Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

11 occurrences of མགོན་པོ་བེང་
[Clear Hits]


  
  
  
  
 
གསར་རྙིང་སྤྱི་ཡི་ཆོས་སྐྱོང་གལ་ཆེ་ཞིང་རྒྱུན་དུ་རང་གི་ཆོས་སྐྱོང་ཆག་མི་རུང་བ་རྣམས་ཀྱི་གཏོར་བསྔོས།
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


11 occurrences of མགོན་པོ་བེང་
[Clear Hits]

 
previousགསར་རྙིང་སྤྱི་ཡི་ཆོས་སྐྱོང་གལ་ཆེ་ཞིང་རྒྱུན་དུ་རང་གི་ཆོས་སྐྱོང་ཆག་མི་རུང་བ་རྣམས་ཀྱི་གཏོར་བསྔོས།next

གསར་རྙིང་སྤྱི་ཡི་ཆོས་སྐྱོང་གལ་ཆེ་ཞིང་རྒྱུན་དུ་རང་གི་ཆོས་སྐྱོང་ཆག་མི་རུང་བ་རྣམས་ཀྱི་གཏོར་བསྔོས།


CMR027_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྙིང་སྤྱི་ཡི་ཆོས་སྐྱོང་གལ་ཆེ་ཞིང་རྒྱུན་དུ་རང་གི་ཆོས་སྐྱོང་ཆག་མི་རུང་བ་རྣམས་ཀྱི་གཏོར་བསྔོས་བཞུགས་སོ། །


CMR027_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ཆོས་སྐྱོང་སྤྱི་གཏོར་ཐམས་ཅད་དུས་གཅིག་བྱིན་གྱིས་བརླབས་ནས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཡཾ་ལས་རླུང་། །རཾ་ལས་མེ་དང་ཀཾ་ལས་ནི། །མི་མགོ་གསུམ་གྱི་སྐྱེད་པུའི་སྟེང་། །ཨ་ལས་ཡེ་ཤེས་ཀཱ་པ་ལ། །ཤ་ལྔ་བདུད་རྩི་ལྔ་པོ་དང་། །བདུད་དགྲའི་ཤ་རུས་སྤུང་པ་ལ། །ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས། །ཡེ་ཤེས་བདུད་རྩིར་བྱིན་བརླབས་ལ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱིས། །ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྗགས། །འོད་ཀྱི་སྦུ་གུས་བདུད་རྩི་རྣམས། །དྲང་ཞིང་གསོལ་བས་མཉེས་པར་གྱུར། །རང་ཉིད་ཡི་དམ་རྒྱལ་བ་


CMR027_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཆོས་སྐྱོང་སྲུང་མ་རྣམས་སྤྱན་དྲངས་དེ་ནི་མངོན་རྟོགས་འདོན་མི་དགོས་སོ།། ཧཱུྃ། །ད་པ་དང་ནི་དམ་ཚིག་གིས། །སྤྱན་འདྲེན་དཔལ་ལྡན་ནག་པོ་ཆེ། །བདག་རྒྱུད་སྒྲིབ་པ་བསལ་བའི་ཕྱིར། །བརྩེ་བས་དགོངས་ཏེ་འདིར་བྱོན་ཅིག ། ཧཱུྃ༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །རྡོ་རྗེ་ནག་པོ་འཁོར་བཅས་རྣམས། །རང་བཞིན་གནས་ནས་སྐུ་བཞེངས་ལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །འོག་མིན་གནས་མཆོག་དམ་པ་དང་། །ལྕང་ལོ་ཅན་གྱི་ཕོ་བྲང་དང་། །ནཱ་ལེནྡ་ཡི་གཙུག་ལག་དང་། །བསིལ་བ་


CMR027_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་གྱི་དུར་ཁྲོད་དང་། །གཞན་ཡང་དུར་ཁྲོད་གནས་བརྒྱད་དང་། །ཕྱི་ཡི་རྒྱ་མཚོའི་འགྲམ་དག་དང་། །རང་བཞིན་གར་བཞུགས་གནས་མཆོག་ནས། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་རྗེས་དགོངས་ལ། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཨེ་རྒྱ་ཧི་ཛཿཧཱུྃ་བཾ་ཧོ༔ ཧཱུྃ། བསྟན་སྲུང་དྲག་པོའི་ཆ་ལུགས་ཐུགས་རྗེ་ཅན། །དཔག་མེད་ཡོན་ཏན་དབུ་རྫོགས་དགྲ་བགེགས་འདུལ། །པདྨ་ཉི་མའི་གདན་ལ་མངོན་དགྱེས་ཕྱིར། །དམ་ཆོས་བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ཏིཥྛ་ལྷན། ཧཱུྃ་ལས་སྐྱེས་པའི་ནག་པོ་ཆེ། །པདྨ་ཉི་མའི་གདན་ལ་བཞུགས། །གདུག་པ་ཟིལ་གནོན་མེ་དཔུང་ནང་། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ཁྲག་ཆེན་འབར་བའི་ཨནྡྷཾ་དང་། །ཞག་ཆེན་མཁྲིས་པའི་ཞབས་བསིལ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །ཤ་ཆེན་སྤོས་དང་ཚིལ་ཆེན་གསུར། །ཞུན་ཆེན་སྣང་གསལ་མར་མེ་དང་། །སྣ་ཚོགས་དྲི་ཡི་བྱུག་པ་དང་། །ཤ་ཆེན་ལྔ་ཡི་ཞལ་ཟས་དང་། །ཐོད་ཆེན་རྔ་དང་རྐང་ཆེན་དུང་། །བདུད་རྩི་སྨན་གཏོར་


CMR027_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟའི་ཚོགས། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །བཛྲ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་ཁཱ་ཧི། ༀ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ་ཀརྨ་རཀཱ་སྲོག་དུང་དུང་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་དེ་ཝ་རུ་པི་ནི་ཧཱུྃ་བྷྱོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་རཀྵ་དུ་བོ་ཛ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཧ་རི་ནི། ཨེ་ཥ་ཨ་པཉྩ་མ་ཧཱ་ཀཱ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎི། ཡ་ཏི་པྲ་ཏི་ཛྙ་སྨ་ར་སི་ཏ་དཱ། ཨི་དཾ་དུཏྟཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲིཉྩ་གྲིཏྣ་བྷནྡྷ་བྷནྡྷ་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མི་ཀེ་ན་ཧཱུྃ་ཕཊ། བཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་ཕྱག་བཞི་པ། བྱ་རོག་གི་མཚན་ཅན། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ལས་མགོན་བྱ་རོག་གདོང་། ཡུམ་ཆེན་རྩ་འཇིབ་དམར་མོ། ལེགས་ལྡན་ནག་པོ། ཕྱོགས་ཀྱི་མཁའ་འགྲོ་མ་བཞི། ཤ་ཟ་ནག་པོ་


