚུལ། གཡོན་ཐོད་ཁྲག་དང་ཁ་ཊཾ་ཕྱར་སྟབས་ཅན། རང་རང་གི་ཡུམ་ལ་འཁྱུད་ཅིང་དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་ནས་ཞབས་གཉིས་ཙནྡ་འཁྱིལ་པའི་ཚུལ་ཅན། གལ་ཆེ་ན་གྱད་ཀྱི་འདོར་ཐབས་སུ་བཞེངས་པའོ། །ཆོས་འབྱུང་སྟེང་གི་ཟུར་གསུམ་ལ་རྡོ་རྗེ་མཁའ་འགྲོ་ནག་མོ། ཞི་བ་མོ་དཀར་མོ། སྲུང་བ་མོ་སེར་མོ་སྟེ། ཡེ་ཤེས་ཀྱི་མཁའ་འགྲོ་གསུམ། འོག་གི་ཟུར་གསུམ་ལ་ཚོར་སོང་ནག་མོ་བྱ་རོག་གི་མགོ །འགུགས་བྱེད་སྟག་གི་ཞལ། གསོད་བྱེད་སེང་གེའི་གདོང་ཅན་སྟེ་


CMR027_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་གྱི་མཁའ་འགྲོ་གསུམ། དེ་འོག་རྩིབས་བརྒྱད་ལ་གཡས་སུ་ལས་མགོན་བྱ་རོག་གི་གདོང་པ་ཅན་གྲི་གུག་ཐོད་ཁྲག་འཛིན་པ། གཡོན་དུ་ཤ་ཟ་སེང་གེའི་གདོང་ཅན་རལ་གྲི་དང་ཐོད་ཁྲག་བསྣམས་པ། རྒྱབ་ཏུ་ལེགས་ལྡན་ནག་པོ་བེར་ནག་ཅན་བེང་འཛིན་པ། མདུན་དུ་སྒྲོལ་ཡུམ་དུད་པའི་སོལ་བ་མོ་ནག་མོ་ཕྱག་བཞི་ཐོད་ཁྲག་རལ་གྲི་ཁ་ཊ་ཏྲི་ཤུ་ལ་བསྣམས་ནས་བོང་བུ་ཞོན་པ། ཤར་ལྷོའི་རྩིབས་ལ་ཙན་ཌི་ཀ་ནག་མོ་གཡས་རལ་གྲི་ཏྲི་ཤུ་ལ། གཡོན་མདའ་གཞུ་མི་མགོ་འཛིན་ནས་དྲེལ་ལ་ཞོན་པ། ལྷོ་ནུབ་ཏུ་ཤ་ཟ་མོ། ནུབ་བྱང་དུ་ཁྲག་འཐུང་མ། བྱང་ཤར་དུ་རྩ་འཇིབ་མ་གསུམ་ཀ་དམར་ནག་ཕྱག་བཞི་གཡས་རལ་གྲི་ཏྲི་ཤུ་ལ་འཛིན་པ། གཡོན་མི་མགོ་མདའ་གཞུ་འཛིན་པའོ། །དེ་འོག་རྩིབས་བརྒྱད་ལ། ཤར་དུ་སྲོག་བདག་བྱ་རོག་གདོང་ཅན། ལྷོར་གཤིན་རྗེ་བྱ་རོག་གདོང་ཅན། ནུབ་ཏུ་བཙན་མགོན་བྱ་རོག་གདོང་ཅན། བྱང་དུ་གནོད་སྦྱིན་བྱ་རོག་གདོང་ཅན། ཤར་ལྷོར་སྒྲོལ་གིང་བྱ་རོག་གདོང་ཅན། ལྷོ་ནུབ་ཏུ་སྲིན་མགོན་བྱ་རོག་གདོང་ཅན། ནུབ་བྱང་དུ་བདུད་མགོན་བྱ་རོག་གདོང་ཅན། བྱང་ཤར་དུ་དགེ་


CMR027_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་བྱ་རོག་གདོང་ཅན་ཏེ་བྱ་རོག་གདོང་ཅན་དགུ་པོ་ཐམས་ཅད་སྐུ་མདོག་མཐིང་ནག་གྲི་གུག་ཐོད་ཁྲག་བསྣམས་པ། རྡོ་རྗེའི་མཆུ་དང་སྤུ་གྲིའི་གཤོག་པ་ཅན་དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པའོ། །ཤར་སྒོར་མ་མོ་བྱ་རྒོད་ཀྱི་གདོང་ཅན། བྱང་སྒོར་ཁྱུང་གི་གདོང་ཅན། ནུབ་སྒོར་ཁྭ་ཏའི་གདོང་ཅན། ལྷོ་སྒོར་འུག་པའི་གདོང་ཅན། ཤར་ལྷོར་ཕག་གི་གདོང་ཅན། ལྷོ་ནུབ་ཏུ་ཁྱིའི་གདོང་ཅན། ནུབ་བྱང་དུ་སྤྱང་ཀའི་གདོང་ཅན། བྱང་ཤར་དུ་སྟག་གི་གདོང་ཅན་ཏེ་མཁའ་འགྲོ་བརྒྱད་དྲུག་ཐམས་ཅད་རུས་པའི་རྒྱན་དྲུག་གིས་བརྒྱན་ཅིང་གྲི་གུག་ཐོད་ཁྲག་འཛིན་པའོ། །གཞལ་ཡས་ཁང་གི་ཕྱི་དྲག་པོའི་དཀྱིལ་འཁོར་གྲུ་གསུམ་ལ་ནག་པོ་སྟོང་དང་ཤ་ཟ་འབུམ། དབང་གི་དཀྱིལ་འཁོར་ཟླ་གམ་ལ་མ་མོ་བྱེ་བ། ཞི་བའི་དཀྱིལ་འཁོར་ཟླུམ་པོ་ལ་མཁའ་འགྲོ་བྱེ་བ་བསམ་གྱིས་མི་ཁྱབ་པ། རྒྱས་པའི་དཀྱིལ་འཁོར་གྲུ་བཞི་ལ་གནོད་སྦྱིན་ཁྲི་དང་། ཁྲབ་ཅན་བྱེ་བ་འབུམ་རྒྱུག་པ། ཕྱིའི་ཁྱམས་ལ་དམག་དཔོན་ཆེན་པོ་བརྒྱད་དེ། ཤར་དུ་སེང་གེའི་གདོང་ཅན་ལ་གཙང་རིས་མགོན་པོའི་དམག་ཚོགས་ཀྱིས་བསྐོར་བ། ལྷོར་སྟག་གི་གདོང་ཅན་ལ་བདུད་ཀྱི་


CMR027_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

དམག་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་ལྕེ་སྤྱང་གི་གདོང་ཅན་ལ་གཉན་གྱི་དམག་ཚོགས་ཀྱིས་བསྐོར་བ། བྱང་དུ་དོམ་གྱི་གདོང་ཅན་ལ་གཟའ་ཡི་དམག་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་གཟིག་གི་གདོང་ཅན་ལ་ལྷའི་དམག་ཚོགས་ཀྱིས་བསྐོར་བ། ཤར་ལྷོར་སྤྲེའུ་གདོང་ཅན་ལ་རྒྱལ་པོའི་དམག་ཚོགས་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་དྲེད་ཀྱི་གདོང་ཅན་ལ་གཤིན་རྗེའི་དམག་ཚོགས་ཀྱིས་བསྐོར་བ། ནུབ་བྱང་དུ་ཆུ་སྲིན་གྱི་གདོང་ཅན་ལ་ཀླུ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ཕྱིའི་དུར་ཁྲོད་བརྒྱད་ལ་ཞིང་སྐྱོང་དང་ཕྱོགས་སྐྱོང་། རྩང་རྣམས་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། དེ་དག་གི་བར་ཁྱམས་རྣམས་སུ་རྟགས་གཏོར་རྒྱུན་གཏོར་བསྐང་གཏོར། ཤར་དུ་གཏི་མུག་ཤ་ཡི་རི་བོ། ལྷོ་རུ་ང་རྒྱལ་སྙིང་གི་ཕུང་པོ། ནུབ་ཏུ་འདོད་ཆགས་ཁྲག་གི་རྒྱ་མཚོ། བྱང་དུ་ཞེ་སྡང་རུས་པའི་གྲམ་ཁྲོད། མཆོད་པའི་རྫས་བསྐང་བའི་རྫས་རྟེན་པའི་རྫས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་གསལ་བར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་འོག་མིན་རྣམ་པར་སྣང་མཛད་ཀྱི་དུར་


CMR027_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དང་། ལྕང་ལོ་ཅན་དང་གཞན་འཕྲུལ་དབང་བྱེད་ཡོངས་འདུས་ཀྱི་ཤིང་རྩུབ་འགྱུར་གྱི་ཚལ། རི་བོ་གནམ་ལྕགས་འབར་བའི་རྩེ་བསིལ་བའི་ཚལ། ནཱ་ལེནྡྲ་དུར་ཁྲོད་ཆེན་པོ་བརྒྱད་རྡོ་རྗེ་གདན་རྣམས་ནས་དཔལ་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས། བཛྲ་ས་མཱ་ཛཿ འདི་བསྟོད་འབུམ་ནས་བསྡུས་སོ།། ༈ རྔ་རོལ་མོ་སྤྲོས་དང་བཅས། འདི་བསྟོད་འབུམ་ནས་གསུངས་སོ།། ཛཿ དད་པ་དང་ནི་དམ་ཚིག་གིས། །ཁྲག་འཐུང་རྒྱལ་པོ་སྤྱན་འདྲེན་ན། །ཚུར་གཤེགས་ཚུར་བྱོན་མ་ཧཱ་ཀཱ་ལའི་ཚོགས། །མ་གཡེལ་མ་གཡེལ་དཔལ་མགོན་ཐུགས་ཀྱི་སྲས། །ལྷ་ཆེན་དཔལ་འབར་འདིར་གཤེགས་མཆོད་པ་བཞེས། །ལྷ་དམག་དབུགས་འབྱིན་འདིར་གཤེགས་མཆོད་པ་བཞེས། །ལྷ་ཡི་དམག་དཔོན་འདིར་གཤེགས་མཆོད་པ་བཞེས། །ནག་པོ་མི་ཟན་འདིར་གཤེགས་མཆོད་པ་བཞེས། །སྲིན་པོའི་གཟུགས་ཅན་འདིར་གཤེགས་མཆོད་པ་བཞེས། །བྱ་རོག་མིང་ཅན་འདིར་གཤེགས་མཆོད་པ་བཞེས། །ཚོགས་ཀྱི་བདག་པོ་འདིར་གཤེགས་མཆོད་པ་བཞེས། །འཁོར་ཚོགས་བཅས་པ་འདིར་གཤེགས་མཆོད་པ་བཞེས། །མ་ཧཱ་ཀཱ་ལ་ལྷ་ཡི་གཙོ་བོ་སྟེ། །


CMR027_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ནས་གཤེགས་ཤིང་བཞུགས་པ་མི་མངའ་ཡང་། །བྱིན་གྱིས་བརླབ་ཕྱིར་བཤམས་པའི་གནས་འདི་རུ། །འབར་བའི་སྐུར་སྟོན་བསྒྲུབ་ཕྱིར་བཞུགས་སུ་གསོལ། །ཨོཾ་ཙ་ཏུར་དྷརྨ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ཨོཾ་མ་ཧཱ་ཀཱ་ལ་ཡ་ན་མ། ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨརྒྷཾ་ནས་ཤབྟ་ཨཱཿཧཱུྃ་བར་བརྗོད། པཉྩ་ཨ་མྲྀ་ཏ་བྷ་ལིང་ཏ་རཀྟ་ཁཱ་ཧི། ཧཱུྃ། ཧེ་རུ་ཀ་དང་ཤཱཀྱ་ཐུབ། །གསང་བདག་ཀླུ་སྒྲུབ་པདྨ་འབྱུང་། །དཔལ་ཆེན་ཧྥ་ལོ་རྩ་རྒྱུད་ཀྱིས། །བཀའ་བསྒོས་དམ་ཚིག་རྗེས་དགོངས་ལ། །བདག་གིས་འདོད་དོན་བསྒྲུབ་མཛོད་ཅིག །དབང་ལྷ་སྤྱན་དྲངས་དབང་བསྐུར་ཏེ། །བདེ་མཆོག་རིགས་ལྔས་དབུ་བརྒྱན་གྱུར། །བདག་ཉིད་ལྷན་སྐྱེས་ཡབ་ཡུམ་དུ། །གསལ་བའི་ཐུགས་ཀར་ཉི་མའི་སྟེང་། །ཧཱུྃ་མཐར་ཡིག་བདུན་གཡོན་དུ་འཁོར། །མན་ངག་དམིགས་པ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རྒྱལ་བ་སྲས་བཅས་མ་ལུས་ཀུན། །བདེ་མཆོག་རྣམ་པར་ཆར་ལྟར་བབ། །བདག་ལ་ཐིམ་པས་བྱིན་རླབས་ཞུགས། །གཟི་བརྗིད་མཚུངས་པ་མེད་གྱུར་པའི། །ཐུགས་ཀའི་ཧཱུྃ་


CMR027_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་ཟེར་ནི། །ཁ་དོག་ལྔ་ལྡན་ཞལ་ནས་ཐོན། །སྐུ་ལྔ་མགོན་པོའི་ཞལ་དུ་ཞུགས། །ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་ལས། །སྔགས་ཕྲེང་གཡས་སུ་འཁོར་ལ་ཐིམ། །ཐུགས་རྒྱུད་བསྐུལ་བས་རབ་ཏུ་དགྱེས། །འོད་ཟེར་ཐུགས་ཀ་ནས་ཐོན་ཏེ། །ཚུར་བྱུང་རང་གི་ཐུགས་ཀར་ཐིམ། །སྐུ་ལྔའི་དངོས་གྲུབ་ཐོབ་པར་གྱུར། །དེ་ལྟར་རྒྱུན་དུ་འཁོར་བ་ཡི། །གཙོ་བོ་ལྔ་ཡི་འོད་ཟེར་གྱིས། །འཁོར་རྣམས་ཐམས་ཅད་ལས་ལ་བསྐུལ། །རང་འདྲའི་སྤྲུལ་པས་འཇིག་རྟེན་གང་། །ཁྲོ་ཆུང་མེ་རླུང་འཚུབ་མ་ཡིས། །གནོད་བྱེད་རྒྱ་མཚོའི་ཕར་འགྲམ་སྤྱད། །ལ་ལོས་སྲུང་ཤིང་ལ་ལས་བཟློག །ལ་ལས་དགྲ་བགེགས་བསད་བཅད་གཏུབ། །གང་འདོད་ཕྲིན་ལས་ཐོགས་མེད་གྱུར། །ཨོཾ་ཧྲཱི༔ཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ༀ་བཛྲ་ཀ་ཝུ་པ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ། ༀ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ༀ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཧཱུྃ་ཕཊ། ཨོཾ་ཀརྨ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ཅེས་པ་རབ་བརྒྱ་རེ། འབྲིང་ཉེར་གཅིག །ཐ་མ་བདུན་རེ་བཟླས། ཨོཾ་མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ་ཧཱུྃ་ཕཊ། ༀ་བཛྲ་མ་ཧཱ་ཀཱ་ལི་ཧཱུྃ་ཕཊ། ༀ་བཛྲ་མ་ཧཱ་ཀཱ་ལ་རཀྟ་དུ་བཻ་ཛཿ ཨོཾ་སེང་ཧ་མུ་ཁ་ཧཱུྃ་ཕཊ། །


CMR027_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་གཙོ་བོ་སྔགས་བདུན་རེའམ་གསུམ་རེ་བཟླའོ།། ཨོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ འདི་གཙོ་བོ་སྤྱི་ཡི་འབོད་པའོ། །ལས་གསང་བའི་རྒྱུད་ལས། སྔགས་རྣམས་ཀུན་གྱི་མཉེས་པར་བྱ། །ཞེས་གསུངས་པའི་དོན་ནོ།། ༈ དེ་ནས་ཟན་ལིང་ཆེ་བ་གཏུབ་རྒྱུ་གཅིག་དང་། སྤྲོ་ན་ལིང་ཆུང་སྤར་བཏབ་པ་གཏོར་ཆུང་ལྷ་གྲངས་དང་མཉམ་པའམ་ཁྲག་གིས་སྦག་ལ་མདུན་དུ་ཟངས་ལྕགས་ཐོད་པར་བཤམས། ལྕགས་ཁང་དུ་ཤོག་ལིང་ཡོད་ན་རབ་བོ། །ཕུར་པ་ཐུན་རྫས་གྲི་གུག་ཐོ་བ་སོགས་བཤམས་ནས་བྱིན་རླབས་མ་བྱས་པའི་ཆང་རྒོད་དམ་ཁྲག་གམ་ཆུ་གཙང་གིས་ལིང་ག་བྲན་ལ་དེ་ཡང་དེང་སང་སྔགས་པས་ནོར་འདོད་ནས་སྡིག་ཅན་གྱི་སྲུང་ཟློག་བྱེད་པ་ལ་གཟུ་དཔང་བྱས་ན་ཕན་པ་བས་གནོད་པ་ཆེ་བའི་ཕྱིར་མི་བྱའོ། །་་་་་གཟུ་དཔང་དང་མི་འགལ་བ་རྣམས་ཚུལ་བཞིན་ཉམས་སུ་བླངས། མཆན། ཕཊ། སྐད་ཅིག་གིས་མདུན་དུ་ཨེ་ཡིག་དུག་གསུམ་ལས་གྲུབ་པའི་གནམ་ལྕགས་ཀྱི་ཁང་སྒྲོམ་ཟུར་གསུམ་པ། ནད་མུག་མཚོན་གྱི་ཆར་མུན་འཁྲིགས་པའི་ནང་དུ། ཚྭ་དང་ཁྲི་ལས་གནོད་བྱེད་དགྲ་བགེགས་རིད་ཅིང་སྐེམ་པ་རྐང་ལག་ལྕགས་སུ་བཅུག་པ་མིག་ཤི་ག་ལ་ལག་པས་སྐུ་འབལ་ཞིང་བྲང་རྡུང་བ། ཁ་ནས་བདུད་པོ་ང་ལོང་གིས་འོ་དོད་འབོད་པ་ཞིག་ཏུ་གྱུར། ན་མོ། རྒྱལ་བ་རྡོ་རྗེ་འཆང་ཆེན། གསང་བའི་བདག་པོ། ཀླུ་


CMR027_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པདྨ་འབྱུང་གནས། དཔལ་ཆེན་ཧྥ་ལོ་ཙཱ་ལ་སོགས་པ་རྩ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ཡབ་ཡུམ་བཀའ་སྡོད་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ། དོ་བསྡོ་ཞིང་ཕོད་བཙུགས་པ་རྣལ་འབྱོར་པ་བདག་གི་སྒོས་དགྲ། བསམ་ངན་འཆང་བའི་བྱད་མ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་ཡོན་མཆོད། མི་ནོར་བསྲུང་བྱ་རྣམས་ལ་གནོད་ཅིང་འཚེ་བའི་གདོན་བགེགས། ཟ་བའི་འདྲེ། ཕུང་བའི་སྲི། ཤི་བའི་གཤེད། གསོད་པའི་བདུད་གང་ཡིན་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་གཟུགས་ལིངྒ་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོ༔ ཞེས་ལན་གསུམ། དེ་ནས་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དོ།།་ཧཱུྃ་བྷྱོ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ཤར་གྱི་ཕྱོགས་ཀྱི་ཕོ་ཉ་ནི། །མ་མོ་བྱ་རྒོད་གདོང་པ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་འགུགས་པའི་ལས་མཛོད་ཅིག །བྱང་


CMR027_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱོགས་ཀྱི་ཕོ་ཉ་ནི། །མ་མོ་ཁྱུང་གི་གདོང་པ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་འགུགས་པའི་ལས་མཛོད་ཅིག །ནུབ་ཀྱི་ཕྱོགས་ཀྱི་ཕོ་ཉ་ནི། །མ་མོ་ཁྭ་ཏའི་གདོང་པ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་འགུགས་པའི་ལས་མཛོད་ཅིག །ལྷོ་ཡི་ཕྱོགས་ཀྱི་ཕོ་ཉ་ནི། །མ་མོ་འུག་པའི་གདོང་པ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་འགུགས་པའི་ལས་མཛོད་ཅིག །ཤར་ལྷོའི་ཕྱོགས་ཀྱི་ཕོ་ཉ་ནི། །མ་མོ་ཕག་གི་གདོང་པ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་འགུགས་པའི་ལས་མཛོད་ཅིག །ལྷོ་ནུབ་མཚམས་ཀྱི་ཕོ་ཉ་ནི། །མ་མོ་ཁྱི་ཡི་གདོང་པ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་འགུགས་པའི་ལས་མཛོད་ཅིག །ནུབ་བྱང་མཚམས་ཀྱི་ཕོ་ཉ་ནི། །མ་མོ་སྤྱང་ཀའི་གདོང་པ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་འགུགས་པའི་ལས་མཛོད་ཅིག །བྱང་ཤར་མཚམས་ཀྱི་ཕོ་ཉ་ནི། །མ་མོ་སྟག་གི་གདོང་པ་ཅན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །དགྲ་བགེགས་འགུགས་པའི་ལས་མཛོད་ཅིག །


CMR027_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་མགོན་པོའི་བཀའ་ཉན་པ། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །ལྷ་དམག་བྱེ་བ་དུང་ཕྱུར་དང་། །སྣང་སྲིད་ལྷ་འདྲེའི་དམག་ཚོགས་རྣམས། །ལ་ལས་ལག་ན་ལྕགས་ཀྱུ་ཐོགས། །ལ་ལས་ལག་ན་ཞགས་པ་ཐོགས། །ལ་ལས་ལག་ན་ལྕགས་སྒྲོག་ཐོགས། །ལ་ལས་ལག་ན་དྲིལ་བུ་ཐོགས། །ལ་ལས་ལག་ན་རལ་གྲི་ཐོགས། །ལ་ལས་ལག་ན་འཁོར་ལོ་ཐོགས། །ལ་ལས་ལག་ན་མེ་དཔུང་ཐོགས། །དྲག་པོའི་ལས་ལ་ཟད་པའི་ཚེ། །གནོད་བྱེད་དགྲ་བགེགས་ལས་ངན་འདི། །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ཞགས་པ་ཅན་གྱིས་སྐེ་ནས་ཁྲིད། །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། །དྲིལ་བུ་ཅན་གྱིས་མྱོས་སུ་ཆུག །ཐོ་བ་ཅན་གྱིས་སྤྱི་ནས་ཆོམ། །འཁོར་ལོ་ཅན་གྱིས་ཞབས་ནས་ཁྱོག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །མུན་པ་ནག་པོས་མདུན་ནས་བསུས། །མེ་དཔུང་འབར་བའི་ནང་དུ་བསྲེགས། །ཁུག་ཅིག་ཁུག་ཅིག་ཛ་ཛ་ཛཿ །ཆིངས་ཤིག་ཆིངས་ཤིག་ཧཱུྃ་ཧཱུྃ་ཧཱུྃ། །སོད་ཅིག་རྒྱོབ་ཅིག་མཱ་ར་ཡ། །ཨོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ གནོད་བྱེད་དགྲ་བགེགས་ཨཱ་


CMR027_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྵ་ཡ་ཛ་ཛཿ བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྤོ་ཊ་པཾ། བཛྲ་ཨཱ་ཝེ་ཤ་ཡ་ཧོ༔ དེ་ནས་ལྷ་དབྱེ་བ་ལ་བྱ་རོག་ལུག་སྒྲོ་ཐོགས་ལ། ཧཱུྃ་བྷྱོ། དཔལ་ལྡན་མགོན་པོའི་བཀའ་ཉན་ནི། །རླུང་ལྷའི་བུ་མོ་ཕྲ་མེན་མ། །ལྷ་དང་ལྷ་མིན་དབྱེན་བྱེད་མ། །སེར་ནག་མུན་མདོག་འུག་པའི་མགོ །མཐིང་ནག་ཆེན་མོ་བྱ་རོག་མགོ །ཁྱེད་གཉིས་ཉིན་མཚན་མེད་པར་རྒྱུག །དགྲ་བགེགས་སྲུང་ཞིང་སྐྱོབ་པའི་ལྷ། །ཕྱེས་ཤིག་ཧུ་ལུ་མུ་ཁ་མ། །ཕྱེས་ཤིག་ཁྭ་ཁ་མུ་ཁ་མ། །ཁྱོད་ཀྱིས་མི་འབྱེད་གང་ཡང་མེད། །དགྲ་བགེགས་བྱད་མ་ལས་ངན་འདི། །ལྷ་དང་ཕྱེས་ལ་བདུད་དང་སྤྱོད། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཨོཾ་མ་ཧཱ་ཀཱ་ལ་ཤག་ཕྱེས་ཤག་ཕྱེས། མ་མ་ཏྲག་རུ་ཏྲ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། བསད་པ་ལ། དེ་ནས་ཕུར་པ་ཐོགས་ལ། ཧཱུྃ། ལས་མགོན་བཛྲ་ཀཱི་ལ་ཡ། །སྐུ་སྟོད་མ་ཧཱ་ཀཱ་ལ་ཆེ། །རྡོ་རྗེའི་མཆུ་གཤོག་གྲི་ཐོད་ཅན། །གདུག་རྩུབ་དྲག་པོའི་མེ་དཔུང་འབར། །སྐེད་པར་ཆུ་སྲིན་རྔམ་ཞལ་ཅན། །ཞེ་སྡང་སྦྲུལ་གྱི་ཆུན་པོ་འཕྱང་། །སྐུ་སྨོད་གནམ་ལྕགས་ཕུར་པ་སྟེ། །ཟུར་གསུམ་དུག་གསུམ་གཅོད་པའི་མཚོན། །དགྲ་


CMR027_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ལུས་ངག་ཡིད་གསུམ་འཇོམས། །ཀླད་ལ་བསྐོར་བས་སྲུང་བར་བྱེད། །སྐེད་ལ་བསྐོར་བས་ཟློག་པར་བྱེད། །གཡས་སུ་དྲིལ་བས་ཕོ་རྒྱུད་འདུལ། །གཡོན་དུ་དྲིལ་བས་མོ་རྒྱུད་འདུལ། །འདྲིལ་ཞིང་བཏབ་པས་དགྲ་བགེགས་འདུལ། །ཕྱུར་བས་སྲིད་གསུམ་ཟིལ་གྱིས་གནོན། །བཏབ་པས་ལྷ་ཡང་རླག་པར་བྱེད། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །གནོད་བྱེད་དགྲ་བགེགས་ལས་ངན་འདིས། །ལྟ་བྱེད་མིག་ལ་ཀཱི་ལ་ཡ། །ཉན་བྱེད་རྣ་བར་ཀཱི་ལ་ཡ། །འགྲོ་བྱེད་རྐང་ལ་ཀཱི་ལ་ཡ། །སྨྲ་བྱེད་ལྕེ་ལ་ཀཱི་ལ་ཡ། །བསམ་བྱེད་སྙིང་ལ་ཀཱི་ལ་ཡ། །སྤྱི་བོའི་གཙུག་ནས་བཏབ་པ་ཡིས། །གསང་གནས་བར་དུ་ཐལ་གྱིས་སོང་། །བླ་དང་སྲོག་གི་འབྲེལ་ཐག་བཅད། །རྣམ་ཤེས་ཨ་ཡིག་དཀར་པོ་དེ། །ཕུར་པའི་རྩེ་ནས་ཁོང་གསེང་བརྒྱུད། །ལས་མགོན་སྤྱི་བོའི་གཙུག་ནས་ཐོན། །སྡིག་སྒྲིབ་དག་ནས་རྡོ་རྗེ་འཆང་། །ནས་འབྲས་ཙམ་གྱུར་འོག་ཕྱོགས་ཀྱི། །ཐལ་བས་ཁེབས་པའི་ཞིང་དུ་གཤེགས། །ཕཊ༔ ཚེ་བསོད་ནཾ་ཡིག་བཀྲག་མདངས་ཅན། །ཕུར་པའི་རྩེ་ནས་ཁོང་གསེང་བརྒྱུད། །སྤྱི་བོ་ནས་ཐོན་བདག་ལ་ཐིམ། །བདག་


