Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་ཤ་ཟ་གདོང་ལྔ་རྒྱུན་ཁྱེར་བསྡུས་པའི་ཟིན་བྲིས་ཟུར་དུ་བསྐོལ་བ།


 
previousམགོན་པོ་ཤ་ཟ་གདོང་ལྔ་རྒྱུན་ཁྱེར་བསྡུས་པའི་ཟིན་བྲིས་ཟུར་དུ་བསྐོལ་བ།no next

མགོན་པོ་ཤ་ཟ་གདོང་ལྔ་རྒྱུན་ཁྱེར་བསྡུས་པའི་ཟིན་བྲིས་ཟུར་དུ་བསྐོལ་བ།


CMR027_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཤ་ཟ་གདོང་ལྔ་རྒྱུན་ཁྱེར་བསྡུས་པའི་ཟིན་བྲིས་ཟུར་དུ་བསྐོལ་བ་བཞུགས་སོ།


CMR027_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཀརྨ་མ་ཧཱ་ཀཱ་ལ་ཡེ། གདོང་ལྔའི་མདོས་ཐབས་དང་། བཟློག་ཐབས་རྒྱས་པ་ནི་གུད་དུ་གསལ། སྤྱི་འཚམས་བཟློག་པ་ནི་གཞུང་གི་ཡིག་ཆུང་ལས་གསལ། རྒྱུན་ཁྱེར་བསྡུས་པ་སྤྱི་འཚམས་ལ་ནི། ནང་གཞུག་དང་བྱང་བུ་ཤོག་ལིང་གཅིག་ཀྱང་མི་དགོས་ཟན་ལིང་གིས་ཆོག་པ་ཡིན་ལ། དེ་ལས་ཅུང་ཟད་ཟབ་ཅིང་རྒྱས་པར་བྱེད་ན། རྩེ་ལ་ཁྱུང་གི་ཙཀ་ལིའི་རྒྱབ་མགྲིན་པའི་ཐད་དུ་འདི་བྲིའོ། །ཨོཾ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊཿ གནོད་བྱེད་ལ་རྒྱུག་ཚེ་ཡང་ཤ་ཟ་ཧོར་མོ་བརྡུང་ཆོམ་རིང་། དགྲ་བགེགས་སོད་སོད་རྒྱུག་རྒྱུག །ཤིང་ངམ་འདག་གམ་ཟན་ལ་བྱ་རོག་གི་མགོ་


CMR027_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱས་པའི་ཞལ་དུ་སྔགས་ཀྱི་ཤོག་དྲིལ་འདི་ཕྲེང་གཅིག་བྱས་ལ། མཇུག་ནས་ཡར་དྲིལ་ཏེ་ཡིག་མགོ་རྐན་ཕུགས་སུ་བསྟན་ལ་བཙུག་གོ །ཨོཾ་མ་ཧཱ་ཀཱ་ལ་ཐུན་བྷྱོ་བྷྱོ༔ ཨོཾ་ཀུ་རུ་ནི་རྦད་བྷྱོ་བྷྱོ༔ པྲ་མོ་ནི་ཧ་བྷྱོ་གྷོ༔ མ་ཧཱ་ཀཱ་ལི་ཐུན་བྷྱོ༔ ཀཾ་ཀ་ལ་ཐུན་ཀ་ལ་ར་ཏྲི་ཐུན་བྷྱོ་གནོད་བྱེད་དགྲ་བགེགས་བྱད་མའི་སྲོག་སྙིང་ལ་ཐུན་བྷྱོ་བྷྱོ༔ ཁཱ་ཧི་ཁཱ་ཧི། བསྡུ་ན་བྱ་མགོ་གཅིག་དེས་ཆོག་པར་གསུངས་ལ། གལ་ཏེ་བྱ་མགོ་ལྔ་འཛོམས་ན། བྱ་ཞལ་ཤར་དུ། མ་ཧཱ་ཀཱ་ལ་ཐུན་ཐུན་བྷྱོ༔ བྱང་དུ་མ་ཧཱ་ཀཱ་ལ་ཀཾ་ཀ་ལ་ཐུན་བྷྱོ༔ ནུབ་ཏུ་མ་ཧཱ་ཀཱ་ལ་ར་ཏྲི་ཐུན་བྷྱོ༔ ལྷོ་ན་