CMR027_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

སེང་གེའི་གདོང་ཅན་ཡབ་ཡུམ་སོགས་དང་། རང་འདྲའི་སྤྲུལ་པ་ལས་མཁན་འཁོར་ཚོགས་བཀའ་སྡོད་མཐུ་བོ་ཆེ་རྣམས་དང་། ནག་པོ་སྟོང་། ཤ་ཟ་འབུམ།་མ་མོ་བྱེ་བ། །གནོད་སྦྱིན་ཁྲི། ཁྲབ་ཅན་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། བསྟན་པའི་བཀའ་སྲུང་། དམ་ཉམས་གྱི་སྲོག་གཅོད། །རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་དམ་རྫས་བདུད་རྩིའི་གཏོར་མ་དང་། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་རྒྱ་ཆེན་པོ་འདིས་མཆོད་དོ། །བསྟོད་དོ། །དེ་དག་གི་མཐུས་རྣལ་འབྱོར་པ་བདག་ཅག་དཔོན་སློབ་རྣམས་ཀྱི་བཀའ་དང་བསྟན་པ་སྲུངས། ཚེ་དང་དབང་ཕྱུག་སྤེལ། དཔལ་དང་གྲགས་པ་སྒྲུབས། འཁོར་དང་སློབ་མ་སྐྱོངས། རྐྱེན་དང་བར་ཆད་ཟློག །མི་ནོར་ཟས་གསུམ་སྡུས། དགྲ་བགེགས་ཐལ་བར་རློགས། ཕྲིན་ལས་རྣམ་བཞི་སྒྲུབས། །རྟག་ཏུ་སྲུང་སྐྱོབ་མཛོད་ཅིག །ཧཱུྃ། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་སྲུང་ཞིང་། །མ་ལུས་གདུག་པ་འདུལ་བའི་སྐུ་མདོག་ནག །རྣམ་བཞིའི་ཕྲིན་ལས་མཛད་པའི་ཕྱག་


CMR027_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ། །ཁྲོས་པའི་མདངས་ལྡན་དཔའ་བོ་བརྗིད་པའི་སྐུ། །གདུག་པའི་ཚར་གཅོད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་ཕྱག་བཞི་པའི་གཙོ་འཁོར་ཀུན་ཚང་། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་དམ་ཅན་ལྷ་ཆེན་པོ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །གསང་བའི་ཁྲོ་རྒྱལ་སྟོབས་ཀྱི་བདག །མ་ནིང་ནག་པོ་ཀུན་གྱི་རྗེ། །འོག་མིན་གནས་མཆོག་དམ་པ་དང་། །གསང་ཆེན་ལྷུན་གྲུབ་དུར་ཁྲོད་ནས། །མཆོད་ཕྱིར་སྒྲུབ་ཕྱིར་གཤེགས་སུ་གསོལ། །སྐུ་ལྔ་སྡེ་ལྔ་ཏྲཀཱད་ནག །མ་མགོན་སྡེ་བརྒྱད་བཅས་པ་བྱོན། །ལྷ་ཆེན་དཔལ་འབར་འཁོར་དང་བཅས། །མཐིང་ནག་རུ་ཏྲའི་གདན་ལ་བཞུགས། །ཤཱི་མ་ཧཱ་ཀཱ་ལ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ཧཱུྃ། མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །ཁྱེད་ལ་མཆོད་པ་འབུལ་བ་ནི། །ཨུཏྤལ་མེ་ཏོག་སྣ་ཚོགས་དང་། །རྒྱ་ཤུག་ཛཱ་ཏི་ཨ་ཀ་རུ། །གླ་རྩི་ག་པུར་སྤོས་སོགས་དྲི། །ཞུན་ཆེན་སྣང་གསལ་ཁྲག་སྣའི་ཆབ། །ནས་ནག་བྲ་བོ་སྦྱར་བའི་བཤོས། །རྐང་ཆེན་རྔ་དུང་འཁར་རྔའི་སྒྲ། །དཔལ་ཆེན་འཁོར་དང་བཅས་ལ་འབུལ། །གཞན་ཡང་ཁྱོད་ལ་མཆོད་པའི་རྫས། །ཛ་གད་གསེར་སྐྱེམས་


CMR027_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིངས་སེ་སྤྲེང་། །ཞལ་ཟས་ལོངས་སྤྱོད་ལྷུབས་སེ་ལྷུབ། །སྨན་གཏོར་རཀྟ་ཀྱི་ལི་ལི། །དགྲ་བོའི་ཤ་ཁྲག་གློ་སྙིང་དང་། །ཁྲག་རུལ་ཉ་སོགས་མཐུན་པའི་རྫས། །འདོད་ཡོན་མཆོད་པ་དཔག་མེད་འདིས། །མ་ནིང་ནག་པོ་འཁོར་དང་བཅས། །དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ༀ་ཤྲཱི་མ་ཧཱ་ཀཱ་ལ་ཨརྒྷཾ༴ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཙིཏྟ་ལ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྲུ་ན་གྷ་ཡ་རཾ་སིདྡྷི་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་ཝཱཀྐ་ལྕེ་ལྕེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཏྲཀཱད་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀ་ལ་སི་ཏི་ཡ་མ་དུ་ཛ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དཔལ་མགོན་མ་ནིང་ནག་པོ། མ་ནིང་རིགས་ལྔ། སྐུ་ཡི་མགོན་པོ་སྟག་ཞོན། གསུང་གི་ མགོནཔོབེང next hit་མ། ཐུགས་ཀྱི་མགོན་པོ་གྲི་གུག །ཡོན་ཏན་གྱི་མགོན་པོ་སེང་ཞོན། ཕྲིན་ལས་ཀྱི་མགོན་པོ་ཏྲཀཱད། ལྗང་ནག་སྤུ་གྲི་གཅིག་ཤུལ། ཐུབ་བདག་གློག་ཕྲེང་། ཡང་འཁོར་སྡེ་བརྒྱད། བདུད་དམག་བྱེ་བ་འབུམ་སྡེའི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྡང་བའི་དགྲ་སོད། གནོད་པའི་བགེགས་