CMR027_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གཟི་བརྗིད་རབ་ཏུ་རྒྱས། །དགྲ་བགེགས་གནས་ལྔ་ཡན་ལག་བཞི། །ཕུར་རྩེས་བཏབ་ཅིང་བརླག་པར་གྱུར། །ཨོཾ་མ་ཧཱ་ཀཱ་ལ་ཁྭ་ཁ་མུ་ཁ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ། ཅེས་དང་སྤྲོ་ན་བཞི་སྙིང་ཡང་བརྗོད་དོ། དེ་ལྟར་རྣམ་ཤེས་ཕྲལ་ནས་ཕུང་པོ་རྟེན་དང་ཕྲལ་ཕྱིར་ཐུན་བརྡེག་པར་བཤད་པ་ལྟར། ཡུངས་ཐུན། ཧཱུྃ་བྷྱོ་ཛཿ ཡུངས་ཀར་འབར་བ་དྲག་པོའི་རྫས། །དགྲ་དང་བགེགས་ཀྱི་གཉེན་པོ་རུ། །བསྐལ་པ་བརྒྱད་ཀྱི་ཕ་རོལ་ནས། །རྡོ་རྗེ་འཆང་གིས་བསྒྲུབ་པ་ཡིན། །ཁྲོ་བོ་བཅུ་ཡིས་བསྔགས་པ་ཡིན། །ཏ་ཏྲིད་བཞིས་ནི་དམོད་པ་ཡིན་། །ཕྲ་མེན་བརྒྱད་ཀྱིས་བརྩམ་པ་ཡིན། །མ་མོ་བྱེ་བས་བསྐུལ་བ་ཡིན། །དབང་ཕྱུག་མ་ཡི་ཕྱག་ཆ་ཡིན། །བགེགས་རྣམས་འདུལ་བའི་མཚོན་ཆ་ཡིན། །ཡུངས་ཀར་འབར་བའི་རྦོད་གཏོང་འདིས། །དགྲ་དང་བགེགས་ལ་མཱ་ར་ཡ། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཤྲི་རི་ལི་ལི་མཱ་ར་ཡ་ཛརཿ ཧཱུྃ། ལྕགས་ཕྱེའི་ཐུན་དང་རྡོ་ཕྱེའི་ཐུན། །ཡུངས་ནག་ཐུན་དང་ཤང་ཚེའི་ཐུན། །སྣ་ཚོགས་དྲག་པོ་རྫ་ས་ཀྱི་ཐུན། །ཤེལ་སྒོང་བཞིན་དུ་འདྲིལ་འདྲིལ་ནས། །ལྕགས་སྒོང་བཞིན་དུ་ཚྭ་ཚྭ་འཕྲོ། །གནམ་


CMR027_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་ཐོག་སེར་ཆེམས་སེ་ཆེམ། །རྡོ་རྗེ་ཕ་ལམ་མཚོན་ཆ་བཞིན། །དགྲ་དང་བགེགས་ལ་འཕང་བའི་ཚེ། །རེག་པ་ཙམ་གྱིས་རྡུལ་དུ་རློགས། །བླ་ཚེ་སྲོག་ལ་མཱ་ར་ཡ། །ཨོཾ་མ་ཧཱ་ཀཱ་ལ་སི་རི་སི་རི་ཤ་ས་ཏ་ཧ་ན་ཧ་ན་ཧཱུྃ་ཕཊ། ཐོད་ཁྲག བྷྱོ། ཁྲག་ཐུན་ནད་རླངས་སྔོ་དམར་ཕྱུར། །རིམས་ནད་རྒྱུ་གཟེར་དྲག་པོའི་ཆར། །མ་མོ་བྱེ་བས་དམོད་པའི་མཚོན། །དགྲ་དང་བགེགས་ཀྱི་སྟེང་དུ་ཡ། །རྡུལ་དུ་བརླག་པའི་དུས་ལ་བབ། །མཚེ། ཧཱུྃ། རྩང་དང་ཚེ་མདའ་དྲག་པོའི་རྫས། །ཕོ་བདུད་ནག་པོ་དམོད་པའི་མཚོན། །གདུག་རྩུབ་ཞེ་སྡང་མེ་ཆེན་འབར། །དགྲ་དང་བགེགས་ལ་བརྒྱབ་ཙམ་ན། །ལུས་ངག་ཐལ་བ་གཞོབ་ཏུ་བསྲེགས། །རྡུལ་དུ་བརླག་པའི་དུས་ལ་བབ། །མདའ། ཧཱུྃ། གཞུ་ནི་སྲིན་པོ་ཛྭ་ལ་འབར། །རྒྱུད་འདི་སྦལ་མགོ་ཁྲག་མིག་མ། །མདའ་འདི་སྲས་མཆོག་ར་ཧུ་ལ། །ཁྱབ་འཇུག་གཞུ་ལ་དམོད་པའི་མཚོན། །མདའ་ཐུན་དགྲ་བགེགས་སྙིང་ལ་ཡ། །རྡུལ་དུ་བརླག་པའི་དུས་ལ་བབ། །རལ་གྲི། ཧཱུྃ། རོ་ལངས་ལྕེ་ལས་གྲུབ་པའི་གྲི། །བདུད་པོ་རལ་གྲི་ཟླ་བས་རྙེད། །དཔལ་ལྡན་མགོན་པོའི་ཕྱག་ཏུ་ཕུལ། །


CMR027_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་དང་བགེགས་རྣམས་གསོད་པའི་ཐུན། །དགྲ་བགེགས་མགོ་ལུས་དུམ་བུར་གཏུབ། །རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །ཁ་ཊཱྃ། ཧཱུྃ། དུག་གསུམ་རྩད་གཅོད་ཁ་ཊ་འདི། །རྡོ་རྗེ་ཕ་ལམ་རྫ་ས་ལས་གྲུབ། །ལྷ་ཆེན་དབང་ཕྱུག་ཆེན་པོས་བྱས། །མཁའ་འགྲོ་ཤིན་ཏུ་དཔའ་མོས་རྙེད། །དཔལ་ལྡན་མགོན་པོ་ཕྱག་ཏུ་ཕུལ། །གྲོང་ཁྱེར་སུམ་བརྩེགས་བརླག་པར་བྱས། །དགྲ་དང་བགེགས་ལ་བརྒྱབ་ཙ་ནས། །ལུས་ངག་ཡིད་གསུམ་རྡུལ་དུ་རློགས། །རྡོ་རྗེ། ཧཱུྃ། རྡུངས་ཤིག་རྡོ་རྗེའི་ཐོ་བས་རྡུངས། །ཙཎྜི་ནག་མོའི་གཏུན་ཁུང་དུ། །མ་ཧཱ་ཀཱ་ལའི་ཐོ་བས་བརྡུང་། །རྡུང་ན་ལྷ་ཡང་རླག་པར་བྱེད། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །འབྱུང་པོ་ཕོ་བརྡུང་གཡས་སུ་རྡུང་། །འབྱུང་མོ་མོ་བརྡུང་གཡོན་དུ་རྡུང་། །དགྲ་དང་བགེགས་ཀྱི་ཀླད་ཁྲག་རྡུང་། །ཕྱེ་མ་ཕྱེ་མ་རྡུལ་དུ་རློགས། །ཨོཾ་མ་ཧཱ་ཀཱ་ལ་ཨ་ཀོད་ཏ་ཡ་མུ་ཀ་མཱ་ར་ཡ་ཧཱུྃ་ཕཊ་གྲི་ཁུག །ཧཱུྃ། ཕུང་པོ་གཏུབ་པའི་གྲི་གུག་འདི། །ཡར་རྩེ་རྡོ་རྗེ་རྩེ་ལྔ་འདི། །ཡེ་ཤེས་ཁྲག་འཐུང་རིགས་ལྔ་ཡིན། །པདྨ་ཡིན་ཕྱིར་ཐབས་ཤེས་ཚུལ། །དཔལ་ལྡན་


CMR027_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཡབ་ཡུམ་གཉིས། །ལྟེ་བ་ཟླུམ་པོ་ཆོས་ཀྱི་སྐུ། །མར་རྩེ་གནམ་ལྕགས་གདུག་པའི་མཚོན། །མ་རིག་བདག་འཛིན་རྩ་བ་གཅོད། །བཏབ་པས་འཁོར་བའི་སྐྱེ་རྒྱུད་ཆོད། །དགྲ་བགེགས་ལྔ་ཕུང་དུམ་བུར་གཏུབས། །ཏིལ་ཙམ་དུ་ནི་མཛད་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་དང་གཞི་སྙིང་བཟླས་ཤིང་དུམ་བུར་གཏུབ། བསྒྲལ་ལས་འདི་མན་ངག་མང་པོའི་དོན་བསྡུས་སོ། །ལིང་ཆུང་སྤར་མ་མེད་ན་ཕྱེད་ཙམ་གཏོར་ཆུང་དང་མཉམ་དུ་བཞག །ལིང་རོ་ཆེ་བ་གཏུབ་ནས་ཁྲག་གིས་སྦགས་ལ་གཏོར་སྐྱོགས་སམ་མེད་ན་ཐོད་ཏིང་དུ་མཆོད་གཡོག་པས་བཀྱག་ལ། ཧཱུྃ། གྲུ་གསུམ་བྷནྡྷ་འབར་བའི་སྣོད་མཆོག་ཏུ། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདི། །རིགས་བདག་བདེ་མཆོག་རིགས་ལྔའི་ཞལ་དུ་བསྟབ། །ཡེ་ཤེས་ཁྱུང་ཆེན་རིགས་ལྔའི་ཞལ་དུ་བསྟབ། །སྐུ་ལྔ་མགོན་པོ་ཡབ་ཡུམ་ཞལ་དུ་བསྟབ། །ལས་མགོན་བྱ་རོག་གདོང་དགུའི་ཞལ་དུ་བསྟབ། །སེང་གདོང་ཞིང་སྐྱོང་སོ་གཉིས་ཞལ་དུ་བསྟབ། །དུས་སོལ་རྩ་འཇིབ་མཆེད་བཞི་ཞལ་དུ་བསྟབ། །མཁའ་འགྲོ་བརྒྱད་དྲུག་རྣམས་ཀྱི་ཞལ་དུ་བསྟབ། །ལེགས་ལྡན་དམག་དཔོན་བརྒྱད་ཀྱི་ཞལ་དུ་བསྟབ། །


CMR027_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་བསམ་མི་ཁྱབ་པའི་ཞལ་དུ་བསྟབ། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཞལ་དུ་བསྟབ། །ལྷ་དམག་དུང་ཕྱུར་གནོད་སྦྱིན་ཁྲི། །ལྷ་སྲིན་སྡེ་བརྒྱད་དམག་ཚོགས་ཞལ་དུ་བསྟབ། །ཕྱོགས་སྐྱོང་དཔལ་མགོན་བདུན་ཅུའི་ཞལ་དུ་བསྟབ། །གཏི་མུག་ཤ་ལ་ཆེམ་ཆེམ་དགྱེས་པར་རོལ། །འདོད་ཆག་ཁྲག་ལ་ལྡིབ་ལྗིབ་དགྱེས་པར་རོལ། །ཞེ་སྡང་རུས་ལ་ཁྲུམ་ཁྲུམ་དགྱེས་པར་རོལ། །ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་བཛྲ་ཨཱ་ར་ལི། །ལྷག་མེད་དབྱིངས་སུ་རོལ་ཅིག་ས་མ་ཡ། །ཨོཾ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་ཀཾ་ནི་རི་ཏི་ལ་ཁཱ་ཧི། མ་ཧཱ་ཙིཏྟ་ལ་ཁཱ་ཧི། མ་ཧཱ་གོ་ཟླརོ་ཙ་ན་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་ཞིང་ཆེན་ལ་ཁཱ་ཧི། ཞེས་གཏོར་མདོས་ནང་དུ་འབུལ། ལས་གསང་བའི་རྒྱུད་ལས། དགོས་པའི་རྫས་རྣམས་ཚོགས་པ་དང་། །ཡི་གེ་གསུམ་གྱིས་བྱིན་བརླབས་ནས། །རྩ་བའི་སྔགས་དང་བཅས་པ་ཡིས། །དང་པོ་ཡེ་ཤེས་ལྷ་ལ་མཆོད། །གཉིས་པ་ལེགས་ལྡན་ནག་པོ་སྟེ། །གསུམ་པ་འཁོར་གསུམ་དག་པར་འབུལ། །བཞི་པ་ལྷ་སྲིན་ཕྲིན་ལས་བཅོལ། །ཞེས་གསུངས་པའི་དོན་ཏེ། དེ་


CMR027_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཐོད་གཏིང་ངམ་ཐེབ་ཙེ་ལྕགས་སྣོད་དུ་གཏོར་ཆུང་ལིང་ཆུང་སྤར་མའམ་ལིང་གི་དུམ་བུ་རེ། ཤ་དུམ་རེ་རྣམས་བཤམས་ལ་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ། བྷནྡའི་སྣོད་སྟོང་གསུམ་ཙམ་གྱི་ནང་དུ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིའི་རྒྱ་མཚོ་ཆེན་པོ་གྱུར་པ་འདི་བསྔོ་ཞིང་འབུལ་བའི་གནས་ནི། ཁྲག་འཐུང་བདེ་མཆོག་རིགས་ལྔ། ཡེ་ཤེས་ཁྱུང་ཆེན་སྡེ་ལྔ། སྐུ་ལྔ་མགོན་པོ་ཡབ་ཡུམ། ལས་མགོན་བྱ་རོག་གདོང་དགུ། དུད་སོལ་རྩ་འཇིབ་མཆེད་བཞི། སེང་གདོང་ཞིང་སྐྱོང་སོ་གཉིས། ལེགས་ལྡན་དམག་དཔོན་མཆེད་བརྒྱད། མ་མོ་མཁའ་འགྲོ་བརྒྱད་དྲུག །སྐུ་འཁོར་ནག་པོ་སྟོང་། གསུང་འཁོར་ཤ་ཟ་འབུམ། ཐུགས་འཁོར་མ་མོ་བྱེ་བ། ཡོན་ཏན་གྱི་འཁོར་གནོད་སྦྱིན་ཁྲི། ཕྲིན་ལས་ཀྱི་འཁོར་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ། སྤྲུལ་པའི་འཁོར་ཁྲབ་ཆེན་བྱེ་བ་འབུམ་རྒྱུག །བཀའི་འཁོར་དཔལ་མགོན་བདུན་ཅུའི་དམག་ཚོགས། ལས་མཁན་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཐམས་ཅད་ཀྱི་ཞལ་དུ་མ་ཧཱ་བ་ལིང་ཏ་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི།་གནོད་བྱེད་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་


CMR027_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

མ་འདི་བཞེས་ལ། བདག་ཅག་མི་ནོར་བསྲུང་བྱ་ཐམས་ཅད་ལ་རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་ཐམས་ཅད་བཟློག་པར་མཛོད་ཅིག །སྡིག་སྒྲིབ་ནད་གདོན་འཇིགས་པ་བརྒྱད་དང་བཅུ་དྲུག་ཐམས་ཅད་ཞི་བར་མཛོད་ཅིག །རྒྱལ་བསེན་གཟའ་ཀླུ་ས་བདག་སོགས་གདོན་ཐམས་ཅད་བཟློག་པར་མཛོད་ཅིག །དམག་ཇག་ཆོམ་རྐུན་ལ་སོགས་པ་གཟུགས་ཅན་གྱི་དགྲ་ཐམས་ཅད་བཟློག་པར་མཛོད་ཅིག །སད་སེར་མུ་གེ་ལ་སོགས་པ་བསྐལ་པ་ངན་པ་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག །ཚེ་་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་རྒྱས་པར་མཛོད་ཅིག །རླུང་སེམས་སྣང་བ་དབང་དུ་འདུ་བར་མཛོད་ཅིག །བྱད་ཁ་ཕུར་ཁ་དྲོད་གཏོང་ཆག་ཆེན་ཉམ་ང་ལྟས་ངན་ཆོ་འཕྲུལ་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད་ཅིག །བདུད་བཞི་དང་དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག །ༀ་བཛྲ་མ་ཧཱ་ཀཱ་ལ་ཡ། ཀཱ་ཡ་ཝཱཀྐ་ཙིཏྟ་ས་མ་ཡ་ཛཿ བྷ་ལིང་ཏ་སརྦ་པཉྩ་ཨ་མྲྀ་ཏ་བྷ་ལིང་ཏ། ཨི་དམ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཤ་ཏུཾ་ཀཱ་ཡ་ཝཱ་ཀ་ཙིཏྟ། གྲིཅུ་གྲིཉྩ་སརྦ་ཤ་ཏུཾ་ཏཱཾ་ས་ལ་ཁཱ་ཧི་ཁཱ་ཧི། ཧ་ན་


CMR027_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ན་སརྦ་ཤ་ཏྲི་གོ་རོ་ཙ་ན་ལ་ཁཱ་ཧི་ཁཱ་ཧི། ད་ཧ་ད་ཧ་སརྦ་ཤ་ཧཱུྃ་བ་སུ་ཏ་ལ་ཁཱ་ཧི་ཁཱ་ཧི། པ་ཙ་པ་ཙ་སརྦ་ཤ་ཏུཾ་རཀྟ་ལ་ཁཱ་ཧི་ཁཱ་ཧི། མཱ་ར་ཡ་མཱ་ར་ཡ་སརྦ་ཤ་ཏུཾ་གནོད་བྱེད་གདོན་བགེགས་ཀྱི་ཙིཏྟ་ལ་རྦད་རྦད། སརྦ་བིགྷ་ནཱན་མཱ་ར་ཡ་ཨེ་ཀ་ཟློག་ཟློག །ཅེས་གཏོར་ཆུང་གཅིག་གཏོར་མདོས་སུ་འབུལ། དེ་འདྲ་བ་བདུན་རེ་བྱའོ། །དེ་ལྟ་བུ་འབུལ་ཁ་ཚུན་རབ་བརྒྱ་རྩ་བརྒྱད། འབྲིང་དྲུག་ཅུ་རྩ་བཞི། ཐ་མ་ཡང་ཉེར་གཅིག་ཚར་བར་བྱའོ། །སྔགས་དེ་ནི་སྲོག་ཟན་ནག་པོའི་རྒྱུད་ལས་དྲག་པོ་གཏོར་ཟློག་གི་སྔགས་ཀྱི་ཁ་ཚར་གསུངས་པ་ཡིན་ནོ། །ཟབ་བོ། །དེ་ནས་གཏོར་ཆུང་བདུན་པོ་རྫོགས་ནས། མདོས་གཏོར་བདུད་རྩིས་བྲན་ལ། བསྟོད་པ་དང་བསྐང་བ་དང་ཟློག་པ་གསུམ་ཀ་དུས་གཅིག་ལ་བྱ་བ་ཡིན་ཏེ། དབྱངས་རོལ་མོ་དང་བཅས་པས། གཞུང་ཚིག་འདི་དག་ཕལ་ཆེར་རྡོ་རྗེ་གདན་པ་ཆེན་པོའི་གསུངས་ཡིན་ནོ། ཧཱུྃ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཕྱོགས་བཅུའི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེ་ཁྱད་འཕགས་མི་བསྐྱོད་རྡོ་རྗེའི་རིགས། །ཚད་མེད་བཞི་ལྡན་བདུད་བཞི་འཇོམས་མཛད་སྐུ། །རྣམ་ཐར་བཞི་ལྡན་དཔའ་བོ་ཆེན་པོ་སྟེ། །ཐུགས་རྗེའི་དབྱིངས་ནས་བཞེངས་པའི་སྐུ་མཆོག་ནི། །རབ་འཇིགས་ཞལ་ནས་ཧ་ཧའི་སྒྲ་སྒྲོགས་པ། །མ་རུངས་དུར་


CMR027_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་ཆེན་པོའི་གནས་མཆོག་ནས། །ཡེཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །ཞལ་གཅིག་ཕྱག་བཞི་མཐིང་ནག་རྔམ་པའི་སྐུ། །འགྲོ་དོན་རྫོགས་མཛད་ཕྲིན་ལས་རྣམ་བཞིའི་བདག །བདུད་འདུལ་ནག་པོ་ཆེན་པོ་སྟེ། །དཔའ་བོ་ཆེན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བྱད་སྟེམས་རྦོད་གཏོང་ཐམས་ཅད་ཟློག །ཧཱུྃ། ཁྲག་འཐུང་ནག་པོ་བྱ་རོག་མཚན་ཅན་ནི། །རབ་འཇིགས་དཔའ་བོ་བསྐལ་པའི་མེ་ལྟར་འབར། ཞལ་གདངས་ཁྲོ་གཉེར་སྨིན་མ་གློག་ལྟར་འཁྱུག །སྒེག་པ་ལ་སོགས་གར་གྱི་ཉམས་དང་ལྡན། །ཁྲག་འཐུང་ནག་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བྱད་སྟེམས་ཟོད་གཏོང་ཐམས་ཅད་ཟློག །ཧཱུྃ། ཨག་ཚོམ་དམར་པོ་མེ་ལྟར་འབར་བ་ཡི། །སྐྱེ་ཤི་རྩད་གཅོད་རྣོ་དཀར་མཆེ་བ་གཙིགས། །སྙིང་རྗེ་ཆེན་པོ་ཁྲོས་པའི་སྤྱན་གསུམ་ནི། །མེ་ལྟར་འབར་བས་ཕྱོགས་བཅུ་ཁྱབ་པར་གཟིགས། །ཡེ་ཤེས་སྤྱན་ལྡན་ཁྱེད་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་བན་ཁྱད་བོན་བྱད་ཟློག །ཧཱུྃ། ལྗགས་ནི་དྲག་པོའི་གློག་


CMR027_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་རབ་ཏུ་འཁྱུག །ཞལ་ནས་ཧ་ཧ་ཧཱུྃ་དང་ཕཊ་ཀྱི་སྒྲ། །བཞད་པའི་གད་རྒྱངས་ཆེན་པོ་རབ་སྒྲོགས་ཤིང་། །སྟོབས་ཆེན་རབ་འབར་འགྱིང་བའི་ཆ་བྱད་ཅན། །སྲིད་གསུམ་ཟིལ་གནོན་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་དབུལ་འཕོང་ཐམས་ཅད་ཟློག །ཧཱུྃ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ། །དུག་ལྔ་ཡེ་ཤེས་ལྔ་དང་ལྡན་པའི་ཕྱིར། །ཐོད་སྐམ་ལྔ་ཡིས་དབུ་ལ་རབ་ཏུ་བརྒྱན། །ཐལ་ཆེན་རཀྟའི་ཚོམ་བུས་སྐུ་ལ་བརྒྱན། །ཞིང་སྐྱོང་ཆེན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་མི་ནད་ཕྱུགས་ནད་ཟློག །ཧཱུྃ། རྒྱལ་རིགས་སྦྲུལ་གྱི་དབུ་སྐྲ་བཅིངས་པས་བརྗིད། །རིན་ཆེན་དབུ་རྒྱན་དར་གྱི་ཅོད་པན་འཕུར། །རྡོ་རྗེའི་རིགས་མཚོན་མི་བསྐྱོད་དབུ་ལ་བཞུགས། །བསྟན་པའི་བཀའ་སྲུང་ཆེན་པོ་སྟེ། །རྡོ་རྗེ་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག་བཟློག་ཅིག་ལྟས་ངན་ཐམས་ཅད་ཟློག །ཧཱུྃ། གཏེར་བདག་ཡིད་བཞིན་ནོར་བུ་ཆེན་པོ་སྟེ། །ཕྱག་བཞི་དང་པོས་བྷེ་ཏའི་འབྲས་བུ་བསྣམས། །གཏེར་དང་ལོངས་


CMR027_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ནོར་གྱི་ཆར་པ་འབེབས། །གཏེར་བདག་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་དབུལ་ཕོངས་སྡུག་བསྔལ་ཐམས་ཅད་ཟློག །ཧཱུྃ། དམ་ཉམས་རྩད་ནས་གཅོད་མཛད་ནག་པོ་ཆེན་པོ་ནི། །གཡས་ཀྱི་འོག་མས་གནམ་ལྕགས་རལ་གྲི་བསྣམས། །གློག་ལྟར་འཁྱུགས་པས་དགྲ་བགེགས་རྩད་ནས་གཅོད། །ཉམ་པའི་སྲོག་གཅོད་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་དགྲ་བགེགས་དམག་དཔུང་ཟློག །ཧཱུྃ། སྟོབས་ཆེན་དབང་སྡུད་མགོན་པོ་ནག་པོ་ནི། །གཡོན་གྱི་དང་པོས་བདུད་བཞིའི་ཁྲག་བཀང་ཐོད་པ་བསྣམས། །ཁམས་གསུམ་དབང་སྡུད་མ་ཚོགས་མཁའ་འགྲོའི་བསྐོར། །ཁམས་གསུམ་དབང་སྡུད་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་མི་ནད་ཕྱུགས་ནད་ཟློག །ཧཱུྃ། སྐུ་གསུམ་ཡོན་ཏན་ལྔ་ལྡན་ནག་པོ་ནི། །གཡོན་གྱི་འོག་མས་ཁ་ཊཾ་རྩེ་གསུམ་བསྣམས། །ལྷ་ཡི་དགྲ་བླ་ལྷ་མིན་གཡུལ་ངོ་ཟློག །ལྷ་ཡི་དེད་དཔོན་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་


CMR027_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

རྐྱེན་རྣམས་ཟློག །བཟློག་ཅིག་བྱད་སྟེམས་དྲོད་གཏོང་ཟློག །ཧཱུྃ། དུག་གསུམ་ནད་སེལ་ནག་པོ་ཆེན་པོ་ནི། །མཚན་དང་དཔེ་བྱད་རྒྱུན་གྱིས་རབ་ཏུ་མཛེས། །ཕར་ཕྱིན་དྲུག་རྫོགས་ཕྱག་རྒྱ་དྲུག་དང་ལྡན། །དུག་གསུམ་ནད་སེལ་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་རིམས་ནད་ཐམས་ཅད་ཟློག ཧཱུྃ༔ འབྱུང་པོ་སྔངས་བྱེད་ཐོད་པའི་ཕྲེང་བ་ནི། །ལྔ་བཅུ་རྩ་ལྔ་ཁྲག་འཛག་དོ་ཤལ་བྱས། །འདུ་བྱེད་རབ་སྤངས་གཙུག་ལག་དཀྱིལ་འཁོར་སྲུང་། །གཙུག་ལག་ཁང་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །སྲུང་མེ་ཆེན་པོ་ཁྱོད་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་ལྟས་ངན་ཐམས་ཅད་ཟློག །ཧཱུྃ། ཡན་ལག་སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན། །སྟག་གི་པགས་པའི་ཤམ་ཐབས་ཅན། །སྐེ་རགས་དྲིལ་བུ་གཡེར་ཁ་སྒྲོགས། །རིག་འཛིན་སྲུང་མ་ཆེན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བྱད་སྟེམས་དྲོད་གཏོང་ཐམས་ཅད་ཟློག །ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་སྟེང་། །སྣ་ཚོགས་པདྨ་ཉི་མའི་གདན། །རོ་ཡི་སྟེང་ན་


CMR027_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོའི་འདུག་སྟངས་ནི། །རབ་འཇིགས་ཙནྡ་འཁྱིལ་བའི་སྟབས་ཀྱིས་བཞུགས། །རྣལ་འབྱོར་དགྲ་བླ་ཆེན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་ཟོར་ཁ་ཕུར་ཁ་ཟློག །ཧཱུྃ། ཡབ་ཅིག་དཔལ་ལྡན་མགོན་པོ་ནག་པོ་ནི། །ཁྲག་འཐུང་མ་རུངས་ཀུན་གྱི་གཤེད་པོ་སྟེ། །ལོག་འདྲེན་བགེགས་དང་དགྲ་བགེགས་ཆོམ་ལ་འབེབས། །བདུད་འདུལ་བྱ་རོག་མཚན་ཅན་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་ཆག་ཆེན་ཉམ་ང་ཟློག །ཧཱུྃ། ཐུགས་རྗེའི་ལུས་ཅིན་མི་འདོར་ཡེ་ཤེས་སྤྱན་དང་ལྡན། །ཐུགས་དམ་སྨོན་ལམ་མི་འདོར་འགྲོ་རྣམས་བདེ་ལ་བཀོད། །མཐུ་སྟོབས་རྨད་བྱུང་རྫུ་འཕྲུལ་ཕྲིན་ལས་ལྡན། །ཕྲིན་ལས་མྱུར་མགྱོགས་རྫུ་འཕྲུལ་ཞབས་དང་ལྡན། །ཁྲག་འཐུང་ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་མི་ནད་ཕྱུགས་ནད་ཟློག ། ཧཱུྃ། ཡུམ་མཆོག་ལྷ་མོ་ཆེན་མོ་ནི། །དགའ་བྱེད་འདོད་པའི་དབང་ཕྱུག་མ། །འདོད་དགུ་བསྒྱུར་བའི་འཕྲུལ་མོ་ཆེ། །མཁའ་འགྲོ་ཆེན་མོའི་ཐུགས་དམ་བསྐང་། །བར་ཆད་