CMR027_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཧཱ་ཀཱ་ལི་རག་མོ་རག་ཤ་ཟད་བྷྱོ༔ སྔགས་དེ་རང་གི་ཆོག་ལ། དེ་ལས་རྒྱས་ཙམ་བྱེད་ན། ཕྱོགས་བཞི་ཀཱའི་སྔགས་ཤམ་དུ། གནོད་བྱེད་དགྲ་བགེགས་བྱད་མའི་སྲོག་སྙིང་ལ་ཐུན་བློ་བྷྱོཿ ཁཱ་ཧི་ཁཱ་ཧྲཱི༔ ཅེས་སྦྱར་ལ་བྲིས་ཏེ། ཡི་གེ་ལ་ལ་ནས་མགོ་ནས་དྲིལ་ཟེར་བ་མ་དག་པ་སྟེ། ཡིག་རྙིང་ཁུང་མ་ནས་མཇུག་ནས་དྲིལ་གསུངས་པ་ལྟར། ཀན་ཕུགས་སུ་ཡི་གེ་འགོ་བསྟན་ལ་བཅུག །རང་སྔགས་དང་ཡེ་དྷརྨཱས་རབ་གནས་བྱའོ། །དེ་ཡང་རབ་ཁྲོ་ཞལ་བྱ་མཆུ་ཅན་བྱ། མ་གྲུབ་ན་བྱ་མགོ་གང་རུང་སྟེ་གཞུང་ནས་དེ་བས་མ་གསུངས། དེ་ཡང་དབུས་མཐིང་ནག །ཤར་ནག་པོ། བྱང་ལྗང་ནག །ནུབ་དམར་ནག །ལྷོ་དམར་ནག་ཁྲག་མདོག་བྱའོ། །གཏོར་མ་དབུས་མའི་ནང་དུ་ཕྲེང་གཉིས་ཏེ་དང་པོ་ལ་ཤ་ས་ན་ལ་ཕྲེང་གཅིག །དེ་འོག་ལ་གུ་ཎ་ཧྲི་ད་ཏྲཀྵད་སི་ཏི་ཡ་མ་གསུམ་ལ་གཞི་སྙིང་བཏག་པ་ཕྲེང་གཅིག་གོ །འཁོར་བཞི་ལ་བསྡུ་ན་ཨོཾ་མ་ཧཱ་ཀཱ་ལ་གནོད་བྱེད་དགྲ་བགེགས་བྱད་མ་ཤ་ཏུཾ་མཱ་ར་ཡ་ཁཱ་ཧི། དེ་འདྲ་བཞི་སོ་སོར་བཅུག །དེ་ལས་རྒྱས་པར་བྱེད་ན་ཤར་དུ་ཨོཾ་མ་ཧཱ་ཀཱ་ལ་ཏྲག་ཤད་ཛཿ མ་ཧཱ་ཀཱ་ལ་རྨི་ཐུམ་སོགས་གཞི་སྙིང་། བྱང་དུ་ཨོཾ་མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ་ཀརྨ་རཀྵ་