CMR027_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ། བླ་མ་དང་རྣལ་འབྱོར་པ་བདག་ཅག་སྐུ་ཚེ་རིང་བ་དང་། ཕྲིན་ལས་དར་ཞིང་རྒྱས་པར་མཛད་དུ་གསོལ། ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པའི་ཕོ་བྲང་ནས། །སྐྱེ་བའི་ཆོ་འཕྲུལ་ཁྲོ་རྒྱལ་མ་ནིང་སྐུ། །མཉམ་ཉིད་ཐུགས་མངའ་གཏུམ་ཆེན་མེ་ལྟར་འབར། །རུ་ཏྲ་འཇོམས་མཛད་བདུད་དཔུང་ཐལ་བར་རློགས། །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །མ་ཧཱ་ཀཱ་ལའི་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཏྲཀྐད་བདུད་ཀྱི་མགོན་པོ་ནི། །ནག་པོ་ཐོད་པའི་ཕྲེང་བ་ཅན། །ཁྲག་གི་མིག་ལ་རལ་པ་དམར། །ལག་པ་དམར་པོ་མདུང་ཞགས་བསྣམས། །བེར་ནག་རྟ་ནག་ཅན་ལ་བསྟོད། །དེ་ལ་མ་ནིང་སྐུ་ལྔ་སྡེ་ལྔ་ཏཱཀྐད་དང་བཅས་པ་ཚང་བ་ཡིན། མདུན་དུ་དུར་ཁྲོད་ཆེན་པོའི་ནང་། །མེ་འབར་ཁྲག་ཞག་རྒྱ་མཚོའི་དབུས། །ཐོད་པ་སྐམ་རློན་གཞལ་ཡས་སུ། །ཨོཾ་ལས་དུད་སོལ་ལྷ་མོ་ནག །ཞལ་གཅིག་ཕྱག་བཞི་རལ་གྲི་དང་། །ཐོད་ཁྲག་ཤཀྟི་རྩེ་གསུམ་འཛིན། །དུར་ཁྲོད་ཆས་བརྒྱན་མི་རོ་གསོལ། །བ་གླང་མི་ལྤགས་རེ་ལྡེ་གོས། །སྦྲུལ་བརྒྱན་ཞབས་གཉིས་ལྕགས་སྒྲོག་གསོལ། །བོང་བུ་ག་དམར་ཆིབས་པའོ། །


CMR027_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་འཕྲོག་མ་གསུམ་རིགས་བཞི་དང་། །ལྷ་མོ་བརྒྱད་དང་ཕྲ་མེན་བརྒྱད། །སྒོ་མ་བཞི་སོགས་འཁོར་བཅས་གསལ། །གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་ལས། །འོད་འཕྲོས། འཁོར་བཅས་སྤྱན་དྲངས་གྱུར། །བྷྱོཿ རི་རབ་ཆེན་པོ་བྱང་ཤར་མཚམས། །གཡུ་མཚོ་མུ་ལེའི་མཐིང་དཀྱིལ་དབུས། །རིན་ཆེན་ལྔ་ལྡན་གཞལ་ཡས་ཁང་། །དེ་དབུས་སྲིད་གསུམ་ཐོད་མཁར་ནང་། །གྲུ་གསུམ་འབར་བའི་གཞལ་ཡས་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །སྐུ་མདོག་ནག་མོ་འཇིགས་པའི་གཟུགས། །འཁོར་ཡང་ནག་མོ་འབུམ་སྡེའི་ཚོགས། །གནས་འདིར་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་ཨེ་ཨཱ་ར་ལི་ཧྲིང་ཧྲིང་༔ པདྨ་ཀ་མ་ལཱ་ཡེ་སྟེ། དཔལ་ལྡན་ལྷ་མོ་ཁྱོད་ཀྱི་བདག་ལ་སྐུ་མྱུར་དུ་སྟོན་ཅིག །གལ་ཏེ་མི་སྟོན་ན་ཡང་བདག་གི་ཡིད་ལ་ཅི་འདོད་པ་དེ་དག་འགྲུབ་པར་གྱིས་ཤིག །ཨོཾ་ས་མ་ཡ་ཧ་ན་ཧ་ན་མ་ཏི་ཀྲ་མ་ནི་ཧཱུྃ་ཕཊ། བཱི་དེ་ཝི་ཀཱ་ལི་ས་པཱ་རི་ཝཱ་ར་ཨརྒྱུ་སོགས། ཧ་ཧོཧྲཱི༔ ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཨོཾ་


CMR027_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ། སྙིང་འཕྲོག་མ་གསུམ། རིགས་བཞིའི་ལྷ་མོ་བཞི། དུར་ཁྲོད་ཀྱི་མ་མོ་བརྒྱད། ཕྲ་མེན་མ་བརྒྱུད། སྒོ་མ་བཞི། འཁོར་མ་མོ་བྱེ་བ་འབུམ་སྡེའི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྤྱིར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། ཁྱད་པར་དུ་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ་མི་ནད་ཕྱུགས་ནད་ཡམས་ནད་རིམས་ནད་ནད་རིགས་བཞི་བརྒྱ་རྩ་བཞིས་གནོད་པ་ཞི་བ་དང་། ཚེ་དང་བསོད་ནམས་རྒྱས་པ་དང་། །ཆག་ཆེན་ཉམ་ང་བཀྲ་མི་ཤིས་པ་ཐམས་ཅད་ཟློག་པའི་ཕྲིན་ལས་མཛོད་ཅིག །བྷྱོཿ རྒྱ་མཚོའི་ཀློང་ནས་མེ་འབར་ཁྱོད། །མཚོ་ཡང་སྐེམ་པར་ནུས་མ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱིར་དུ་བཞུགས། །རྫོང་དང་བཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་གནས་མ། །མི་ནད་གང་ཡིན་ཁྱོད་ཀྱིས་ཤེས། །དེ་ལ་འཇིགས་པ་མེད་པར་གྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་བསྲུང་བ་


CMR027_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །དེ་ཡིས་རྒྱུན་ཁྱེར་ལྷ་མོའི་གཏོར་ཆོག་ཚང་། ཧཱུྃ། ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས། །བདུད་མགོན་ནག་པོ་སེང་གེའི་གདོང་། །གནས་ལྟའདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཡུམ་མཆོག་བདུད་མོ་སེང་གདོང་མ། །ལས་མཁན་བམ་རོ་ཕོ་མོ་དང་། །ཤན་པ་སྡེ་བརྒྱད་གཤེགས་སུ་གསོལ། །དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས། །ཨེ་ཧྱ་ཧི་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་སོགས། ཧཱུྃ། འཇིག་རྟེན་བྷནྡྷ་འབར་བའི་སྣོད་མཆོག་ཏུ། །སྨན་རཀ་བདུད་རྩིའི་མཆོད་པ་མཚོ་ལྟར་བསྐྱིལ། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ནང་རོལ་ཚོགས། །དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་འདི། །ཞིང་སྐྱོང་མགོན་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲིང་ཛཿ ཌཱཀི་ནཱི་སི་ན་ར་མ་ཧཱུྃ་ཕྲཊ། ཏྲི་ཧྲིང་ཛཿ ཡ་མ་རཱཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞིང་སྐྱོང་སེང་གདོང་དཀར་པོ། བདུད་མགོན་སེང་གདོང་ནག་པོ། མཁའ་འགྲོ་སེང་གདོང་དམར་མོ། བམ་རོ་ཕོ་མོ་ཤན་པ་སྡེ་བརྒྱད། གཤིན་རྗེ་ཆོས་ཀྱི་རྒྱལ་པོ། ལས་གཤིན་འཆར་ཀ་


