Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁ་བཀང་སཱཙྪའི་ཆོ་ག་བསོད་ནམས་རི་བོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁ་བཀང་སཱཙྪའི་ཆོ་ག་བསོད་ནམས་རི་བོ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁ་བཀང་སཱཙྪའི་ཆོ་ག་བསོད་ནམས་རི་བོ།


CMR034_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁ་བཀང་སཱཙྪའི་ཆོ་ག་བསོད་ནམས་རི་བོ་བཞུགས་སོ། །


CMR034_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ དེ་ཡང་གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ བསོད་ནམས་འཕེལ་ཐབས་སཱཙྪ་རིགས་གཉིས་གསུངས༔ དེ་ཉིད་ལག་ལེན་གསལ་བ་འདིར་བཀོད་བྱ༔ ས་ནི་ས་བདག་ཡིན་པས་ས་སླང་དགོས༔ དེ་མིན་ས་བདག་ཁྲོས་པས་བཀྲ་མི་ཤིས༔ ས་མ་བྱིན་བླངས་པའི་ཉེས་པས་ཕན་ཡོན་ཆུང་༔ དཀར་གཏོར་འབྲུ་སྣ་ཕུད་དང་སྐག་ལེ་ཁྱེར༔ ས་སྤྱིན་ཡོད་སར་སོང་ལ་དཀར་གཏོར་བྲན༔ ཧཱུྃ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པའི༔ རང་ཉིད་འཇིག་རྟེན་དབང་ཕྱུག་དཀར༔ ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན༔ གཡོན་པས་པདྨ་དཀར་པོ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ པདྨ་ཟླ་གདན་སྐྱིལ་ཀྲུང་


CMR034_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས༔ ཕྱག་གཡས་ས་ལ་ལན་གསུམ་བརྡབ༔ ས་ཡང་རྣམ་པ་དྲུག་ཏུ་གཡོས༔ ས་ཡི་འོག་ནས་བརྟན་མ་ནི༔ གསེར་མདོག་རྒྱན་རྣམས་ཀུན་ཏུ་སྤྱས༔ ཕྱག་གཡས་ཁས་ལེན་ཕྱག་རྒྱ་དང་༔ གཡོན་པས་གཏེར་གྱི་བུམ་པ་འཛིན༔ ལྟེ་བ་མན་ཆད་ས་ནས་ཐོན། ས་བདག་ཚོགས་ཀྱིས་བསྐོར་ཏེ་བྱོན༔ ཨོཾ་པྲི་ཐི་དེ་ཝཱི་ས་པ་རི་ཝཱ་ར༔ བཛྲ་ས་མཱ་ཛཿ ཏིཥྛ་ལྷན༔ ཨགྷཾ་སོགས། རིན་ཆེན་སྣོད་དུ་གཏོར་མ་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཿཿཧཱུྃ་ཧ་ཧོ༔ཧྲཱིཿ ས་ཡི་ལྷ་མོ་བརྟན་མ་དང་༔ ལྟོ་འཕྱེ་ལ་སོགས་ས་བདག་ཚོགས༔ འདིར་གནས་ས་ཡི་བདག་


CMR034_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན༔ ས་གླུད་མཆོད་གཏོར་འདི་བཞེས་ལ༔ ས་འདི་བདག་ལ་གནང་བར་མཛོད༔ བདག་གིས་མཆོད་རྟེན་མང་བཞེངས་པའི༔ དགེ་བའི་ཆ་ཤས་ཁྱེད་ལ་བྱིན༔ དེ་ཕྱིར་དགེ་ཞིང་བྱང་སེམས་ཀྱིས༔ ས་འདི་བཀྲ་ཤིས་མཛད་དུ་གསོལ༔ བརྗོད་པས་བརྟན་མ་ལ་སོགས་དགྱེས་ས་འདི་གནང་བས་འགྲོ་དོན་སྤྱོད༔ གསུངས་ནས་བརྟན་མ་ས་ལ།ཐིམ༔ ས་བདག་གཞན་རྣམས་བྱེར་བར་གྱུར༔ སེང་ལྡེང་ཕུར་པ་སོར་བརྒྱད་པ༔ སྟོད་ནི་རྟ་མགྲིན་དམར་པོ་སྟེ༔ རྟ་སྐད་སྒྲོག་ཅིང་གྲི་ཐོད་འཛིན༔ སྐུ་སྨད་ཕུར་པ་མེ་དཔུང་འབར༔ གདེངས་ཤིང་ས་ལ་བཏབ་པ་ཡིས༔ གཏོར་མས་བྲིད་ཀྱང་མི་ཉན་པའི༔ གདུག་པ་ཅན་རྣམས་བྲོས་པར་གྱུར༔ ཨོཾ་པདྨནྟ་ཀྲིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དུཥཱན་ཧཱུྃ་ཕཊ༔ དེ་ནས་ཧཱུྃ་མཛད་ཕྱག་རྒྱས་སྐག་ལེ་བཟུང་༔ དཔྱིད་གསུམ་བྱང་དང་དབྱར་གསུམ་ཤར་གྱི་ཕྱོགས༔ སྟོན་གསུམ་ལྷོ་དང་དགུན་གསུམ་ནུབ་ཀྱི་ཕྱོགས༔ ཁ་གྱུ་བྲུས་པས་ལྟོ་འཕྱེའི་ལྟོ་ཚིལ་ལོན༔ ས་ཡང་རིན་ཆེན་སྣ་ལྔའི་གཏེར་ཁ་སྟེ༔ ས་གཡང་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར༔ ཨོཾ་ག་རུ་ཊ་ཧཱུྃ་ཕཊ༔ ཅེས་གསུངས་སྐག་ལེ་ས་ལ་ལན་གསུམ་རྒྱབ༔ ས་ཡང་རིན་ཆེན་སྣ་ལྔའི་ཕུང་པོར་གྱུར༔ ཨོཾ་བཛྲ་རཏྭ་ས་མ་ཏེ་ཡེ་ཧཱུྃ༔ ཚེས་