CMR027_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་བྱད་སྟེམས་ཐམས་ཅད་ཟློག །ཁྱེད་ལ་མཆོད་པ་འབུལ་བ་ནི། །ཕྱི་མཆོད་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །སྒྲ་སྙན་རོལ་མོ་ན་བཟའི་ཚོགས། །གདུགས་དང་རྒྱལ་མཚན་བ་དན་དང་། །རྟ་མཆོག་གླང་པོ་འཕན་དར་དང་། །འདོད་ཡོན་སྣ་ཚོགས་ཕྱི་ཡི་མཆོད་པ་དང་། །ཁྲག་ཆེན་འབར་བའི་མཆོད་ཡོན་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །ཤ་ཆེན་སྤོས་དང་ཚིལ་ཆེན་གསུར། །ཞུན་ཆེན་སྣང་གསལ་མར་མེ་དང་། །བདུད་རྩི་ལྔ་ཡི་རོ་མཆོག་དང་། །ཤ་ཆེན་ལྔ་ཡི་ཞལ་ཟས་དང་། །ཐོད་ཆེན་རྔ་དང་རྐང་ཆེན་དུང་། །དུར་ཁྲོད་རྒྱན་སོགས་ནང་གི་མཆོད་པས་ཐུགས་དམ་བསྐང་། །ཤ་ལྔ་བདུད་རྩི་ལྔ་ལ་སོགས། །གསང་བའི་མཆོད་པས་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་ངན་ཟློག །བཟློག་ཅིག་ཆག་ཆེན་ཉམ་ང་ཟློག །བཟློག་བྱུང་འདི་ནི་རྩ་རྒྱུད་ཐུགས་རྗེ་འབྱུང་བ་བྱ་རོག་ཆེན་པོའི་རྒྱུད། གྲི་གུག་བརྩེགས་རྒྱུད་གསུམ་ནས་བཏུས་སོ།། ཧཱུྃ། སྔོན་ཚེ་བཟློག་པ་གང་ནས་བྱུང་། །དྲག་པོ་རྣམ་འཁྲུགས་བསྐལ་པ་ལ། །སངས་རྒྱས་ཞི་བའི་འོད་ཏོག་རྒྱལ། །དེ་ཡི་བསྟན་པ་འཇོམས་


CMR027_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར། །བདུད་རྒྱལ་དགའ་རབ་དབང་ཕྱུག་གིས། །མུ་སྟེགས་དབང་ཕྱུག་ཡོབ་ཡུམ་སྤྲུལ། །དེ་ཁྲོས་འཇིགས་བྱེད་དུས་མཚན་སྤྲུལ། །སེམས་ཅན་ཐམས་ཅད་ཟད་པར་ཟོས། །སངས་རྒྱས་ཀྱིས་ཀྱང་དེ་མ་ཐུལ། །དེ་ཚེ་བདེ་མཆོག་ཧེ་རུ་ཀས། །ཨུ་མ་ཡུམ་དང་སྦྱོར་བ་ལས། །སྤྲུལ་པ་ནག་པོ་ཆེན་པོ་འཁྲུངས། །བདུད་ཀྱི་དཔུང་ཆེན་གཡོས་པ་ལ། །ནག་པོ་བདུད་དམག་ཐམས་ཅད་ཟློག །འཇིགས་བྱེད་དུས་མཚན་གདན་དུ་བཏིང་། །དབང་ཕྱུག་ཡབ་ཡུམ་འཁོར་དུ་བསྐོར། །བདུད་ཀྱི་དམག་༡། ཚོགས་བརླགས་པར་བྱས། །དེ་ནས་བཟློག་པ་གང་ནས་བྱུང་། །རྣམ་གཟིགས་གཙུག་ཏོར་མར་མེ་མཛད། །དོན་གཟིགས་འཁོར་འཇིག་སྤོས་སྣང་འོད། །ཐམས་ཅད་སྐྱོབ་དང་གསེར་ཐུབ་དང་། །འོད་སྲུང་རྣམས་ཀྱི་བསྟན་པ་ལ། །བདུད་ཀྱི་དམག་དཔུང་བར་ཆད་རྣམས། །ཐམས་ཅད་མགོན་པོ་ཁྱོད་ཀྱིས་ཟློག །དེ་ནས་བཟློག་པ་གང་ནས་བྱུང་། །འོད་སྲུང་བསྟན་པའི་སྙིགས་མ་ལ། །ལྷ་མིན་གདུག་པའི་དཔུང་གཡོས་ནས། །སུམ་བརྩེགས་ལྷ་གནས་འཕྲོག་བརྩམ་ཚེ། །གཞན་འཕྲུལ་དབང་བྱེད་ལྷ་གནས་ནས། །


CMR027_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ནག་པོ་ཁྱོད་བྱོན་ཏེ། །རི་རབ་དཔག་བསམ་ཤིང་གི་རྩེར། །བྱ་རོག་ཆེན་པོའི་སྤྲུལ་པ་འགྱེད། །ནམ་མཁའ་བྱ་རོག་སྤྲུལ་པས་གང་། །འོད་ཟེར་མེ་ཡི་སྤུ་གྲི་ཡིས། །ལྷ་མིན་དམག་ཚོགས་ཟློག་པར་མཛད། །ཁམས་གསུམ་སྤྲུལ་པའི་ཚོགས་ཀྱིས་བཀང་། །ལྷ་མིན་དམག་ཚོགས་ཁྲག་ཏུ་སྐྱུག །དེ་ནས་བཟློག་པ་གང་སྲིད་ན། །མགོན་པོ་བྱ་རོག་ཆེན་པོ་དེ། །སིང་ག་ལ་ཡི་གླིང་དུ་འཕུར། །སྲིན་མོའི་ཚོགས་རྣམས་རྩོད་ནས་ཟློག །བྱ་རོག་སྲིན་པོའི་ཡུལ་དུ་འཕུར། །སྲིན་པོ་ལང་ཀའི་དམག་ཚོགས་ཟློག །ཤ་ཟ་འབུམ་ཕྲག་བྲན་དུ་བཀོལ། །བྱ་རོག་གཤིན་རྗེའི་ཡུལ་དུ་འཕུར། །བྷེ་ཝ་ས་ཏས་ཀླད་ཁྲག་འཇིབ། །ལས་ཀྱི་གཤིན་རྗེའི་དམག་ཚོགས་ཟློག །མ་མོ་བྱེ་བ་བྲན་དུ་ཁོལ། །དེ་ནས་བཟློག་པ་གང་ནས་བྱུང་། །འཛམ་གླིང་གྲོང་ཁྱེར་ཀ་ནི་ཀར། །སེམས་དཔའ་ཟླ་བའི་སྙིང་པོ་ཡིས། །སེམས་ཅན་རྣམས་ལ་ཆོས་སྟོན་ཚེ། །མུ་སྟེགས་བདུད་དམག་བརྒྱད་སྟོང་གིས། །སེམས་དཔའ་འཁོར་བཅས་རབ་ཏུ་བསྐོར། །དེ་ཚེ་བྱ་རོག་ཆེན་པོ་ཡིས། །ལྷ་དམག་དུང་ཕྱུར་ཕྲག་བརྒྱ་ནི། །གཤོག་པའི་ལྡེབས་སུ་ཁྱེར་ནས་


CMR027_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

འོང་། །བདུད་ཀྱི་དམག་ཚོགས་ཐམས་ཅད་ཟློག །བདུད་རྒྱལ་ཀྵེ་ཏྲ་པ་ལ་བསྒྲལ། །དེ་ནས་ཤཱཀྱའི་བསྟན་པ་ལ། །མུ་སྟེགས་མ་ཁོལ་ཞེས་བྱ་བས། །སངས་རྒྱས་བསྟན་པ་བཤིགས་པའི་ཚེ། །མགོན་པོ་བྱ་རོག་སྤྲུལ་པ་བཀྱེས། །འདུལ་བྱེད་ཨརྱ་དེ་ཝར་སྤྲུལ། །མུ་སྟེགས་དམག་ཚོགས་བཟློག་པར་བྱས། །མ་ཁོལ་སངས་རྒྱས་བསྟན་ལ་བཙུད། །སངས་རྒྱས་བསྟན་པ་མཐའ་དབུས་རྒྱས། །བྱམས་པ་ནས་བཟུང་མོས་པའི་བར། །སྐལ་བཟང་རྒྱལ་བ་ཐམས་ཅད་ཀྱི། །བསྟན་པའི་བར་ཆད་བདུད་དང་དགྲ། །མགོན་པོ་ཁྱོད་ཀྱིས་བཟློག་ལུང་བསྟན། །འདས་དང་མ་བྱོན་དུས་གསུམ་གྱི། །བསྟན་པའི་བར་ཆད་བཟློག་པ་ལྟར། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །བཟློག་གཞུང་འདི་གྲྭ་ལོ་ཙཱ་བས་མཛད་པའོ། །ཡས་ཀྱི་བདུད་གཡོས་བཟློག་ཏུ་གསོལ། །མས་ཀྱི་སྲི་ལངས་བཟློག་ཏུ་གསོལ། །ཐད་ཀྱི་བཙན་ཁྲོས་བཟློག་ཏུ་གསོལ། །ལོ་སྐག་ཟླ་སྐག་བཟློག་ཏུ་གསོལ། །བདུན་ཟུར་དགྲ་གཤེད་བཟློག་ཏུ་གསོལ། །བདུད་ལྟས་ངན་པ་བཟློག་ཏུ་གསོལ། །མོ་ངན་རྨིས་ངན་བཟློག་ཏུ་གསོལ། །བན་བོན་ཡོངས་ཀྱི་


CMR027_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བྱེད་བཟློག་ཏུ་གསོལ། །མ་བ་གཤིན་གདུག་པའི་དབལ་ཟེར་བཟློག་ཏུ་གསོལ། །བཙན་དང་རྒྱལ་པོའི་སྨྱོ་འབོག་བཟློག་ཏུ་གསོལ། །ཀླུ་དང་ས་བདག་དལ་ཡམས་བཟློག་ཏུ་གསོལ། །གཉན་དང་ཐེའུ་རང་དམོད་པ་བཟློག་ཏུ་གསོལ། བྱད་ཁ་ཕུར་ཁ་ཟོར་ཁ་དང་། །བྱད་མ་བསམ་སྦྱོར་ངན་པ་དང་། །བར་ཆད་བྱེད་པའི་འབྱུང་པོ་དང་། །ལྟས་ངན་སྲིད་པའི་རྦད་འདྲེ་དང་། །ཐན་དང་ལྷག་ཆེད་དགྲ་ཆེན་རྣམས། །རང་མཚོན་རང་ལ་རྒྱོབས་ལ་ཟློག །རང་གཤེད་རང་ལ་བསྐོར་ལ་ཟློག །རང་བདུད་རང་ལ་ཕོབ་ལ་ཟློག རང་སྲོག་རང་གིས་ཆོད་ལ་ཟློག །བཟློག་བསྒྱུར་ཆེན་པོའི་ཕྲིན་ལས་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་དཔའ་བོ་ཆེན་པོ་ནི། །སྐུ་ལྔ་ལྷུན་འགྲུབ་ཡེ་ཤེས་ལྔ་དང་ལྡན། །རྣལ་འབྱོར་ཕྲིན་ལས་མ་ལུས་ཀུན་གྱི་བདག་།གཏི་མུག་རྣམ་དག་ཆོས་དབྱིངས་ངོ་བོ་ཉིད། །མཚན་དང་དཔེ་བྱད་རྒྱན་དང་ལྡན། །སྐུ་ཡི་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་བྱད་སྟེམས་ངན་བྱེད་ཟློག །ཧཱུྃ།་འདོད་ཆགས་རྣམ་དག་ཀུན་རྟོགས་ངོ་བོ་ཉིད། །གསུང་གི་ང་རོ་འབྲུག་སྟོང་


CMR027_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཏུ་སྒྲོགས། །ཁམས་གསུམ་མ་ལུས་དབང་དུ་སྡུད་པ་ཡི། །གསུང་གི་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་ལྟས་ངན་ཐམས་ཅད་ཟློག །ཧཱུྃ། ཞེ་སྡང་རྣམ་དག་མེ་ལོང་ངོ་བོ་ཉིད། །དུག་གསུམ་འཇོམས་མཛད་ཕྲིན་ལས་དྲག་པོའི་བདག །ཐུགས་ཀྱི་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་བན་ཁྱད་བོན་བྱད་ཟློག །ཧཱུྃ། ང་རྒྱལ་རྣམ་དག་མཉམ་ཉིད་ངོ་བོ་ཉིད། །ཚེ་དབང་ལོངས་སྤྱོད་ལ་སོགས་ཕྲིན་ལས་བདག །ཡོན་ཏན་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་ནད་ཡམས་ཐམས་ཅད་ཟློག །ཧཱུྃ། ཕྲག་དོག་རྣམ་དག་བྱ་གྲུབ་ངོ་བོ་ཉིད། །མངོན་སྤྱོད་དྲག་པོའི་ཕྲིན་ལས་བདག །ཕྲིན་ལས་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་མི་ནད་ཕྱུགས་ནད་ཟློག །ཧཱུྃ། མཚན་དང་དཔེ་བྱད་རབ་ཏུ་ལྡན་པ་ཡི། །ཡེ་ཤེས་སྐུ་ཡིས་ཁམས་གསུམ་ཟིལ་གྱིས་གནོན། །འབྲུག་སྟོང་གསུང་གི་ང་རོས་ཁམས་གསུམ་དབང་དུ་སྡུད། །མི་


CMR027_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཡེ་ཤེས་ཐུགས་ཀྱི་རྣམ་རྟོག་འཇོམས། །ཡོན་ཏན་ཀུན་ལྡན་དངོས་གྲུབ་ཀུན་གྱི་བདག །ཕྲིན་ལས་ཀུན་མཛད་རྣལ་འབྱོར་ཀུན་གྱི་དཔལ། །ཡེ་ཤེས་མགོན་པོ་ལྔ་ཡི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་མཐུ་བྱད་ཐམས་ཅད་ཟློག །ཡོན་ཆབ་མེ་ཏོག་བདུག་སྤོས་སོགས། །ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་། །ཁྲག་གི་ཨགྣི་དབང་པོའི་མེ་ཏོག་སོགས། །ནང་གི་མཆོད་པས་ཐུགས་དམ་བསྐང་། །ཤ་ལྔ་བདུད་རྩི་ལྔ་ལ་སོགས། །གསང་བའི་མཆོད་པས་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་རྐྱེན་ངན་ཐམས་ཅད་ཟློག །ཧཱུྃ། ཞི་བྱེད་དཀར་མོ་སྐུ་ཡི་ཡུམ། །ཕྱག་གཉིས་རྡོ་རྗེ་ཐོད་ཁྲག་བསྣམས། །སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན། །སྐུ་ཡི་ཡུམ་གྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་རིམས་ནད་ཐམས་ཅད་ཟློག །ཧཱུྃ། སྲུང་བྱེད་དམར་མོ་གསུང་གི་ཡུམ། །ཕྱག་ན་རིན་ཆེན་ཐོད་ཁྲག་བསྣམས། །སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན། །གསུང་གི་ཡུམ་གྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །


CMR027_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཅིག་ལྷ་འདྲེའི་ཆད་པ་ཟློག །ཧཱུྃ། འགུགས་བྱེད་མཐིང་ཀ་ཐུགས་ཀྱི་ཡུམ། །ཕྱག་གཉིས་ལྕགས་ཀྱུ་ཐོད་ཁྲག་བསྣམས། །སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན་། །ཐུགས་ཀྱི་ཡུམ་གྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་བན་ཁྱད་བོན་བྱད་ཟློག །ཧཱུྃ། བྱ་རོག་སྔོན་མོ་ཡོན་ཏན་ཡུམ། །ཕྱག་གཡས་བེ་ཏ་རལ་གྲི་བསྣམས། །གཡོན་གཉིས་ཐོད་ཁྲག་ཁ་ཊཾ་བསྣམས། །སྐུ་ལ་རིན་ཆེན་རུས་པས་བརྒྱན། །ཡོན་ཏན་ཡུམ་གྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་ཡམས་ནད་ཐམས་ཅད་ཟློག །ཧཱུྃ། སྒོལ་བྱེད་ལྗང་གུ་ཕྲིན་ལས་ཡུམ། །ཕྱག་གཉིས་རལ་གྲི་ཐོད་ཁྲག་བསྣམས། །སྐུ་ལ་རུས་པའི་རྒྱན་གྱིས་བརྒྱན། །ཕྲིན་ལས་ཡུམ་གྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག་།བཟློག་ཅིག་མི་ནད་ཕྱུགས་ནད་ཟློག །ཧཱུྃ། མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས། །ཕྲིན་ལས་རྣམ་བཞི་སྣ་ཚོགས་ཐོགས་མེད་ཡུམ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔ། །སྦྱོར་བས་མཉེས་བྱེད་ཕྱི་ནང་མཁའ་འགྲོ་མ། །མ་མོ་ཡུམ་གྱི་


CMR027_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་མཁའ་འགྲོའི་སུན་མ་ཟློག །ཕྱི་ནང་མཆོད་པ་སྣ་ཚོགས་དང་། །ཤ་ཁྲག་དམར་གྱི་མཆོད་པ་དང་། །ཚོགས་ཀྱི་མཆོད་པ་རྒྱ་ཆེན་གྱིས། །སྦྱོར་སྒྲོལ་གསང་བའི་ཡུམ་གྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་བྱེད་ཀ་ཕུར་ཀ་ཟློག །བཟློག་བྱུང་འདི་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས་བཏུས་སོ།། ཧཱུྃ། སྔོན་ཚེ་བཟློག་པ་གང་ནས་བྱུང་། །ཡེ་ཐོག་སྲིད་པ་དང་པོ་ལ། །བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀའི། །ཐུགས་ཀྱི་རྟོགས་པ་ཕྱིར་འཁྱམས་པས། །འབྱུང་བ་ལྔ་ཡི་གཤིན་ལྔ་བྱུང་། །ལམ་རྒྱུད་ལྔ་ཡི་སེམས་ཅན་ཟོས། །དེ་ཚེ་བཅོམ་ལྡན་ཧེ་རུ་ཀ །ཁྲག་འཐུང་རིགས་ལྔར་ཐུགས་ཁྲོས་ནས། །གཤིན་ལྔ་རང་རིགས་དབྱིངས་སུ་ཟློག །སྐུ་ལྔའི་མགོན་པོ་ལྔ་རུ་བྱུང་། །དེ་རྗེས་རིག་འཛིན་ཐམས་ཅད་ཀྱིས། །དུག་ལྔ་སྐྱེ་མེད་དབྱིངས་སུ་ཟློག །ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ། །སྔོན་དུས་དེ་ལྟར་ཟློག་པ་ལྟར། །སྐུ་ལྔ་མགོན་པོ་ཡབ་ཡུམ་གྱིས། །བྱད་ཀ་ཕུར་ཁ་ཐམས་ཅད་ཟློག །ལྷ་འདྲེའི་གདུག་པ་ཐམས་ཅད་ཟློག །བྷྱོ་བྷྱོ་དམ་ཉམས་དགྲ་


CMR027_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྷྱོ། །ཟློག་ཟློག་ལྷ་འདྲེའི་དམག་སྣ་ཟློག །དགྲ་དང་བགེགས་ལ་ཕྲིན་ལས་མཛོད། །ཧཱུྃ། ཁྲག་འཐུང་སྐུ་ལྔ་བྱ་རོག་མཚན་ཅན་གྱིས། །བསྟན་སྲུང་ཕྲིན་ལས་མཛད་པའི་ཕྱིར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཁྱུང་། །དཔྲལ་བའི་དབྱིངས་ནས་སྤྲུལ་པ་ནི། །རིགས་ཀྱི་ཁྱུང་ཆེན་ལྔ་པོ་ལ། །དུག་གི་མཆེ་བ་བཞི་གཙིགས་ཤིང་། །སྤྱན་གསུམ་ཁྲག་མདོག་རྡོ་རྗེའི་རྭ། །རིན་ཆེན་འབར་བའི་ཚྭ་ཚྭ་འཕྲོ། །ཟླ་ཚེས་ནོར་བུའི་དབུ་རྒྱན་ཅན། །མཐིང་ནག་གཤོག་པ་རབ་རྡེབ་ཅིང་། །ཁྲོ་ཁྲོ་ཧྲིང་ཧྲིང་སྒྲ་སྒྲོགས་ཤིང་། །ཟངས་ཀྱི་སྡེར་མོ་ལྕགས་ཀྱུ་ཡིས། །དགྲ་བགེགས་གློ་སྙིང་ཞལ་དུ་འདྲེན། །སྤྲུལ་པ་ནམ་མཁའི་མཐའ་ཁྱབ་ཅིང་། །ལྷ་ཡི་སྲིད་སྐྱོང་ལྷ་མིན་འདུལ། །སྐུ་ཡི་སྤྲུལ་པ་ཁྱུང་གི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཅོལ་ལོ་ཁྱུང་ལ་ཕྲིན་ལས་བཅོལ། །བཟློག་ཅིག་ཁྱུང་གི་ལྟས་ངན་ཟློག །ཕྱི་ནང་མཆོད་པ་སྣ་པའི་ཚོགས་དང་། །ཚོགས་དང་གཏོར་མ་མཐུན་པའི་རྫས། །སྤྲུལ་པ་ཁྱུང་གི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ས་བདག་ཀླུ་གཉན་གདོན་ཚོགས་སྡང་བའི་


CMR027_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་བསྒྱུར། །བཟློག་བྱུང་འདི་ཁྱུང་གི་ལོ་རྒྱུས་དང་མཆུ་སྡེ་ལྔ་ནས་བཏུས་སོ།། ཧཱུྃ། སྔོན་ཚེ་བཟློག་པ་གང་ནས་བྱུང་། །ནཱ་ག་ཀླུ་ཡིས་འགྲོ་བ་འཇོམས། །དེ་ཚེ་དྲང་སྲོང་བདེན་སྟོབས་ལས། །གསེར་བུམ་ནང་ནས་སྒོ་ང་བྱུང་། །སྒོ་ང་རྡོལ་བའི་ནང་ཤེད་ནས། །མ་ཧཱ་ཀཱ་ལ་ཁྱུང་ནག་བྱུང་། །ཀླུ་གཉན་ས་བདག་ཐམས་ཅད་ཟློག །དེ་ནས་ཀླུ་ཁྱུང་སྟོབས་འགྲན་ཚེ། །གཤོག་པས་ནམ་མཁའ་ས་གཞི་ཁྱབ། །གཞོན་ནུ་གཏུམ་པོའི་སྟོབས་ནུས་ཟློག །སྐུ་གསུང་ཐུགས་ཡོན་ཁྱུང་ལྔ་སྤྲུལ། །ཀླུ་རིགས་ལྔ་ཡི་དམག་ཚོགས་ཟློག །དེ་ནས་བཟློག་པ་གང་ནས་བྱུང་། །བཅོམ་ལྡན་ཤཱཀྱའི་བསྟན་པ་ལ། །ཀླུ་སྲིན་ཁྲོས་ནས་མི་རྣམས་ཟོས། །དེ་ཚེ་ཁྱུང་ཆེན་འབར་བ་ཡིས། །དགའ་བོ་ཉེར་དགའི་ཆོ་འཕྲུལ་ཟློག །ཀླུ་ཁྱུང་རྒྱལ་བའི་རྒྱན་དུ་བཀོད། །བྱང་ཆུབ་མཆོག་གི་ལུང་བསྟན་ཐོབ། །དེ་ནས་ཀླུ་ནག་བཱ་སུ་ཏས། །རྒྱལ་བའི་སྐུ་ལ་ངན་སེམས་ཕྱུང་། །ཕྱག་ན་རྡོ་རྗེ་བསྙུང་གིས་ཟིན་། །དེ་ཚེ་ཁྱུང་ཆེན་འབར་བ་ཡིས། །ནག་པོ་ཀླུ་ཡི་གནོད་པ་ཟློག །བཱ་སུ་རིགས་དྲུག་དམ་ལ་བཏགས། །སྔོན་དུས་དེ་ལྟར་བཟློག་པ་ལྟར། །ཁྱུང་ཆེན་ཐུགས་དམ་དུས་


CMR027_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བབ། །སྤྲུལ་པའི་ཁྱུང་གིས་ནམ་མཁའ་གང་། །ཡང་སྤྲུལ་ཁྱུང་གིས་བར་སྣང་གང་། །སུམ་སྤྲུལ་ཁྱུང་གིས་ས་གཞི་གང་། །ཁྱུང་གི་སེར་བ་ཤ་ར་ར། །དྲག་པོའི་གཤོག་སྒྲ་འུ་རུ་རུ། །ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་། །ཀླུ་གདོན་གཏད་ཁ་གཉན་ནད་རྣམས། །རྭ་ཡིས་བརྡུངས་ལ་སྡེར་མོས་བྲེད། །མན་ངག་དམིགས་པའོ།། མཆུ་ཡིས་ཆོམས་ལ་གཤོག་པས་རྡོབ། །བྱ་སྤུ་རླུང་གིས་གཏོར་བ་བཞིན། །ལྕགས་རི་ཆེན་པོའི་རྒྱབ་ཏུ་དེད། །བཟློག་གཞུང་འདི་ཀླུ་སྒྲུབ་ཀྱིས་གསུངས་སོ། །བཟློག་ཅིག་ལྷ་འདྲེའི་དམག་ངན་ཟློག །གཤིན་རྗེའི་འཁོར་ལོ་བསྐོར་བ་ཟློག །ཕུར་པའི་དབལ་སོ་འདེབས་པ་ཟློག །ཀླུ་ཡི་དལ་ཀ་ཐམས་ཅད་ཟློག །རྒྱལ་པོའི་སྨྱོ་འབོག་གཏོང་བ་ཟློག །གནོད་སྦྱིན་ཆད་པ་འབྱིན་པ་ཟློག །མུ་སྟེགས་པར་བུའི་དམོད་པ་ཟློག །ཀེའུ་ཏ་མའི་སྦྱོར་དུག་ཟློག །ཐེའུ་རང་ཚེ་ལ་རྐུ་བ་ཟློག །བགེགས་དང་བདུད་དང་འབྱུང་པོ་ཟློག །མེ་ལྕེ་ཕྲེང་བ་ནས་བཏུས་སོ།།་ཧཱུྃ། དཔལ་ལྡན་ཁྲག་འཐུང་བྱ་རོག་མཚན་ཅན་གྱི། །སྒྲོལ་བའི་ཡུམ་མཆོག་དུད་པའི་སོལ་བ་མ། །དབང་ཕྱུག་ལྷ་མོ་དཔལ་ལྡན་ལྕམ་གཅིག་མ། །སྐུ་མདོག་


CMR027_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

མཐིང་ནག་རལ་པ་མུན་ལྟར་གཏིབས། །ཐོད་ཁྲག་ཤག་ཏི་མདུང་དང་ཁ་ཊཾ་ག །རལ་གྲི་གཏེར་འཆང་བོང་བུ་གྲྭ་དམར་ཆིབས། །ལྷ་མིན་ཁྲག་འཇིབ་སྲིན་མོ་འབུམ་གྱིས་བསྐོར། །མ་ཅིག་ལྷ་མོའི་ཐུགས་དམ་གཉེན་པོ་ནི། །ཤ་ལྔ་བདུད་རྩི་ལྔ་ཡི་མཆོད་པས་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་ཡམས་ནད་རིམས་ནད་ཟློག །ཧཱུྃ། ལས་ཀྱི་ཡུམ་ཆེན་མི་བཟད་མ། །གསོད་བྱེད་རྩ་འཇིབ་ལས་ཀྱི་མཁའ་འགྲོ་མ། །ཤ་ཟ་ཁྲག་འཐུང་ཙཎྜི་ཀ་དང་བཞི། །ནག་མོ་རབ་འཇིགས་མུན་པའི་མདོག །ཁྲག་ཞིག་རུས་པས་ལུས་ལ་བརྒྱན། །སྤྱན་གསུམ་སྐུ་གྲོལ་མཆེ་བ་གཙིགས། །ཁྲག་གི་དྲི་ཚོར་སྐན་རྡེབ་མ། །ཞལ་གཅིག་ཕྱག་བཞི་གཡས་པ་ན། །རལ་གྲི་ཏྲི་ཤུ་དགྲ་ལ་འདེབས། །གཡོན་པས་མདའ་གཞུ་ཐོད་ཁྲག་འཛིན། །རང་འདྲ་མ་མོ་འབུམ་གྱིས་བསྐོར། །མ་མོ་བདུད་ཀྱི་ཚོགས་བཅས་རྣམས། །བཀའ་སྡོད་ལས་ཀྱི་མགོན་པོ་ཡི། །སྦྱོར་དང་སྒྲོལ་བའི་ཡུམ་ཡིན་ཕྱིར། །གསོད་བྱེད་མཁའ་འགྲོ་བརྒྱད་ཀྱི་ཐུགས་དམ་བསྐང་། །ཡང་འཁོར་མ་མོ་འབུམ་གྱི་ཐུགས་དམ་བསྐང་། །ཤ་ཁྲག་དམར་གྱི་གཏོར་


