Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
ཆགས་མེད་རཱ་ག་ཨ་སྱ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གསུངས་པའི་མནའ་སྡིག་བཤགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཆགས་མེད་རཱ་ག་ཨ་སྱ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གསུངས་པའི་མནའ་སྡིག་བཤགས་པ།next

ཆགས་མེད་རཱ་ག་ཨ་སྱ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གསུངས་པའི་མནའ་སྡིག་བཤགས་པ།


CMR034_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་མེད་རཱ་ག་ཨ་སྱ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གསུངས་པའི་མནའ་སྡིག་བཤགས་པ་བཞུགས་སོ། །རྒྱ་གར་སྐད་དུ། ན་མ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། བོད་སྐད་དུ། དེ་བཞིན། གཤེགས་པ་གསེར་གྱི་སྙིང་པོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མ་སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་ཨ་ནུ་ག་ཏེ་ༀ་ཀུ་རུམ་གི་ནི་སྭཱ་ཧཱ། འདི་ལན་གཅིག་བརྗོད་པའི་བསོད་ནམས་ཀྱིས། བསྐལ་པ་འབུམ་ཕྲག་སྟོང་དུ་བསགས་པའི་སྡིག་པ་མ་ལུས་པ་བྱང་བར་འགྱུར། ཨོཾ་ཇོ་བོ་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་དགེ་བཅུ་ཧཱུྃ་ཕཊ། ཤིག་བསད་པའི་སྡིག་པ་དག་པར་གྱུར་ཅིག །ཨོཾ་བཛྲ་ཡ་མནྟ་ཀ་ཧཱུཾ་ཕཊ། མི་བསད་པའི་སྡིག་པ་དག་པར་གྱུར་ཅིག །ཨོཾ་བཛྲ་རོ་ཤནྟ་ཧཱུྃ་ཕཊ། རྟ་བསད་པའི་སྡིག་པ་དག་པར་གྱུར་ཅིག །ཨོཾ་བཛྲ་ཛ་ཧཱུྃ་ཕཊ། མནའ་ཟོས་པའི་སྡིག་པ་དག་པར་གྱུར་ཅིག །ཨོཾ་བཛྲ་ཤྲཱི་ཤ་ནི་དྷ་ར་ཧཱུཾ་ཧཱུཾ་ན་ཧྲིག་ཀ་ཧཱུཾ་ཕཊ། །ཐམས་ཅད་ལ་དུག་དྲངས་པ་དང་། མི་དགེ་བ་བཅུ་བྱས་པའི་སྡིག་པ་དག་པར་གྱུར་ཅིག །ཨོཾ་བཛྲ་ཡལ་སྤེལ་ས་མ་ཡ་ནི་ཧཱུཾ་ཕཊ། གཙུག་ལག་ཁང་དང་ཟམ་པ་རྣམས་མེ་ལ་


CMR034_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་པའི་སྡིག་པ་དག་པར་གྱུར་ཅིག །ཨོཾ་བཛྲ་འབུ་ཊི་ཧཱུྃ་ཕཊ། འབུ་བསད་པའི་སྡིག་པ་དག་པར་གྱུར་ཅིག །ཨོཾ་བཛྲ་པི་པ་ཏ་ཡེ་སྭཱ་ཧཱ། སྒོ་ནོར་དང་རི་བོང་རི་དྭགས་ལྟོ་ལེ་ཁྱི་བསད་པ་དང་། བྱ་རིགས་ཝ་སྤང་དོམ་དྲེད་ལི་ལི་སྲེ་མོང་རྣམས་བསད་པའི་སྡིག་པ་དག་པར་གྱུར་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ལན་བདུན་བརྗོད། གསུང་མཆོག་རྒྱལ་པོ་ཡི་གེ་དྲུག །ཐུབ་པ་དྲུག་གི་སྙིང་པོའོ། །རིགས་དྲུག་འདྲེན་པའི་ལྕགས་ཀྱུའོ། །ཞེས་གསུངས་སོ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞལ་ནས་གསུངས་པ། མནའ། སྡིག་ལྟུང་། ཤ་ཟོས་ཚད་དང་། ངན་སེམས་ང་རྒྱལ་ཕྲག་དོག་བྱས་ཚད་དང་། དགེ་བ་ཅན་ལ་ཁྱད་གསོད་དང་། བརྙས་བཞག་བྱས་པ་དང་། སྡོམ་པ་ལ་ཆག་ཉམས་བྱུང་ཚད་ལོ་བསྐལ་པ་སྟོང་ཕྲག་བདུན་ལས་ཐར་མེད་དམྱལ་ཁམས་བཅོ་བརྒྱད་ཀྱི་མར་ཞབས་སུ་འདུག་དགོས་བྱུང་བས་འདི་འབྲི་ཀློག་དང་། ཉིན་རེ་ཚར་རེ་མ་ཆག་པར་བྱས་ན། སྡིག་པ་མི་དགེ་བ་བཅུ་བྱས་ཀྱང་བྱང་ཞིང་ཕན་ཆེ་བར་ཡོད་ཅིང་། མ་ཎི་བྱེ་བ་བཅུ་གསུམ་དང་མཉམ་མོ་གསུངས་སོ། །འདི་བཞེངས་པའི་ཕན་ཡོན་ལ་མ་ཎི་དུང་ཆེན་ཞིག་གི་འགྱུར་ཡོད་དོ། །དེ་


CMR034_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འཇིག་རྟེན་ཁམས་ལ་དེ་སྐད་ཤོད་ཅིག་གསུངས་སོ། །གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་བཀའ། དཔལ་ལྡན་བླ་མ་དམ་པ་དམྱལ་ཁམས་འགྲིམ་སྐབས་གསུངས་པའི་དམ་ཆོས་འདི། ཆགས་མེད་རཱ་ག་ཨ་སྱ་དེ་ཉིད་ཞལ་ནས་གསུངས་སོ། །འདི་ལ་དད་འདུན་དང་མོས་གུས་བྱེད་མི་རྣམས་དང་། ཚེ་འདིར་ཅི་བསམ་འགྲུབ་པ་དང་། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། ཕྱི་མ་བླ་མེད་ཞིང་དུ་སྐྱེ། །སྐད་ཅིག་ཉིད་དུ་སྐྱེ་བར་ཤོག །ཅེས་གསུངས་སོ།། །།


previousཆགས་མེད་རཱ་ག་ཨ་སྱ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་གསུངས་པའི་མནའ་སྡིག་བཤགས་པ།next