CMR027_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་དུང་དུང་ཛཿ མ་ཧཱ་ཀཱ་ལ་རྨི་ཐུམ་སོགས་གཞི་སྙིང་། ནུབ་ཏུ་ཨོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛ་སོགས་གཞི་སྙིང་། ལྷོར་ཨོཾ་མ་ཧཱ་ཀཱ་ལི་དྷེ་ཝི་རུ་པི་ནི་ཧཱུྃ་ཕཊ། མ་ཧཱ་ཀཱ་ལ་རྨི་ཐུམ་སོགས་གཞི་སྙིང་བྲི་སྟེ། ཐམས་ཅད་ལ་མིང་སྤེལ་ནི་སྤྱི་འཚམས་ལ་གནོད་བྱེད་དགྲ་བགེགས་བྱད་མ་ཞེས་བྲི། དེ་དག་གཙང་ཞིང་དྲི་མ་མེད་པ་ལ་མེ་རླུང་ལ་གཡུགས་ནས། རང་སྔགས་དང་ཡེ་དྷརྨཱས་རབ་གནས་བྱ་སྟེ་མཇུག་ནས་དྲིལ་ལ། བྱ་རོག་གི་སྒྲོ་རྐང་དུ་བཅུག་པར་གསུངས་ཀྱང་ཤོང་དཀའ་བ་དང་། བྱ་རོག་མ་སྙེད་ན་ཁྭ་ཏ་བྱ་རོག་ཁྱད་མེད་དེ། དཔལ་ནཱ་ལོས་བསིལ་བ་ཚལ་དུ་ཞལ་གཟིགས་དུས་མི་ནག་ཁྭ་ཏའི་གདོང་ཅན་གྱིས་ཅེས་གསུངས་པས་སོ། །ཁྭ་ཏའི་སྒྲོ་རྐང་མང་པོས་ཤོག་དྲིལ་ཕྱི་ནས་ཆགས་ཤིང་བཅིང་དེ་ཆུས་མི་འཇིགས་ཕྱིར་གྲོ་ག་སྲབ་མོའམ་ལ་ཆས་བསྟུམ། དེ་རྒྱབ་རམ་སྐུད་དང་སྐུད་པ་ནག་པོས་བཅིངས། མགོ་ཞབས་དང་ཕྱོགས་མི་ནོར་བའི་ཁ་ཡིག་གམ་སྐུད་རྟགས་བྱའོ། །དེ་དག་ཕུལ་ཐོན་ཛ་ཚུར་བླངས་ནས་རྒྱུན་དུ་བརྟེན་རྫས་ལྟར་འཆང་ངོ་། །དེ་རྣམས་སྨྱུ་གུ་ལ་བྱ་རོག་གི་སྒྲོ་ཙ་བཅིང་ལ་བྲི་བར་བྱའོ། །དེ་ནས་སྐྱེར་པ་སོགས་དྲག་པོའི་ཤིང་གི་སྨྱུ་གུས་ཁྲག་གམ་མ་


CMR027_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྙེད་ན་བཙག་གཙང་མ་ཆུས་སྨྱོས་པས། ཨོཾ་མ་ཧཱ་ཀཱ་ལ་གནོད་བྱེད་དགྲ་བགེགས་བྱད་མ་སརྦ་ཤ་ཏུ་ཤནྟི་ཀུ་རུ་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཅེས་བྲིས་ལ་ངར་མའི་སྙིང་གར་བཅུག །དེའི་གཡས་གཡོན་དུ་རྔ་མོང་གི་གཟུགས་གཉིས་བྱས་པའི་ཁལ་དུ་ཚྭ་གཡེར་རམ་པ་སྦང་མ་སོགས་བསྙམ་པ་དགྲ་བོ་བྱད་མ་བྷྱོ་བྷྱོ༔ ཟེར་བའི་ཤོག་དྲིལ་བཅུག་ནས། ནད་རྐྱལ་གྱི་གཟུགས་གཅིག་བྱས་ལ་རྔ་མོང་བཀལ་དེ་ལ་ཁྲག་བྱུག་གོ །ཤོག་གུ་འཐུགས་པོ་གཅིག་ལ་ལིང་ག་སྤྱི་མཚམས་པ་གཅིག་བྲིས་པའི་སྙིང་གར་རྨི་ཏྲ་བརྩེགས་མའི་གཡས་གཡོན་ཛ་ཁ་སྤྱོད། དེའི་ཕྱི་རོལ་དུ་ཡིག་འགོ་ནང་དུ་བསྟེན་ལ་ཡིག་མཇུག་ནང་དུ་ཕུད་ལ། ཨོཾ་མ་ཧཱ་ཀཱ་ལ་གནོད་བྱེད་དགྲ་བགེགས་དམ་སྲི་བྱད་མ་ནད་འདྲེ་གཅོང་སྲི་གོད་འདྲེ་ཟ་འདྲེ་སྒབ་འདྲེ་འགོང་པོ་བསེ་རག་ཐམས་ཅད་ཨུ་ཙ་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་བྲིས་ཡན་ལག་ལ་ཛཿཧཱུྃ་སོགས་ཐམས་ཅད་སྤྱི་ལྟར་ལས་ཁ་ལ་ཁ་ཐཾ་བྲི། ལིངྒའི་ཕྱི་ནས་སྔགས་འགོ་ནང་དུ་བསྟན་ལ། མགོའི་ཐད་དུ་མ་ཧཱ་ཀཱ་ལ་རྦད་བྷྱོཿ གཞོག་གཡོན་དུ་མ་ཧཱ་ཀཱ་ལི་རག་མོ་རཀཱ་ཟད། རྐང་པ་ངོས་སུ་མ་ཧཱ་ཀཱ་ལ་ར་ཏྲི་ཐུན་བྷྱོ༔ གཞོག་གཡས་སུ་མ་ཧཱ་ཀཱ་ལ་ཀཾ་ཀ་ལ་ཀཾ་ཀ་ལ་ཐུན་བྷྱོ༔ དེ་རྒྱབ་ཛ་ཁྲམ་བསྐོར་ཏེ།