CMR034_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་བཅུ་གཉིས་ཐེ་སེ་སྤྲེལ་ཁོག་རྒྱུ༔ དེ་ཉིན་སོར་གྲངས་དུ་བརྐོས་མི་རེ་འཆི༔ དེ་ཕྱིར་བཅུ་གཉིས་ས་ཆོག་ས་བརྐོ་སྤངས༔ དེ་མིན་ས་སློང་ཚར་ནས་ནམ་འདོད་དུས༔ ལས་མི་རྣམས་ཀྱིས་རྐོ་དང་ལེན་པར་རུང་༔ ས་སློང་བའི་ལེའུ་སྟེ་དང་པོའོ༔ ས་རྣམས་ཁྱིམ་དུ་བླངས་ནས་སྤུངས་བྱས་ཏེ༔ སྤོས་ཆུའི་ནང་དུ་རིན་ཆེན་བརྡར་བས་བྲན༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སརྦ་ས་མ་ཏྲི་ས་ལེ་ཡེ་སྭཱ་ཧཱཿ ཞེས་པས་མི་གཙང་བ་རྣམས་སོང་བར་བསམ༔ རང་ཉིད་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་༔ ཕྱག་གཉིས་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ཡིས༔ ས་ལ་ལན་གྲངས་ཉེར་གཅིག་རེག་པ་ཡིས༔ ས་དེ་སྟོང་ཉིད་ཆོས་སྐུ་རྣམ་དག་འགྱུར༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང་༔ ཧཱུྃ་ལས་ས་ཕུང་རིན་ཆེན་ཕུང་པོར་གྱུར༔ ཨོཾ་བཛྲ་ཁ་ན་ཁ་ན་ཧཱུྃ༔ རང་གི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས༔ འོག་མིན་རྣམ་པར་སྣང་མཛད་ཆེན་པོ་ཡི༔ ཐུགས་ཀར་ཕོག་པས་ཐུགས་དམ་རྒྱུད་བསྐུལ་ནས༔ སྨིན་མཚམས་མཛོད་སྤུའི་འོད་ཟེར་འཕྲོས་པ་ཡིས༔ ས་ཕུང་དེར་ཐིམ་ཡེ་ཤེས་ལྔ་རུ་གྱུར༔ ལག་གཉིས་མཛུབ་ཆུང་མཐེ་བོང་གཉིས་ཀྱིས་མནན༔ སོར་མོ་གསུམ་བརྐྱང་ལག་གཡོན་གན་རྐྱལ་ཏེ༔ ལག་གཡས་སྒྲུབ་པས་སོར་མོ་དྲུག་པ་སྟེ༔ ལན་རེ་རེག་ཅིང་གཟུངས་འདི་ཚར་རེ་སྟེ༔