CMR027_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ། སྒྲོལ་གིང་བེག་རྩེ་ཡབ་ཡུམ། བདུད་དམག་སྟོང་གི་སྡེ་ལ་སོགས་པ་འཁོར་དང་བཅས་པའི་ཞལ་དུ་འབུལ་ལོ། །དགྲ་བགེགས་བྱད་མ་ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད་ཅིག །ཧཱུྃ། བསྟན་པ་གཉེན་པོ་བསྲུང་བའི་མཐུ་རྩལ་ཅན། །ནག་པོ་ཁྲོ་གཏུམ་འཇིགས་གཟུགས་རྔམ་པའི་སྐུ། །ཞལ་གཅིག་ཕྱག་གཉིས་མཐིང་ནག་སེང་གེའི་གདོང་། །གཡས་པས་དར་ནག་གཡོན་པས་དམར་གཏོར་ཁྱེར། །བདུད་པོ་མ་རུངས་སྲོག་བདུད་ཁྱེད་ལ་བསྟོད། །ཞིང་སྐྱོང་ཡབ་ཡུམ་གྱི་གཏོར་ཆོག་བསྡུས་པའོ། །ཧཱུྃ༔ དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །ཀེང་རུས་ཐོད་པའི་གུར་ཁང་ནས། །ཆོས་སྐྱོང་ཡབ་ཡུམ་གཤེགས་སུ་གསོལ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བཀའ་ཡི་ལས་མཁན་ངན་ན་མ། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །རཀྟའི་རྦ་ཀློང་ད་ལ་ནས། །མི་རོ་བསྣོལ་བའི་གདན་ལ་བཞུགས། །ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོ༔ ཨནྡྷཾ་སོགས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃ༔ ཨོཾ་གྷོ་རྭ་


CMR027_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུ་ཐིས་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཨ་ར་ལི་པྲ་མ་ཡ་ཛ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ཧཱུྃ། དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་པས་ཐོད་དབྱུག་འབར་བ་ཐོགས། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །ཀེང་རུས་གར་བྱེད་མཆེ་བ་གཙིགས། །བརྐྱང་སྐུམ་གར་གྱིས་གདུག་པ་འདུལ། །འཇིགས་སུ་རུང་བའི་ཡབ་ཡུམ་སྐུ། །ཐམས་ཅད་མ་ལུས་སྐག་པར་བྱེད། །དགྲ་རྣམས་མ་ལུས་འཇོམས་ལ་བསྟོད། །ཧཱུྃ།་མ་མོ་ནག་མོ་མཐུ་རྩལ་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་བདག །ནོར་སྲང་གཅིག་གི་རྗེས་འབྲང་མ། །དཀོར་བདག་ངེ་ནེ་མ་ལ་བསྟོད། །དུར་ཁྲོད་བདག་པོ་ཡབ་དང་ཡུམ། །ངེ་ནེ་མ་དང་བཅས་པ་ཡིས། །མཆོད་གཏོར་དམ་པ་འདི་བཞེས་ལ། །བདག་གི་རྟ་ཕྱུགས་དཀོར་ནོར་རྣམས། །ཉིན་མཚན་གཡེལ་བ་མེད་པར་སྲུངས། །དགྲ་རྐུན་གཅན་སྤྱང་ཁ་ཆིངས་ཤིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ནོར་ལྷ་བཀའ་སྲུང་གཞན་རྣམས་ཀྱི་གཏོར་མ་རིན་པོ་ཆེའི་སྣོད་བཅུད་བདུད་རྩིའི་རྒྱ་མཚོ་འདོད་པའི་ཡོན་


CMR027_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་སོ་སོར་གང་བར་བསྒོམ་ཞིང་། ༀ་ཨ་ཀཱ་རོ་མུ་ཁཾ་སོགས་སྔགས་ལན་གསུམ་གྱིས་དུས་གཅིག་བྱིན་གྱིས་བརླབས། ཧཱུྃ།་རི་རབ་ཆེན་པོའི་བྱང་ཕྱོགས་ནས། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །རིན་ཆེན་འབར་བའི་གཞལ་ཡས་ནས། །གནོད་སྦྱིན་རྒྱལ་པོ་གཤེགས་སུ་གསོལ། །རྣམ་ཐོས་སྲས་པོ་གཤེགས་སུ་གསོལ། །ཛཾ་ལྷ་རིགས་ལྔ་ནོར་སྦྱིན་མ། །གནོད་སྦྱིན་ཕོ་བརྒྱད་མོ་བརྒྱད་སོགས། །འཁོར་དང་བཅས་པ་གཤེགས་སུ་གསོལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཕུན་སུམ་ཚོགས་པའི་དངོས་གྲུབ་སྩོལ། །ཨོཾ་བྷེ་ཤཱ་མ་ཎ་ཡེ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོ༔ ཨནྡྷཾ་སོགས། ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པཱ་རི་ཝ་ར་ཨི་དཾ་བྷ་ལིད་ཧཱུྃ་ཧྥ་དཾ་ས་མ་ཡ་རཀྵན་ཏུ་མ་མ་སིདྡྷི་མེ་པྲ་ཡཙྪ་མ་མ་སརྦ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། ཨོཾ་པདྨ་ཀྲོ་དྷ་ཨཱརྱ་ཛམྦྷ་ལ་ཧྲིད་ཡ་ཧཱུྃ་ཕཊ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མི་དྷི་བྷིསྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཱ་སུ་དྷ་རི་ཎི་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བོ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་