CMR027_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་རིམས་ནད་དལ་ཡམས་ཟློག །ཧཱུྃ། ཁྲག་འཐུང་ནག་པོ་བྱ་རོག་མཚན་ཅན་ལ། །ལས་མཛད་མཁའ་འགྲོ་དྲུག་གིས་བསྐོར་བ་ནི། །བར་ཆད་འབྱུང་པོའི་ཚོགས་རྣམས་འདུལ་བ་དང་། །དགྲ་བགེགས་སྲོག་ལ་དབང་སྒྱུར་བྱེད་པའི་ཕྱིར། །འཇིག་རྟེན་འདས་དང་མ་འདས་མཁའ་འགྲོ་དྲུག །སྐུ་མདོག་ནག་མོ་མུན་པའི་མདངས། །སྤྱན་གསུམ་སྐུ་གྲོལ་གཅེར་བུ་སྟེ། །ཐལ་ཆེན་རཀྟས་ལུས་བྱུགས་ཤིང་། །རུས་རྒྱན་ཐོད་ཕྲེང་དོ་ཤལ་ཅན། །གཡས་པས་སྲོག་གི་སྤུ་གྲི་སྟེ། །གདུག་པའི་མཚོན་ཆ་གྲི་གུག་ཕྱར། །གཡོན་ན་ཁྲག་གི་ཐོད་པ་འཛིན། །ཞལ་དུ་གསོལ་ཞིང་ཕྱོགས་བཅུར་འཐོར། །ངན་སྔགས་གདུག་པའི་རང་སྒྲ་དི་རི་རི། །འཇིགས་པའི་ཆ་བྱད་ཤམས་སེ་ཤམ། །རང་འདྲ་མ་མོ་བྱེ་བས་བསྐོར། །འཇིགས་པའི་བཤུད་སྒྲ་དི་རི་རི། །སྙན་པའི་གླུ་ལེན་ཀྱུ་རུ་རུ། །བྱ་གཅན་གདུག་པའི་ང་རོ་ཏི་རི་རི། །བར་ཆད་འབྱུང་པོ་འདུལ་བ་དང་། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར། །ལས་མཁན་མཁའ་འགྲོ་དྲུག་གི་ཐུགས་དམ་བསྐང་། །


CMR027_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་སོལ་ལ་རྐྱེན་རྣམས་ཟློག །མཁའ་འགྲོའི་ཁྲག་ནད་ཐམས་ཅད་ཟློག །ཤ་ཁྲག་དམར་གྱི་གཏོར་མ་དང་། །ཤ་སྣ་སྙིང་སྣ་ཁྲག་སྣ་ཡིས། །ལས་བྱེད་མཁའ་འགྲོ་དྲུག་གི་ཐུགས་དམ་བསྐང་། །ཡམས་ནད་དམ་ཉམས་དགྲ་བོའི་སྟེང་དུ་ཕོབ། །ཧཱུྃ། ཁྲག་འཐུང་ནག་པོ་བྱ་རོག་མཚན་ཅན་ལ། །ནང་འཁོར་ལྷ་མོ་བརྒྱད་ཀྱིས་བསྐོར་བ་ནི། །བྷྱོ་ཤར་ཕྱོགས་མ་མོ་བྱ་རྒོད་གདོང་། །རབ་གཏུམ་མཁའ་འགྲོ་འཇིགས་པའི་གཟུགས། །སྐུ་ལ་ཐོད་རློན་རུས་པས་བརྒྱན། །ཕྱག་ན་གྲི་གུག་ཐོད་ཁྲག་ཐོགས། །རོ་ཡི་གདན་ལ་གཡས་བརྐྱང་གར་གྱིས་བཞུགས། །རང་འདྲའི་མ་མོ་བྱེ་བས་བསྐོར། །བྱ་རྒོད་གདོང་ཅན་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ཤར་གྱི་ཕྱོགས་ཀྱི་དགྲ་བགེགས་ཟློག །བྷྱོ། བྱང་ཕྱོགས་མ་མོ་ཁྱུང་གི་གདོང་། །མ་མོ་རབ་གཏུམ་བཞད་པའི་གད་རྒྱངས་ཅན། །གྲི་གུག་ཐོད་ཁྲག་ལག་ན་ཐོགས། །ཐོད་ཕྲེང་དོ་ཤལ་རུས་པའི་རྒྱན་ཆ་ཅན། །རོ་ཡི་གདན་ལ་གཡས་བརྐྱང་གར་གྱིས་བཞུགས། །རང་འདྲའི་མ་མོ་བྱེ་བས་བསྐོར། །ཁྱུང་གི་གདོང་ཅན་ཐུགས་དམ་བསྐང་། །བར་ཆད་སོལ་


CMR027_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྐྱེན་རྣམས་ཟློག །བྱང་གི་ཕྱོགས་ཀྱི་དགྲ་བགེགས་ཟློག །བྷྱོ། ནུབ་ཕྱོགས་མ་མོ་ཁྭ་ཏའི་གདོང་། །གདུག་པའི་གད་རྒྱངས་ཕཊ་སྒྲ་སྒྲོགས། །ཐོད་ཕྲེང་རུས་པའི་རྒྱན་དང་ལྡན། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །རོ་ཡི་གདན་ལ་གཡས་བརྐྱང་གར་གྱིས་བཞུགས། །རང་འདྲའི་མ་མོ་བྱེ་བས་བསྐོར། །ཁྭ་ཏའི་གདོང་ཅན་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་ཟློག །བྷྱོ། ལྷོ་ཕྱོགས་མ་མོ་འུག་པའི་གདོང་། །དབང་སྡུད་མ་མོ་ཧཱུྃ་གི་སྒྲ་སྒྲོགས་མ། །ཐོད་ཕྲེང་རུས་པའི་སྐུ་ལ་རྒྱན། །གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས། །རོ་ཡི་གདན་ལ་གཡས་བརྐྱང་གར་གྱིས་བཞུགས། །རང་འདྲའི་མ་མོ་བྱེ་བས་བསྐོར། །འུག་པའི་གདོང་ཅན་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་ཟློག །བྷྱོ། ཤར་ལྷོ་མཚམས་ཀྱི་ལྷ་མོ་ནི། །མི་ཟད་མ་མོ་ཕག་གི་གདོང་། །བློ་ཡི་ང་རོའི་སྒྲ་སྒྲོགས་མ། །སྐུ་ལ་ཐོད་ཕྲེང་རུས་པས་བརྒྱན། །ལག་ན་གྲི་གུག་ཐོད་ཁྲག་ཐོགས། །རོ་ཡི་གདན་ལ་གཡས་བརྐྱང་གར་གྱིས་བཞུགས། །


CMR027_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

རང་འདྲའི་མ་མོ་བྱེ་བས་བསྐོར། །ཕག་གི་གདོང་ཅན་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ཤར་ལྷོ་མཚམས་ཀྱི་དགྲ་བགེགས་ཟློག །བྷྱོ། །མཚམས་ཀྱི་མ་མོ་ནི། །རྟོག་འཇོམས་མ་མོ་ཁྱི་ཡི་གདོང་། །ཧ་ཧ་ཞེས་སྒྲོགས་འཇིགས་པར་བྱེད། །ཐོད་ཕྲེང་རུས་པས་སྐུ་ལ་རྒྱན། །ལག་ན་གྲི་གུག་ཐོད་ཁྲག་ཐོགས། །རོ་ཡི་གདན་ལ་གཡས་བརྐྱང་གར་གྱིས་བཞུགས། །རང་འདྲའི་མ་མོ་བྱེ་བས་བསྐོར། །ཁྱི་ཡི་གདོང་ཅན་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་ཟློག །བྷྱོ། ནུབ་བྱང་མཚམས་ཀྱི་མ་མོ་ནི། །ཤ་ཁྲག་ཟ་བྱེད་སྤྱང་ཀའི་གདོང་། །ཧུ་ལུའི་སྒྲ་སྒྲོགས་མཁའ་འགྲོའི་ཚོགས། །སྐུ་ལ་ཐོད་ཕྲེང་རུས་པས་རྒྱན། །ལག་ན་གྲི་གུག་ཐོད་ཁྲག་ཐོགས། །རོ་ཡི་གདན་ལ་གཡས་བརྐྱང་གར་གྱིས་བཞུགས། །རང་འདྲའི་མ་མོ་བྱེ་བས་བསྐོར། །སྤྱང་གདོང་མ་ཡི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ནུབ་བྱང་མཚམས་ཀྱི་དགྲ་བགེགས་ཟློག །བྷྱོ། བྱང་ཤར་མཚམས་ཀྱི་ལྷ་མོ་ནི། །རབ་གཏུམ་མཁའ་འགྲོ་སྟག་གི་


CMR027_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་། །རུ་ལུའི་སྒྲ་སྒྲོགས་མཁའ་འགྲོ་མ། །སྐུ་ལ་ཐོད་ཕྲེང་རུས་པས་བརྒྱན། །ཕྱག་ན་གྲི་གུག་ཐོད་ཁྲག་ཐོགས། །རོ་ཡི་གདན་ལ་གཡས་བརྐྱང་གར་གྱིས་བཞུགས། །རང་འདྲའི་མ་མོ་བྱེ་བས་བསྐོར། །སྟག་གདོང་མ་ཡི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བྱང་ཤར་མཚམས་ཀྱི་དགྲ་བགེགས་ཟློག་ཕྱོགས་མཚམས་དབང་དུ་སྡུད་པའི་ཕྱིར། །ནང་འཁོར་མ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ལྟས་ངན་མི་ཁ་བྲ་མཆུ་ཟློག །སྣ་ཚོགས་མཆོད་པ་དམར་གྱི་གཏོར་མ་དང་། །ཤ་སྣ་སྙིང་སྣ་ཁྲག་སྣ་ཡི། །ཕྱོགས་མཚམས་ལྷ་མོ་བརྒྱད་ཀྱི་ཐུགས་དམ་བསྐང་། །ཕྱོགས་མཚམས་བརྒྱད་ཀྱི་གདོན་ཚོགས་ཟློག ། ཕྱོགས་མཚམས་དབང་དུ་བསྡུད་པའི་ཕྱིར། །མཁའ་འགྲོ་བརྒྱད་ཀྱིས་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཁྲག་འཐུང་ནག་པོ་བྱ་རོག་མཚན་ཅན་ལ། །ཡོན་ཏན་འཁོར་ཚོགས་མཁའ་འགྲོས་བསྐོར་བ་ནི། །ཡེ་ཤེས་མཁའ་འགྲོ་རྡོ་རྗེ་མཁའ་འགྲོ་དང་། །རིན་ཆེན་མཁའ་འགྲོ་པདྨ་མཁའ་འགྲོ་དང་། །ལས་ཀྱི་མཁའ་འགྲོ་སྣ་ཚོགས་མཁའ་འགྲོ་དང་། །


CMR027_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་མཁའ་འགྲོ་རེ་རེའང་བྱེ་བ་འབུམ། །མཁའ་འགྲོ་བསམ་མི་ཁྱབ་པའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །མཁའ་འགྲོའི་བཀའ་ཆད་སུན་མ་ཟློག །སྣ་ཚོགས་ཕྲིན་ལས་སྐུ་མདོག་འདི་ལྟ་སྟེ། །དཀར་སེར་དམར་ལྗང་སྔོ་སྐྱ་དུད་པའི་མདོག །སྣ་ཚོགས་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །དུས་མིན་འཆི་བ་ཐམས་ཅད་ཟློག །སྣ་ཚོགས་ཕྱག་མཚན་རྣམ་པ་ཅི་ཡང་བསྣམས། །གྲི་ཐོད་ཁ་ཊཾ་ལྕགས་ཀྱུ་ཞགས་པ་ཐོགས། །བསྟན་སྲུང་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །དུས་མིན་འཆི་བ་ཐམས་ཅད་ཟློག །དཔའ་བོ་ཌཱ་ཀིའི་སུན་མ་ཟློག །སྐུ་ཡི་ཆ་ལུགས་སྣ་ཚོགས་ཏེ། །བརྡ་ཡི་ཕྱག་རྒྱ་གར་བསྒྱུར་རྡོ་རྗེའི་འགྲོས། །མེ་ཏོག་རིན་ཆེན་རུས་པའི་རྒྱན་ཆ་ཅན། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་ལྟར་བྱམས་པའི་ཚུལ་གྱིས་ལས་མཛད་མ། །ཡོན་ཏན་འཁོར་ཚོགས་ཕྱི་ནང་མཁའ་འགྲོའི་ཚོགས། །ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི། །


CMR027_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པས་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །མཁའ་འགྲོའི་རྒྱུ་གཟེར་སྡང་བའི་དགྲ་ལ་བྷྱོ། །མ་མོའི་དལ་ཡམས་གནོད་པའི་བགེགས་ལ་བྷྱོ། །ཧཱུྃ། དུར་ཁྲོད་གནས་བརྒྱད་ཁྲག་གི་རྦ་ཀློང་འཁྱིལ་པའི་དབུས། །ཁྲག་འཐུང་ནག་པོ་བྱ་རོག་མཚན་ཅན་ལ། །ཐུགས་འཁོར་མ་མོ་བྱེ་བས་བསྐོར་བ་ནི། །ཕྱོགས་བཅུར་གནས་པའི་མཁའ་འགྲོ་འབུམ་ཕྲག་བཅུ། །དཀར་སེར་དམར་ལྗང་སྔོ་ནག་སེར་ནག་འབུམ། །སྨུག་ནག་ལྗང་ནག་མཐིང་ནག་སྣ་ཚོགས་འབུམ། །དུར་ཁྲོད་ཆེས་བརྒྱད་རེ་ལྡེ་དར་ནག་གསོལ། །ཁྲམ་ཤིང་རྩིས་བྱང་ནད་རྐྱལ་ཚོན་གྲུག་བསྣམས། །བོང་བུ་དྲེའུ་འབྲུག་དང་བྱ་རྒོད་ཆིབས། །སྣ་ཚོགས་རྫུ་འཕྲུལ་ཕྲིན་ལས་ཀུན་མཛད་མ། །ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཕྱིར། །ཐུགས་འཁོར་མ་མོའི་ཚོགས་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །རིམས་ནད་དལ་ཡམས་ཐམས་ཅད་ཟློག །མཆོད་པའི་ཡོ་བྱད་སྣ་ཚོགས་གཏོར་མ་དང་། །ཞལ་ཟས་ཚོགས་ཀྱི་གཏོར་མ་དང་། །ཚོགས་དང་


CMR027_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །བདུད་རྩི་དང་ནི་རཀྟ་དང་། །ཚིལ་ཆེན་མར་མེ་གསུར་ཆེན་དུད། །བྷནྡྷ་རྔ་དང་རྐང་དུང་གིས། །ཐུགས་འཁོར་མ་མོ་བྱེ་བའི་ཐུགས་དམ་བསྐང་། །མ་མོའི་དལ་ཡམས་སྡང་བའི་དགྲ་ལ་ཟློག །མཐུ་སྒྲུབ་གཏད་ཁྲོམ་བསྒྱུར་བའི་དུས་ལ་བབ། །མེ་ལྕེ་འབར་བའི་རྒྱུད།་ཤན་པ་ནག་མོའི་རྒྱུད། །དུད་སོལ་ནག་མོའི་རྒྱུད་རྣམས་ནས་བཏུས་སོ།། ཧཱུྃ། སྔོན་ཚེ་བཟློག་པ་གང་ནས་བྱུང་། །ལྷ་དང་ལྷ་མིན་འཐབ་པའི་ཚེ། །བྱི་ནུ་ར་ཙའི་དཔྲལ་བ་ནས། །ལྷ་མོ་ཆེན་མོ་ཨུ་མ་འཁྲུངས། །དེ་ལ་རྫུ་འཕྲུལ་མེ་འབར་བས། །མེ་དུད་ཐལ་སོལ་རྣམ་བཞི་ལས། །སྤྲུལ་པའི་ལྷ་མོ་མཆེད་བཞི་བྱུང་། །དགྱེས་པ་རྡོ་རྗེའི་སྒོ་བཞི་བསྲུང་། །ལྷ་མིན་མུ་སྟེགས་དམག་ཚོགས་ཟློག །དེ་ནས་བཟློག་པ་གང་ནས་བྱུང་། །ལྷ་དང་ལྷ་མིན་འཐབ་ཙ་ན། །ལྷ་མིན་ཁྲག་གི་ཐིགས་པ་ལས། །བདུད་དམག་སྟོང་ཕྲག་བཅུ་རེ་འཕེལ། །ལྷ་ཡི་ཁྲག་ལ་དམག་མ་འཕེལ། །ལྷ་ཆེན་དབང་ཕྱུག་ཨུ་མ་གཉིས། །སྦྱོར་བས་ལྷ་མོ་ཆེན་མོ་འཁྲུངས། །ལྷ་མོའི་ཕྱག་མཚན་རལ་གྲི་ཡིས། །ལྷ་མིན་ཧེ་རུའི་མགོ་བོ་བཅད། །སྐེ་


CMR027_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འཇིབ་པས་རྩ་འཇིབ་མ། །ཐོད་པས་ལྷ་མིན་ཁྲག་རྣམས་འཐུང་། །ཁྲག་རྣམས་སྐེམ་པས་དམག་མ་འཕེལ། །ལྷ་མིན་བདུད་ཀྱི་དཔུང་ཚོགས་ཟློག །དེ་ནས་བཟློག་པ་གར་སྲིད་ན། །རྗེ་མོ་ལྷ་མོ་བོང་ཞོན་མ། །ཁོལ་མོ་དྲེལ་ཞོན་རི་མ་ཏི། །དཔོན་གཡོག་ནམ་ཡང་འབྲལ་མེད་པའི་། །ཕྲིན་ལས་གཅིག་ཏུ་སྨོན་ལམ་བཏབ། །མཁའ་འགྲོ་མ་མོ་ཀུན་གྱིས་བསྐོར། །ལྷ་མོ་སྲིན་པོའི་ཡུལ་དུ་ཆས། །སྲིན་པོའི་དམག་ཚོགས་ཐམས་ཅད་ཟློག །ཡཀཱ་ཁོ་རང་ཐོག་གིས་བསད། །ལྷ་མོ་བདུད་ཀྱི་ཡུལ་དུ་ཆས། །བདུད་དམག་བྱེ་བ་འབུམ་སྡེ་ཟློག །མ་ཏྲཾ་རུ་ཏྲའི་གློ་སྙིང་བྱུང་། །ལྷ་མོ་ཐེའུ་རང་ཡུལ་དུ་ཆས། །འབྱུང་པོ་ཐེའུ་རང་ཐམས་ཅད་ཟློག །མང་སྣ་ཨུ་བེར་ཁོག་པ་བསྒྲལ། །སྔོན་དུས་དེ་ལྟར་བཟློག་པ་ལྟར། །སྣང་ཞིང་སྲིད་པའི་བློ་བཟློག་མཁན། །ལྷ་མོ་དཔོན་གཡོག་ཁྱེད་རྣམས་ཡིན། །འདི་མེ་ལྕེ་འབར་བའི་རྒྱུད་གཞུང་ཞིག་ལགས་སོ། ། བྷྱོ་རྡོ་རྗེ་གར་གྱི་སྐག་བཟློག་མ། །ཤར་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག་།བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །རིན་ཆེན་གར་གྱིས་


CMR027_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

སྐག་ཟློག་མ། །ལྷོ་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །པདྨ་གར་གྱི་སྐག་ཟློག་མ། །ནུབ་ཕྱོགས་གདོན་གྱི་སྐག་ཟློག་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག་།བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ལས་ཀྱི་གར་གྱི་སྐག་ཟློག་མ། །བྱང་ཕྱོགས་གདོན་གྱི་སྐག་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །གཞན་གྱིས་ཕུར་ཆེན་འདེབས་པ་ཟློག །ཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །གཤིན་རྗེས་འཁོར་ལོ་བསྐོར་བ་ཟློག །བདུད་ཀྱིས་ཁྲོམ་ལ་བཏབ་པ་ཟློག །མ་མོས་ཐུན་ཟོར་འཕེན་པ་ཟློག །ཀླུ་ཡིས་བྱེད་དུ་བཅུག་པ་ཟློག །ཕོ་ཉས་བླ་སྲོག་འཕྲོག་པ་ཟློག ། ཐེའུ་རང་ཚེ་ལ་བརྐུ་བ་ཟློག །མུ་སྟེགས་བར་ཆད་བྱེད་པ་ཟློག །ཞང་ཞུང་ཇོ་དམར་འཕེན་པ་ཟློག །བོན་པོས་སྔགས་ལོག་སྒྲུབ་པ་ཟློག །སུམ་པས་གླང་ཟོར་འཕེན་པ་ཟློག །སྐྱེས་པས་མདའ་ཟོར་འཕེན་པ་ཟློག །བུད་མེད་དམོད་ཟོར་འཕེན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །བགེགས་


CMR027_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ཧཱུྃ། སྣང་སྟོང་ཐུགས་ཀྱི་དབྱིངས་ནས་སྤྲུལ་པ་ནི། །བསྟན་པའི་བཀའ་སྲུང་ལེགས་ལྡན་ནག་པོ་སྟེ། །མི་བཟད་ལྷ་ཆེན་དཔལ་འབར་རྔམ་པའི་སྐུ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྟག་གི་སྨ་ར་མེ་ལྟར་འབར། །སྤྱན་གསུམ་སྡང་མིག་བསྟན་པའི་བྱ་ར་མཛད། །དབུ་སྐྲ་དམར་སེར་ཐོད་ཕྲེང་རུས་པས་བརྒྱན། །ལེ་བརྒན་དར་གྱི་ཅོད་པན་དུ་རུ་རུ། །རབ་འཇིགས་སྐུ་ལ་བརྗིད་པའི་བེར་ཆེན་གསོལ། །གསེར་སྐད་རིན་ཆེན་འབར་བ་སྐེད་ལ་བཅིངས། །ཞབས་གཉིས་བརྐྱང་བསྐུམ་ཉི་ཟླའི་གདན་ལ་བཞུགས། །ཕྱག་ན་ཙནྡན་བེང་ཆེན་བསྣམས་པ་ནི། །སྤྲུལ་པའི་ལྷ་དམག་ཉི་ཁྲི་ཆིག་སྟོང་འགྱེད། །མདུན་ན་ཁྱུང་ཆེན་བྱ་ཁྲ་ལྡིང་། །སྟག་གཟིག་དོམ་དྲེད་ཕྱི་ནས་འགྲོ། །ལྷ་དམག་འབུམ་གྱི་དབུས་ན་འགྱིང་། །བཀའ་སྡོད་ཕྱག་བརྙན་ཕོ་ཉའི་ཚོགས། །སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས། །བསྟན་པ་བསྲུང་ཞིང་ཕྲིན་ལས་བསྒྲུབ་པའི་ཕྱིར། །ཐུགས་ཀྱི་སྤྲུལ་པ་


CMR027_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ལྡན་ནག་པོ་ལ། །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་འདིས། །ལེགས་ལྡན་ནག་པོའི་ལྷ་ཚོགས་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་སྲིད་པའི་གཡོས་ཆེན་ཟློག །ལྷ་དམག་དུང་ཕྱུར་སྡང་བའི་དགྲ་ལ་བྷྱོ། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ཐུགས་ལས་སྤྲུལ་པའི་མགོན་པོ་ནག་པོ་ནི། །བདུད་འདུལ་དམག་དཔོན་ཆེན་པོ་བརྒྱད། །ཤར་ནས་སྤྲུལ་པའི་ཕོ་ཉ་ནི། །བཀའ་སྡོད་ལེགས་ལྡན་སེང་གེའི་གདོང་། །ཕྱག་ན་ཙནྡན་བེང་ཆེན་བསྣམས། །སྐུ་ལ་དར་ནག་འཇོལ་བེར་གསོལ། །གཙང་རིས་མགོན་པོ་འབུམ་གྱིས་བསྐོར། །བདུད་འདུལ་ཙནྡན་བེང་ཆེན་ནས། །ལྷ་དམག་བྱེ་བ་དུང་ཕྱུར་ནི། །བ་དན་དཀར་པོ་དངུལ་ཁྲབ་ཅན། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །མགོན་པོའི་དམག་སྣ་དགྲ་ལ་སྒྱུར། །ལྷོ་ནས་སྤྲུལ་པའི་ཕོ་ཉ་ནི་། །བཀའ་སྡོད་ལེགས་ལྡན་སྟག་གི་གདོང་། །ཕྱག་ན་གསེར་གྱི་བེང་ཆེན་བསྣམས། །སྐུ་ལ་དར་ནག་བེར་ཆེན་གསོལ། །བདུད་རིགས་མགོན་པོ་འབུམ་གྱིས་བསྐོར། །


CMR027_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་བྱེད་གསེར་གྱི་བེང་ཆེན་ནས། །བརྒྱད་ཁྲི་བཞི་སྟོང་གསེར་ཁྲབ་ཅན། །བ་དན་མཐིང་ནག་འབར་བ་བསྣམས། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བདུད་ཀྱི་དམག་སྣ་དགྲ་ལ་སྒྱུར། །ནུབ་ནས་སྤྲུལ་པའི་ཕོ་ཉ་ནི། །བཀའ་སྡོད་ལེགས་ལྡན་ལྕེ་སྤྱང་གདོང་། །ཆུ་དར་སྔོན་མོ་སྐུ་ལ་གསོལ། །ཕྱག་ན་ལྕགས་ཀྱི་བེང་ཆེན་བསྣམས། །གཉན་རིགས་མགོན་པོ་འབུམ་གྱིས་བསྐོར། །སྒྲོལ་བྱེད་ལྕགས་ཀྱི་བེང་ཆེན་ནས། །དྲུག་ཁྲི་བཞི་སྟོང་ཟངས་ཁྲབ་ཅན། །བ་དན་མེ་ལྟར་འབར་བ་ཐོགས། །འཁོར་བཅོས་ཁྱོད་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །གཉན་གྱི་དམག་ཚོགས་དགྲ་ལ་སྒྱུར། །བྱང་ནས་སྤྲུལ་པའི་ཕོ་ཉ་ནི། །བཀའ་སྡོད་ལེགས་ལྡན་དོམ་གྱི་གདོང་། །ཕྱག་ན་ཟངས་ཀྱི་བེང་ཆེན་བསྣམས། །སྐུ་ལ་མཐའ་བེར་སྨུག་པོ་གསོལ། །གཟའ་རིགས་མགོན་པོ་འབུམ་གྱིས་བསྐོར། །གསོད་བྱེད་ཟངས་ཀྱི་བེང་ཆེན་ནས། །བཞི་ཁྲི་སུམ་སྟོང་ལྕགས་ཁྲབ་ཅན། །བ་དན་གཡུ་ལྟར་སྔོ་བ་ཐོགས། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་


CMR027_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །གཟའ་ཡི་དམག་ཚོགས་དགྲ་ལ་དྲོངས། །བྱང་ཤར་མཚམས་ནས་སྤྲུལ་པའི་ཕོ་ཉ་ནི། །བཀའ་སྡོད་ལེགས་ལྡན་གཟིག་གི་གདོང་། །ཕྱག་ན་བསེ་ཡི་བེང་ཆེན་བསྣམས། །སྐུ་ལ་ཡང་ཤེ་སྔོན་པོ་གསོལ། །ལྷ་རིགས་མགོན་པོ་འབུམ་གྱིས་བསྐོར། །གཏོར་བྱེད་བསེ་ཡི་བེང་ནང་ནས། །སུམ་ཁྲི་།སུམ་སྟོང་བསེ་ཁྲབ་ཅན། །བ་དན་དུང་ལྟར་དཀར་བ་ཐོགས། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ལྷ་ཡི་དམག་ཚོགས་དགྲ་ལ་སྒྱུར་། །ཤར་ལྷོ་མཚམས་ནས་སྤྲུལ་པའི་ཕོ་ཉ་ནི། །བཀའ་སྡོད་ལེགས་ལྡན་སྤྲེའུ་གདོང་། །ཕྱག་ན་ཤེལ་གྱི་བེང་ཆེན་བསྣམས། །སྐུ་ལ་ཤེལ་གྱི་འཇོལ་བེར་གསོལ། །རྒྱལ་རིགས་མགོན་པོ་འབུམ་གྱིས་བསྐོར། །སྨྱོ་བྱེད་ཤེལ་གྱི་བེང་ནང་ནས། །འབུམ་ཁྲི་བཞི་སྟོང་དུང་ཁྲབ་ཅནོ། །བ་དན་གསེར་ལྟར་སེར་བ་ཐོགས། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །རྒྱལ་པོའི་དམག་ཚོགས་དགྲ་ལ་སྒྱུར། །ལྷོ་ནུབ་མཚམས་ནས་སྤྲུལ་པའི་ཕོ་ཉ་ནི། །བཀའ་སྡོད་ལེགས་ལྡན་དྲེད་ཀྱི་


CMR027_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་། །ཕྱག་ན་མཆོང་གི་བེང་ཆེན་ཐོགས། །སྐུ་ལ་བེར་སྨུག་འཇོལ་བེར་གསོལ། །གཤིན་རྗེའི་མགོན་པོ་འབུམ་གྱིས་བསྐོར། །གསོད་བྱེད་མཆོང་གི་བེང་ནང་ནས། །སུམ་ཁྲི་བཞི་སྟོང་དུང་ཁྲབ་ཅན། །བ་དན་དམར་ནག་འབར་བ་བསྣམས། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །གཤིན་རྗེའི་དམག་ཚོགས་དགྲ་ལ་བསྒྱུར། །ནུབ་བྱང་མཚམས་ནས་སྤྲུལ་པའི་ཕོ་ཉ་ནི། །བཀའ་སྡོད་ལེགས་ལྡན་ཆུ་སྲིན་གདོང་། །ཕྱག་ན་རླུང་གི་བེང་ཆེན་བསྣམས། །སྐུ་ལ་དབལ་དར་དམར་ནག་གསོལ། །ཀླུ་བདུད་མགོན་པོ་འབུམ་གྱིས་བསྐོར། །རླག་བྱེད་རླུང་གི་བེང་ནང་ནས། །སུམ་ཁྲི་བཞི་སྟོང་གཡུ་ཁྲབ་ཅན། །བ་དན་གློག་འགྱུ་ལྗང་བ་ཐོགས། །འཁོར་བཅས་ཁྱེད་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ཀླུ་བདུད་དམག་ཚོགས་དགྲ་ལ་སྒྱུར། །ཕྱོགས་བཞི་དང་ནི་མཚམས་བཞི་ནས། །སྤྲུལ་པའི་ལྷ་དམག་ཁྲབ་ཅན་ནི། །བྱེ་བ་འབུམ་ཕྲག་བརྒྱད་ཀྱི་ཚོགས། །བེར་ནག་ཕྱོགས་མདོག་ཚེམ་ཁྲབ་གསོལ། །མཚོན་ཆ་གློག་འོད་ཁྱུགས་སེ་ཁྱུག །ཀུ་བསོ་