CMR034_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གྲངས་ཉེར་གཅིག་ཕྱོགས་རྣམས་ཀུན་ནས་རེག་ན་མོ་བྷ་གཱ་ཝཱ་ཏེ་བེ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྡ་ཏེ་སཾམྱཀཾ་བུདྡྷ་ཡ༔ ཏདྱ་ཐཱ༔ སུཀེ་སུམྦྷེ༔ ས་མེ་ས་མ་ཡ༔ ཤཱནྟེ་དནྟེ༔ ཨ་ས་མ་རོ་པེ༔ ཨ་ན་ལམྦྷེ༔ ཏ་རམྦྷེ༔ ཡ་ཤོ་ཝརྟི༔ མ་ཧཱ་ཏེ་ཛཿ ནིར་ཀུ་ལེ༔ ནིརྡ་ཎེ། སརྦ་བུདྡྷ་ཨདྷིཥྛ་ན༔ ཨ་དྷིཥི་ཏེ་སྭཱ་ཧཱཿ ལག་པ་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ཡིས༔ ས་ཕུང་གདབ་པ་རྡོ་རྗེའི་གདན་གྱི་སྟེང་༔ ས་སྒང་བརྡུང་བས་བདག་དང་འགྲོ་ཀུན་གྱི༔ ལས་དང་ཉོན་མོངས་སྒྲིབ་པ་བཅོམ་པར་གྱུར༔ ཨོཾ་བཛྲ་མུདྨ་ར་ཨཱཿ་ཀོ་ཊ་ཡ་ཨཱཿ་ཀོ་ཊ་ཡ་ཧཱུྃ་ཕཊ༔ སློབ་དཔོན་གྱིས་བརྡུང་ཚུལ་བྱ༔ སཱཙྪ་གཙང་མ་ཡིག་བདུན་ལ་སོགས་ཀྱི༔ གཟུངས་ཆུའམ་བུམ་ཆུས་ཁྲུས་བྱ་ཁྲུས་ཆོག་གིས༔ གལ་ཏེ་ཚེ་འདས་རུས་ཚྭ་འདེབས་ན་ནི༔ ཨོཾ་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ བརྗོད་ཅིང་རུས་པ་སྣོད་གཙང་ནང་དུ་བླུག༔ མེ་ལོང་ངོས་སུ་རུས་པ་འཆར་བཅུག་ལ༔ གཟུངས་ཆུ་འམ་ནི་བུམ་ཆུ་ནས༔ ཇི་ལྟར་བལྟམས་པ་ལ་སོགས་ཁྲུས་གསོལ་བྱ༔ སྡིག་ཅན་མིན་ཞིང་ཉེ་དུ་མིན་པས་ནི༔ རུས་པ་ཞིབ་པར་བརྡུང་ལ་ཆུ་ལ་སྦྱང་༔ སེ་གཅིག་མེད་ཅིང་ཆུ་མདོག་འགྱུར་ཙམ་བྱ༔ དེ་ཡིས་ས་ཝིས་སྦྲུ་བར་བྱ་བ་སྟེ༔ གསོན་པོའི་སོ་དང་སྐྲ་སེན་དེ་དང་མཚུངས༔ འཇིམ་པ་བྱ་བའི་ལེའུ་སྟེ་གཉིས་པའོ༔ རབ་ནི་གསེར་དངུལ་འབྲིང་ནི་མཚལ་རྒྱ་སྣག༔ ཐ་མ་དྲི་བཟང་སྦྱར་བའི་སྣག་ཚ་


CMR034_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས༔ ཨོཾ༔ ཡིག་དྲུག་ཤམ་དུ་རྟེན་འབྲེལ་སྙིང་པོའི་སྔགས༔ བྲིས་པའི་ཤོག་དྲིལ་དག་ཀྱང་བཅུག་བྱས་ཏེ༔ ཨོཾ་མ་ཧཱ་ཀཱ་ལ་རེ་མ་ཏི་ཧཱུྃ་ཕཊ༔ ཧ་སྭཱ་ཧཱཿ ཧ་སྭ་ཧྭ༔ མུ་ནེ་མུ་ནེ་སྭཱ་ཧཱཿ པུཎེ་པུཎྱེ་པུཊྚི་ཀུ་རུ་སྭཱ་ཧཱཿ ཞེས་བྲིས་པ་ཡི་ཤོག་དྲིལ་ཉི་ཤུ་བྱ༔ ཨོཾ་ཨཱཿཿཧཱུྃ་ཞེས་བྲིས་པའི་ཤོག་དྲིལ་ལ༔ མང་ཉུང་དང་བསྟུན་ཅི་འབྱོར་ཙམ་ཞིག་བྱ༔ བྱིན་རླབས་རྟེན་དང་སྨན་སྣ་ཞིབ་པར་བཏུལ༔ རིན་ཆེན་སྣ་ལྔ་ཅི་འབྱོར་ཕྱེ་མ་དང་༔ འབྲུ་སྣ་ཟས་ཕུད་རྙེད་ཚད་གཟུངས་ཆུས་སྦག༔ དེ་སྲིད་སྨན་སྣ་བྱིན་རྟེན་བཏབ་པ་དཀྲུགས༔ ནང་གཞུག་ཤོག་དྲིལ་ཡོད་པའི་སཱཙྪ་རྣམས༔ བཏབ་ནས་མ་ནོར་སཱཙྪ་སོ་སོར་བཞག་པར་བྱ༔ ནང་དུ་གཟུངས་འཇུག་མེད་པ་འབྲུ་སྣ་ཁོ་ན་སྟེ༔ ནས་འབྲུ་བདུན་བས་ཉུང་བ་མི་རུང་ཞིང་༔ ཧ་ཀྱང་མང་ན་ལྗང་བུས་སཱཙྪ་འཇིག༔ དེ་ཕྱིར་མང་ཉུང་ཚོད་དང་སྦྱར་ལ་བཅུག༔ ནང་གཞུག་གི་ལེའུ་སྟེ་གསུམ་པའོ༔ སཱཙྪ་འདེབས་པའི་མཁན་སློབ་གཙོ་བོ་ཉིད་ཤཱཀྱ་ཐུབ་པ་སྤྲུལ་སྐུའི་ཆ་ལུགས་ཅན༔ ཆོས་གོས་གསུམ་གསོལ་སེང་གེའི་ཁྲི་ལ་བཞུགས༔ དྲན་རྫོགས་དམ་ཡེ་དབྱེར་མེད་གསལ་བ་ཡི༔ ཕྱག་གཡོན་བརྐོས་ཕོར་ཤེས་རབ་སྟོང་པ་ཉིད༔ ཕྱག་གཡས་འབི་འབྲི་ཐབས་ཀྱི་རང་བཞིན་གཉིས༔ སྦྱར་བས་ལྷ་དང་མི་ཡི་བསོད་ནམས་བསྟན༔ གཟུགས་སྐུ་མཆོད་རྟེན་དཔག་མེད་འབྱོན་པར་གྱུར༔ ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱན་ཏ་ཐཱ་ག་ཏོ་ཧྱ་ཝ་དཏ་ཏེ་ཥཉྩཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་


