Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤ་ཟ་གདོང་ལྔའི་རྩང་འཚོགས།
   


 
previousཤ་ཟ་གདོང་ལྔའི་རྩང་འཚོགས།next

ཤ་ཟ་གདོང་ལྔའི་རྩང་འཚོགས།


CMR027_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཟ་གདོང་ལྔའི་རྩང་འཚོགས་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR027_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། ཤར་ཕྱོགས་རྡོ་རྗེ་མ་བདུན་ནི། །མིང་པོ་ཚངས་པ་ལ་སོགས་ཏེ། །རྣལ་འབྱོར་ཀུན་གྱི་ཡུམ་གཅིག་མ། །གདུག་པའི་རྩང་ལ་སྤྱན་འདྲེན་ན། །གདུག་པའི་རྩང་དང་གཉིས་མེད་དུ། །དགྲ་བོའི་སྲོག་གི་གཤེད་མ་མཛོད། །ཧཱུྃ། ལྷོ་ཕྱོགས་རིན་ཆེན་མ་བདུན་ནི། །མིང་པོ་གཤིན་རྗེ་ལ་སོགས་པ། །རྣལ་འབྱོར་ཀུན་གྱི་མཛའ་གཅིག་མ། །གདུག་པའི་རྩང་ལ་སྤྱན་འདྲེན་ན། །གདུག་པའི་རྩང་དང་གཉིས་མེད་དུ། །དགྲ་བོའི་སྲོག་གི་གཤེད་མ་མཛོད། །ཧཱུྃ། ནུབ་ཕྱོགས་པདྨའི་མ་བདུན་ནི། །མིང་པོ་ཀླུ་དབང་ལ་སོགས་པ། །རྣལ་འབྱོར་ཀུན་


CMR027_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གྲོགས་གཅིག་མ། །གདུག་པའི་རྩང་ལ་སྤྱན་འདྲེན་ན། །གདུག་པའི་རྩང་དང་གཉིས་མེད་དུ། །དགྲ་བོའི་སྲོག་གི་གཤེད་མ་མཛོད། །ཧཱུྃ། བྱང་ཕྱོགས་ལས་ཀྱི་མ་བདུན་ནི། །མིང་པོ་གནོད་སྦྱིན་ལ་སོགས་ཏེ། །རྣལ་འབྱོར་ཀུན་གྱི་བྲན་གཅིག་མ། །གདུག་པའི་རྩིང་ལ་སྤྱན་འདྲེན་ནོ། །གདུག་པའི་རྩང་དང་གཉིས་མེད་དུ། །དགྲ་བགེགས་སྲོག་གི་གཤེད་མ་མཛོད། །ཧཱུྃ། དབང་ཕྱུག་ཆེན་པོ་ཉི་ཤུ་བརྒྱད། །བུད་མེད་ལུས་ལ་མགོ་བརྙན་ཅན། །གཅེར་བུའི་ལུས་ལ་དུར་ཁྲོད་ཆས། །ལག་ན་མཚོན་ཆ་སྣ་ཚོགས་ཐོགས། །གདུག་པའི་རྩང་


CMR027_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱན་འདྲེན་ན། །གདུག་པའི་རྩང་དང་གཉིས་མེད་དུ། །དགྲ་བགེགས་སྲོག་གི་གཤེད་མ་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ང་ནི་དཔལ་ཆེན་ཁྲག་འཐུང་སྐུ། །སྐུ་ཡི་མངའ་བདག་འགྲོ་བའི་མགོན། །དུས་གསུམ་སངས་རྒྱས་བསྟན་པ་བསྲུང་། །གསུང་གི་དབང་ཕྱུག་འགྲོ་བའི་མགོན། །བཀའ་ལ་མི་ཉན་གང་ཡང་མེད། །ཐུགས་ནི་ཕྱི་ནང་སྣོད་བཅུད་ཀུན་ལ་ཁྱབ། །ང་ཡིས་མི་འདུལ་གང་ཡང་མེད། །ཧཱུྃ། དྲག་པོ་ལས་ཀྱི་འཕྲིན་ལས་མཛད་ཙམ་ན། །དྲག་པོ་རྩང་གི་ཕུར་པ་འདི། །དང་པོ་རྩང་བྱུང་གང་ནས་བྱུང་། །མུ་སྟེགས་ཡུལ་གྱི་ལྷུན་པོ་ན། །དུར་ཁྲོད་ཆེན་པོའི་ས་མཚམས་ན། །གདུག་པའི་སྐྱེར་ཚེར་ཕུང་གཅིག་སྐྱེས། །ལྷ་འདྲེ་མང་པོ་དེ་ལ་གནས། །སྔགས་འཆང་ཁྲག་འཐུང་སྤྲུལ་པ་ཡིས། །སྤུ་གྲི་ངར་མ་ཕྱག་ན་བསྣམས། །གདུག་པའི་སྐྱེར་ཚེར་རྩད་ནས་བཅད། །གདུག་རྩུབ་དྲག་པོའི་ཤིང་དག་ལ། །རྩ་བཅད་རྩེ་བཞོག་གཉིས་ཀ་བྱས། །ཚད་ནི་གྲུ་གང་ཚུར་དུ་བཞོགས། །རྩེ་མོ་ཟུར་གསུམ་ཚུལ་དུ་བཞོགས། །རྩ་བ་དབལ་ཕུར་ཟུར་གསུམ་བཞོགས། །ཛདང་བློ་ཡི་ཡི་གེ་བྲིས། །དྲག་པོ་ལས་ཀྱི་