CMR027_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འགོ་རང་ལ་བསྟན་ལ་གཏོར་མདོས་ཀྱི་ཞབས་སུ་བཏིང་། འདི་ལ་དྲི་མ་མ་ཕོག་པར་ཚག་བྱས་ལ་རྒྱུན་དུ་བཏིང་རུང་ངོ་། །གདན་འཁོར་བསྡུས་པ་ཡིན་པར་སྣང་། །ཡང་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྨི་ཏྲ་ཛལས་སྤྱི་བྱེ་བྲག་གི་མིང་རུས་བསྐོར་བ་ཡིག་འགོ་ཕྱིར་སྟོན། དེ་རྒྱབ་རྩིབས་བརྒྱད་ལ་ཡིག་འགོ་ཕྱིར་བསྟན་ལ། མ་ཧཱ་ཀཱ་ལ་སྙིང་ཁྲག །ལྡིབ་ལྗིབ། ཆོད་ཆོད། སྲོག་རྩ་ཆོད་ཐུམ་རིལ་རྒྱུད། ཅེས་བྲི་དེ་རྒྱབ་ལིང་ག་སྤྱི་ལྟར་བྲིས་ཏེ་ཧོམ་ཁུང་དུ་བཅུག་ལ། བསྒྲལ་ལས་དེ་ལ་བྱ་ཞིང་རྒྱུན་དུ་མདོས་འོག་གམ་མདུན་དུ་བཞག་ལ་བཀུག་གཞུག་དང་བསད་དམིགས་ཐམས་ཅད་དེ་ལ་བྱའོ། །རྗེས་སུ་སྦྱིན་སྲེག་བྱ་བར་གསུངས་པས་འདི་འདྲ་བརྒྱད་སོགས་བྲི་བར་གསུངས་པ། སྦྱིན་སྲེག་མང་དུ་བྱ་ཕྱིར་རོ། །མ་འཕྲོད་ན་འབུལ་ཁ་གཏོར་མདོས་ལ་མེ་རུ་བཙུགས་ལ་སྦར་རོ། །དེ་ནས་བསད་འཁོར་བསྡུས་པ་ཡིན་པར་གདའ་སྟེ་དམིགས་པ་དང་མཚུངས་པས་ཟབ་བོ། །གདོང་ལྔ་བཅའ་ཞོར་དགྲ་བགེགས་དམ་སྲི་གོད་འདྲེ་སོགས་མནན་པ་བྱེད་ན། འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྨི་ཏྲི་ཛ་ལས་དགྲ་བགེགས་གནོད་བྱེད་བྱད་མ་ནད་འདྲེ་གཅོང་སྲི་གོད་འདྲེ་དམ་སྲི་འགོང་