CMR034_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་མ་ཎཿཡེ་སྭཱ་ཧཱཿ དེ་ནས་འཇིམ་པ་བཅད་ཅིང་༔ ན་མ་ས་མནྟ་བུདྡྷཱ་ནཾ༔ ཨོབཛྲ་ཨཱཿ་ཡུ་ཥེ་སྭཱ་ཧྭ༔ ནང་འཇུག་གཞུག་ཅིང་༔ ཨོཾ་བཛོདྡྷཱ་བཱ་ཡ་སྭཱ་ཧཱཿ འབི་འབི་བྱ་ཞིང་༔ ཨོཾ་བཛྲ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱཿ སྣུམ་བྱུག་ཅིང་༔ བྱང་ཆུབ་སེམས་ཀྱིས་བསྒོས་པར་གྱུར༔ ཨོཾ་བཛྲ་དྷརྨ་དྷ་ཏུ་གནྡྷེ་སྭཱ་ཧཱཿ དེ་ནས་འབི་འབི་ཡར་བཞག་ཅིང་༔ ཨོཾ་ཨ་ས་ཏིཥྛ་ཏི་བཛྲ་ཡེ་སྭཱ་ཧཱཿ བརྐོས་ཕོར་དུ་བཅུག་ཅིང་༔ ཐབས་ཤེས་ཟུང་དུ་འཇུག་པར་གྱུར༔ ཨོཾ་དྷརྨ་དྷ་ཏུ་གནྡྷེ་སྭཱ་ཧཱཿ བརྐོས་ཕོར་རྡེབ་བམ་ཐོ་བས་བརྡུང་༔ ཨོཾ་བཛྲ་མུངྒ་ར་ཨཱཿ་ཀོ་ཊ་ཡ་ཨཱཿ་ཀོ་ཊ་ཡ་ཧཱུྃ་ཕཊ༔ དེ་ནས་བརྐོས་ཕོར་ནས་ཕྱུང་ཞིང་༔ རྒྱུ་འབྲས་ཚོགས་རྣམས་ཡོངས་རྫོགས་གྱུར༔ ཨོཾ་དྷརྨ་ར་ཏེ་སྭཱ་ཧཱཿ ཚེ་འདས་དོན་དུ་ཡིན་ན་རྩ་རིག་དང་༔ ཀཾ་ཀ་མ་ཎི་བཟླ་ཞིང་འདེབས་ཆོག་གོ༔ ཀུན་གྱིས་མི་འཁྲུགས་པ་ཡི་གཞུང་བཞིན་གསུངས༔ ཨོཾ༔ དེ་ནས་ས་ལ་བཞག་ཅིང་༔ རྒྱལ་བ་རྒྱ་མཚོའི་སྐུ་ཡི་བདག་ཉིད་དུ་གྱུར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ མཆོད་རྟེན་རྩེ་ལ་ལག་པས་རེག་ཚུལ་གྱིས༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཎི་ཤབ་ཏིཊྛི་ཛཱ་ལ་དྷརྨ་དྷ་ཏུ་གནྡྷེ་སྭཱ་ཧཱཿ ཞེས་བརྗོད་དེ་ནི་འཕྲལ་གྱི་རབ་གནས་ཡིན༔ གཅིག་གིས་ཡིན་ན་དེ་དག་རིམ་པ་བྱ༔ ཤེས་མཁན་མང་ན་སྔགས་རྣམས་སོ་སོར་དགོས༔ མི་རེས་ལས་ཀ་རེ་དང་སྔགས་རེ་བྱ༔ ཤེས་མཁན་ཉུང་ན་ཀུན་གྱིས་ཡིག་བདུན་ནམ༔ ཡིག་དྲུག་བཟླས་