CMR027_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

སྲས། །ནོར་གྱི་བདག་པོ་ཨརྨ་ཛམྦྷ་ལ། །དབུལ་བ་སེལ་བའི་ལྷ་མོ་ནོར་སྦྱིན་མ། །རྣམ་སྲས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ལོངས་སྤྱོད་འདོད་ཡོན་ཆར་འབེབས་དངོས་གྲུབ་སྩོལ། །ཅེས་རྣམ་སྲས་སེར་ཆེན་འཛམ་དཀར་ནག་སེར་དམར་ནོར་རྒྱུན་མ་ཐམས་ཅད་ཚང་ངོ་། །ཧཱུྃ། རྒྱལ་བ་ཤཱཀ་ཐུབ་བསྟན་པ་ལ། །གླིང་བཞི་བྱང་ཕྱོགས་སྐྱོང་མཛད་པ། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །ནོར་བདག་ཆེན་པོ་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོ༔ ཕེ་ཕེ་ཧྲིང་ཧྲིང་ས་མ་ཡ་ཛ་ཛཿ ཏིཥྛ་ལྷན། ཨནྡྷཾ་སོགས། ཧཱུྃ། ནོར་བདག་རྒྱལ་པོ་ཚོའཁོར་བཅས་ལ། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ཕྱི་ནང་གསང་བ་མཆོད་པའི་སྤྲིན། །ནམ་མཁའི་མཐའ་ཀླས་གྱུར་པ་ཡི། །མཆོད་སྤྲིན་རྒྱུ་མཚོ་དཔག་མེད་མཆོད་།ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །ཨོཾ་མ་ཧཱ་ར་ཙ་ཡཀྵ་ས་མ་ཡ། བྷེ་ཤྲ་མ་ཎ་ཡེ་སརྦ་རཏྣ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ལྷ་ཡི་ན་བཟའ་སྣ་ཚོགས་དང་། །རིན་ཆེན་བསེ་ཡི་རྨོག་ཁྲབ་གསོལ། །ས་བརྒྱད་སེམས་དཔའི་སྐུ་ལ་བསྟོད། །སེང་གེའི་སྟེང་ན་འགྱིང་བག་


CMR027_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །མདུང་དམར་རྒྱལ་མཚན་གཡས་ན་འཛིན། །ནེའུ་ལེ་ལྕགས་ཀྱུ་གཡོན་ན་འཛིན། །སྣང་སྲིད་དབང་དུ་བསྡུས་ལ་བསྟོད། །སྦྱིན་བདག་ཕོ་མོའི་ལག་པ་བསྒུལ། །འགྲོ་བ་མི་ཡི་རྣམ་ཤེས་བསྒྱུར། །ཁམས་གསུམ་སྲིད་གསུམ་དབང་དུ་སྡུས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་མདུང་དམར་ཅན་ཚང་། ཀྱེ། །འཛམ་གླིང་ཉི་མ་ནུབ་ཕྱོགས་ནས། །ཕོ་བྲང་རྟག་ཆག་མཁར་ནང་ནས། །འཛམ་བུ་གླིང་གི་སྐྱེས་གཅིག་པུ། །རྡོ་རྗེ་ལེགས་པ་གཤེགས་སུ་གསོལ། །དགེ་བསྙེན་ཆེན་པོ་མཐུ་རྩལ་ཅན། །འཛིན་གིང་བརྟན་མའི་ཚོགས་དང་བཅས། །བཙན་རྒོད་དྲག་པོ་སྟོང་གིས་བསྐོར། །དཔོན་གཡོག་འཁོར་བཅས་གཤེགས་སུ་གསོལ། །བཛྲ་སྭཱ་དྷུ་ས་མ་ཡ་ཏྲི་ཤུ་ལ་ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་སོགས། ཧཱུྃ། དམ་ཅན་སྐྱེས་བུ་ཐིག་ལེ་རྩལ། །ཁྱོད་ཀྱི་ཐུགས་དམ་བསྐང་བ་ནི། །མཁར་ཐབས་བཤོས་བུ་ར་ཡིས་མཚན། །ཤ་ཁྲག་དམར་གཏོར་རཀྟ་དང་། །མཾ་ས་ར་ཡི་གསུར་ཆེན་དང་། །སྨྱུག་རྒོད་ཁྲབ་བྱང་རྔ་ཁྲབ་དང་། །མཛེས་པའི་རོལ་མོ་གླུ་གར་དབྱངས། །སྤྱན་གཟིགས་དཀོར་ཆས་ཐུགས་དམ་བསྐང་། །ༀ་


CMR027_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སྭཱ་དྷུ་ས་མ་ཡ་སྲོག་ཏྲི་དུང་དུང་ཏྲི་ཛ་རཏྣ་ཕ་ལ་སིདྡྷི་ཧཱུྃ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བཛྲ་སྭཱ་དྷུ་ས་མ་ཡ་སྲོག་ཏྲིའུ་ཛ་ཛཿ བཛྲ་ལི་ལ་མ་ཧཱུྃ་ཛཿ ཨོཾ་བཛྲ་མ་ཧཱ་མ་ཏྲི་དུང་དུང་ཏྲི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཀྱཻ། དམ་ཅན་སྐྱེས་བུ་བཛྲ་ཐིག་ལེ་རྩལ། །ལྷ་མིའི་འཇིག་རྟེན་ཁམས་ན་དབང་ཕྱུག་བཙན། །དབང་རྟགས་རྡོ་རྗེ་དགྲ་བོའི་ཙིཏྟ་བསྣམས། །དགེ་བསྙེན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སེང་གེ་དང་ནི་ར་སྐྱེས་ཆིབས་ནས་ཀྱང་། །དར་དམར་གསོལ་ཞིང་རྫུ་འཕྲུལ་སྣ་ཚོགས་འགྱེད། །བཙན་དང་བརྟན་མའི་འཁོར་གཡོག་བསམ་མི་ཁྱབ། །མཐུ་སྟོབས་རྫུ་འཕྲུལ་ཅན་ལ་ཕྱག་འཚལ་བསྟོད། །དེ་ལ་མགར་དམར་རིགས་གསུམ་ཚང་། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་གིང་གི་བདག ། དཔལ་ལྡན་དྲེགས་པ་རྟ་མགྲིན་ཐུགས་ལས་སྤྲུལ། །དམ་ཅན་སྐྱེས་བུ་རྡོ་རྗེའི་མཚན་ཅན་ཁྱོད། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །དམ་ཅན་སྐྱེས་བུ་ཆེན་པོ་ཁྱོད་ཉིད་ནི། །སངས་རྒྱས་བསྟན་པ་ཡུན་དུ་བསྲུང་བ་དང་། །འགྲོ་བའི་དོན་དུ་ཐུགས་རྗེས་བརྩེར་དགོངས་ལ། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་གཤེགས་སུ་