CMR027_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཟ་འདྲེ་ཤི་གཤེད་ཐམས་ཅད་ཁུག་ཨངྐུ་ཤ་ཛ་ཛཿ དེ་རྒྱབ་ལིང་གའི་ལྕེ་བྲང་ཁྱབ་པའི་ནང་དུ་འཁོར་ལོ་རྩིབས་བརྒྱད་བྲིས་ཏེ་རྩིབས་ལ། མ་ཧཱ་ཀཱ་ལ། ཨོཾ་མ་ཧཱ་ཀཱ་ལ་ཤ་ཏུཾ་ན་ཤ །ན་ཤ་ཡ་ནི་ཤ་ཡ། ཧཱུྃ་བྷ་ཡ་ནྟཾ་བྷ་ཡ། མཱ་ར་ཡ། མཱ་ར་ཡ། མར་དྷ་ཡ་མར་དྷ་ཡཱ་ནན་ཧཱུྃ། དེ་རྒྱབ་ལིང་ག་སྤྱི་ལྟར་བྲི། ཛ་ཁྲམ་བསྐོར་བ་བྲུབ་ཁུང་དུ་མཉམ་དུ་བཞག་ལ། རྗེས་སྦྱིན་སྲེག་ཐལ་བ་ཚུམ་གཅིག་མཉམ་དུ་ཐེམ་འོག་སོགས་སུ་སྤྱི་ལྟར་མནན་ནོ། །འདི་ངེས་པར་དགོས་པ་ནི་མིན་ནོ། །འོན་ཀྱང་ཐོན་ན་མནན་སྲེག་འཕང་གསུམ་ཆ་ཚང་བས་གནད་ཆེའོ། །རྒྱས་པར་ན་བརྒྱ་རྩའི་གཏོར་ཆུང་བརྒྱ་རྩ་རེ་རེའི་ནང་དུ་ཁྲག་གི་ཤཱ་ས་ན་མིང་སྤེལ་ཅན་དེ་བཅུག་པར་གསུངས་ཀྱང་དེ་དཀའ་བས། ལྔའམ་གསུམ་མམ་བདུན་ཙམ་ལ་ཨོཾ་མ་ཧཱ་ཀཱ་ལ་གནོད་བྱེད་དགྲ་བགེགས་ཐམས་ཅད་སརྦ་ཤ་ཏུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་པ་བཅུག་ལ་ཉིན་གཉིས་བརྒྱ་རྩའི་ཐོག་མར་རེ་རེ་ཙམ་འབུལ་བས་འཐུས། ཡེ་ཤེས་མགོན་པོ། ཁྱུང་བྱ་རོག །གདོང་བཞི་ལ་འབུལ་རྒྱུའི་གཏོར་ཆུང་བདུན་པོ་ལ། གཙོ་བོ་ལ་ཀའུ་པ། ཁྱུང་ལ་ཨོཾ་བཛྲ་ག་རུ་ཊ། ལས་མགོན་ལ་གུ་ཎ་ཧྲི་ཏ། གནོད་སྦྱིན་ལ་ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཁ་ཁ་མུ་


CMR027_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཀརྨ་རཀྵ་སྲོག་དུང་དུང་ཛཿ ཤར་དུ་ཏྲག་ཤད། ནུབ་ཏུ་སིདྷི་ཡ་མ། ལྷོར་དྷེ་ཝི་རུ་པི་ལ། བྱང་དུ་ཀརྨ་རཀྟ་ཛཿ དགྲ་བགེགས་གནོད་བྱེད་ཁཱ་ཧི། བཏག་པའི་ཤོག་དྲིལ་རེ་གྲུབ་ན་བཟང་བར་གསུངས། །དེ་ནས་མཇུག་ཏུ་སྦྱིན་སྲེག་འགྲུབ་ན་ཤིན་ཏུ་ལེགས་ཏེ། གདོང་ལྔའི་རྒྱ་གཞུང་ལས། དེ་ནས་ཧོམ་སྲེག་གོ །སྦྱིན་སྲེག་ཐལ་བ་ཟོར་དུ་འཕང་། ཡང་ན་མནན་པར་བྱའོ། །ཞེས་དང་། རྒྱ་གཞུང་ཤོག་དྲིལ་ལས། དེ་ནས་མདོས་ཞལ་ཕྱིར་བསྒྱུར་བའི་དུས། ཧོམ་དེ་མེ་ལྷ་བསྐྱེད། དེའི་ཁོག་པར་སྔར་ལྟར་བསྐྱེད་པའི་ལྷ་བསྐྱེད། དེ་ནས་ཤན་པའམ་ཡུགས་ས་མོས་མེ་སྦར་དུ་བཅུགས། དེ་ནས་བསད་པའི་ལིང་ག་དུག་ཁྲག་དང་བཅས་པའི་སྔགས་ཀྱིས་སྲེག །དམོད་པ་རྣམས་སོ། །ཞེས་གསུངས་པས་འབུལ་ཁའམ་འབུལ་ཚར་རྗེས་སུ་ཡང་རུང་སྟེ། སྲེག་རྫས་ཤོག་ལིང་གཏུབ་པ་དང་ཟན་ལིང་བརྒྱ་ཕྲག་ཕྱེད་གཉིས་ཙམ། མ་འབྱོར་ན་བཟློག་པའི་ནང་གི་ཟན་ལིང་རྙིང་པ་ཡ། བླངས་ལ་ཁྲག་ཐིག་ཤ་དུམ་བསྣན་ཡང་རུང་། ཁྱད་པར་འཇིག་རྟེན་པའི་མེ་ལྷ་གཏོར་མ་སྤྱི་ལྟར་ལས། ཡེ་ཤེས་མེ་ལྷ་གཏོར་མ་དམར་གཏོར་སོར་བཞི་ལས་མི་ཆུང་བ་བདུན་བཤམས།