CMR034_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྔགས་ཀུན་དེས་ཆོག་པར༔ གསར་རྙིང་ཐུགས་རྗེ་ཆེན་པོའི་གཞུང་ནས་གསུངས༔ སྒྲིབ་པ་དག་པར་འདོད་ན་ཡིག་བརྒྱ་དང་༔ ཚེ་རིང་འདོད་ན་ཚེ་གཟུངས་ཚེ་དཔག་སྔགས༔ དེ་བཞིན་ནད་ཞི་འདོད་ན་སྨན་ལྷའི་སྔགས༔ སྲིའུ་གསོ་བར་འདོད་ན་སོ་འབྲོང་སྔགས༔ ལོངས་སྤྱོད་རྒྱས་པར་འདོད་ན་འཛམ་ལྷའི་སྔགས༔ དེ་ལྟར་བཟླ་ཞིང་མཆོད་རྟེན་སོ་སོར་འབུལ༔ གང་ཡིན་ལྷ་དེའི་སྐུ་ནི་ལམ་ལམ་གསལ༔ དེ་ལས་འོད་འཕྲོས་དམིགས་ཡུལ་ལ།ཐིམ་པས་འདོད་དོན་འགྲུབ་པར་སྒོམ་ཞིང་སྨོན་ལམ་གདབ༔ དེ་ནས་སྐམ་ཐག་ཆོད་པར་སྐམ་བཅུག་སྟེ༔ ཡིག་དྲུག་ནང་གཞུག་ཅན་རྣམས་སེར་པོ་བྱ༔ མགོན་པོའི་སྔགས་ཅན་ཉི་ཤུ་སྔོན་པོ་བྱ༔ འབྲུ་གསུམ་ནང་གཞུག་ཅན་རྣམས་སེར་པོ་བྱ༔ གཞན་ཀུན་དཀར་རྩི་གསོལ་ན་ལེགས༔ སཱཙྪ་འདེབས་པའི་ལེའུ་སྟེ་བཞི་པའོ༔ གཤིན་པོའི་རུས་ཆོག་གསོན་པོའི་སྐྲ་ཚ་ནི༔ བསྐོར་བ་མི་ཁྱག་བསོད་ནམས་ཉམས་འགྱུར་ཕྱིར༔ གནས་བདག་གདུག་པ་ཅན་ནི་མི་གནས་ཤིང་༔ ས་དཔལ་བཟང་ཞིང་ས་དགྲ་མེད་པའི་ས༔ འོག་ཏུ་བརླན་མེད་ཆར་པ་ཁེབས་པ་ཡི༔ བྲག་ཕུག་ས་ཕུག་སོགས་སུ་སྦས་བྱས་ཏེ༔ གནས་བདག་དེ་ལ་དཀར་གཏོར་ཕུལ་བར་བྱ༔ དགོན་པ་གྲོང་པ་རི་ཁྲོད་གང་རུང་གི །ཤར་དུ་ཚ་ཁང་བྱས་ན་བཀྲ་མི་ཤིས༔ ཤར་ལྷོ་མཚམས་སུ་བྱས་ན་ཟ་ཁ་འགགས༔ ལྷོ་རུ་བྱས་ན་ནོར་དང་ལོངས་སྤྱོད་ཉམས༔ ལྷོ་ནུབ་མཚམས་བྱས་བྱི་ཕག་ལོ་ལ་ངན༔ ནུབ་ཏུ་བྱས་ན་ནད་ཉུང་རིམ་གྲོ་མཆོག༔ ནུབ་བྱང་མཚམས་སུ་


CMR034_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ན་སད་སེར་ཉུང་༔ བྱང་དུ་བྱས་ན་དགྲ་དང་ཁ་མཆུ་ཉུང་༔ བྱང་ཤར་མཚམས་བྱས་ཆུ་ཁམས་པ་ལ་ངན༔ ལྟག་ཏུ་བྱས་ན་གཉའ་གནོན་མར་འགྲོ་ཆེ༔ འོག་ཏུ་བྱས་ན་མལ་ས་ནོན་པ་ཡིན༔ ཁྱིམ་གྱི་ནང་དུ་བླུགས་ཀྱང་ཕྱོགས་དེར་བརྩི༔ ཁྱིམ་ནང་གང་དུ་ཚ་ཁང་བྱས་པ་ཡིས༔ ས་རྒོད་གཉན་པོ་ཡིན་ཀྱང་ངེས་པར་ནོན༔ སྐྲ་རྒན་གཡང་ཅན་རུས་ཚ་ཁྱིམ་བཞག་ན༔ མི་གཡང་མི་ཉམས་བཀྲ་ཤིས་དགེ་བ་ཡིན༔ འཆི་ལུགས་ངན་དང་གཞོན་ཤི་རུས་ཚ་ནི༔ ཁྱིམ་དུ་མི་ཉལ་རི་ལ་བསྐྱལ་བ་ལེགས༔ གསོན་པོའི་སྐྱ་སོའི་སཱཙྪ་ཁྱིམ་དུ་རུང་༔ དེ་མིན་ཚ་ཚ་གཙད་མི་ཚྭ་ཁང་ནི༔ གང་དུ་བྱ་སར་ས་འདེབས་རྒྱས་པར་བྱ༔ དེ་མ་བྱས་ན་ལྷ་འདྲེའི་ཕོག་ཐུག་འོང་༔ དེ་ལྟར་ཚ་ཁང་ནང་དུ་སཱཙྪ་རྣམས༔ གཟའ་སྐར་བཟང་པོའི་ཉིན་པར་ཁྱེར་བའི་ཚེ༔ སྤྱན་འདྲེན་སྔགས་འདི་བརྗོད་ཅིང་སྤྱན་འདྲེན་ནོ༔ ཨོཾ་སྭ་བྷ་ཝ་བི་ཤུདྡྷེ་ཨ་ཧ་ར་ཨཙྩ་ཨཙཱ་དྷརྨ་དྷ་ཏུ་གནྡྷེ་སྭཱ་ཧཱཿ ཚ་ཁང་ནང་དུ་སཱཙྪ་རྣམས༔ མགོ་མཇུག་མ་ལོག་ལེགས་པར་སྤུངས༔ སྤྱན་འདྲེན་བྱེད་ཚེ་ཆག་གྲུག་སོགས༔ འོ་རྒྱལ་བྱུང་བའི་བཟོད་གསོལ་སྔགས༔ ཨོཾ་ཨཱཿཤ་ཤ་དྷ་ཏུ་གནྡྷེ་སྭཱ་ཧཱཿ ཞེས་པ་མང་ཞིག་བརྗོད་པར་བྱ༔ ཚ་ཁང་གི་ལེའུ་སྟེ་ལྔ་པའོ༔ ཡིག་དྲུག་ནང་གཞུག་ཅན་གྱི་ཚ་ཚ་བརུ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ མ་མ་པུཎེ་པུཊྚི་ཀུ་རུ་སྭཱ་ཧཱཿ སྟོང་བཟླས་སཱཙྪ་རྣམས་ལ་ཕུ་བཏབ་ལ༔ སཙྪ་ཀུན་གྱི་སྟེང་དང་དབུས་སུ་བཞག༔ མགོན་པོའི་སྔགས་གཞུག་སཱཙྪ་ཉི་ཤུ་པོ༔ ཨོཾ་མ་ཧ་ཀ་ལ་རེ་མ་ཏི་ཧཱུྃ་