CMR027_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་སྒྲ་དི་རི་རི། །ལྷ་དམག་ཚོགས་ཀྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །སྲིད་པའི་ཆག་ཆེན་གཡོས་ཆེན་ཟློག །བཟློག་བྱུང་འདི་ནི་ལེགས་ལྡན་མེ་ལྕེ་ཕྲེང་བའི་རྒྱུད་ནས་བཏུས་སོ།། ཧཱུྃ། སྔོན་ཚེ་བཟློག་པ་གང་ནས་བྱུང་། །སུམ་ཅུ་རྩ་གསུམ་ལྷ་གནས་ནས། །དཔག་བསམ་ཤིང་གི་འབྲས་བུ་ལ། །ལྷ་དང་ལྷ་མིན་འཐབ་པའི་ཚེ། །ལྷ་མིན་བདུད་ཀྱི་དཔུང་རྒྱས་ནས། །ལྷ་གནས་འཕྲོག་ནས་ཕོ་བྲང་བརྩེགས། །དེ་ཚེ་ལྷ་དབང་བརྒྱ་བྱིན་གྱིས། །འཛམ་གླིང་ལྷོ་ཡི་དུར་ཁྲོད་ནས། །ལེགས་ལྡན་ནག་པོ་སྤྱན་དྲངས་ནས། །ལྷ་ཡི་དམག་དཔོན་ཆེན་པོར་བསྐོས། །ལྷ་དམག་བྱེ་བ་བརྒྱད་ཅུ་སྤྲུལ། །ལྷ་མིན་གདུག་པའི་དམག་དཔུང་ཟློག །གྲོང་ཁྱེར་སུམ་བརྩེགས་གཏན་ནས་བརླག །དཀར་པོ་ལྷ་ཡི་རྒྱལ་སྲིད་རྒྱས། །སྔོན་དུས་དེ་ལྟར་བཟློག་པ་ལྟར། །ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །བཟློག་ཅིག་ཁྲོ་བོའི་དྲག་ཤུལ་ཟློག །གཤིན་རྗེའི་འཕྲུལ་འཁོར་བཟློག་ཏུ་གསོལ། །མ་མོའི་ཁྲག་ཟོར་བཟློག་ཏུ་གསོལ། །བལ་མོའི་ཚེ་ཟོར་བཟློག་ཏུ་གསོལ། །ཕུར་པའི་དབལ་ཟོར་བཟློག་ཏུ་གསོལ། །བདུད་ཀྱི་ཁྲམ་ཁ་བཟློག་ཏུ་གསོལ། །


CMR027_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

མུ་སྟེགས་པར་བུ་བཟློག་ཏུ་གསོལ། །དྲང་སྲོང་དམོད་པ་བཟློག་ཏུ་གསོལ། །ས་བདག་གཏད་ཁྲམ་བཟློག་ཏུ་གསོལ། །བལ་པོའི་དུག་མཚོན་བཟློག་ཏུ་གསོལ། །རོ་ལངས་དམོད་པ་བཟློག་ཏུ་གསོལ། །མགོན་པོའི་པར་བུ་བཟློག་ཏུ་གསོལ། །མོན་པའི་གཅེར་རྒྱུག་བཟློག་ཏུ་གསོལ། །རྒྱལ་པོའི་སྨྱོ་འབོག་བཟློག་ཏུ་གསོལ། །བཙན་གྱི་ཤྭ་རྒྱུག་བཟློག་ཏུ་གསོལ། །ས་བདག་འབྱུང་འཁྲུག་བཟློག་ཏུ་གསོལ། །མཁའ་འགྲོའི་ཁྲག་ནད་བཟློག་ཏུ་གསོལ། །གཟའ་སྐར་ངན་པའི་གདུག་གཟེར་དང་། །མ་བདུད་དལ་ཡམས་བཟློག་ཏུ་གསོལ། །རྒྱལ་འགོང་བཙན་བདུད་བྱིན་གྱིས་ཐུལ། །ཐེའུ་རང་འགོང་པོ་གཞོབ་ཏུ་བསྲེགས། །དགྲ་བགེགས་རང་གཤེད་རང་ལ་ཕོབ། །དམ་ཉམས་རང་མཚོན་རང་ལ་རྒྱོབ། །ཁས་བླངས་དམ་བཅས་མ་གཡེལ་ཅིག །བཟློག་གཞུང་འདི་ཀླུ་སྒྲུབ་ཀྱི་གསུངས་ཡིན་ནོ།། ཧཱུྃ། ཁྲག་འཐུང་ནག་པོ་ཆེན་པོ་སྟེ། །བདུད་འདུལ་བྱ་རོག་མཚན་ཅན་ལ། །བཀའ་སྡོད་མགོན་པོས་བསྐོར་བ་ནི། །གཡས་ན་ལས་མགོན་བྱ་རོག་གདོང་། །ཤར་ན་སྲོག་བདག་བྱ་རོག་གདོང་། །ལྷོ་ན་གཤིན་རྗེ་


CMR027_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་རོག་གདོང་། །ནུབ་ན་བཙན་མགོན་བྱ་རོག་གདོང་། །ཤར་ལྷོར་གིང་མགོན་བྱ་རོག་གདོང་། །ལྷོ་ནུབ་སྲིན་མགོན་བྱ་རོག་གདོང་། །ནུབ་བྱང་བདུད་མགོན་བྱ་རོག་གདོང་། །བྱང་ཤར་དགེ་བསྙེན་བྱ་རོག་གདོང་། །ཀུན་ཀྱང་རྔམ་པའི་སྒྲ་སྒྲོག་ཆར་སྤྲིན་མདོག །བྱང་ན་སྦས་པའི་གནོད་སྦྱིན་བྱ་རོག་གདོང་། །སྡོམ་བྱེད་མི་སྲུན་ལྗང་ནག་འཁྱིལ་བའི་མདོག །ཀུན་ཀྱང་ཁྲོ་ཞལ་རྡོ་རྗེའི་མཆུ་གཤོག་ཅན། །ཁྲོས་པའི་སྐུ་ལ་དུག་སྦྲུལ་ཐོད་པས་བརྒྱན། །རྔམ་པའི་ཞལ་ནས་ཧཱུྃ་ཕཊ་རབ་བསྒྲོགས་པས། །ལྷ་དང་བཅས་པའི་འཇིག་རྟེན་གཡོ་བར་བྱེད། །ཁྲོ་གཉེར་སྨིན་མ་གློག་ལྟར་རབ་ཏུ་འཁྲུག །སྡང་མིག་སྤྱན་གསུམ་གདུག་པའི་མེ་སྟག་འཕྲོ། །ཞལ་གདངས་ལྗགས་འདྲིལ་ཨག་ཚོམ་མེ་ལྟར་འབར་། །གནམ་ལྕགས་མཆུ་སྡེར་དགྲ་བགེགས་ཤ་ལ་རོལ། །རལ་པ་དམར་སེར་འབར་བས་བདུད་དཔུང་འདུལ། །ཐོད་སྐམ་རྡོ་རྗེ་བྱ་ཁྱུང་དབུ་ལ་བརྒྱན། །དར་ནག་ཅོད་པན་རབ་ཏུ་འཕུར། །བར་སྣང་བདུད་རྣམས་ལས་ལ་འགྱེད། །ཕྱག་གཡས་འབར་བའི་གྲི་གུག་ཕྱིར། །དམ་ཉམས་སྲོག་སྙིང་ཚལ་པར་འགེམ། །གཡོན་པས་ཐོད་པ་ཁྲག་


CMR027_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བསྣམས། །ལོག་འདྲེན་བདུད་ཀྱི་སྙིང་ཁྲག་འཐུང་། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །སྟག་ལྤགས་རློན་པའི་ཤམ་ཐབས་ཅན། །གཅན་གཟན་གདུག་པའི་ཕོ་ཉ་འགྱེད། །གྲུ་གསུམ་མཐིང་ནག་གདན་སྟེང་ནས། །ཞབས་གཉིས་བརྐྱང་བསྐུམ་དགྲ་བགེགས་གདན་ལ་བཞུགས། །རང་འདྲ་ནག་པོ་སྟོང་གིས་བསྐོར། །ཤ་ཟ་འབུམ་ནི་ཕོ་ཉར་འགྱེད། །མ་མོ་བྱེ་བ་ལས་ལ་བསྐུལ། །ཤ་ཟ་བྱ་རོག་འབུམ་ནི་ཀླད་ན་ལྡིང་། །ཁྲག་འཐུང་སྟག་གཟིག་འབུམ་ནི་ཕྱོགས་བཅུར་འགྱེད། །སྲོག་བདུད་ནག་པོ་འབུམ་གྱིས་བསྐོར། །བདུད་པོ་ནག་པོ་དགྲ་བོའི་སྙིང་ཁྲག་འཐུང་། །མགོན་པོའི་བཀའ་སྡོད་ཡིན་པའི་ཕྱིར། །བྱ་རོག་གདོང་ཅན་མཆེད་དགུའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་ཕོ་བདུད་གནོད་པ་ཟློག །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་ནི། །གཡག་ལུག་རྟ་དང་བྱ་རོག་ཁྱི་ནག་དང་། །བྱ་རྒོད་མདའ་དང་གྲི་རྒོད་སྙིང་ཆེན་གྱིས། །བདུད་མགོན་བྱ་རོག་གདོང་དགུའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བདུད་པོའི་དམག་


CMR027_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྡང་བའི་དགྲ་ལ་བྷྱོ། །ཧཱུྃ། ཁྲག་འཐུང་ནག་པོ་བྱ་རོག་མཚན་ཅན་གྱི། །ཕྲིན་ལས་སྐུ་ཡི་འཁོར་ཚོགས་ཏེ། །མགོན་པོ་སྟོང་གིས་བསྐོར་བ་ནི། །དཔའི་གཏུམ་རབ་འཇིགས་རྔམ་པའི་སྐུ། །བསྟན་སྲུང་ཕྲིན་ལས་མཛད་པའི་ཕྱིར། །སྐུ་མདོག་གཅིག་ཏུ་མ་ངེས་ཏེ། །སྣ་ཚོགས་མདོག་ཅན་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ལ་ལ་ཞལ་བརྒྱད་ཕྱག་བཅུ་དྲུག །ལ་ལ་ཞལ་བཞི་ཕྱག་བརྒྱད་དེ། །ལ་ལ་ཞལ་གསུམ་ཕྱག་དྲུག་པ། །ལ་ལ་ཞལ་གཅིག་ཕྱག་གཉིས་པ། །སྣ་ཚོགས་རྒྱན་དང་ཕྱག་མཚན་ཐོགས། །སྣ་ཚོགས་ཕྲིན་ལས་སྒྲུབ་བྱེད་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །རྣམ་འཕྲུལ་གཅིག་ཏུ་མ་ངེས་ཏེ། །ལ་ལ་རྫུ་འཕྲུལ་སྟོབས་དང་ལྡན། །སེང་གེ་གླང་ཆེན་སྟག་གཟིག་སོགས། །མ་ངེས་སྣ་ཚོགས་ཞོན་པ་ཆིབས། །གཟི་བརྗིད་སྟོབས་ཀྱི་བདུད་ཚོགས་ཟིལ་གྱིས་གནོན། །སྣ་ཚོགས་རྫུ་འཕྲུལ་ཕྲིན་ལས་ཐབས་ཀྱི་གཙོ། །བསྟན་པའི་བཀའ་སྲུང་རྣལ་འབྱོར་དམ་ཅན་སྐྱོང་། །སྐུ་ཡི་འཁོར་ཚོགས་མགོན་པོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །


CMR027_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཅིག་ཕོ་བདུད་མོ་བདུད་ཟློག །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །རཀྟ་དམར་དང་བདུད་རྩི་སྨན་རྣམས་ཀྱིས། །སྐུ་འཁོར་ནག་པོ་སྟོང་གི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ནག་པོའི་དམག་ཚོགས་སྡང་བའི་དགྲ་ལ་ཡ། །བཟློག་བྱུང་འདི་རྩ་བརྒྱུད་ཐུགས་རྗེ་འབྱུང་བ་ནས་བཏུས་སོ།། ཧཱུྃ། སྔོན་ཚེ་བཟློག་པ་གང་ནས་བྱུང་། །ལྷ་མིན་བདུད་དཔུང་འཇོམས་པའི་ཕྱིར། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །བྱ་རོག་གདོང་ཅན་སྤྱན་དྲངས་ནས། །སྤྲུལ་པའི་བྱ་རོག་གདོང་དགུ་དང་། །ཡང་སྤྲུལ་ལྷ་དམག་ས་ཡ་དང་། །དུང་ཕྱུར་བརྒྱད་ཁྲི་གསེར་ཁྲབ་ཅན། །རི་རབ་བྱང་ཤར་མཚམས་སུ་ཆས། །འཁོར་ཚོགས་བདུད་ཀྱི་དམག་ཚོགས་ནི། །བྱེ་བ་དུང་ཕྱུར་བཅས་པ་གཡོས། །ལྷ་མིན་ཞེ་སྡང་གཡུལ་ངོ་ཟློག །ལྷ་མིན་བདུད་ཀྱི་རྒྱལ་པོ་བརྒྱད། །མགོ་བཅད་ཐོད་པ་ཁྲག་བཀང་གསོལ། །ལྷ་མིན་དམག་ཚོགས་བརླགས་པར་བྱས། །སྔོན་དུས་དེ་ལྟར་བཟློག་པ་ལྟར། །བཟློག་པ་འདི་ནི་པཎྜི་ཏ་ཤྲཱི་བྷ་ཏྲའི་རྒྱ་གཞུང་ངོ་།། དམ་ཉམས་དགྲ་བགེགས་སྡིག་ཅན་གྱི། །རང་མཐུ་རང་ལ་


CMR027_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་མཛོད། །རང་ལྷ་རང་གི་གཤེད་དུ་ཕོབ། །རང་ནུས་རང་ལ་སྨིན་པར་མཛོད། །རང་མཚོན་རང་ལ་འཁོར་བར་མཛོད། །རང་སྲོག་རང་གིས་གཅོད་དུ་ཆུག །རང་ཤ་རང་གིས་ཟ་རུ་ཆུག །རང་ཁྲག་རང་གིས་འཐུང་དུ་ཆུག །གཤིན་རྗེའི་འཕྲུལ་འཁོར་བཟློག་ཏུ་གསོལ། །ཕུར་པའི་དབལ་བོར་བཟློག་ཏུ་གསོལ། །ཁྲོ་བོའི་དྲག་ཐུན་བཟློག་ཏུ་གསོལ། །མ་མགོན་པར་བུ་བཟློག་ཏུ་གསོལ། །རྒྱལ་པོའི་སྨྱོ་འབོག་བཟློག་ཏུ་གསོལ། །ཀླུ་ཡི་གཏད་ཁྲམ་བཟློག་ཏུ་གསོལ། །དམུ་ཡི་རྡོ་བ་བཟློག་ཏུ་གསོལ། །བཙན་གྱི་ཤྭ་རྒྱུག་བཟློག་ཏུ་གསོལ། །བལ་པོའི་དུག་ཚང་བཟློག་ཏུ་གསོལ། །མོན་པའི་གཅེར་རྒྱུག་བཟློག་ཏུ་གསོལ། །ཞང་ཞུང་ཛོ་དམར་བཟློག་ཏུ་གསོལ། །མུ་སྟེགས་དམོད་པ་བཟློག་ཏུ་གསོལ། །བོན་པོའི་དབལ་ཟོར་བཟློག་ཏུ་གསོལ། །ས་བདག་ཡམས་ནད་བཟློག་ཏུ་གསོལ། །བྱད་ཁ་ཕུར་ཁ་བཟློག་ཏུ་གསོལ། །དལ་ཁ་ཡམས་ཁ་བཟློག་ཏུ་གསོལ། །མི་ནད་ཕྱུགས་ནད་བཟློག་ཏུ་གསོལ། །སད་སེར་ལོ་ཉེས་བཟློག་ཏུ་གསོལ། །སྐལ་ངན་མུ་གེ་བཟློག་ཏུ་གསོལ། །འཐབ་རྩོད་འཁྲུག་ལོང་བཟློག་ཏུ་གསོལ། །


CMR027_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ། །ཧཱུྃ། ཁྲག་འཐུང་བྱ་རོག་མཚན་ཅན་གྱི། །ཕྱག་བརྙན་ནག་པོ་ཆེན་པོ་ནི། །ཤ་ཟ་རབ་འཇིགས་སེང་གེའི་གདོང་། །རབ་གཏུམ་ཁྲོས་པ་མུན་པའི་མདོག །གཟུགས་ཆེ་ཡན་ལག་རགས་པ་སྟེ། །ཁྲག་ཞག་ཐིག་ལེས་ལུས་ལ་བྱུག །དུག་སྦྲུལ་ཐོད་རློན་དོ་ཤལ་ཅན། །ཞལ་གདང་ལྗགས་འདྲིལ་རྔམ་པའི་གད་རྒྱངས་སྒྲོགས། །སྤྱན་གསུམ་སྡང་མིག་གདུག་པའི་མེ་ཏོག་འཕྲོ། །མི་བཟད་རལ་པ་སྤྲུག་པ་ཡིས། །དགྲ་བགེགས་ཕུང་བྱེད་གནམ་ལྕགས་ཐོག་སེར་འབེབས། །ལྕགས་ཀྱི་སྨྲ་ར་གདུག་པའི་ཚྭ་ཚྭ་འཕྲོ། །རྣོ་ལ་འཁྱོག་པའི་མཆེ་བ་གཙིགས། །དགྲ་བོའི་སྲོག་རྩ་འདྲེན་པར་བྱེད། །རྟག་ཏུ་ཤ་དང་ཁྲག་ལ་དགའ། །ཤ་ཟ་ཞིང་སྐྱོང་སྤྲུལ་པ་འགྱེད། །དམ་ཉམས་སྲོག་གི་སྤུ་གྲི་སྟེ། །གཡས་ན་འབར་བའི་གྲི་གུག་ཕྱིར། །སྡིག་ཅན་དགྲ་བོ་རྩད་ནས་གཅོད། །གསོད་བྱེད་རྔམ་པའི་ཆ་ལུགས་ཅན། །གཡོན་པས་ཐོད་པ་ཁྲག་བཀང་རྔུབ། །ཤ་ཟ་ནག་པོ་དམ་ཉམས་སྲོག་ལ་བརྩོན། །སྟག་གི་པགས་པའི་ཤམ་ཐབས་ལ། །དུག་སྦྲུལ་


CMR027_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པའི་སྐེ་རགས་བཅིངས། །གཅན་གཟན་གདུག་པའི་འཁོར་ཚོགས་ཀྱིས། །དགྲ་བགེགས་འགུགས་བྱེད་ཁྲག་འཐུང་ང་རོ་འབྱིན། །འཇིགས་སུ་རུང་བའི་མེ་དཔུང་ནི། །དམར་ནག་འཁྲུགས་པའི་ཀློང་དཀྱིལ་ནས། །པད་མ་ཉི་མའི་གདན་སྟེང་ན། །བརྐྱང་བསྐུམ་ཞབས་ཀྱིས་གདུག་པའི་དགྲ་བགེགས་གནོན། །ཚངས་རིགས་མགོན་པོ་འབུམ་གྱིས་བསྐོར། །བསྟན་པའི་བཀའ་སྲུང་སྤྲུལ་པ་སྣ་ཚོགས་འགྱེད། །ཤ་ཟ་འབུམ་གྱི་ཚོགས་དང་བཅས། །སྨྱོ་བྱེད་འབུམ་ནི་ལས་ལ་འགྱེད། །འཇིག་རྟེན་མཁའ་འགྲོ་འབུམ་གྱིས་ཁྲག་ནད་གཏོང་། །གཅན་གཟན་འབུམ་ནི་ཕྱི་ནས་འགྲོ། །བྱ་ནག་འབུམ་ནི་ཀླད་ན་ལྡིང་། །ཁྱི་ནག་འབུམ་ནི་ལོག་ནས་ཟུག །འཚུབ་ནག་འོད་ཕུང་ཝ་དང་སྤྲེའུ་དང་། །དོམ་དྲེད་ཆོ་འཕྲུལ་སྣ་ཚོགས་འགྱེད། །ཁྱོད་ཀྱི་སྤྲུལ་པས་བར་སྣང་ཁྱབ། །ཤན་པ་མི་ནག་མོན་པའི་ཚོགས། །ལག་ན་སྤུ་གྲི་གློ་སྙིང་འབྱིན། །དགྲ་བོའི་སྲོག་རྩ་གཅོད་པར་བྱེད། །གཅན་གཟན་ལྕེ་སྤྱང་དོམ་དྲེད་སོགས། །དགྲ་བོའི་བླ་ནས་འགུགས་པར་བྱེད། །བྱ་རོག་སྲིན་བྱ་འུག་པའི་ཚོགས། །ཉམས་པ་ལྷ་དང་ཕྲལ་བར་བྱེད། །སྲིན་པོ་དུས་


CMR027_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་ཨ་ཙ་ར། །ལྟས་ངན་སྨྱོ་འབོག་གཏོང་བར་བྱེད། །སྨན་མོ་འཇིག་རྟེན་མཁའ་འགྲོའི་ཚོགས། །དུད་ཁྲོད་བརྒྱད་ཀྱི་མགོ་བརྙན་ཅན། །ཤ་ཁྲག་ཞལ་དུ་སྟོབ་པར་བྱེད། །ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། །ཕྱག་བརྙན་མྱུར་མགྱོགས་ཆེན་པོ་སྟེ། །ཕྱག་བརྙན་ཡིན་ཕྱིར་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་ཆོག་ཆེན་ཉམ་ང་ཟློག །ཚོགས་དང་གཏོར་མ་མཐུན་པའི་རྫས། །ཕྱི་ནང་གསང་བའི་མཆོད་པ་དང་། །དར་གདུགས་ནག་པོའི་རྒྱལ་མཚོན་རྣམ་བཞི་དང་། །གཡག་ལུག་ནག་པོ་རྟ་ནག་དང་། །བྱ་རྒོད་མདའ་དང་གྲི་རྒོད་སྙིང་རྣམས་ཀྱིས། །ཕྱག་བརྙན་སེང་གདོང་ནག་པོའི་ཐུགས་དམ་བསྐང་། །བར་ཆད་ཐམས་ཅད་བཟློག་ཟླཏུ་གསོལ། །བསྟན་སྲུང་སེང་གདོང་མ་ཡི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །མྱུར་མགྱོགས་བམ་རོ་ཕོ་མོའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །སྲིན་མོ་སྟག་གདོང་མ་ཡི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་བན་ཁྱད་བོན་བྱད་ཟློག །བར་ཆད་ཐམས་ཅད་བཟློག་ཏུ་


CMR027_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ། །ཧཱུྃ། ཁྲག་འཐུང་ནག་པོ་བྱ་རོག་མཚན་ཅན་ལ། །ཞིང་སྐྱོང་ཆེན་པོ་སུམ་ཅུ་རྩ་གཉིས་དང་། །གསུང་འཁོར་ཤ་ཟ་འབུམ་གྱིས་བསྐོར་བ་ནི། །ཕྱོགས་མཚམས་དུར་ཁྲོད་བརྒྱད་ཀྱི་ཤིང་ཆེན་བརྒྱད། །ལོ་འབྲས་མེ་ཏོག་རབ་རྒྱས་ཆོས་སྒྲ་སྒྲོག །དེ་ལ་གནས་པའི་ཞིང་སྐྱོང་ཆེན་པོ་བརྒྱད། །ཤར་ནས་གླང་ཆེན་ཤར་ལྷོར་ར་ཡི་གདོང་། །ལྷོ་ན་མ་ཧེ་ལྷོ་ནུབ་སྲིན་པོའི་གདོང་། །ནུབ་ན་ཆུ་སྲིན་ནུབ་བྱང་ཤྭ་བའི་གདོང་། །བྱང་ན་རྟ་མཆོག་བྱང་ཤར་ཁྱུ་མཆོག་གདོང་། །ལུས་ཕྱེད་ཤིང་ནས་ཐོན་ཏེ་གྲི་ཐོད་འཛིན། །ཞིང་སྐྱོང་ཆེན་པོ་བརྒྱད་ཀྱི་ཐུགས་དམ་བསྐང་། །བར་ཆད་ཐམས་ཅད་བཟློག་ཏུ་གསོལ། །ཤ་ཟས་བླ་སྲོག་འཕྲོག་པ་ཟློག །གཞན་ཡང་ཡུལ་ཆེན་ཉི་ཤུ་རྩ་བཞི་ན། །དྲག་པོ་ཞིང་སྐྱོང་ཉི་ཤུ་རྩ་བཞི་ནི། །མཐིང་ནག་ཞལ་གཅིག་ཕྱག་བཞི་ཁྲོས་པའི་གཟུགས། །གྲི་ཐོད་ཌཱ་རུ་ཏྲི་ཤུལ་ཕྱག་ན་བསྣམས། །ཞིང་སྐྱོང་ཉི་ཤུ་རྩ་བཞིའི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །གནས་ཡུལ་དཔའ་བོ་མཁའ་འགྲོའི་སུན་མ་ཟློག །ཡང་འཁོར་ཤ་ཟ་བྱེ་བ་འབུམ། །སྣ་ཚོགས་རྫུ་


CMR027_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲུལ་མི་ཟད་པ། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ། །ཤ་ཁྲག་ཟ་ཞིང་རྒྱུག་པ་སྟེ། །བང་ནི་སྐད་ཅིག་གློག་ལྟར་འགྱུ། །འཇིགས་པའི་གཟུགས་ཀྱིས་དགྲ་བགེགས་སྒྲོལ། །འཇིགས་གཟུགས་གསུང་གི་འཁོར་ཚོགས་དགྲ་བགེགས་འཇོམས། །ཤ་ཟའི་ཚུལ་གྱི་གདུག་པ་ཚར་གཅོད་བསྟན་པ་སྲུང་། །ལས་མཁན་ཤ་ཟ་འབུམ་གྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་གོད་འདྲེ་ཤ་ཟ་ཟློག །ཚོགས་དང་གཏོར་མ་མཐུན་པའི་རྫ་ས། །ཕྱི་ནང་གསང་བའི་མཆོད་པ་དང་། །འདོད་པའི་ལོངས་སྤྱོད་མཆོད་པ་རྒྱ་ཆེན་གྱིས། །ལས་མཁན་ཤ་ཟ་འབུམ་གྱི་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ཤ་ཟའི་དམག་ཚོགས་སྡང་བའི་དགྲ་ལ་སྒྱུར། །ལས་མཁན་སྤྲུལ་པ་གནོད་པའི་བགེགས་ལ་བྷྱོ། །ཧཱུྃ། དཔལ་ལྡན་ཁྲག་འཐུང་བྱ་རོག་མཚན་ཅན་ལ། །སྤྲུལ་པ་དཔལ་མགོན་བདུན་ཅུས་བསྐོར་བ་ནི། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་ཆེན་པོ་བཅུ། །ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་གནོད་སྦྱིན་བརྒྱད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས། །སོ་སོའི་མཐུན་རྫས་