CMR027_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །ར་ཡི་རྣམ་ལྔ་གསུར་གྱི་དུད་པ་ཡིས། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པ་འབུལ། །སྒྲུབ་པ་པོ་ལ་ཚེ་རིང་ནད་མེད་ཅིང་། །མཐུ་དང་ནུས་པ་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་སྭཱ་དྷུ་ས་མ་ཡ་ཝཀ་ཏྭཾ་ཀྲྀ་ཤི་ནི་ཀྲ་མ་ཎི་ས་མ་ཡ་སྭཱ་དྷུ་ཏྲི་ཛཿ ཛཿཧཱུྃ་བཾ་ཧོ༔ ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ། ཁྲོ་རྒྱལ་རྟ་མགྲིན་ཐུགས་སྤྲུལ་མཆོག །དྲེགས་པའི་གཙོ་བོ་དམ་ཚིག་ཅན། །མཐུ་སྟོབས་ཆེན་པོས་དགྲ་བགེགས་འདུལ། །རྡོ་རྗེ་ལེགས་པ་ཁྱོད་ལ་བསྟོད། །རྒྱ་གར་ཡུལ་དུ་ཏིང་ཏིང་ཤག །གཡུང་དྲུང་བོན་གྱི་འཕྲུལ་ཏིང་ཞང་། །ཀོང་ཡུལ་མཐིལ་དུ་དེ་མོ་ཞེས། །གུ་རུའི་དྲུང་དུ་བོད་སྐྱོང་མ། །གནམ་ས་ཕྱེད་ཀྱི་བདག་མོ་མཛད། །སྐྱེས་བུའི་སྦྱོར་ཡུམ་མ་ལ་བསྟོད། །སྐྱེས་མཆོག་ཡབ་ཡུམ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །མི་ནོར་ཟས་གསུམ་དབང་སྡུད་ལ། །བཀྲ་ཤིས་བདེ་ལེགས་དངོས་གྲུབ་སྩོལ། །ཅེས་མགར་ནག་ཚང་། ཧཱུྃ། སྟེང་ཕྱོགས་དག་པ་འཕྲུལ་གྱི་གཞལ་ཡས་ནས། །རིན་ཆེན་


CMR027_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲིན་དཀར་ལྡིང་བའི་གུར་ཁང་ནས། །རྡོ་རྗེ་གཡུ་སྒྲོན་སྨན་བཙུན་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །དམ་རྫས་གཙང་མར་སྦྱར་བའི་གཏོར་མ་ནི། །རྡོ་རྗེ་གཡུ་སྒྲོན་མ་ལ་མཆོད་པ་འབུལ། །ཐུགས་རྗེས་བརྩེར་དགོངས་བརྒྱན་པའི་གཏོར་མ་བཞེས། མཆོད་པ་བཞེས་ཤིག་བཛྲ་ཨ་ལ་ལ་ཧོ། །སོ་ཨཱཿཧཱུྃ་བཛྲ་པྲ་མོ་ཧ་ཧྲིང་ཧྲིང་ཛ་ཛཿ རྡོ་རྗེ་གཡུ་སྒྲོན་མ་འཁོར་དང་བཅས་པའི་ཞལ་དུ་ཁ་ཁ་ཁཱ་ཧི། ལན་གསུམ། ཨརྒྷཾ་སོགས། ཧཱུྃ༔ རྒྱལ་བའི་ཡུམ་མཆོག་རྡོ་རྗེ་གཡུ་སྒྲོན་མ། །ཆོས་སྐུ་དབྱིངས་ལ་སྤྲོས་པ་མི་མངའ་ཡང་། །ལོངས་སྐུ་རིགས་ལྔ་མ་དང་མཁའ་འགྲོ་སྤྲུལ། །སྤྲུལ་སྐུ་སྨན་མོ་འགྲོ་དོན་མཛད་ལ་བསྟོད། །སྤྲུལ་སྐུའི་གནས་ལ་ངེས་པ་མ་མཆིས་ཀྱང་། །རི་རབ་གླིང་དང་ནགས་ཚལ་མཚོ་གླིང་དང་། །ལྷོ་མོན་བོད་དང་རྒྱ་གར་ཡུལ་ལ་སོགས། །ཡུལ་རྣམས་ཀུན་ཏུ་དངོས་གྲུབ་སྟེར་ལ་བསྟོད། །ཆོས་བྱེད་སྲུང་མ་སྤྱན་རས་གཟིགས་ཀྱི་ལྕམ། །མངོན་ཤེས་རྫུ་འཕྲུལ་དངོས་གྲུབ་ཀུན་གྱི་བདག །དམ་ཚིག་ཅན་ལ་དགོས་འདོད་འབྲས་སྩོལ་


CMR027_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

མ། །རྡོ་རྗེ་གཡུ་སྒྲོན་འཁོར་དང་བཅས་ལ་བསྟོད། །ཅེས་ལྷ་སྨན་ཕྱི་ནང་གསང་གསུམ་ཚང་། ཧཱུྃ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ནས། །བལ་བོད་གཉིས་ཀྱི་སོ་མཚམས་ནས། །དར་དཀར་གུར་གྱི་ནང་ཤེད་ནས། །བཀྲ་ཤིས་ཚེ་རིང་དབང་ཕྱུག་མ། །དྲག་པོའི་གདུང་བས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་བཟའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་མཐོངས་ནས་སྤྱན་འདྲེན་ནོ། །ཚེ་རིང་མཆེད་ལྔ་འཁོར་དང་བཅས། །འདིར་གཤེགས་གཙང་མའི་མཆོད་པ་བཞེས། །ཨརྒྷཾ་སོགས། ཨོཾ་ཨ་ཀ་ནི་ཙ་ལི་མི་ཐུ་ཁྲི་ལི་རེ་སྭཱ་ཧཱ། པཉྩ་ཌཀྐི་ནཱི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། པཉྩ་ཨ་མྲྀ་ཏ་སརྦ་པཱུ་ཙ་ཁཱ་ཧི། ཧཱུྃ། །ལྷ་སྨན་བཀྲ་ཤིས་ཚེ་རིང་དབང་ཕྱུག་མ། །ཁྱོད་ནི་རིགས་བཟང་གཙང་རིགས་ལྷ་ཡི་སྲས། །མགྲིན་པ་གཅིག་ལ་སྙན་པའི་གླུ་སྣ་སྟོང་། །དར་དཀར་གོས་གསོལ་རིན་ཆེན་དུ་མས་བརྒྱན་། །རྫུ་འཕྲུལ་སྣ་ཚོགས་སྟོན་པའི་ལས་མཛད་མ། །མཁའ་འགྲོ་དབང་ཕྱུག་མ་ལ་ཕྱག་འཚལ་བསྟོད། །སྒྲུབ་པ་པོ་ལ་དངོས་གྲུབ་བསྩལ་དུ་གསོལ། །ཚེ་རིང་མཆེད་ལྔའི་མཆོད་