CMR034_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ ཧ་སྭཱ་ཧཱཿ ཧ་སྭཱ་ཧཱཿ མུ་ནེ་མུ་ནེ་སྭཱ་ཧཱཿ པུཎྱེ་པུཎྱེ་པུཎྚི་ཀུ་རུ་སྭཱ་ཧཱཿ སྟོང་བཟླས་ཚ་ཚ་ལ་ཕུས་གདབ་བྱས་ལ༔ སཱཙྪ་མང་མའི་སྟེང་གི་ཕྱོགས་མཚམས་ཀྱི༔ མཐའ་ནས་བསྐོར་ཏེ་བཞག་པར་བྱ་བ་ཡིན༔ རབ་གནས་རྒྱས་པར་གནམ་ཆོས་གཞུང་ལྟར་བྱ༔ བསྡུ་ན་བགེགས་གཏོར་བཏང་ཞིང་བགེགས་བསྐྲད་ལ༔ གནས་བདག་དེ་ལ་དཀར་གཏོར་ཕུལ་བའི་རྗེས༔ མེ་ལོང་ངོས་ནས་ཁྲུས་གསོལ་སྤྱི་ལྟར་བྱ༔ ཨོཾ་སྭ་བྷཱ་ཝ་སོགས། ཆོས་རྣམས་མི་དམིགས་ཡེ་ནས་སྟོང་པ་ཉིད༔ དེ་ཡི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་༔ ཚ་ཁང་ཡེ་ཤེས་ཧཱུཾ་ཡིག་ཡོངས་གྱུར་ལས༔ རིན་ཆེན་སྣ་ཚོགས་ལས་གྲུབ་གཞལ་ཡས་ཁང་༔ ཡངས་ཤིང་རྒྱ་ཆེ་ཆོས་ཀྱི་དབྱིངས་དང་མཉམ༔ དེ་དབུས་སྣ་ཚོགས་པད་ཟླ་གྲངས་མེད་སྟེང་༔ ཧཱུཾ་ཡིག་དགུ་ཚོམ་དཔག་མེད་ཡོངས་གྱུར་ལས། རིན་ཆེན་སྣ་ཚོགས་ལས་གྲུབ་མཆོད་རྟེན་ནི༔ གཙོ་འཁོར་དགུ་དགུ་དཔོག་ཏུ་མེད་པ་ཡི༔ བུམ་པ་རྣམས་ཀྱི་ནང་དུ་གཞལ་ཡས་ཁང་༔ དེ་དབུས་པདྨ་འདབ་མ་སྟོང་ལྡན་རེ་དབུས་ཀྱི་ལྟེ་བར་བཅོམ་ལྡན་ཤཱཀྱ་ཐུབ༔ འདབ་མ་སྟོང་ལ་སངས་རྒྱས་སྟོང་གིས་བསྐོར༔ ཕྱོགས་མཚམས་བརྒྱད་པོའི་ལྟེ་བར་ཉེ་སྲས་བརྒྱད༔ རེ་རེར་བྱང་ཆུབ་སེམས་དཔའ་