CMR027_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཡང་བསྐུར། །སྤྲུལ་པའི་ཕོ་ཉས་བྱིན་བརླབས་ནས། །གདུག་པའི་དགྲ་བགེགས་འདུལ་བའི་ཕྱིར། །རྩང་ཕུར་རྩེ་མོ་དབལ་དང་ལྡན། །ཡར་གྱི་རྩེ་མོ་རྣོ་ངར་དབལ་དང་ལྡན། །མར་གྱི་རྩེ་མོ་གདུག་ལ་རྩུབ། །རྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །ཡར་གྱི་རྩེ་མོ་ཆོས་ཉིད་དབྱིངས་སུ་སླེབས། །མར་གྱི་རྩེ་མོ་ངན་སོང་རྒྱུ་དྲུག་གནོན། །རྐེད་པ་རྒྱ་མདུད་ཁམས་གསུམ་དབང་དུ་སྡུད། །ཡར་གྱི་རྩེ་ལ་ཞེ་སྡང་མེ་ལྟར་འབར། །མར་གྱི་རྩེ་ལ་འདོད་ཆགས་ཆུ་ལྟར་ཁོལ། །རྐེད་པ་རྒྱ་མདུད་ཕྲག་དོག་རླུང་ལྟར་འཚུབ། །ཡར་གྱི་རྩེ་ལ་དྲག་པོའི་འབྲུག་སྒྲ་སྒྲོག །མར་གྱི་རྩེ་ལ་སྤྲུལ་པའི་གློག་འོད་འཁྱུག །རྐེད་པ་རྒྱ་མདུད་གནམ་ལྕགས་སེར་ཆེན་འབེབས། །ཡར་གྱི་རྩེ་ལ་རཾ་གྱི་བུ་ཡུག་འཚུབ། །མར་གྱི་རྩེ་ལ་ཛ་ཡི་ཆུ་རྒྱུན་འབྲུབས། །རྐེད་པ་རྒྱ་མདུད་གནམ་ལྕགས་སེར་ཆེན་འབེབས། །ཧཱུྃ་དང་ཕཊ་ཀྱི་ང་རོ་སྒྲོག །དགྲ་བགེགས་བྱད་མ་རྣམས་ཀྱི་སྙིང་ལ་བཏབ་། །ལས་མཁན་ཕོ་མོ་རྣམས་ཀྱི་རྟེན་དུ་བཙུགས། །དགྲ་བགེགས་སྒྲོལ་ལ་རྐྱེན་ངན་ཟློག །མི་མཐུན་རྐྱེན་རྣམས་ཞི་བར་མཛོད། །ཧཱུྃ། དབང་དྲག་ལྡན་པའི་རྩང་ཕུར་