CMR027_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ཡཾ་ཤིང་ཁྲག་གི་སྦག །མར་ཁུ་ཚིལ་རྐང་བཏབ་པ་བཤམས། མེ་ལྷའི་ལྟོ་བར་བསྐྱེད་པར་གསུངས་ཀྱང་། མེ་ལྷ་ཞུ་བའི་མེ་དཔུང་གནམ་ས་གང་བའི་ནམ་མཁར་ཡེ་ཤེས་མགོན་པོ་ས་གཞིར་གདོང་ལྔ་འཁོར་བཅས་གཏོར་བཟློག་གི་མངོན་རྟོགས་ལྟར་དང་། དོ་ནུབ་སྦྱིན་སྲེག་དཔུང་ལ་བྱོན་ཞེས་སྤྱན་འདྲེན་གྱི་ཚིག་བསྒྱུར་ལ། ཨརྒྷཾ་སོགས་འགྲེས་བཤང་ནས་འབུལ། །རྐང་བརྒྱད་བོད་སྐད་བསྟོད་པ་ཡན་གཞུང་ཉིད་ལྟར་ལས། ཀ་ཝུ་པ་ལ་ཡེ་ཤེས་མགོན་པོ། ཨོཾ་མ་ཧཱ་ཀཱ་ལ་ག་རུ་ཊ། གུ་ན། ཏྲག་ཤད། ཀརྨ་རཀཱ། སུ་ཏྲི་ཡ་མ། དྷེ་ཝི་རུ་པ་རྣམས་ལ། ཡམ་ཤིང་མར་ཁུ་འབྲུ་སྣའི་སྔགས་ཤམ་བུ་དང་བཅས་པ་སྤྱི་ལྟར་ལས། ཁྱད་པར་ལིང་ག་འབུལ་སྔགས་ཐོད་ནག་སྲོག་གི་སྤུ་གྲི་དང་ཁ་ཏྲན་ཏྲ་ལས་མགོན་གྱི་རྒྱུད་གཉིས་ཀ་ནས་གསུངས་པའི་སྲོག་སྔགས་འདི་ཡང་སོ་སོའི་སྔགས་ལ་བཏགས་ལ་འབུལ་ཏེ། རྐྱེན་བཟློག་ལ་ཡེ་ཤེས་མགོན་པོ་དང་ལས་མགོན་མང་བཅུག །དགྲ་ལ་ནི་ལས་མགོན་གསུམ་དང་ཡུམ་མང་བཅུག་སྟེ། གྲངས་བདུན་ཉེར་གཅིག་དྲུག་ཅུ་རེ་བཞི་བརྒྱ་རྩ་བརྒྱད་སོགས་སྐབས་དང་བསྟུན་ལ་བཟླ། སྔགས་དང་རྫས་མང་ཉུང་མེད་པ་གལ་ཆེ་སྟེ། རྫས་མང་ན་ལས་