CMR027_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ཚང་། །རྟ་ལྷ་ཨཱརླ་རེ་མན་ཏ། །རྟ་བདག་རྒྱལ་པོ་ཀུ་བེ་ར། །བདག་ལ་དངོས་གྲུབ་སྟེར་བའི་ཕྱིར། །སྤྱན་འདྲེན་ཕེཾ་ཕེཾ་བདག་གིས་འབོད། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། །གསོལ་ལོ་མཆོད་དོ་དགྱེས་གྱུར་ཅིག །བདག་ཅག་སློབ་དཔོན་འཁོར་བཅས་ཀྱི། །རྔོག་ཆགས་ཀུན་གྱི་མགོན་སྐྱབས་དང་། །རྐང་བཞི་འཕེལ་བའི་ཕྲིན་ལས་མཛོད། །ཨོཾ་ཨཱརྱ་རེ་མནྟ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། ཧཱུྃ། རེ་མན་དང་ཀུ་བེ་ར། །མནའ་དགུ་བཞག་པའི་ཤག་པོ་ཡིན། །ཕ་མ་བྱས་ཀྱང་དེ་རང་ཡིན། །དཔོན་གཡོག་བྱས་ཀྱང་དེ་རང་ཡིན། །ཚ་ཞང་བྱས་ཀྱང་དེ་རང་ཡིན། །ཁྱོད་བསྟེན་ཁྱོད་མཆོད་ཁྱོད་རྦད་ན། །རྔོག་ཆགས་གོད་ཁ་བཟློག་པ་དང་། །རྔོག་ཆགས་མ་ལུས་བསྲུང་དུ་གསོལ། །རྒྱུན་དུ་གཟའ་སྤྱན་འདྲེན་ན་རྩུབ་པས་མི་ལེགས་ལ་ནམ་མཁའ་གཟའ་ཡི་རང་བཞིན་ཡིན་པས་གཏོར་མ་བསྔོས་ན་བར་ཆད་སེལ་བའོ།། ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་བཅས་ལ། །དམར་གཏོར་བཤོས་བུ་དགུ་སྐོར་དང་། །དགྲ་བོའི་ཤ་ཁྲག་རུས་པ་དང་། །མེ་ཏོག་སྟོང་དང་ཆུ་སྣ་


CMR027_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་། །སྨན་སྣ་སྟོང་དང་ཤ་སྣ་སྟོང་། །སྙིང་སྣ་སྟོང་དང་ཁྲག་སྣ་སྟོང་། །གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། །དྲང་སྲོང་འཁོར་བཅས་ཐུགས་དམ་བསྐང་། །དུག་གི་ཟོར་ཁ་དགྲ་ལ་བསྒྱུར། །གདུག་པའི་ཁ་རླངས་དགྲ་ལ་བསྒྱུར། །བདག་ཅག་དཔོན་སློབ་མི་ཕྱུགས་བཅས། །ཁྱོད་ཀྱི་བུ་སྤྱན་ཚ་བོ་ཡིན། །རྟག་ཏུ་སྲུང་སྐྱོབ་མ་གཡེལ་ཅིག །ཨོཾ་ཀེ་ཏ་ཀེ་ཏ་སྭཱ་ཧཱ། ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་སོགས། ཧཱུྃ།་དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཁ་དབུ་དགུ་སྤྱན་སྟོང་འབར། །ཕྱག་བཞི་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས། །བསྐལ་པའི་མེ་འབར་ཁྱོད་ལ་ཕྱག་འཚལ་བསྟོད། །དཔའ་བོ་ཁྱོད་ཀྱི་སྲིང་མོ་གདོང་མོ་བཞི། །གཟའ་བརྒྱད་སྡེ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད། །ཁྱི་དང་ལྕེ་སྤྱང་བདུད་བྱ་ལ་སོགས་པའི། །ཕོ་ཉ་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །སྡང་བའི་དགྲ་ལ་ཆོ་འཕྲུལ་རྒྱུན་དུ་ཕོབ། །འཁོར་བཅས་སྡང་བྱེད་དགྲ་བོའི་སྟེང་དུ་བྷྱོཿ། །ཞེས་མཆོད་པ་བཞེས་ནས་གསོལ་བར་བསམ། ཀྱེ། བདུད་བཙན་ཀླུ་མགོན་འཁོར་


CMR027_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ཀྱིས། །གུ་རུ་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །དམ་ལ་མ་འདའ་ད་ཚུར་བྱོན། །བསྟན་པ་བསྲུང་བའི་དུས་ལ་བབ། །དགྲ་བགེགས་བསྒྲལ་བའི་དུས་ལ་བབ། །བྱད་སྟེམས་བཟློག་པའི་དུས་ལ་བབ། །དགྲ་བོ་ཁུག་ལ་མྱུར་དུ་སྒྲོལ། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར། །དུ་པཾ་ཏྲི་ཤུ་ལ་ནཱ་ག་ར་ཙ་ཧཱུྃ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོ༔ ཨརྒྷཾ་སོགས། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུད་ནག་པོ་སྲོག་གི་སྤུ་གྲི། བཙན་དམར་ལས་ཀྱི་སྤུ་གྲི། །ཀླུ་རྒྱལ་དུག་གི་སྤུ་གྲི་ལ་སོགས་པ་བདུད་བཙན་ཀླུ་ཡི་དམག་ཚོགས་འཁོར་དང་བཅས་པའི་ཞལ་དུ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དགྲ་བགེགས་བྱད་མ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། ཧཱུྃ། སངས་རྒྱས་བསྟན་པའི་བཀའ་སྲུང་མ། །བདུད་བཙན་ཀླུ་བདུད་མ་རུངས་འཇིགས་པའི་གཟུགས། །བཀའ་ཉན་ལས་བྱེད་ཕོ་ཉར་འགྱེད། །རིན་ཆེན་གཏེར་གྱི་སྲུང་མ་མཆོག །རྫུ་འཕྲུལ་ཅན་ལ་བདག་བསྟོད་དོ། །དེས་ནི་སྤུ་གྲི་མཆེད་གསུམ་ཚང་། ཧཱུྃ། ཡང་གཅིག་བཞེངས་ཤིག་ནག་པོ་ཏི་པ་ར་ཙ་ཁྱོད། །བྱང་ཕྱོགས་རྒྱུད་དུ་ཆེ་


CMR027_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུར་སྟོན་པ། །གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ། །འདིར་གཤེགས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་རིག་འཛིན་རྣལ་འབྱོར་འཁོར་བཅས་ཀྱི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །གདུག་འདྲེའི་ནད་དང་གནོད་པ་ཞི་བ་མཛོད། །ཨོཾ་ཨཱཿཧཱུྃ་ཧཱིབཛྲ་འབར་བ་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ༴ དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག །སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། །ཐང་ལྷ་སྨྱོ་ཁ་ལ་སོགས་པའི། །གནས་བརྒྱད་མཚན་བརྒྱད་ལྡན་ལ་བསྟོད། །འཁོར་ཚོགས་དང་བཅས་བརྒྱ་བྱིན་སྲས་མོ་ནི། །མཚོ་སྨན་ཕྱུག་མོ་བཅས་ལ་ཕྱག་འཚལ་བསྟོད། །དེ་ནས་སྐྱེས་བུ་ལུང་བཙན་ནི༔ ཀྱེ། སྟོད་ཀྱི་བཙན་ཡུལ་ཡ་ཀི་ནས། །ཡ་ཀི་སྒོ་མོ་བྲག་དམར་ནས། །ཇོ་བོ་བཙན་གྱི་རྒྱལ་པོ་སྟེ། །སྐྱེས་བུ་ལུང་བཙན་སྤྱན་འདྲེན་ནོ། །འདུར་འདུར་འདུར་གྱིས་གནས་འདིར་བྱོན། །རིན་ཆེན་མཛེས་པའི་མཁར་ལ་བཞུགས། །འདོད་ཡོན་ལོངས་སྤྱོད་སྣ་ཚོགས་དང་། །ཕུད་དང་བཤོས་དང་མཆོད་པ་བཞེས། །གཞི་བྱེས་ལམ་གསུམ་