CMR027_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པས་ཐུགས་དམ་བསྐང་། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །བཟློག་ཅིག་འཇིག་རྟེན་གཡོ་འཁྲུག་ཟློག །སངས་རྒྱས་བསྟན་པ་སྲུང་མཛད་པའི། །དཔལ་མགོན་བདུན་ཅུའི་ཐུགས་དམ་བསྐང་བ་ནི། །དཀར་གསུམ་མངར་གསུམ་མེ་ཏོག་ཤིང་ཐོག་དང་། །འབྲུ་སྨན་རིན་ཆེན་སྣ་ལྔས་ཐུགས་དམ་བསྐང་། །རྣལ་འབྱོར་འཁོར་སྲུང་རྐྱེན་དང་བར་ཆད་ཟློག །མི་མཐུན་གནོད་པའི་ཕྱོགས་རྣམས་བཟློག་ཏུ་གསོལ། །ཧཱུྃ། སྔོན་ཚེ་བཟློག་པ་གང་ནས་བྱུང་། །རྒྱ་གར་རྡོ་རྗེ་གདན་དྲུང་དུ། །མུ་སྟེགས་དམག་ཚོགས་ལྷག་པའི་ཚེ། །སློབ་དཔོན་སེང་གེ་སྒྲ་སྒྲོགས་ཀྱིས། །སེང་གདོང་ཡབ་ཡུམ་ལས་ལ་བསྐུལ། །མུ་སྟེགས་དམག་ཚོགས་རྩད་ནས་ཟློག །མུ་སྟེགས་སྟོན་པ་བདུན་བརྒྱ་དེ། །གནམ་ལྕགས་དྲག་པོའི་ཐོག་གིས་བསད། །ངན་སྔགས་མཁན་པོ་ཁྲག་ཏུ་སྐྱུགས། །སྔོན་དུས་དེ་ལྟར་བཟློག་པ་ལྟར། །མགོན་པོ་སེང་གདོང་ཡབ་ཡུམ་དང་། །ཞིང་སྐྱོང་ཆེན་པོ་སུམ་ཅུ་གཉིས། །ཤ་ཟ་འབུམ་གྱི་ཚོགས་རྣམས་ཀྱིས། །ཤ་ཁྲག་གཏོར་མདོས་འདི་ལོངས་ལ། །དོ་ནུབ་བཟློག་པའི་དཔུང་ལ་ཆོས། །བཟློག་པ་འདི་ཀཾ་ཚང་གི་ཞིང་སྐྱོང་དང་འབྲུག་


CMR027_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་ཀྱི་ཕྱག་བཞི་པ་གཉིས་ཀ་ན་ཡོད་དེ། ཨོ་རྒྱན་གྱི་གསུངས་ཡིན་པ་འདྲའོ། །སྤྱན་སྔ་ཆོས་གྲགས་པས་མཛད་པ་ཡང་ཟེར། ཧཱུྃ། །བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་སྒྱུར། །ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །བྱད་ཁ་ཕུར་ཁ་དྲོད་གཏོང་དྲག་པོ་དང་། །ཚེ་ཟོར་རྦད་འདྲེ་ཡུངས་ཟོར་འཕེན་པ་ཟློག །ས་བདག་ཀླུ་ཡི་བྱེད་དུ་བཅུག་པ་ཟློག །ཐེའུ་རང་འབྱུང་པོའི་སྲི་རྐུན་ཐམས་ཅད་ཟློག །གཤིན་རྗེའི་འཁོར་ལོ་བདུད་ཀྱི་ཁྲམ་འདེབས་དང་། །མུ་སྟེགས་ངན་པས་བར་ཆད་བྱེད་པ་ཟློག །རྒྱལ་བསེན་རྣམས་ཀྱི་སྨྱོ་འབོག་གཏོང་བ་ཟློག །དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་ཟློག །ཞང་ཞུང་ཛོ་ཟོར་སུམ་པའི་གླང་ཟོར་ཟློག །བོན་པོ་རྣམས་ཀྱི་གཏོར་ཟོར་འཕེན་པ་ཟློག །བན་དེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་། །བུད་མེད་རྣམས་ཀྱི་དམོད་བོར་འཕེན་པ་ཟློག །བདུད་ཀྱི་གཤེད་བཞི་རོ་ལངས་འབྱུང་པོ་དང་། །མཁའ་འགྲོ་རྣམས་ཀྱི་ཁྲག་ནད་གཏོང་བ་ཟློག །མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན། །ལྟས་ངན་མི་རུང་བརྒྱད་ཅུ་


CMR027_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གཅིག་ཟློག །བཞི་བརྒྱ་རྩ་བཞིའི་མི་ནད་ཕྱུགས་ནད་དང་། །གདོན་རིགས་ཉི་ཁྲི་ཆིག་སྟོང་གནོད་པ་ཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་མ་ལུས་དང་། །ཡེ་འདྲོགས་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཟློག །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་སྐག་།མི་མཐུན་ཕྱོགས་རྣམས་དགྲ་བགེགས་སྟེང་དུ་སྒྱུར། །དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་སྒྱུར།། ༈ དེ་ནས་རྩང་བཙུགས་ཡོད་ན་རྩང་གྱེར་ནི། གྲྭ་ལོའི་གསུང་ལས་བཏུས་སོ།། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །དྲག་པོའི་བཟློག་མདོས་ལྕགས་རི་ལ། །དབང་དྲག་ལས་ཀྱི་རྩང་ཕུར་བཙུགས། །བཀའ་སྡོད་ཕོ་ཉ་མཉེས་པའི་རྫས། །རྩང་ཕུར་ཡར་གྱི་རྩེ་མོ་ལ། །འུར་འུར་ཆེམ་ཆེམ་སྤྲིན་ནག་འཁྲིགས། །མ་རུངས་འབྲུག་སྒྲ་དི་རི་རི། །སྐེད་པ་རྒྱ་མདུད་འབར་བ་ལ། །མི་ཟད་གློག་དམར་སྐྱེམས་སེ་སྐེམ། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །གདུག་པའི་ཆུང་ཕུར་མར་རྩེ་ན། །རྡོ་རྗེ་མེ་ཡི་སེར་བ་འབེབས། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །དངུལ་ལམ་དཀར་པོའི་ཤིང་དག་ལ། །ཤར་ཕྱོགས་ཞི་བའི་རྩང་ཕུར་བདུན། །རྩེ་


CMR027_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཟུར་གསུམ་དུག་གསུམ་ནི། །ཡོར་རྩེ་དུང་གི་སེང་གེ་འགྱིང་། །སྤྲུལ་པའི་སེང་ཆེན་ནམ་མཁའ་གང་། །གཡུ་རལ་སྤྲུག་ཅིང་སེང་སྐད་འདོན། །མར་རྩེ་ཆུ་སྲིན་མཆེ་བ་གཙིགས། །སྤྲུལ་པའི་ཆུ་སྲིན་ས་འོག་ཁྱབ། །དྲག་པོའི་སྐན་སྒྲ་ཐགས་སེ་ཐག །སྐེད་པ་རྒྱ་མདུད་ཟླུམ་པོའི་ནང་། །ཤར་ཕྱོགས་ཞི་བའི་ལས་མཛད་པའི། །ཤར་གྱི་དབང་ཕྱུག་མ་བདུན་གནས། །ནད་གདོན་དགྲ་བགེགས་འཇིགས་པ་བརྒྱད། །ཞི་བར་མ་གྱུར་གང་ཡང་མེད། །ཞི་མཛད་མ་ཡིས་ཞི་བར་མཛོད། །བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། གསེར་རམ་སེར་པོའི་ཤིང་དག་ལ། །ལྷོ་ཕྱོགས་རྒྱས་པའི་རྩང་ཕུར་བདུན། །རྩེ་མོ་ཟུར་གསུམ་སྐུ་གསུམ་རྒྱས། །ཡར་རྩེ་རྒྱ་སྟག་དམར་པོ་མཆོངས། །སྟག་མོ་འཛུམ་དྲུག་ཤིགས་སེ་ཤིག །མར་རྩེ་ཕག་རྒོད་མཆེ་བ་གཙིགས། །ཕག་རྒོད་མཆེ་གཙིགས་ཐམས་སེ་ཐམ། །རྐེད་པ་རྒྱུ་མདུད་གྲུ་བཞིའི་གནས། །ལྷོ་ཕྱོགས་རྒྱས་པའི་ལས་མཛད་པའི། །ལྷོ་ཡི་དབང་ཕྱུག་སྲིང་བདུན་གནས། །ཚེ་དང་བསོད་ནམས་འབྱོར་པ་དྲུག །རྒྱས་པར་མ་གྱུར་གང་ཡང་མེད། །རྒྱས་མཛད་མ་ཡིས་རྒྱས་


CMR027_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཛོད། །ཚེ་དང་བསོད་ནམས་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཟངས་སམ་དམར་པོའི་ཤིང་དག་ལ། །ནུབ་ཕྱོགས་དབང་གི་རྩང་ཕུར་བདུན། །རྩེ་མོ་ཟུར་གསུམ་ཁམས་གསུམ་དབང་དུ་སྡུད། །ཡར་རྩེ་གཟིག་ཆེན་ཐིག་ལེ་འགྱིང་། །གཟིག་མོ་ངར་སྐད་འུ་རུ་རུ། །མར་རྩེ་དོམ་ནག་མཆེ་བ་གཙིགས། །དོམ་ནག་མཆེ་གཙིགས་ཐམས་སེ་ཐམ། །རྐེད་པ་རྒྱ་མདུད་ཟླ་གམ་ནང་། །ནུབ་ཕྱོགས་དབང་གི་ལས་མཛད་པའི། །ནུབ་ཀྱི་དབང་ཕྱུག་མཛའ་བདུན་གནས། །ཁམས་གསུམ་སྲིད་གསུམ་འཁོར་འདས་རྣམས། །དབང་དུ་མ་འདུས་གང་ཡང་མེད། །དབང་བྱེད་མ་མོས་དབང་དུ་སྡུས། །ཁམས་གསུམ་སྲིད་གསུམ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ལྕགས་སམ་དྲག་པོའི་ཤིང་དག་ལ། །བྱང་ཕྱོགས་དྲག་པོའི་རྩང་ཕུར་བདུན། །རྩེ་མོ་ཟུར་གསུམ་གདོན་གསུམ་འདུལ། །ཡར་རྩེ་བསེ་ཡི་བྱ་གླག་ལྡིང་། །བྱ་ཁྲ་འཇུམ་དང་ཆུམས་སེ་ཆུམ། །མར་རྩེ་ལྕགས་ཀྱི་ཕོ་རོག་འགྱེད། །བྱ་རོག་རྐང་འགྲོས་ཀྲངས་སེ་ཀྲང་། །རྐེད་པ་རྒྱ་མདུད་གྲུ་གསུམ་ནང་། །བྱང་ཕྱོགས་དྲག་པོའི་ལས་མཛད་པའི། །བྱང་གི་དབང་ཕྱུག་བྲན་བདུན་གནས། །བདུད་བཞི་དགྲ་བགེགས་


CMR027_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་འདྲེན་རྣམས། །བརླག་པར་མ་གྱུར་གང་ཡང་མེད། །རླག་བྱེད་མ་མོས་བརླག་པར་མཛོད། །དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ༔ གདུག་རྩུབ་ཚེར་མའི་ཤིང་དག་ལ། །ལས་བྱེད་རྩང་ཕུར་དྲུག་ཅུ་བཞི། །རྩེ་མོ་ཟུར་གསུམ་སྲིད་གསུམ་འདུལ། །ཡར་རྩེ་ཡེ་ཤེས་མེ་དཔུང་འབར། །བཙན་དམག་ལས་ལ་ཤ་ར་ར། །མར་རྩེ་བསྐལ་པའི་མུན་ནག་འཁྲིགས། །བདུད་དམག་བྲོ་བརྡུང་ཁྲིགས་སེ་ཁྲིག །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །སྲིན་མོ་དྲུག་ཅུ་རྩ་བཞི་གནས། །ཤར་གྱི་རྩང་བཙུགས་ཨ་ལོང་རིས། །དྲ་མིག་ཟླུམ་པོར་ལྷུན་གྱིས་གྲུབ། །ལྷོ་ཡི་རྩང་བཙུགས་གྲུ་བཞི་རིས། །དྲ་མིག་གྲུ་བཞི་ལྷུན་གྱིས་གྲུབ། །ནུབ་ཀྱི་རྩང་བཙུགས་ཟླ་གམ་རིས། །དྲ་མིག་ཟླ་གམ་ལྷུན་གྱིས་གྲུབ། །དྲག་པོའི་རྩང་བཙུགས་ཕུར་སོ་རིས། །དྲྭ་མིག་གྲུ་གསུམ་ལྷུན་གྱིས་གྲུབ། །དབང་ཕྱུག་རྩང་བཙུགས་འཚུབ་མ་རིས། །མེ་རླུང་འཚུབ་མ་ལྷུན་གྱིས་གྲུབ། །ལས་ཀྱི་རྩང་བཙུགས་སྲིན་མོ་འགྲོས། །སྲིན་མོ་གར་སྟབས་ལྷུན་གྱིས་གྲུབ། །རྩང་ཕུར་གདུག་རྩུབ་དྲ་མིག་ནང་། །མྱུར་མགྱོགས་ཕོ་ཉ་རྒྱུག་པའི་སྲང་། །དགྲ་


CMR027_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བྱད་མ་ཁྲམ་ལ་ཐོབ། །ཆག་ཆེན་ཉམ་ང་ཐམས་ཅད་ཟློག །སྔོ་དམར་ཞགས་པས་སྡོམ་པ་ཡིས། །རིམས་ནད་དལ་ཡམས་ཐམས་ཅད་ཟློག །བཱ་སུ་ཏ་ཡི་དཀྲིས་པ་ཡིས། །ཁྲག་ནད་རྒྱུ་གཟེར་ཐམས་ཅད་ཟློག །ཤ་ཁྲག་ལིངྒས་བརྒྱན་པ་ཡིས། །སྲིན་མོའི་དམག་ཚོགས་ཐུགས་དམ་བསྐང་། །སྲིད་པའི་དལ་ཁ་ཐམས་ཅད་ཟློག །བཟློག་བྱང་དར་ཐག་བརྒྱན་པ་ཡིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བཟློག་བྱང་ལ་བྲི་བའི་སྔགས་ཀྱང་འདི་ཡིན་ནོ།། ཨོཾ་མ་ཧཱ་ཀཱ་ལ་བཟློག་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡ་བཟློག་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་བཟློག་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་གྷ་ཎ་པ་ཏ་བཟློག་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་སི་ཏི་ཡ་མ་དུ་ཛབཟློག་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཧ་ཧ་ཧཱུྃ་ཧཱུྃ་ཀི་ལི་ཀི་ལི་འདི་ན་གང་འདོད་བཅུག་སྟེ། བྱད་ཀ་བཟློག་ན། བྱད་ཁ་ཕུར་ཁ། ཐན་བཟློག་ན། ལྟས་ངན་ཆོ་འཕྲུལ། སྐག་བཟློག་ན། ལོ་སྐག་ཟླ་སྐག །འཆི་བ་བཟློག་ན། དུས་མིན་འཆི་བ། དགྲ་བཟློག་ན། དགྲ་ཇག་ཆོམ་རྐུན། ནད་བཟློག་ན། ཡམས་ནད་རིམས་ནད། སོགས་གང་འདོད་བྱ། སྤྱི་ལ་ནི། ཆག་ཆེ་ཉམ་ང་བཟློག་བྷྱོ། ཕེཾ་ཕེཾ་


CMR027_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཆག་ཆེ་ཉམ་ང་བཟློག་བྱོ། ཀྲྃ་ཀྲྃ་ཀྲྃ་ཆག་ཆེ་ཉམ་ང་བཟློག་བྱོ། ཧྲཱིཾ་ཀྵཱིཾ་ཤྲཱིཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཀ་ཧ་ཀ་ཧ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཧྲཱིཾ་ཧྲཱིཾ་ཀྲཱིཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། པ་ཙ་པ་ཙ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཧཱུྃ་ཧཱུྃ་ཕཊ་ཕཊ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཧཱ་ཧཱ་ཧཱ་ཧཱ་ཆག་ཆེ་ཉམ་ང་བཟློག་བྷྱོ། རྃ་རྃ་དྷཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཀྵཾ་ཀྵཾ་ཀྵཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཁཾ་ཁཾ་ཁཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཌྃ་ཌྃ་ཌྃ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཀྵིཾ་ཀྵིཾ་ཀྵིཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཀཱཾ་ཀཱཾ་ཀཱཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཙཾ་ཙཾ་ཙཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཡཾ་ཡཾ་ཡཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། སཾ་སཾ་སཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཕེཾ་ཕེཾ་ཕཊ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཧཱུྃ་བློ་གྷོ་ཆག་ཆེ་ཉམ་ང་བཟློག་བྱོ། ཧཱུྃ་ཧཱུྃ་ཧཱུྃ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཀཱཾ་ཀཱཾ་ཀཱཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཀླུྃ་ཀླུྃ་ཀླུྃ་ཆག་ཆེ་ཉམ་ང་བཟློག་བྷཾ། པཱཾ་པཱཾ་པཱཾ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཛ་ཛ་ཆག་ཆེ་ཉམ་ང་བཟློག་བྷྱོ། ཟློག་ཟློག་ཆག་ཆེ་ཉམ་ང་བཟློག་བྱོ། བྷྱོ་བྷྱོ་ཆག་ཆེ་ཉམ་ང་བཟློག་བྷྱོ། རྦད་རྦད་ཆག་ཆེ་ཉམ་ང་བཟློག་བྷྱོ། ཅེས་པ་དེ་ཡུལ་ཉེར་བཞིའི་ཞིང་


CMR027_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་གི་བཟློག་སྔགས་ཤིན་ཏུ་ཟབ་ཅིང་སྟོབས་ནུས་ཆེའོ། །རྗེ་འུར་རྡུང་དང་བཅས་ཚར་གཅིག་གམ་གསུམ་བདུན་གལ་ཆེ་ཆུང་དང་བསྟུན་ལ་ཐུན་བར་བཟླས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཧེ་ཐུན་བྷྱོ། མ་ཧཱ་ཀ་ལི་ཕྲ་མོ་ཧེ་ཐུན་བྷྱོ་། བྷྱོ་ཟློག་ཟློག །ཟློག་སྔགས་ཉུང་བ་འདི་བདུན་ནམ་ཉེར་གཅིག་ལས་མི་ཉུང་བརྒྱ་ལས་མི་མང་བ་ཐུན་རེ་རེ་ལ་བཟླའོ། །དེ་ལྟར་མངོན་རྟོགས་ནས་འདི་ཡན་རབ་དུས་བཞི་རེ། ཞོགས་པ། ཉིན་ཕྱེད། དགོང་མོ། སྲོད་དང་བཞི་འདོན། བསྙེན་པ་དང་ཟློག་སྔགས་ལ་བུང་བླང་བ་ཞག་བདུན་བྱས་ནས་གཏོར་ཟློག་ལ། དྲག་པོའི་གཏོར་སྒྲུབ་སྟེ། བསྙེན་པའི་གོ་ཡང་ཆོད་དོ། །ཐུན་བཟུང་ནས་མ་ཚར་བར་ངག་བཅད། ཐུན་མཚམས་སུ་ངག་བཏང་བར་བྱའོ། །འབྲིང་ནི་སྔ་དྲོ་དགོང་མོ་ཚར་གཉིས་རེ། ཞོགས་པ་ལས་བྱང་དང་སྲིད་གཏོར་འབུལ་ཐུན་གཅིག་ནས། ཐ་མ་སྔ་དྲོའི་ལས་བྱང་ཐུན་གཅིག་ཚར་གཅིག་ལ་བརྩི། ཉིན་གུང་བཟློག་གཞུང་། སྲོད་ལ་གཏོར་འབུལ་ཐུན་གཅིག་ལ་རྩིས་ཏེ་ཐུན་གསུམ་མོ། །ཡང་མངོན་རྟོགས་ནས་གཙོ་བོ་སྐུ་ལྔ་བྱུང་བཟློག་ཡན་ཐུན་བཞི་བྱས་ལ། ལྷ་མོ་ལས་མགོན་ལེགས་ལྡན་ཞིང་སྐྱོང་བཞི་སྦྱར་རེས་རྩང་ཉིན་རེ་ཚར་རེ་དགོང་མོ་ལ་སྦྱར་བར་བྱའོ། །དེ་ལྟར་ཞག་དགུ་བདུན་ལྔ་གསུམ་ཉིན་རྫོགས་ཡང་བྱ་རུང་སྟེ། ཉིན་རྫོགས་ལ་གཏོར་ཆུང་བརྒྱ་རྩ་བརྒྱད་དམ། རེ་བཞི་འབུལ་བར་བྱའོ། །དེ་ནས་གློ་བུར་ལས་བཅོལ་གཏོར་ཟློག་ཡིན་ནོ། །རང་དོན་ནམ་རྟགས་ཐོན་པར་བྱེད་ན་འདི་ཁོ་ན་ལ་ཐུན་བཟུང་བསྙེན་པ་དང་གཏོར་སྔགས་ལ་


CMR027_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

བུང་བླང་། འདོན་པ་གཞན་མང་པོ་མི་བྱ་བར་འདིར་གཅིག་དྲིལ་བྱས་ན་རྟགས་གསལ་ཞིང་ཟབ་ངེས་སོ། །དེ་ལྟར་སྒྲུབ་ན་དངོས་སུ་ཉམས་དགའ་རིག་པ་དང་དད་གུས་སྐྱེ། བདེ་གསལ་མི་རྟོག་པའི་ཉམས་སྐྱེ། དཔའ་སེམས་སྐྱེ། ཉམས་དང་རྨི་ལམ་དུ་མགོན་པོའི་ཞལ་དངོས་སམ། སྐུ་འདྲ་ལེགས་པོ། རྒྱུད་ཀྱི་དཔེ་དང་ཕྱག་མཚན་རྙེད་པ། བླ་མ་སློབ་དཔོན་སྔགས་པ་ཨ་ཙ་ར་བྱ་རོག་གཡག་ནག་རྟ་ནག་ཁྱི་ནག་རྣམས་རྨིས་ན་འགྲུབ་རྟགས་ཏེ་ལྷ་རྟགས་སོ། །བཙུན་པ་དང་སྐྱེས་པ་བུད་མེད་ཆས་བཟང་གིས་བདུད་རྩི་དཀར་གསུམ་བྱིན་པ་སོགས་དངོས་གྲུབ་ཀྱི་ལྟས་དང་། །དུང་འབུད་དར་ཕྱར་རོལ་མོ་བཀྲོལ་བ་སྙན་གྲགས་ལྟས། ནམ་ལངས་ཉི་མ་ཤར་གོས་བཟང་པོ་གྱོན་པ་བཙན་པོའི་བྲག་དང་མཁར་ན་འདུག་པ། གོ་ཁྲབ་གྱོན་པ་སེམས་ཅན་སྲོག་སྐྱབས་པ། རིགས་དང་རིབ་མ་བྱས་པ་སྲུང་རྟགས། གཤའ་དང་ཟབ་དང་མེ་མཆེད་པ་དམག་དང་སེར་བ་བཟློག་པ་ཟློག་རྟགས། སྲོག་ཆགས་ཁྱི་དང་གཅན་གཟན་བསད་པ་གདོན་ཐུལ་རྟགས། བརྗེ་བུད་མེད་བརྡུང་བ་དང་སྦྲུལ་སྦྲུལ་བསད་པ་ཡང་གདོན་ཐུལ་རྟགས། བྱ་རི་དྭགས་སོགས་བསད་པ་བློ་སྙིང་སྟེར་བ་དགྲ་ཐུལ་རྟགས། རིགས་པས་བརྟག་ཤེས་པར་བྱའོ། །སྒྲུབ་ཁང་སྟེང་ན་ཐག་པ་ནག་པོ་དང་རྟིང་པ་ནག་པོ་བརྐྱང་བ། གཡག་ནག་གིས་བརྡུང་བ་ཁྱི་ནག་གིས་རྨུགས་པ། རང་ཉིད་སྙིང་མི་དགའ་བ་བྱུང་ན་ཡོན་བདག་རང་གི་དམ་ཚིག་ལ་སྐྱོན་ཡོད་པས། མགོན་པོས་འཁུ་ལྡོག་བྱེད་པའི་རྟགས་ཡིན་པས་བསྐང་བ་འདོན། ཡིག་བརྒྱ་


CMR027_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མཚམས་སུ་འདོན། བཤགས་པ་དང་ཚོགས་རྒྱས་པར་བྱའོ། །གཏོར་ཆུང་རྫོངས་ཚེ་སྔགས་རྒྱུན་དང་སྤོས་སྦྱོར་སོགས་གཏོར་ཆེན་ལ་ཡིན། གཏོར་ཟློག་འདི་ལ་མི་དགོས་སོ། དེ་ནས་གཏོར་མའི་ཟློག་མདོས་ཕུལ་ཉིན། སྔ་དྲོ་གཏོར་ཟློག་གཞུང་ལྟར་ཚར་གཅིག་འདོན་ནས་དགོང་ཀ་དང་པོ་གསེར་སྐྱེམས་ཕྱོགས་ཐམས་ཅད་དུ་གཏོར་བཅུག་ཅིང་། གསེར་སྐྱེམས་རྒྱ་གར་གྱི་མཁན་པོ་ཤྲཱི་བྷ་དྲས་མཛད་པའོ།། ཀྱཻ། འཇིག་རྟེན་འཛམ་གླིང་སྟེང་དང་འོག །ཕྱོགས་བཅུ་ཀུན་ན་བཞུགས་པ་ཡི། །དམ་ལ་གནས་པའི་ལྷ་འདྲེ་ཀུན། །སྔགས་འཆང་བདེན་པའི་ཚིག་ལ་ཉོན། །གཏོར་མདོས་དགྲ་ཡུལ་བསྐྱོད་པའི་ཚེ། །དགྲ་དང་བགེགས་ལ་ཟོར་འཕེན་ན། །ཕྱོགས་བཅུ་ཀུན་ན་གནས་པ་དང་། །མདོས་གཏོར་གདོང་ན་གནས་པ་ཡི། །ཕྱོགས་སྐྱོང་སྡེ་བརྒྱད་དྲེགས་པའི་ཚོགས། །ས་བདག་ཀླུ་གཉན་མཐུ་ཆེན་རྣམས། །རྒྱལ་པོ་བཙུན་མོ་བློན་པོ་དང་། །དམག་མི་དམག་དཔུང་སྡེ་དང་བཅས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །གསེར་སྐྱེམས་བདུད་རྩི་འདི་བཞེས་ལ། །ཉམས་པའི་མགོན་སྐྱོབ་མ་མཛད་པར། །རྣལ་འབྱོར་བདག་གི་གྲོགས་མཛོད་ལ། །ཐུན་ཟོར་མདོས་ཀྱི་ལམ་ཕྱེས་ཤིག །གང་ཞིག་སྒོ་བ་མ་ཉན་ཏེ། །ཉམས་པའི་


CMR027_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་ཀྱིས་ཉེས་བྱུང་ན། །ང་ཡི་མ་ཉེས་མ་ལེན་གྱིས། །ཉེས་ལེན་དགྲ་དང་བགེགས་ལ་ཕོབ། །དེ་ནས་སྒོ་རྩང་བཞི་ཤབ་ཅིང་། དམག་འགྱེད་ཀྱི་གཞུང་ཚིགས་འདི་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་སོ་གང་ལྟར་ཡང་རྒྱ་གཞུང་ཡིན་ངེས་སོ།། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ཤར་ནས་སྤྲུལ་པའི་ཕོ་ཉ་ནི། །མ་མོ་བྱ་རྒོད་མགོ་ཅན་ནི། །སྐུ་ནི་མཐིང་ནག་མུན་པའི་མདོག །སྤྱན་གསུམ་གཅེར་བུ་རལ་པ་ཅན། །གཡས་པས་གྲི་གུག་འབར་བ་ཕྱར། །གཡོན་པས་ཐོད་པ་ཁྲག་བཀང་བསྣམས། །སྒོ་མ་ལག་པས་སྒོ་ཕྱེས་ཤིག །སྒོ་མས་སྒོ་ཕྱེ་ཤ་ར་ར། །མདོས་སྒོ་ཡས་སྒོ་ཤགས་སེ་ཕྱེས། །ནད་སྒོ་རིམས་སྒོ་ཐགས་སེ་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །བྱང་ནས་སྤྲུལ་པའི་ཕོ་ཉ་ནི། །མ་མོ་ཁྱུང་གི་མགོ་ཅན་ནི། །སྐུ་ནི་ཆར་སྤྲིན་མདོག་འདྲ་བས། །རལ་པ་ནག་པོས་སྟོང་ཁམས་ཁྱབ། །གཡས་གཡོན་འབར་བའི་གྲི་ཐོད་འཛིན། །སྤྱན་གསུམ་གཅེར་བུ་རལ་པ་ཅན། །གསེར་གྱི་མཆེ་བ་བཞི་གཙིགས་ནས། །མཆོངས་ཤིང་མཆོངས་ཤིང་བགེགས་ལ་རོལ། །སྒོ་མ་ལག་པས་སྒོ་ཕྱེས་ཤིག །