CMR027_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

འགྱང་། སྔགས་མང་ན་ལོགས་པའི་རྒྱུ་ཡིན། སྔགས་བཟླ་རོག་ཡོད་ན་ཤོག་དུམ་ཅིག །ཤ་དུམ་གཉིས། ཁྲག་ཐིག་གསུམ། ཟན་ལིང་བཞི། སོ་སོར་བརྩི་། ཆོག །གཅིག་ལས་མེད་ན་རྫས་བཞི་གཅིག་ལ་བརྩི། ལིང་ག་གསར་རྙིང་མང་ན་མི་གྲངས་བརྩི་ལ་འབུལ་ལོ། །གྷི་ཊ་བྷི་ཊ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མཱ་ར་ཡ་མཱ་ར་ཡ། གནོད་བྱེད་དགྲ་བགེགས་བྱད་མ་དམ་སྲི་རྒབ་འདྲེ་ནད་འདྲེ་གཅོང་སྲི་གོད་འདྲེ་ཟ་འདྲེ་ཤི་གཤེད་ཐམས་ཅད་དོམ་ཏྲ་རྨི་ཏ་ཀུ་རུ་ཧཱུྃ་ཕཊ། འདི་རྒྱུད་གཉིས་མཐུན་པས་ཤིན་དུ་ཟབ་བོ། །དེ་ཡང་རྫས་ནི། ལ་སྨན་ཚ་བ་གསུམ་མ་སྙེད་ན་སྔོ་སྨན་ཚ་བ་གསུམ། ཚད་པས་ཤི་བའི་ཁྲག་དང་། མ་སྙེད་ན་ཁྲག་ངན་གང་རྙེད། ཡུངས་ཀར་ནག་སྐེ་ཚེ་ཟངས་ལྕགས་ཕྱེ་རྣམས་ལིང་ག་ལ་ཅུང་ཟད་བཏབ་པ་དང་། ཡམ་ཤིང་བུད་ཤིང་སྐྱེར་པ། ཐབས་ནང་ཚེར་མས་བསྐང་ལ། སྲེག་རྫས་གཙོ་བོ་ནི་གྲ་མའི་ཕུབ་རྒོད། དེ་རྣམས་འཛོམ་ན་ཤིན་ཏུ་ལེགས་མ་འཛོམ་ཀྱང་དྲག་པོའི་སྦྱིན་སྲེག་ལྟར་གྱི་ཆོག་གོ །སྲེག་རྫས་སོ་སོའི་མཚམས་ཡང་ན་སྲེག་རྫས་ཐམས་ཅད་རྫོགས་པ་དང་། གཏོར་བཟློག་གཞུང་ན་ཡོད་ལྟར་ཡེ་ཤེས་མགོན་པོ་ལ་


CMR027_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

བསིལ་ཚལ་གོང་མས། ཤཱ་ས་ན་ཡི་གཏོར་མ་ཐབ་ཏུ་འབུལ། དེ་བཞིན་ཁྱུང་ནག་དང་ལས་མགོན་དང་། གདོང་ལྔ་སོ་སོའི་བསྟོད་བསྐུལ་གཏོར་སྔགས་དང་བཅས་པས་ཕུལ་རྗེས། མེ་ཞགས་དགོས་ན་འཕང་སྟེ། གཞི་སྙིང་དང་ཤཱ་ས་ན་སོགས་ལ་མིང་སྤེལ། གནོད་བྱེད་གདོན་བགེགས་ཅེས་བསྒྱུར་བས་རྒྱོབ། རྗེས་ཆོག་སྤྱི་ལྟར་བྱའོ། །ཡེ་ཤེས་མེ་ལྷ་གཤེགས། ལྷར་འཇིག་རྟེན་པ་གསལ་བཏབ་ནས་གཏོར་མ་དང་མཆོད་བསྟོད་རྗེས་ཆོག་སྤྱི་ལྟར་བྱའོ། །ཐལ་བ་མནན་པ་དང་ཟོར་སོགས་བྱའོ། །མཉན་སའམ་ནོན་ཆེ་སར་དོར་རོ། །གདོང་ལྔ་བསྡུས་པའི་ཟིན་བྲིས་ཤིན་ཏུ་གསལ་བར་བཀོད་པ་རཱ་ག་ཨ་སྱས་སོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམགོན་པོ་ཤ་ཟ་གདོང་ལྔ་རྒྱུན་ཁྱེར་བསྡུས་པའི་ཟིན་བྲིས་ཟུར་དུ་བསྐོལ་བ།no next