CMR034_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་རེས་བསྐོར༔ ཀུན་གྱིས་ཡི་གེ་དྲུག་པའི་ཆོས་གསུངས་ཤིང་༔ གནས་གསུམ་འབྲུ་གསུམ་ཐུགས་རྗེའི་ཧཱུཾ་འོད་ཀྱིས༔ ཕྱོགས་བཅུའི་ཞིང་ནས་རྒྱལ་བ་སྲས་བཅས་ཀུན༔ ཤཱཀ་ཐུབ་ཉེ་སྲས་བརྒྱད་དང་མཆོད་རྟེན་གྱི༔ རྣམ་པར་ཆར་བཞིན་བབས་ནས་རྟེན་ལ་ཐིམ༔ ཧཱུྃ༔ ཤཱཀ་ཐུབ་ཉེ་སྲས་བརྒྱད་དང་སྐུ་གདུང་ཚོགས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ ཐུགས་རྟེན་སྐུ་གདུང་རྣམས་ལ་དབང་མཆོག་བསྐུར༔ ལོག་འདྲེན་བགེགས་ཀྱི་བར་ཆད་བསལ་དུ་གསོལ༔ ཨོཾ་ཤཱཀྱ་མུ་ནེ་སརྦ་སཏཱ་ཤ་རི་རི་བཛྲ་ཨཱཿ་ཝེ་ཤ་ཡ་ཨ་ཨཱཿཿ རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་བཅས་ཏེ༔ རོལ་མོ་འཁྲོལ་ཞིང་སྔགས་དེ་ལན་བདུན་བརྗོད༔ ཇི་སྲིད་འབྱུང་བཞིའི་གནོད་པས་མ་ཞིག་བར༔ རྟེན་འདི་རྣམས་ལ་བརྟན་པར་བཞུགས་སུ་གསོལ༔ ཏིཥྛ་ལྷན༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩིས་སྔགས་ལ༔ ཕྱོགས་བཅུའི་ཞིང་ནས་རྒྱལ་བ་སྲས་བཅས་ཀྱི༔ སྐུ་གསུང་ཐུགས་ཀྱི་ངོ་བོ་ཨོཾ་དཀར་དང་༔ ཨཱཿདམར་ཧཱུྃ་མཐིང་རྣམ་པ་ཆར་ལྟར་བབ༔ རྟེན་ལ་ཐིམ་པས་སྐུ་གསུམ་ཡོངས་རྫོགས་གྱུར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱཿ ཞེས་བརྗོད་ནས་དེ་ལན་བདུན་གཏོར་བར་བྱ༔ དེ་ནས་གདུགས་ནི་དངོས་སམ་ཙཀླུ་འམ༔ ཡང་ན་ལག་


CMR034_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

པ་གདུགས་ཀྱི་ཕྱག་རྒྱ་འགྲོ་བ་ཀུན་གྱིས་འདི་འདོན་བྱ༔ བླ་མེད་སྐྱབས་དང་ལྡན་པ་ཡི༔ མཆོད་རྟེན་རྣམས་ཀྱི་དབུ་ལ་གདུགས་འབུལ་ལོ༔ ཨོཾ་བཛྲ་བྷ་ལ་ན་ཡེ་སྭཱ་དོམ་ཆོས་མི་ནུབ་བརྟན་པའི་སྲོག་ཤིང་འབུལ༔ ཨོཾ་བཛྲ་ཨཱཿ་ཡུ་ཥེ་སྭཱ་ཧཱཿ འགྲོ་ཀུན་སྟོབས་བཅུ་ཐོབ་ཕྱིར་འཁོར་ལོ་འབུལ༔ ཨོཾ་པྲ་མར་ད་ན་ཡ་སྭཱ་ཧཱཿ རྒྱལ་བ་བསྙེན་བཀུར་བྱ་ཕྱིར་ཅོད་པན་འབུལ་ཨོཾ་པ་ཌ་ཀ་ལཾ་བྷ་ཡ་སྭཱ་ཧཱཿ ཆོས་ཀྱི་སྙན་གྲགས་ཐོབ་ཕྱིར་དར་པན་འབུལ༔ ཨོཾ་བཛྲ་པ་ཏཾ་ཀི་སྭཱ་ཧཱཿ བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱལ་མཚན་འབུལ༔ ཨོཾ་ཧཱུྃ་བྷི་ར་དྷ་ཛཡ་སྭཱ་ཧཱཿ འགྲོ་ཀུན་དཔེ་བྱད་ཐོབ་ཕྱིར་ཕྲེང་བ་འབུལ༔ ཨོཾ་རཏྣ་མཱ་ལེ་ཧཱུྃ་སྭཱ་ཧཱཿ འགྲོ་ཀུན་པད་གདན་ཐོབ་ཕྱིར་གདན་ཁྲི་འབུལ༔ ཨོཾ་པུཎྜེ་དྷ་རི་ཛ་ཡེ་སྭཱ་ཧཱཿ འགྲོ་ཀུན་ལོངས་སྤྱོད་ལྡན་ཕྱིར་ཞལ་ཟས་འབུལ༔ ཨོཾ་བཛྲ་ནེ་ཝིདྱ་པྲ་ཏིཙྪ་སྭཱ་ཧཱཿ དེ་རྣམས་དངོས་སམ་ཕྱག་རྒྱ་འམ༔ ཡིད་ཀྱིས་དམིགས་པས་ཡུལ་ཀྱང་ཆོག་པ་ཡིན༔ དེ་ནས་མར་མེ་ཅི་འབྱོར་ཕུལ་བྱས་ལ༔ མར་མེ་སྟོང་དུ་འགྱུར་བར་ཤོག༔ བི་ཛ་ཀ་ལ་ཨ་ཛི་ཏེ༔ སྔགས་དེ་བདུན་ནམ་ཉེར་གཅིག་བརྗོད༔ དེ་ནས་དེར་ཡོད་ཀུན་གྱིས་ཕྱག་འཚལ་ཞིང་༔ ཨ་མྲྀ་ཏ་ཡེ་བི་ཛ་ཡེ༔ ཕྱག་གཅིག་ཁྲི་རུ་