CMR027_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་མས་སྒོ་ཕྱེ་ཤ་ར་ར། །མདོས་སྒོ་ཡས་སྒོ་ཤགས་སེ་ཕྱེས། །ནད་སྒོ་རིམས་སྒོ་ཐགས་སེ་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ནུབ་ནས་སྤྲུལ་པའི་ཕོ་ཉ་ནི། །མ་མོ་ཁྭ་ཏའི་མགོ་ཅན་ནི། །སྐུ་ནི་དུད་ཁ་ཆེན་པོ་སྟེ། །རལ་པ་ཁམ་ནག་གཡོན་དུ་འཁྱིལ། །ཕྱག་གཉིས་འབར་བའི་གྲི་ཐོད་འཛིན། །སྤྱན་གསུམ་གཅེར་བུ་རལ་པ་ཅན། །ཤེལ་གྱི་མཆེ་བ་བཞི་གཙིགས་ཤིང་། །ལྡིང་ཞིང་ལྡིང་ཞིང་དགྲ་རྣམས་གསོད། །སྒོ་མ་ལག་པས་སྒོ་ཕྱེས་ཤིག །སྒོ་མས་སྒོ་ཕྱེ་ཤ་ར་ར། །མདོས་སྒོ་ཡས་སྒོ་ཤགས་སེ་ཕྱེས། །ནད་སྒོ་རིམས་སྒོ་ཐགས་སེ་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ཡི། །ལྷོ་ནས་སྤྲུལ་པའི་ཕོ་ཉ་ནི། །མ་མོ་འུག་པའི་མགོ་ཅན་མ། །ཕྱག་གཉིས་འབར་བའི་གྲི་ཐོད་འཛིན། །སྐུ་མདོག་མཐིང་ནག་འབར་བ་ལ། །ཁྲག་གི་རལ་པ་ཤ་ར་ར། །སྤྱན་གསུམ་གཅེར་བུ་རལ་པ་ཅན། །ལྕགས་ཀྱི་མཆེ་བ་སྔོན་པོ་གཙིགས། །རྒྱུག་ཅིང་རྒྱུག་ཅིང་དམ་ཉམས་སྒྲོལ། །སྒོ་མ་ལག་པས་སྒོ་ཕྱེས་ཤིག །སྒོ་མས་སྒོ་ཕྱེ་ཤ་ར་ར།


CMR027_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་སྒོ་ཡས་སྒོ་ཤགས་སེ་ཕྱེས། །ནད་སྒོ་རིམས་སྒོ་ཐགས་སེ་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། །ཤར་ལྷོ་མཚམས་ནས་སྤྲུལ་པའི་ཕོ་ཉ་ནི། །མ་མོ་ཕག་གི་མགོ་ཅན་མ། །བྱ་ནག་འབུམ་གྱིས་སྤྲུལ་པ་འགྱེད། །འཕྲང་མ་ལག་པས་འཕྲང་སོལ་ཅིག །འཕྲང་མས་འཕྲང་སྒྲོལ་སི་ལི་ལི། །མདོས་ཟོར་དགྲ་དང་བགེགས་ལ་རྒྱོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལྷོ་ནུབ་མཚམས་ནས་སྤྲུལ་པའི་ཕོ་ཉ་ནི། །མ་མོ་ཆེན་མོ་ཁྱི་གདོང་མ། །ཁྱི་ནག་འབུམ་ནི་རོལ་དུ་ཁྲིད། །འཕྲང་མ་ལག་པས་འཕྲང་སོལ་ཅིག །འཕྲང་མས་འཕྲང་སྒྲོལ་སི་ལི་ལི། །མདོས་ཟོར་དགྲ་དང་བགེགས་ལ་རྒྱོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ནུབ་བྱང་མཚམས་ནས་སྤྲུལ་པའི་ཕོ་ཉ་ནི། །མ་མོ་ཆེན་མོ་སྤྱང་གདོང་མ། །སྤྱང་མོ་འབུམ་ནི་ཕོ་ཉར་འགྱེད། །འཕྲང་མ་ལག་པས་འཕྲང་སོལ་ཅིག །འཕྲང་མས་འཕྲང་སྒྲོལ་སི་ལི་ལི། །མདོས་ཟོར་དགྲ་དང་བགེགས་ལ་རྒྱོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། བྱང་ཤར་མཚམས་ནས་སྤྲུལ་པའི་ཕོ་ཉ་ནི། །མ་མོ་ཆེན་


CMR027_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྟག་གདོང་མ། །སྟག་མོ་འབུམ་ནི་ཕོ་ཉར་འགྱེད། །འཕྲང་མ་ལག་པས་འཕྲང་སོལ་ཅིག །འཕྲང་མས་འཕྲང་སྒྲོལ་སི་ལི་ལི། །མདོས་ཟོར་དགྲ་དང་བགེགས་ལ་རྒྱོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་མདོས་མར་ཁ་བསྒྱུར་ནས། ཨོཾ་མ་ཧཱ་ཀཱ་ལ་མཎྜལ་ལ་སྤ་ར་ཎ་ཧཱུྃ་ཕཊ། ལྷ་ཚོགས་ཐམས་ཅད་ནམ་མཁའ་ལ་བཏེག་ནས་བར་སྣང་གང་བར་བསྒོམ་ཞིང་ཕྱིར་ཞལ་བསྒྱུར། གྲྭ་ལོའི་གསུངས་སོ།། ཧཱུྃ། ད་ནི་བཟློག་མདོས་ཞལ་བསྒྱུར་རོ། །དཔལ་ལྡན་མགོན་པོ་འཁོར་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །ལྷ་དམག་བྱེ་བའི་ཚོགས་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །ལྷ་སྲིན་སྡེ་བརྒྱད་ཚོགས་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །སྣང་སྲིད་ལྷ་འདྲེའི་དམག་དང་བཅས། །སྡང་བའི་དགྲ་ལ་ཞལ་བསྒྱུར་རོ། །ཆིབས་ཁ་དགྲ་ཡི་ཡུལ་དུ་བསྒྱུར། །དམག་སྣ་དགྲ་ཡི་ཡུལ་དུ་དྲོངས། །བདུད་དཔུང་དགྲ་ཡི་གྲོགས་ཁར་ཆོས། །སྦྲ་ནག་དགྲ་ཡི་གྲོགས་ཁར་ཕུབ། །རུ་དར་དགྲ་ཡི་ཁྱིམ་དུ་ཚུགས། །མདུང་དར་དགྲ་ཡི་སྙིང་ལ་རྒྱོབ། །མཚོན་ཆས་དགྲ་བོའི་ལུས་སྲོག་འཕྲོལ། །བདུད་ཞགས་དགྲ་བོའི་མགུལ་དུ་ཐོབ། །ཁྲམ་


CMR027_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྡང་བའི་དགྲ་ལ་རྒྱོབ། །དུག་གཟེར་དགྲ་བོའི་ཁོང་དུ་འཕང་། །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་གཏོར་མདོས་བདུད་རྩིས་བྲན་ལ། གཏོར་མ་ཆེ་བ་དེ་སྔར་ལྷ་བསྐྱེད་པ་ལ། ད་ལམ་མདོས་ལྷ་ནམ་མཁའ་ལ་སྤར་ནས་གཏོར་ཆེན་བསྔོ་སྟེ། ཨོཾ་ཨཱཿཧཱུྃ་བྷནྡྷའི་སྣོད་སྟོང་གསུམ་སོགས་ནས། ཨེ་ཀ་ཟློག་ཟློག །ཅེས་པའི་བར་འདོན། དེ་ནས་གཏོར་རྫོངས་ཀྱི་དམར་གཏོར་ཅུང་ཟད་ཆེ་བ་ལྔ། ཆུང་བ་བཅུ་བཤམས་ལ་འགུགས་འདྲེན་བསྒྲལ་སོགས་བདུད་རྩི་བྱས་ལ་བསྐུལ་རེ་དང་སྤྲད་ནས་མདོས་ནང་དུ་རྫོངས་འདེབས་ཀྱི་ཚུལ་དུ་འབུལ་ལོ།། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲི༔ གཏོར་མ་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་ཕུང་པོར་གྱུར། མཆོད་གཡོག་པས་བཟུང་བཅོལ་ལ། ཞང་གཡུ་བྲག་པའི་གསུངས་སོ། ཧཱུྃ། དཔལ་ལྡན་མགོན་པོ་ཁྲག་འཐུང་རྒྱལ། །ལེགས་ལྡན་ནག་པོ་འཇིགས་པའི་གཟུགས། །ཞལ་ནས་ཧཱུྃ་ཕཊ་འབྲུག་སྒྲ་སྒྲོག །ལྗགས་ནི་གློག་དམར་ཕྱོགས་བཅུར་འཁྱུག །འཇིགས་པའི་གད་མོ་ཆེན་མོ་འབྱིན། །ཀེང་རུས་སྐམ་རློན་ཁྲི་ལ་བཞུགས། །ཤངས་ཀྱི་འཚུབ་མས་ཁམས་


CMR027_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གཏོར། །སངས་རྒྱས་བསྟན་པའི་བཀའ་སྲུང་ཆེ། །དམ་ཉམས་རྣམས་ཀྱི་སྲོག་གཅོད་ཆེ། །རིག་འཛིན་རྣམས་ཀྱི་སྲོག་ཤིང་ཆེ། །རྣལ་འབྱོར་ཀུན་གྱི་དགྲ་བླ་ཆེ། །དུག་གསུམ་ནད་ཀྱི་སྨན་པ་ཆེ། །བདུད་འདུལ་ཡོངས་ཀྱི་དབང་ཕྱུག་ཆེ། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །ལྷ་དམག་འབུམ་གྱི་དབུགས་འབྱིན་ཆེ། །ནམ་མཁའི་བུ་མོ་གློག་མ་སྤྲིན་། །འདུ་བར་ཞལ་གྱིས་བཞེས་མཛད་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །གཙུག་ལག་ཁང་དང་དཀྱིལ་འཁོར་གྱི། །སྲུང་མ་ཆེན་པོར་མངའ་གསོལ་བ། །ཡེ་ཤེས་མགོན་པོ་འཁོར་བཅས་ལ། །ཤ་སྣ་སྙིང་སྣ་ཁྲག་སྣ་དང་། །ཚིལ་དང་རུས་པ་སྣ་ཚོགས་དང་། །འབྲུ་སྣ་ཀུན་ལ་སྦྱར་བ་ཡི། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ཅིག་འཁོར་དང་བཅས་པ་ལ། །རླུང་མཁྲིས་བད་ཀན་འདུས་པ་ལས། །གྱུར་པའི་ནད་རིགས་བཞི་བརྒྱ་དང་། །རྩ་བཞི་ཞི་བར་མཛད་དུ་གསོལ། །རྒྱལ་པོ་ཀླུ་བདུད་ལ་སོགས་པ། །གདོན་གྱི་རིགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་སོགས་ཞི་བར་མཛོད། །


CMR027_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་རྣལ་འབྱོར་བསྲུང་དུ་གསོལ། །ཉིན་དང་མཚན་དུ་བྱ་ར་མཛོད། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་ཚེགསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ལེགས་དང་སྤྱོད་ལ་ཉེས་དང་བསྣོལ། །བསམ་པ་བསྒྲུབ་ལ་རེ་བ་སྐོང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འདོད་གསོལ་འདི་འཁོར་བཞི་ལ་ཡང་སྦྱར་རོ།། སྦྱོ། དུས་མཚན་ལྷ་མོ་རེ་མ་ཏི། །ཨེ་ཀ་ཙ་ཏི་རལ་གཅིག་མ། །ཞལ་གཅིག་ཕྱག་གཉིས་འཇིགས་མ་སྟེ། །ཕྱག་གཡས་རལ་གྲི་ཏྲི་ཤུ་ལ། །གཡོན་པས་མདའ་གཞུ་དགྲ་མགོ་འཛིན། །སྐུ་མདོག་ནག་མོ་དྲེལ་ལ་ཞོན། །རལ་པའི་ཕུར་བུ་ས་ལ་དྲུད། །འཁོར་ཡང་མ་མོ་བྱེ་བས་བསྐོར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ཅག་འཁོར་དང་བཅས་པ་ལ། །རླུང་མཁྲིས་བད་ཀན་འདུས་པ་ལས། །གྱུར་པའི་ནད་རིགས་བཞི་བརྒྱ་དང་། །རྩ་བཞི་ཞི་བར་མཛད་དུ་གསོལ། །རྒྱལ་པོ་ཀླུ་བདུད་ལ་སོགས་པ། །གདོན་གྱི་


CMR027_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་སོགས་ཞི་བར་མཛོད། །བདག་ཉིད་རྣལ་འབྱོར་བསྲུང་དུ་གསོལ། །ཉིན་དང་མཚན་དུ་བྱ་ར་མཛོད། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ལེགས་དང་སྤྱོད་ལ་ཉེས་དང་བསྣོལ། །བསམ་པ་བསྒྲུབ་ལ་རེ་བ་སྐོང་། །ཧཱུྃ། ཐུགས་ཀྱི་སྤྲུལ་པ་ཙནྡན་བེང་ཆེན་ནས། །གླད་ལ་ཁྱུང་ཆེན་བྱ་ཁྲ་ལྡིང་། །ཕྱི་ན་སྟག་གཟིག་དོམ་དྲེད་འདྲིལ། །ཀླུ་བདུད་དམག་དཔོན་བརྒྱད་ཀྱིས་བསྐོར། །སྤྲུལ་པ་གནོད་སྦྱིན་ཁྲི་ཡི་ཚོགས། །ཡང་སྤྲུལ་ལྷ་དམག་བྱེ་བ་འབུམ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ཅག་འཁོར་དང་བཅས་པ་ལ། །རླུང་མཁྲིས་བད་ཀན་འདུས་པ་ལས། །གྱུར་པའི་ནད་རིགས་བཞི་བརྒྱ་དང་། །རྩ་བཞི་ཞི་བར་མཛད་དུ་གསོལ། །རྒྱལ་པོ་ཀླུ་བདུད་ལ་སོགས་པ། །གདོན་གྱི་རིགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་སོགས་ཞི་བར་མཛོད། །


CMR027_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་རྣལ་འབྱོར་བསྲུང་དུ་གསོལ། །ཉིན་དང་མཚན་དུ་བྱ་ར་མཛོད། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་དུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ལེགས་དང་སྤྱོད་ལ་ཉེས་དང་བསྣོལ། །བསམ་པ་བསྒྲུབ་ལ་རེ་བ་སྐོང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལས་ཀྱི་མགོན་པོ་བྱ་རོག་གདོང་། །ཐུང་ལ་སྦོམ་པའི་གསུས་པོ་ཆེ། །སྤྱན་གསུམ་དམར་ཟླུམ་སྡང་མིག་བསྒྲད། །དགྲ་བགེགས་ཐམས་ཅད་ཟིལ་གྱིས་གནོན། །ཡང་འཁོར་ནག་པོ་སྟོང་གིས་བསྐོར། །ལྕགས་སྤྱང་སྔོན་ནས་འབྲོས་དེད་བྱེད། །བྱ་ནག་མང་པོས་གཤོག་པ་རྡེབས། །མཆུ་སྡེར་བརྡར་ཞིང་དགྲ་ཤ་ཟ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ཅག་འཁོར་དང་བཅས་པ་ལ། །རླུང་མཁྲིས་བད་ཀན་འདུས་པ་ལས། །གྱུར་པའི་ནད་རིགས་བཞི་བརྒྱ་དང་། །རྩ་བཞི་ཞི་བར་མཛད་དུ་གསོལ། །རྒྱལ་པོ་ཀླུ་བདུད་ལ་སོགས་པ། །


CMR027_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་གྱི་རིགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་སོགས་ཞི་བར་མཛོད། །བདག་ཉིད་རྣལ་འབྱོར་བསྲུང་དུ་གསོལ། །ཉིན་དང་མཚན་དུ་བྱ་ར་མཛོད། །ཚེ་དང་བསོད་། ནམས་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ལེགས་དང་སྤྱོད་ལ་ཉེས་དང་བསྣོལ། །བསམ་པ་བསྒྲུབ་ལ་རེ་བ་སྐོང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ཤ་ཟི་ནག་པོ་སེང་གེའི་གདོང་། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །རལ་གྲི་ཐོད་ཁྲག་ཕྱག་ན་བསྣམས། །ཡང་འཁོར་ཤ་ཟ་འབུམ་གྱིས་བསྐོར། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་། །བྷྱོ། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བདག་ཅག་འཁོར་དང་བཅས་པ་ལ། །རླུང་མཁྲིས་བད་ཀན་འདུས་པ་ལས། །གྱུར་པའི་ནད་རིགས་བཞི་བརྒྱ་དང་། །རྩ་བཞི་ཞི་བར་མཛད་དུ་གསོལ། །རྒྱལ་པོ་ཀླུ་བདུད་ལ་སོགས་པ། །གདོན་གྱི་རིགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་སོགས་ཞི་བར་མཛོད། །བདག་ཉིད་རྣལ་


CMR027_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་བསྲུང་དུ་གསོལ། །ཉིན་དང་མཚན་དུ་བྱ་ར་མཛོད། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ལེགས་དང་སྤྱོད་ལ་ཉེས་དང་བསྣོལ། །བསམ་པ་བསྒྲུབ་ལ་རེ་བ་སྐོང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །འདོད་དོན་གསོལ། ཕྱོགས་བཅུའི་མགོན་པོའི་བསྐུལ་འདི་གྲུབ་ཆེན་ནག་པོ་པས་མཛད་པའོ། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །སྟེང་གི་ཕྱོགས་སུ་བྱོན་པའི་ཚེ། །སྤྲིན་ཕུང་འཁྲིགས་པའི་དུར་ཁྲོད་དུ། །ཚངས་པའི་ཚོགས་རྣམས་དབང་དུ་སྡུད། །ལྷ་བདུད་འབུམ་ནི་ཕོ་ཉར་འགྱེད། །དེ་བཞིན་རིགས་ཀྱི་མགོན་པོ་སྟེ། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །སྟེང་གི་ཕྱོགས་ཀྱི་དགྲ་བགེགས་ཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ཤར་གྱི་ཕྱོགས་སུ་བྱོན་པའི་ཚེ། །རྡོ་རྗེ་རིགས་ཀྱི་མགོན་པོ་སྟེ། །གཏུམ་དྲག་ཅན་གྱི་དུར་ཁྲོད་དུ། །དྲི་ཟ་མ་ལུས་དབང་དུ་སྡུད། །སྲོག་བདུད་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །ཤར་གྱི་ཕྱོགས་ཀྱི་དགྲ་


CMR027_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །བྱང་གི་ཕྱོགས་སུ་བྱོན་པའི་ཚེ། །ལས་ཀྱི་རིགས་ཀྱི་མགོན་པོ་སྟེ། །ཚང་ཚིང་འཁྲིགས་པའི་དུར་ཁྲོད་དུ། །གནོད་སྦྱིན་མ་ལུས་དབང་དུ་སྡུད། །གིང་ཆེན་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །བྱང་གི་ཕྱོགས་ཀྱི་དགྲ་བགེགས་ཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ནུབ་ཀྱི་ཕྱོགས་སུ་བྱོན་པའི་ཚེ། །པདྨ་རིགས་ཀྱི་མགོན་པོ་སྟེ། །འུར་འུར་འབར་བའི་དུར་ཁྲོད་དུ། །ཀླུ་བདུད་མ་ལུས་དབང་དུ་སྡུད། །ཚེ་བདག་ནག་པོ་ཕོ་ཉར་འགྱེད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །ནུབ་ཀྱི་ཕྱོགས་ཀྱི་དགྲ་བགེགས་ཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ལྷོ་ཡི་ཕྱོགས་སུ་བྱོན་པའི་ཚེ། །རིན་ཆེན་རིགས་ཀྱི་མགོན་པོ་སྟེ། །འཇིགས་སུ་རུང་བའི་དུར་ཁྲོད་དུ། །གཤིན་རྗེ་མ་ལུས་དབང་དུ་སྡུད། །ཤན་པ་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །ལྷོ་ཡི་ཕྱོགས་ཀྱི་དགྲ་བགེགས་ཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ཤར་ལྷོའི་ཕྱོགས་སུ་བྱོན་པའི་ཚེ། །བསྟན་པ་སྲུང་བའི་མགོན་པོ་


CMR027_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །དུར་ཁྲོད་དཔལ་གྱི་ནགས་ཚལ་དུ། །མེ་ལྷ་འབུམ་ནི་དབང་དུ་སྡུད། །བདུད་རིགས་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །ཤར་ལྷོ་ཕྱོགས་ཀྱི་དགྲ་བགེགས་ཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ལྷོ་ནུབ་མཚམས་སུ་བྱོན་པའི་ཚེ། །རྣལ་འབྱོར་སྐྱོང་བའི་མགོན་པོ་སྟེ། །མུན་པ་མི་བཟད་དུར་ཁྲོད་དུ། །སྲིན་པོ་མ་ལུས་དབང་དུ་སྡུད། །ཤ་ཟ་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །ལྷོ་ནུབ་མཚམས་ཀྱི་དགྲ་བགེགས་ཟློག་་ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །ནུབ་བྱང་མཚམས་སུ་བྱོན་པའི་ཚེ། །དམ་ཉམས་བསྒྲལ་བའི་མགོན་པོ་སྟེ། །ཀཱི་ལི་ཀཱི་ལིའི་དུར་ཁྲོད་དུ། །རླུང་ལྷ་མ་བང་དུ་སྡུད། །ཕྲ་མེན་དགུ་ཁྲི་ཕོ་ཉར་འགྱེད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །ནུབ་བྱང་མཚམས་ཀྱི་དགྲ་བགེགས་ཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །བྱང་ཤར་མཚམས་སུ་བྱོན་པའི་ཚེ། །ཚེ་དབང་རྒྱས་པའི་མགོན་པོ་སྟེ། །ཧ་ཧར་རྒོད་པའི་དུར་ཁྲོད་དུ། །དབང་ལྡན་མ་ལུས་དབང་དུ་མཛད། །བགེགས་ཆེན་


CMR027_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །བྱང་ཤར་མཚམས་ཀྱི་དགྲ་བགེགས་ཟློག །ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་ནི། །འོག་གི་ཕྱོགས་སུ་བྱོན་པའི་ཚེ། །རྒྱུད་སྲུང་མཛད་པའི་མགོན་པོ་སྟེ། །བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ས་བདག་མ་ལུས་དབང་དུ་སྡུད། །ཀླུ་བདུད་འབུམ་ནི་ཕོ་ཉར་འགྱེད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །འོག་གི་ཕྱོགས་ཀྱི་དགྲ་བགེགས་ཟློག །འདི་ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་བསྔོས་ཡིན་པས་རོལ་མོ་དང་བཅས་ཤ་ས་ན་ཚར་གཅིག་གམ་གསུམ་བརྗོད། དེ་ནས་ལྷ་ཚོགས་ཐམས་ཅད་གོ་གྱོན་མཚོན་ཐོགས་ནས་ནམ་མཁའ་བར་སྣང་ས་གཞིར་སྤྲིན་ནག་ལྟར་འཁྲིགས་པར་བསྒོམས་ལ། དམག་འགྱེད་བསྡུས་པ་ནི་ཀླུ་སྒྲུབ་ཀྱི་གསུངས། ཧཱུྃ། བསིལ་བ་ཚལ་ནས་ཀུ་ཡི་ཐོབ། །ཤ་ཟ་འཚོགས་པའི་དམག་ཡར་བསྡུས། །རི་རབ་རྩེ་ནས་ཀུ་ཡི་ཐོབ། །ལྷ་དམག་མང་པོའི་དམག་ཡོར་བསྡུས། །ནག་པོ་ཆེན་པོས་དམག་དཔོན་མཛད། །དགྲ་བགེགས་སྟེང་ན་དམག་སྣ་དྲོངས། །མཱ་ར་ཡ་ཡི་བཟློག་ཏུ་གསོལ། །འུར་འུར་ཆེམ་ཆེམ་དམག་སྣ་དྲོངས། །ལྷ་སྲིན་སྡེ་བརྒྱད་ལས་ལ་ཡ། །མ་མོ་བྱེ་བ་ལས་ལ་ཡ། །བྱ་རོག་གདོང་ཅན་ལས་ལ་


CMR027_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ཡ། །བཏང་སྙོམས་ཡལ་བར་མ་བཏང་ཞིག །ད་ལྟ་ཉིད་དུ་ལས་གྱིས་ཤིག །ལས་ཀྱི་མགོན་པོ་བྱ་རོག་གདོང་། །ཆར་སྤྲིན་གཏིབས་པའི་མདོག་འདྲ་བའི་། །གྲི་གུག་འབར་བ་ཕྱར་ནས་ཀྱང་། །དགྲ་བགེགས་ཉམ་པའི་སྙིང་ལ་འགེམ། །ཞབས་བརྡབ་དགྲ་བགེགས་ཀླད་པ་སྤྱོས། །ཐོད་པས་ནང་ཁྲོལ་བཅུས་ལ་གསོལ། །ཚོགས་ཀྱི་བདག་པོ་གླང་སྣ་ཅན། །བྱི་ན་ཡ་ཀ་བགེགས་ཀྱིས་བསྐོར། །དགྲ་བགེགས་ལུས་སེམས་རྟེན་དང་ཕྲོལ། །མ་གཡེལ་ཤ་ཟ་དམ་ཅན་ཚོགས། །དགྲ་དཔུང་ཆོམས་ལ་བགེགས་དཔུང་ཤིག །བྱད་ཁ་ཕུར་ཁ་བཟློག་ཏུ་གསོལ། །དཔལ་མགོན་བདུན་ཅུ་རྩ་གཉིས་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་སྲིན་སྡེ་བརྒྱད་དམག་ཚོགས་རྣམས། །འདོད་ཆགས་རླུང་དམར་ཁྲིད་ལ་མཁས། །གཏི་མུག་མུན་པའི་ཚོགས་དང་བཅས། །ང་རྒྱལ་བསྭ་སྒྲ་དི་རི་རི། །ཕྲག་དོག་རླུང་འཚུབ་ཀྱི་ལི་ལི། །སྲ་བརྟན་རྡོ་རྗེའི་གོ་དང་བཅས། །རྣོ་དབལ་མཚོན་ཆའི་ངར་དང་བཅས། །མི་ནུབ་བརྟན་པའི་རྒྱལ་མཚན་ཚུགས། །དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །བྱད་ཁ་ཕུར་ཁ་ཐམས་ཅད་


CMR027_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །ལྷ་འདྲེའི་གདུག་པ་ཐམས་ཅད་ཟློག །བྷྱོ་བྷྱོ་དམ་ཉམས་དགྲ་ལ་བྷྱོ། །བཟློག་ཅིག་ལྷ་འདྲེའི་དམག་སྣ་ཟློག །དམ་ཉམས་དགྲ་ལ་ཕྲིན་ལས་མཛོད། །བྷྱོ། ཤར་གྱི་ཕྱོགས་སུ་དམག་འདྲེན་ན། །དམག་དཔོན་རྡོ་རྗེ་མཁའ་འགྲོའི་གྱིས། །དམག་སྣ་དཔལ་ལྡན་ལྷ་མོས་དྲོངས། །དམག་སྟེང་ཡུལ་འཁོར་སྲུང་གིས་སྐྱོང་། །དམག་འདི་དགྲ་བགེགས་སྟེང་དུ་བྷྱོ། །བྷྱོ། ལྷོ་ཡི་ཕྱོགས་སུ་དམག་འདྲེན་ན། །དམག་དཔོན་རིན་ཆེན་མཁའ་འགྲོའི་གྱིས། །དམག་སྣ་རེ་མ་ཏི་ཡིས་དྲོངས། །དམག་སྟེང་འཕགས་སྐྱེས་པོ་ཡིས་སྐྱོང་། །དམག་འདི་དགྲ་བགེགས་སྟེང་དུ་དྲོངས། །སྦྱོ། ནུབ་ཀྱི་ཕྱོགས་སུ་དམག་འདྲེན་ན། །དམག་དཔོན་པདྨ་མཁའ་འགྲོའི་གྱིས། །དམག་སྣ་སྲིད་པའི་རྒྱལ་མོས་དྲོངས། །དམག་སྟེང་སྤྱན་མའི་བཟང་གིས་སྐྱོང་། །དམག་འདི་དགྲ་བགེགས་སྟེང་དུ་དྲོངས། །བྷྱོ། བྱང་གི་ཕྱོགས་སུ་དམག་འདྲེན་ན། །དམག་དཔོན་ལས་ཀྱི་མཁའ་འགྲོའི་གྱིས། །དམག་སྣ་མ་མོ་ཡོངས་ཀྱིས་དྲོངས། །དམག་སྟེང་རྣམ་ཐོས་སྲས་ཀྱིས་སྐྱོང་། །དམག་འདི་དགྲ་བགེགས་སྟེང་དུ་དྲོངས། །རིགས་བཞི་མཁའ་འགྲོ་དམག་


CMR027_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས། །རྒྱལ་ཆེན་བཞི་ཡང་དམག་ལ་ཆོས། །མ་མོ་ཐམས་ཅད་དམག་ལ་ཆོས། །དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད། །སངས་རྒྱས་བསྟན་པ་རིན་ཆེན་སྲུངས། །དམ་ཚིག་ཅན་གྱི་བྱ་ར་གྱིས། །སྡིག་ཅན་འདུལ་བའི་ཕྲིན་ལས་མཛོད། །དམ་ཉམས་དགྲ་ལ་ཁྲམ་ཁ་ཐོབ། །དམ་ཉམས་ཡུལ་དུ་དམག་ལ་ཆོས། །ཐུལ་ཅིག་སྡང་དགྲ་གནོད་པའི་བགེགས། །བཟློག་ཅིག་ལྷ་འདྲེའི་དམག་སྣ་ཟློག །དེ་ནས་རང་ཉིད་བདེ་མཆོག་ནམ་མཁའ་གང་བར་བསྒོམས་ཏེ། ཞལ་སྲིད་པའི་རྩེ་ནས་མར་གཟིགས་ཤིང་ཟིལ་གྱིས་མནན། མགོན་པོའི་དམག་དཔུང་ཐམས་ཅད་སྤྲིན་ནག་རླུང་གིས་བསྐྱོད་པ་ལྟར་དགྲ་བགེགས་ཀྱི་སྟེང་དུ་ཆས་པར་བསྒོམས་ལ། དང་པོ་དཀར་གཏོར། དེ་ནས་འབུལ་གཏོར་རྣམས་དང་། དེ་ནས་གཏོར་ཟློག་དར་ནག་སོགས་ཁྱེར་བའི་གྲབས་བྱས་ལ། མེ་རུ་དཔལ་འབར་དྲུག་གམ་གཅིག་བཙུགས་ལ། གྲྭ་ལོའི་གསུངས། ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ཤར་དུ་བྱོན་པའི་ཚེ། །ཡུལ་འཁོར་སྲུང་ཡང་ཟིལ་གྱིས་གནོན། །དྲི་ཟ་རྣམས་ཀྱང་དབང་དུ་སྡུད། །ཉམས་པའི་དགྲ་བགེགས་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ལྷོ་