CMR027_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཐོན་ཅིང་། །མི་ནོར་བཙན་ཕྱུག་བཀྲ་ཤིས་པའི། །གྲོགས་དང་མགོན་སྐྱོབས་ཆེན་པོ་མཛོད། །ཨོཾ་བྱི་ཤུ་ཙ་ན། ས་མ་ཡ། ཁྲག་ཏ་ཀུ་རུ་ར་ཙ་ན་ཧཱུྃ་ན་ཧཱུྃ་ན་རུ་ཙ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨརྒྷཾ༴ བསྟོད་པར་འོས་པ་ཐམས་ཅད་ལ། །སོགས། ཨོཾ་ཨཱཿཧཱུྃ། གཞན་ཡང་ཡུལ་དང་གྲོང་གི་བདག །རི་ཚལ་ཆུ་ཀླུང་ངམ་གྲོག་ཐང་། །གཉུག་མར་གནས་པ་མ་ལུས་དང་། །ངོམ་རྒྱལ་གཏམ་རྒྱལ་དབྱི་དོ་དང་། །གནས་འདིར་གཞི་བདག་ཐམས་ཅད་ལ། །བདུད་རྩིའི་གཏོར་མ་འདི་འབུལ་ལོ། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་འགྲུབ་པར་མཛོད། །ཨོཾ་བྷ་མི་པཱ་ཏི་ས་པཱ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་རྗེས་ཆོག་བྱ་བ་ནི། ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །དེ་ལྟར་རྒྱུན་དུ་གཏོར་བསྔོས་བྱས་པ་ཡིས། །ཕན་ཡོན་རིག་པ་དག་ལ་ཚོགས་རྫོགས་པ། །འདི་ཕྱིའི་ལམ་གྱི་བར་ཆད་སེལ་བ་དང་ཐུན་མོང་དངོས་གྲུབ་ཅི་འདོད་པ་འབྱུང་ཞིང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཕྱིར་


CMR027_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ནས་མཆོད་པ་བྱས་པས་ཀྱང་བརྒྱ་སྟོང་འགྱུར་གྱིས་བརྟག་པ་ཤེས་པར་བྱའོ། །ཡིད་ཆེས་པའི་ལུང་ནི། གཏོར་མའི་ལས་རྒྱུད་ཆེན་པོ་ལས། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །གཏོར་མ་དག་ལ་བརྟེན་ནས་ཐོབ། །རྣལ་འབྱོར་གཏོར་མོར་མི་བརྩོན་ན། །དེ་ཡི་བར་ཆད་གང་གིས་སེལ། །རྣལ་འབྱོར་གཏོར་མར་བརྩོན་པ་ན། །དེ་ལ་བར་ཆད་སུ་ཡིས་རུང་། །ཞེས་དང་། སྲོག་ཟན་ནག་པོའི་རྒྱུད་ལས། །གཏོར་མ་འབུལ་ཞིང་བསྟོད་པ་བྱ། །ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བཅོལ། །ངེས་པར་ཁོ་ནས་འགྲུབ་པར་འགྱུར། །བསྒྲུབ་པར་འགྱུར་བའི་ཕན་ཡོན་ནི། །བུ་ནོར་འཁོར་དང་ལོངས་སྤྱོད་རྒྱས། །ཚེ་དང་གྲགས་པ་བསོད་ནམས་འཐོབ། །དཔལ་འབྱོར་གཟི་བརྗིད་རབ་ཏུ་འཕེལ། །རྟ་དང་བ་གླང་དུད་འགྲོ་རྣམས་དང་ལྡན། །བཀྲ་ཤིས་མཐུ་ཆེ་སྔགས་ཀྱི་དམོད་པ་འགྲུབ། །བར་ཆད་སེལ་ཞིང་ཕྲིན་ལས་ཉན། །དམ་ལ་འདུ་ཞིང་དགྲ་བགེགས་འདུལ། །དེ་ཕྱིར་གཏོར་མ་རྒྱུན་དུ་མཆོད། །ཅེས་གསུངས་སོ། །དེ་ལྟར་རྒྱུན་དུ་གཏོར་ཆོག་རྒྱས་པར་མ་གྲུབ་ཀྱང་། འདི་ལྟར་སོ་སོ་མ་འདྲེས་པ་བྱས་པ་འགྲུབ་པ་ཡིན་ནོ། །ཞེས་བཀའ་སྲུང་གེལ་པ་རྣམས་ཀྱི་རྒྱུན་ཁྱེར་གཏོར་བསྔོས་ཉུང་ངུ་ཞིག་དགོས་ཞེས་པདྨ་འགྲོ་མགོན་གྱིས་ཡང་ཡང་བསྐུལ་ཀྱང་བཀའ་གཉན་ཕྱིར་མི་འཐད་ཅེས་སྨྲས་ཀྱང་། ཕྱིས་འཚོ་མཛད་གྲག་ལུ་ཚེ་འདས་དུས་ཀྱང་ནན་ཏན་གྱིས་བསྐུལ་བས། ཁོ་ཕ་རྒན་ཤི་ནས་ཡུས་ཆེ་སྙམ་ནས་ངག་མ་བཅག་པར་བྲིས། ཤིང་


CMR027_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ཐ་སྐར་ཟླ་བའི་ཉེར་དྲུག་ལ་༧ རཱ་ག་ཨ་སྱས་བྲིས་པ་ལ། ཉེས་འགལ་གང་མཆིས་བཀའ་སྲུང་རྣམས་ལ་བཤགས་ཤིང་། དགེ་བས་རང་གི་བརྒྱུད་པ་འཛིན་པ་རྣམས་ཀྱིས་བསྟན་པ་དར་ཞིང་རྒྱས་པར་གྱུར་ཅིག །ཡི་ཆོས་སྐྱོང་གལ་ཆེ་བ་རྣམས་བསྡུས་ནས་འཐུས་ཆེ་བས་རང་གིས་ཀྱང་ཐུགས་དམ་བྱ་བར་སེམས་ཏེ་བྲིས།། མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསར་རྙིང་སྤྱི་ཡི་ཆོས་སྐྱོང་གལ་ཆེ་ཞིང་རྒྱུན་དུ་རང་གི་ཆོས་སྐྱོང་ཆག་མི་རུང་བ་རྣམས་ཀྱི་གཏོར་བསྔོས།next