CMR027_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས། །ཡར་གྱི་རྩེ་ལ་གཡུ་བྱ་ཁུ་བྱུག་གྲགས། །མར་གྱི་རྩེ་ལ་དུར་བྱ་ཀང་ཀ་འཇུམ། །རྐེད་པའི་དཀྱིལ་ན་གཡུ་སྤྱང་སྔོན་མོ་ངུ་། །ཡར་གྱི་རྩེ་ལ་ལྕགས་སྤྱང་དམར་པོ་རྒྱུགས། །མར་གྱི་རྩེ་ལ་དུར་ཁྲོད་ཝ་མོ་བརྒྱལ། །རྐེད་པ་རྒྱ་མདུད་འཇིགས་པའི་དོམ་དྲེད་རྔམས། །ཡར་གྱི་རྩེ་ལ་ཞེ་སྡང་སྦྲུལ་ནག་འཁྱུགས། །མར་གྱི་རྩེ་ལ་གདུག་པའི་ཆུ་སྲིན་རྔམས། །རྐེད་པ་རྒྱ་མདུད་གསེར་གྱི་སྦལ་པ་འཁྱུགས། །ཡར་གྱི་རྩེ་ལ་ལྕགས་ཀྱི་བུང་བ་ལྡིང་། །མར་གྱི་རྩེ་ལ་སྲིན་གྱི་གྲོང་ཁྱེར་ཁོལ། །རྐེད་པ་རྒྱ་མདུད་གྲོག་མ་དམར་ནག་འཁྱུགས། །ཕྱི་རིམ་ལྕགས་རི་ནག་པོ་ལ། །ཆུང་ཕུར་སྲིན་མོ་འགྲོས་སུ་བཙུགས། །རྩང་ཕུར་ཁྲོ་མོ་ལམས་སེ་ལམ། །རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་འཐུང་ཀྱུ་རུ་རུ། །རྩང་ཕུར་རུས་འཆའ་ཀུམས་སེ་ཀྲུམ། །རྩང་ཕུར་མཆེ་བ་ཟངས་སེ་ཟང་། །རྩང་ཕུར་ལས་ཀྱི་ཕོ་ཉའི་ཚོགས། །དམར་ནག་སྲིན་མོ་འགྲོས་ཀྱི་དྲ་མིག་ན། །ལྷ་འདྲེ་སྡེ་བརྒྱད་རྒྱུག་པའི་སྲང་། །གནོད་བྱེད་ཐལ་བར་རློག་པར་བྱེད། །སྔོ་དམར་སྣལ་མས་བྲེས་པ་འདི། །མི་ནད་ཕྱུགས་ནད་


CMR027_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཡམས་ནད་དང་། །ཁྲག་ནད་རྒྱུ་གཟེར་བཟློག་པའི་ཕྱིར། །དྲག་པོ་རྩང་གི་ཕྲིན་ལས་མཛོད། །ཧཱུྃ། གདུག་རྩུབ་དྲག་པོའི་རྩང་ཕུར་འདིས། །སངས་རྒྱས་བསྟན་པ་བཤིགས་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །སེམས་ཅན་ཡོངས་ལ་འཚེ་བ་དང་། །བདག་ལ་སྡང་བྱེད་དགྲ་དང་བགེགས། །དམར་ནག་རྩང་གིས་བཟློག་ཏུ་གསོལ། །ལྷག་མ་རྗེས་ཤུལ་མེད་པར་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྟེང་པ་ལོ་ཙཱའི་རྩང་འཚོང་བྲག་གསེར་སྒྲོ་མའི་གཏེར་ཆོས་འདི། རྒྱུད་ཀྱི་སྔགས་བཟློག་པར་དབང་ཕྱུག་ཉེར་བརྒྱད་གར་རྟོག་པའི་ཕོ་མདོས་མོ་མདོས་གང་ལ་ཡང་གྱེར་རོ། །མངྒ་ལཾ། འདི་བྲིས་པའི་མཐུས་བྱད་ཟོར་ངན་པ་ཐམས་ཅད་དམར་ནག་རྩང་གིས་བཟློག་ཏུ་གསོལ་དགེའོ། །སརྦ་མངྒ་ལཾ། ༄༅།། རྩང་ཕུར་གྱི་འཕྱོང་ནི། ཀྱེ། གནམ་ས་བཅུད་ཀྱི་སྙིང་པོ་ལ། །ཉིན་དང་སྲིབ་ཀྱི་བར་མཚམས་ན། །སྐྱེར་ཚེར་ལ་སོགས་གདུག་པའི་ཤིང་། །སྣ་ཚོགས་བསྡུས་ནས་སྔགས་འཆང་གིས། །གདུག་པའི་རྩང་ཕུར་དཔག་མེད་བྱས། །ཆོས་སྐྱོང་སྲུང་མའི་རྟེན་དུ་བཙུགས། །དབང་ཕྱུག་མ་ཚོགས་མཐུན་པའི་རྫ་ས། །དགྲ་བགེགས་


CMR027_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲལ་བའི་མཚོན་ཆ་ཡིན། །དམར་ནག་སྲིན་མོ་འགྲོས་སུ་བཙུགས། །ཤ་ཆེན་པཎ་དར་ལྷབས་སེ་ལྷབ། །དྲག་པོས་རྩང་ཕུར་ཟངས་སེ་ཟང་། །རྩོང་ཕུར་གར་བྱེད་ཁྱུགས་སེ་ཁྱུག །རྩང་ཕུར་བྲོ་བརྡུངས་ཁྲིགས་སེ་ཁྲིག །རྩང་ཕུར་གླུ་ལེན་ཀྱུ་རུ་རུ། །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་འཐུང་ཀྱུ་རུ་རུ། །རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ། །ཕོ་ཉ་ལས་མཁན་རྣམས་ཀྱི་ཐུག་དམ་བསྐང་། །རྩང་འདི་མ་མོའི་སྤྱི་མདོས་ནང་ནས་བྲིས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཤ་ཟ་གདོང་ལྔའི་རྩང་འཚོགས།next