CMR027_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རུ་བྱོན་པའི་ཚེ། །འཕགས་སྐྱེས་པོ་ཡང་ཟིལ་གྱིས་གནོན། །གྲུལ་བུམ་རྣམས་ཀྱང་དབང་དུ་སྡུད། །ཉམས་པའི་དགྲ་བགེགས་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་ནུབ་ཏུ་བྱོན་པའི་ཚེ། །སྤྱན་མི་བཟང་ཡང་ཟིལ་གྱིས་གནོན། །ཀླུ་བྲན་འབུམ་རྣམས་དབང་དུ་སྡུད། །ཉམས་པའི་དགྲ་བགེགས་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་བྱང་དུ་བྱོན་པའི་ཚེ། །རྣམ་ཐོས་སྲས་ཡང་ཟིལ་གྱིས་གནོན། །གནོད་སྦྱིན་འབུམ་རྣམས་དབང་དུ་སྡུད། །ཉམས་པའི་དགྲ་བགེགས་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་སྟེང་དུ་བྱོན་པའི་ཚེ། །དབང་པོའི་རྒྱལ་པོ་ཟིལ་གྱིས་གནོན། །གནོད་སྦྱིན་འབུམ་རྣམས་དབང་དུ་སྡུད། །ཉམས་པའི་དགྲ་བགེགས་སྲོག་རྩ་གཅོད་། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །ཧཱུྃ། དཔལ་འབར་མ་ཧཱ་ཀཱ་ལ་ནི། །རི་རབ་འོག་ཏུ་བྱོན་པའི་ཚེ། །ཀླུ་ཆེན་བརྒྱད་ཀྱང་ཟིལ་གྱིས་གནོན། །ས་


CMR027_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྣམས་ཀྱང་དབང་དུ་སྡུད། །ཉམས་པའི་དགྲ་བགེགས་སྲོག་རྩ་གཅོད། །གཏོར་མའི་བདག་པོའི་ཐུགས་དམ་བསྐང་། །དེ་ནས་ཐམས་ཅད་ཀྱིས་ཁྱེར་གྲབས་བྱས་ནས་བཀྱག་ལ་རང་ཡང་སྔགས་ཆས་གྱོན་ནས། ཧཱུྃ། ད་ནི་བཟློག་མདོས་བསྐྱོད་རེ་རན། །ད་ནི་དམག་དཔུང་བསྐྱོད་རེ་རན། །ནག་པོ་ཆེན་པོ་སྐུ་བསྐྱོད་འཚལ། །བཀའ་ཡི་ལས་མཁན་སྐུ་སྐྱོད་ཅིག །ལས་ཀྱི་ཕོ་ཉ་སྐུ་སྐྱོད་ཅིག །ལྷ་སྲིན་དམག་ཚོགས་སྐུ་སྐྱོད་ཅིག །དགྲ་བགེགས་ཡུལ་དུ་སྐུ་སྐྱོད་ཅིག །ཆིབས་ཁ་དགྲ་ཡི་ཡུལ་དུ་སྒྱུར། །དགྲ་བོའི་ཡུལ་ཁམས་དམག་གིས་ཁེངས། །སྡང་བའི་དགྲ་ལ་སྐུ་ཟུར་སྟོན། །བཀའ་ཆད་སྡང་བའི་དགྲ་ལ་ཐོངས། །ཐུན་ཟོར་སྡང་བའི་དགྲ་ལ་རྒྱོབ། །དྲེགས་བྱེད་འཁོར་བཅས་དགྲ་ལ་ཆོས། །དགྲ་བོའི་མི་ནོར་ཆམ་ལ་ཕོབ། །དགྲ་བོའི་ཡུལ་ཁམས་བརླགས་པར་མཛོད། །དུས་ལ་བབ་བོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ཐུན་བྷྱོ།་ཨོཾ་ཀ་དུ་རྦད་བྷྱོ། པྲ་མ་ཧ་བྷྱོ། མ་ཧཱ་ལི་ཐུན་བྷྱོ། ཀ་ལ་ར་ཏྲི་ཐུན་བྷྱོ། ནག་པོ་པས་མཛད་པའོ། །དེ་ནས་ཕྱི་རོལ་དུ་ཕྱོགས་གཙང་སར་སོང་ལ་གསེར་སྐྱེམས་མཆོད་དཀར་གཏོར་


CMR027_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། དེ་ནས་བདེན་པ་བརྡར་ལིང་ག་ལ་བཀུག་གཞུག་དམོད་བཅོལ་བྱ་གཏོར་ཟོར་འཕེན་ན་སྐབས་འདིར་འཕེན་ཏེ། ཐེབས་ལྡོག་རྣམ་གྲངས་མང་བས་ཤེས་པ་དང་བརྩི་བ་ཡང་དཀའ་ཞིང་ཡག་ཉེས་ཆེ་བས་མ་འཕང་ན་ཡང་བཀྲ་ཤིས་ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ་བྱས། ཐུན་གཏོར་རྣམས་ཀྱང་འཕང་། དེ་ནས་གཏོར་ཟློག་དེ་བཀྱག་བཅོལ་ལ་འདི་རྒྱ་གཞུང་དུ་གྲགས་པའི་ཟློག་སྒྱུར་དྲག་པོས་འདི་སྐད་དོ། ཧཱུྃ་བྷྱོ། དོ་ནུབ་གནོད་པ་བཟློག་ཏུ་གསོལ། །བདུད་ཁ་དགྲ་ལ་བསྒྱུར་དུ་གསོལ། །བཟློག་ཅིག་སྒྱུར་ཅིག་ས་མ་ཡ། །བྷྱོ། རེ་ལྟོས་གཞན་དུ་མ་བཅས་སོ། །བཟློག་ཅིག་མ་མོའི་སྔགས་ཟོར་ཟློག །དོ་གཤིན་རྗེའི་འཕྲུལ་འཁོར་ཟློག །ཕུར་པའི་དབལ་ཁ་བཟློག་ཏུ་གསོལ། །བདུད་ཀྱི་ཁྲམ་ཁ་བཟློག་ཏུ་གསོལ། །གནོད་སྦྱིན་གཟེར་ནད་བཟློག་ཏུ་གསོལ། །རྒྱལ་པོའི་སྨྱོ་འབོག་བཟློག་ཏུ་གསོལ། །ཀླུ་ཡི་འཆིང་བ་བཟློག་ཏུ་གསོལ། །བཙན་གྱི་ཤོ་རྒྱུག་བཟློག་ཏུ་གསོལ། །མོན་པའི་གཅེར་རྒྱུག་བཟློག་ཏུ་གསོལ། །བལ་པོའི་དུག་མཚོན་བཟློག་ཏུ་གསོལ། །རོ་ལངས་གནོད་པ་བཟློག་ཏུ་གསོལ། །མ་ཧཱ་དེ་བ་ལ་སོགས་པའི། །ལྷ་ཆེན་བརྒྱད་ཀྱང་ཞབས་ཀྱིས་མནན། །བྱི་ན་ཡ་ཀ་ལ་སོགས་པའི། །བགེགས་ཆེན་


CMR027_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱང་མནན་པས་བསྐོར། །ཡི་དྭགས་ཤ་ཟ་ལ་སོགས་པའི། །ནང་ནས་སྲི་ལངས་ཐམས་ཅད་ཟློག །རྒྱལ་འགོང་བཙན་འགོང་བྱིན་གྱིས་ཐུལ། །མ་བདུད་སྲིན་མོ་ཐལ་བར་རློགས། །ཐེའུ་རང་འགོང་པོ་གཞོབ་ཏུ་བསྲེགས། །དགྲ་བགེགས་རང་གཤེད་རང་ལ་ཕོབ། །དམ་ཉམས་མཚོན་ཆ་རང་ལ་རྒྱོབ། །ཁས་བླངས་དམ་བཅའ་མ་གཡེལ་ཅིག །མ་ཧཱ་ཀཱ་ལའི་དུས་ལ་བབ། །ཡུམ་ཆེན་ལྷ་མོ་ཙན་ཏི་ཀ་ཡི་དུས་ལ་བབ། །བཀའ་སྡོད་ལེགས་ལྡན་མགོན་པོའི་དུས་ལ་བབ། །ཕོ་ཉ་ཀང་ཀ་དི་རིའི་དུས་ལ་བབ། །ཕྱག་བརྙན་བྲག་ལྷ་མགོན་པོའི་དུས་ལ་བབ། །གཡོ་བྱེད་ཤྭ་ན་ར་ཛའི་དུས་ལ་བབ། །ལས་མགོན་ཐོད་ཕྲེང་ནག་པོའི་དུས་ལ་བབ། །སྤྲུལ་པའི་དཔལ་མགོན་བདུན་ཅུ་དུས་ལ་བབ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག །ཨོཾ་མ་ཧཱ་ཀཱ་ལ་ཧེ་ཐུན་བྷྱོ། མ་ཧཱ་ཀཱ་ལི་པྲ་མོ་ཧེ་ཐུན་བྷྱོ་བྷྱོ་ཟློག་ཟློག །ཅེས་པ་རྒྱ་གཞུང་ཡིན་ངེས་སོ། །ཟློག་སྔགས་རིང་བ་དང་ཤ་ས་ན་བཞི་སྙིང་སོགས་ཅི་རིགས་བརྗོད་ཅིང་རོལ་མོ་བྱའོ། །གཏོར་མ་གཙོ་འཁོར་ཐམས་ཅད་རྩེ་པར་བསྟན་ལ་བསྐྱེལ་བཅུག །མགོན་པོ་འཁོར་བཅས་མེ་རླུང་འཚུབ་མ་འུར་སྒྲ་དྲག་པོ་


CMR027_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་དགྲ་གེགས་གནོད་བྱེད་ཐམས་ཅད་དེད་ནས་རྒྱ་མཚོའི་ཕར་འགྲམ་དུ་སོང་བར་བསྒོམས་ལ་དར་ནག་གཡབ་ལ་དུར་མོ་རྡེབ། རོལ་མོ་དྲག་ཏུ་བྱའོ། །དེ་ནས་གཏོད་སྣོད་ཐམས་ཅད་ཁ་སྦུབ་ལ་སྟེང་དུ་དར་ནག་དྲིལ་བ་བཙུགས་ནས། དམིགས་པ་དང་བཅས་པས་འདི་བརྗོད་པར་བྱའོ། །ན་མོ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་འཁོར་ལོ་སྡོམ་པ། ཤྲཱི་མ་ཧཱ་ཀཱ་ལ་ལྕམ་དྲལ་གྱི་བདེན་པས་གནོད་བྱེད་དམ་སྲི་ཐམས་ཅད་གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག །ཛཿཧཱུྃ་བཾ་ཧོ༔ ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་འདིར། །ཀུན་ཀྱང་རིགས་ལྔ་ཧེ་རུ་ཀ །རིགས་ལྔ་ཀྲོ་ཏི་ཤྭ་རི་སྟེ། །ཡེ་ཤེས་མགོན་པོས་ནམ་མཁའ་གང་། །མ་མོའི་སྤྲུལ་པས་བར་སྣང་གང་། །བྱ་རོག་མ་མོ་སྤྲིན་ལྟར་གཏིབས། །བགེགས་ཞེས་བྱ་བའི་མིང་ཡང་མེད། །བདུད་དཔུང་ལྷ་ལ་གནོད་པའི་ཕྱིར། །བྲོ་འདི་བར་ཆད་མེད་པར་བརྡུང་། །ཚངས་པའི་དབྱིངས་སུ་འདྲེན་པའི་ཕྱིར། །བྲོ་འདི་བར་ཆད་མེད་པར་བརྡུང་། །ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། སློབ་དཔོན་གྱི་སྐུ་དགྲ། མཆེད་དང་ལྕམ་དྲལ་གྱི་སྒོས་དགྲ་འདི་ནོན། དཀྱིལ་འཁོར་དངོས་ལྡན་འདི་ནོན། ཞུན་མར་གྱི་མདངས་འཕྲོག་འདི་ནོན། མི་མིན་མི་རུ་བརྫུ་བ་འདི་ནོན། ལྷ་མིན་ལྷ་རུ་བརྫུ་


CMR027_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདི་ནོན། ཨོཾ་མ་ཧཱ་ཀཱ་ལ་ཤ་ཏྲི་དམ་སྲི་སྒབ་འདྲེ་ན་ཤ་ཡ། ཧཱུྃ་བྷ་ཡ། མཱ་ར་ཡ། མར་དྷ་ཡ་ནན། འདི་འོག་སྟོང་ཕྲག་ཉི་ཤུ་ན། །གཤིན་རྗེ་ཆོས་ཀྱི་ཚོ་རྒྱལ་པོ་བཞུགས། །དེ་ལ་ཁྱོད་ཀྱིས་ཆོས་ཉོན་ཅིག །ཇི་སྲིད་བྱམས་མགོན་མ་བྱོན་བར། །ཆོས་སྐྱོང་སྲུང་མས་རྒྱས་གདབ་བོ། །རྒྱ་ལས་འདའ་བར་མ་བྱེད་ཅིག །ས་མ་ཡ། རྒྱ་རྒྱ་རྒྱ། ཞེས་རྡོ་རྗེ་རྒྱ་གྲམ་རི་རབ་དང་བཅས་པས་མནན་པར་བསམ་མོ། །ལས་གསང་བའི་རྒྱུད་ལས། མནན་རྫོགས་ཁྲོ་བོའི་རྟིང་པར་བརྫིས། ཞེས་གསུངས་པའི་དོན་ནོ། །ཚིག་འདི་ནི་གྲྭ་ལོས་གསུངས་སོ། །དེ་ནས་ཐམས་ཅད་ཕྱི་མིག་མི་ལྟ་བར་སློབ་དཔོན་གྱི་རྗེས་སུ་མནན་ཞིང་འོང་སྟེ། ཕཊ། ཡེ་ཤེས་ཁྱུང་ནག་མེའི་གཤོག་པ་ཅན་རྭ་དང་མཆུ་སྡེར་གནམ་ལྕགས་ལས་གྲུབ་པ་ཞིག་ཞལ་ཕྱིར་ཕྱོགས་ནས་རྗེས་བཅད་པར་གྱུར། ཨོཾ་ཁྲོ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། རཀྵ་རཀྵ། དེ་ནས་ནང་དུ་ཡི་དམ་མམ་མགོན་པོའི་ཚོགས་བྱ། ཚེ་འགུགས་བཀྲ་ཤིས་སོགས་རྗེས་ཀྱི་བྱ་བ་སྤྱི་ལྟར་རོ། །དེ་ལྟར་དྲག་པོའི་གཏོར་ཟློག་འདིའི་ཕན་ཡོན་ནི། མགོན་པོ་བྱ་རོག་སྲོག་ཟན་ནག་པོའི་རྒྱུད་ལས། གོང་གི་གཏོར་ཆུང་འབུལ་བའི་སྔགས་དེ་གསུངས་ནས་བརྒྱའམ་བདུན་སྟོང་ཕྲག་བདུན། ཞེ་སྡང་ལྡན་པས་བརྗོད་པར་བྱ། །དགྲ་བགེགས་ཤ་ཁྲག་རུས་པ་དང་། །རྐང་


CMR027_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཚིལ་བུ་སྙིང་དང་ནི། །ཞིང་ལྤགས་ཀླད་པར་དམིགས་བྱས་ནས། །རྟེན་གྱི་མིང་བཅུག་བཀུག་བྱས་ཏེ། །དུས་བཞིར་བཏབ་ཅིང་སྔགས་ཀྱིས་རྦད། །རྟགས་དང་མཚན་མ་མ་བྱུང་བར། །གཏོར་མའི་བསྒྲུབ་པ་རྟག་ཏུ་བསྐུལ། །མགོན་པོ་འཁོར་དང་བཅས་པ་ཡིས། །དངོས་སུ་རྟགས་དང་ཆོ་འཕྲུལ་སྟོན། །འཆི་བདག་བདུད་དང་བདུད་རིགས་དང་། །བགེགས་དང་ལྟས་ངན་བྱད་ཁ་རྣམས། །ཚར་གཅོད་གཏོར་མས་ཟློག་པར་འགྱུར། །ཞེས་གསུངས་པའི་དོན་ཡིན་ལ། གཞན་ཡང་མགོན་པོ་འདི་ལ་འདི་ལྟར་མཆོད་བསྟོད་རྒྱས་པར་བྱས་པའི་ཕན་ཡོན་ནི། ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། མཆོད་བསྟོད་བྱ་ཚུལ་རྒྱས་པར་གསུངས་ནས། དེ་ལྟར་མཆོད་པས་རྣལ་འབྱོར་པ། །མཐུ་སྟོབས་འབྱོར་པ་གཟི་བརྗིད་དང་། །དཔལ་དང་གྲགས་དང་བསྐལ་པ་བཟང་། །ལོངས་སྤྱོད་འབྱོར་བ་ཕུན་སུམ་ཚོགས། །ཞེས་དང་། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དུས་བཞི་དག་ཏུ་གཏོར་མ་ཕུལ། །བགེགས་མེད་བསོད་ནམས་འཕེལ་བྱེད་པའོ། །ཞེས་དང་། དཔལ་ནག་པོ་ཆེན་པོ་བྱ་རོག་བརྩེགས་པ་དམ་ཚིག་བསྟན་པའི་སྤྱི་རྒྱུད་ལས། གཏོར་ཆེན་མཆོད་པ་གཏོར་ཆུང་འབུལ་ལུགས་རྒྱས་པར་གསུངས་ནས། མཆོད་དང་གཏོར་མར་ག་ང་བརྩོན་པ། །དེ་ལ་བར་ཆད་མི་འབྱུང་ཞིང་། །དངོས་གྲུབ་མཆོག་རྣམས་ཐོབ་པར་འགྱུར། །ཕྲིན་ལས་རྣམ་བཞི་འགྲུབ་པར་འགྱུར། །ཅེས་དང་། གཏོར་མའི་ལས་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་


CMR027_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་སྩལ་པ། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །གཏོར་མ་དག་ལ་བརྟེན་ནས་ཐོབ། །རྣལ་འབྱོར་གཏོར་མར་མི་བརྩོན་ན། །དེ་ཡི་བར་ཆད་གང་གིས་སེལ། །རྣལ་འབྱོར་གཏོར་མར་བརྩོན་པ་ན། །དེ་ལ་བར་ཆད་སུ་ཡིས་ནུས། །ཞེས་གསུངས་སོ། །དཔལ་བྱ་རོག་ཆེན་པོའི་རྒྱུད་ལས། ཚར་གཅོད་མན་ངག་ལས་སྦྱོར་རོ། །གཏོར་མའི་མན་ངག་འདི་ཡིན་དུ། །ཤེས་པར་བྱས་ལ་འབུལ་བར་བྱ། །བསྒྲུབ་པོ་དག་གི་རྩེ་གཅིག་གིས། །ཁྲག་འཐུང་རྒྱལ་པོ་འཐོབ་བྱའི་ཕྱིར། །དེ་ཡི་ལམ་གྱི་བར་ཆད་སེལ། །ཞེས་དང་། དྲག་པོའི་གཏོར་མས་མངོན་སྤྱོད་འགྲུབ་པར་འགྱུར་ཞེས་གསུངས་སོ། །བཞི་སྙིང་སྤྲུལ་པའི་རྒྱུད་ལས། སྦྱིན་སྲེག་དང་གཏོར་མ་གཉིས་ཀའི་ཕན་ཡོན་མཉམ་དུ་གསུངས་པ་ལས། དེས་ནི་ལས་ཀྱི་འབྲས་བུ་མྱུར་དུ་འགྲུབ། །ཞི་རྒྱས་དབང་དྲག་མཐར་ཕྱིན་ཞིང་། །ཐུན་མོང་ལས་བརྒྱད་ཐོབ་ནས་སུ། །བསམ་པའི་དངོས་གྲུབ་ཐམས་ཅད་འགྲུབ། །ལྷ་ཀླུ་གནོད་སྦྱིན་སྲིན་པོས་ཀྱང་། །ཚེ་བསྲིང་ནད་སོགས་གནོད་པ་ཀུན་ལས་ཐར། །ཅེས་གསུངས་སོ། །ཞེས་པ་འདི་ནི་རྡོ་རྗེའི་མཆེད་པོ་སྔགས་འཆང་རཏྣའི་མིང་ཅན་གྱིས་མགོན་པོའི་རྒྱུད་ཀྱི་གླེགས་བམ་མཎྜལ་དུ་བྱས་ནས། ལོ་བཅུ་ཙམ་གྱིས་གོང་ནས་བསྐུལ་ཀྱང་། མགོན་པོ་འདིའི་ཆོས་བདག །འབྲི་སྟག་འབྲུག་གསུམ་བཀྲ་ཤིས་ཟུར་མང་སྣ་པ་དྭགས་ལྷ་སྒམ་པོ་སོགས་སྐྱེས་ཆེན་ཉི་ཟླ་ལྟ་བུར་མང་དུ་བཞུགས་པས་བདག་ལྟ་བུའི་བརྩམས་པའི་བབ་ཐོབ་མེད་སྙམ་ནས་བཏང་སྙོམས་སུ་བཞག །སླར་ཡང་


CMR027_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ནད་ཀྱི་བྲོ་འཚལ་དུས་རྡོ་རྗེའི་མཆེད་པོ་དེ་ཉིད་འཚོ་བྱེད་དུ་སྤྱན་དྲངས་སྐབས་ཀྱང་གསུང་གིས་བསྐུལ་ཞིང་། ཁོ་བོ་ནི་མགོན་པོ་འདི་ལ་དད་པ་ཆེ་བའི་དོན་གྱི་ཡིན་གསུངས་པས། དེ་ལྟར་དད་གུས་བསམ་པ་རྣམ་པར་དག་པས་བསྐུལ་བའི་བཀའ་བཅག་རྒྱུ་མི་རུང་སྙམ་ནས། མགོན་པོ་འཁོར་བཅས་ལ་བཀའི་གནང་བ་བསྩལ་བར་གསོལ་བ་བཏབ་ཅིང་། ཤིང་ཕོ་རྟའི་ལོ་སྣོན་ཟླ་བའི་ཡར་ཚེས་གསུམ་ནས་བདུན་གྱི་བར་དུ་རྫོགས་པར་བྲིས་པའོ། །དེ་ཡང་རྒྱལ་སྲས་ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་མ་བརྗོད། །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ། །དེ་ཕྱིར་གཞན་དོན་བདག་གི་འདིར་མ་བྱས། །རང་གི་ཡིད་ལ་བསྒོམ་ཕྱིར་ངས་འདི་བརྩམས། །ཞེས་གསུངས་པ་ལྟར། བྲིས་ངན་ཅིང་ཐོབ་ཆ་མེད་ཀྱང་དོན་ལེགས་ཤིང་། །ཚིག་ལ་གཞན་དག་མགུ་དཀའ་ན་ཡང་། ཚིག་འདི་ལས་འགྲིག་ཅིང་མཛེས་ཙམ་བརྩམས་ཆོག་ནའང་། འདོན་ཆའི་གཞུང་རྒྱ་གཞུང་དང་། གྲྭ་ལོ་སོགས་ཀྱི་གསུང་བྱིན་རླབས་ཆེ་སྙམ་ནས་བསྒྲིགས། མཚན་ཉིད་པའི་དགེ་བཤེས་འགའ་རེས། གཏོར་ཟློག་སོགས་རྒྱུད་ནས་མ་གསུངས་ཟེར་བའི་རྣམ་རྟོག་བཀག་ཕྱིར་རྒྱུད་ཀྱི་གསུངས་རྣམས་དྲངས་སོ། །གཏོར་ཆེན་དང་གཏོར་ཟློག་རྣམས་ཀྱི་དོན་རྩའི་སྙིང་པོ་ཐམས་ཅད་བསྡུས། ཕྱག་ལེན་མཐོང་བ་བརྒྱུད་པ་དང་བླ་མ་རྣམས་ཀྱི་ཞལ་ཤེས་དང་རང་གི་ཉམས་མྱོང་ཅུང་ཟད་ཡོད་པ་དང་བསྟུན། དཔེ་གཞན་ལ་ལྟོས་མི་དགོས་པར་ཚུགས་ཐུབ་པ། ཟབ་ཅིང་བྱིན་རླབས་ཆེ་བ་ལག་ཏུ་བླང་བདེ་བ་འདི་བཞིན་གཞུང་


CMR027_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱས་ན། རང་གཞན་གྱི་བར་ཆད་སེལ་ཞིང་རྟགས་མཚན་གསལ་པོར་འབྱུང་ངེས་པ་ཐེ་ཚོམ་མེད་པ། འདི་ལྟར་བཟློག་གཞུང་ལ་བསྲུང་རིམ་སོགས་ལ་བྱ་ཐབས་འདི་ལས་གབ་སྦས་ཅུང་ཟད་ཀྱང་མེད་དེ་བལྟས་ཆོག་ཡིན་ནོ། །གཞན་ཡང་གཞུང་འདི་ཉིད་ལ་བཅའ་ལུགས་འདོན་ལུགས། སྔགས་དང་དམིགས་པའི་བསྒྱུར་ཁ་བྱས་ན། ལས་ཚོགས་སྒྲུབ་ཐབས་མང་དུ་མཆིས་ཏེ་རྒྱུད་གཞུང་རྣམས་ན་རང་བཞིན་གྱིས་གབ་ནས་བཞུགས་པ། ཕལ་ཆེར་ཉེས་པའི་གཞིར་འགྱུར་ཉེས་ཆེ་བས་མ་བཀོད་དོ། །དེ་ཡང་རིམ་གྲོ་ཆེན་པོ་ལ་བཟློག་པ་བརྒྱ་རྩ་བརྒྱད་བྱེད་ན། འདིའི་ལས་བྱང་མངོན་རྟོགས་ནས་རྩང་གྱེར་ཡན་ཚར་བཅོ་ལྔ་འདོན་པས། གཙོ་བོ་སྐུ་ལྔ་བྱུང་འཁོར་བཞི་རེ། ཚར་རེ་རེར་ཟློག་པ་བདུན་རེ་ཚང་། གཏོར་རྫོངས་ཟློག་པ་གཅིག །གཏོར་ཆེན་འཕེན་ཁའི་ཟློག་པ་དང་བརྒྱ་བརྒྱད་ཡིན་ནོ། །འདི་འབྲི་ཚེ་མགོན་པོ་འཁོར་བཅས་ལ་གཏོར་མ་ཕུལ་ཞིང་བསྙེན་པ་ཐུན་རེ་བྱས་པས། ཉམས་དང་རྨི་ལམ་འདྲེས་པའི་སྐབས་སུ་སྐུའི་རྣམ་པ་གསལ་པོར་ནི་མ་མཐོང་ཡང་། མགོན་པོ་འཁོར་བཅས་སྤྲིན་གཏིབས་པ་ལྟར་འདུས་བྱུང་ནས། ཁྱོད་དམ་ཚིག་ཅན་ཡིན་པས་ངེད་རྣམས་འོང་བ་ཡིན། ཞེས་གསལ་པོར་གསུངས་སྣང་དང་། འདི་སུས་ཉམས་སུ་བླང་ཡང་གདུལ་བྱ་ཕྲིན་ལས་རྒྱས་ཤིང་མ་འོངས་དུས་ཀྱི་མཐར་དཔེ་འདི་རྒྱ་ནག་པོའི་ཕོ་བྲང་ཡན་ཆད་འཕེལ་ཞིང་དར་བའི་རྨིས་ལྟས་གསལ་པོར་ཡང་བྱུང་བའི་ཕྱིར་འདི་ལ་ཕྱིན་ཆད་སྣོན་འཕྲི་མ་བྱེད་པར་འདི་ཇི་ལྟ་བར་བྲིས་ཤིག །ཅེས་པ་མགོན་པོ་འདི་


CMR027_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་གཏན་གྱི་ཆོས་སྐྱོང་དུ་འཛིན་པའི། ༧ སྔགས་འཆང་ཨ་རཱ་གས་སྦྱར་བ་མངྒ་ལཾ།། བཀྲ་ཤིས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་གཏོར་ཟློག །ཤིན་ཏུ་བསྡུས་པ། བསྐང་ཟློག་སྦྲག་མའི་གཏོར་སྒྲུབ།next