CMR034_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བར་ཤོག༔ དེ་ནས་སྐོར་བ་བདུན་སོགས་བྱ་བའི་དུས༔ རྒྱལ་ཆེན་ཕྱོགས་སྐྱོང་ཡུལ་དེའི་གཞི་བདག་དང་༔ འགྲོ་དྲུག་ཀུན་གྱིས་སྐོར་བ་བྱེད་པར་གྱུར༔ ད་ལོ་ཤཱ་ཙ་ཀོ་རོ་རོ༔ སྐོར་བ་འབུམ་དུ་འགྱུར་བར་ཤོག༔ འཇིག་རྟེན་སྐྱོང་བ་ཐམས་ཅད་དང་༔ ཡུལ་འདིའི་གཞི་བདག་ཐམས་ཅད་དང་༔ ཁྱད་པར་གནས་འདིའི་གཞི་བདག་གིས༔ སྐུ་གདུང་ཚ་ཚའི་ཁང་བུ་འདི༔ བདག་ཏུ་བཟུང་ལ་གཉེར་ཁ་མཛོད༔ ཞིག་རལ་མ་བཏང་སྲུང་ཞིང་སྐྱོངས༔ སྔོན་གྱི་དམ་ལ་མ་འདའ་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ས་མ་ཡ་རཀྟ༔ དེ་ནས་ཡིག་དྲུག་འུར་འདོན་བྱ༔ བཀྲ་ཤིས་གང་ཤེས་རྒྱས་པར་བརྗོད༔ མི་དམིགས་ངང་ནས་བསྔོ་སྨོན་བྱ༔ དེ་ཡིས་སཱཙྪ་བཞེངས་མཁན་དང་༔ སྐོར་བ་བྱེད་མཁན་ཐམས་ཅད་ཀྱི༔ སྐྱེ་བོ་བསོད་ནམས་འཕེལ་བ་ཡི༔ རབ་གནས་ལེའུ་སྟེ་དྲུག་པའོ༔ ༈ ཡང་སྙིང་འདུས་པའི་རྒྱུད་ལས༔ ཞིང་ཁམས་རྣམ་དག་དེས་འགྲུབ་འགྱུར༔ ཅེས་དང་༔ རབ་བདེ་བ་ཅན་དུ་སྐྱེ༔ འབྲིང་འཁོར་ལོས་སྒྱུར་བའི་རྒྱལ་པོ༔ ཐ་མ་འཇིག་རྟེན་གྱི་ཁམས་སུ་བདེ་ལེགས་ཤིང་༔ ཚེ་རིང་བར་འགྱུར་རོ༔ དགོངས་འདུས་སཱཙྪ་ལས༔ བསྐལ་པ་གྲངས་མེད་པར་ལས་དང་ཉོན་མོངས་པའི་སྡིག་པ་དང་སྒྲིབ་པ་ཉེས་བྱས་ཅི་བསགས་པ་ཐམས་ཅད་དག་པ་དང་༔ བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ཡར་ལྡན་དུ་འཕེལ་ཞིང་༔ འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཡུན་རིང་འགྱང་


CMR034_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

བ་མྱུར་དུ་སྨིན་པ་དང་༔ གནས་སྐབས་ཚེ་འདིར་ནད་དང་གནོད་པ་རྐྱེན་ངན་བར་ཆད་འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་འཕ་རོལ་གྱི་བསམ་སྦྱོར་རིག་སྔགས་ཀྱི་སྦྱོར་བ་ངན་པ་ལ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་བཟློག་ཅིང་ཞི་ནས༔ ཚེ་རིང་ནད་མེད་ཟས་ནོར་ལོངས་སྤྱོད་དང་༔ དཔལ་འབྱོར་ཆོས་སྲིད་ལ་སོགས་བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཏེ༔ བསམ་པའི་དངོས་པོ་ཐམས་ཅད་འཕེལ་ཏེ༔ ཡིད་བཞིན་དུ་འགྲུབ་པར་འགྱུར་བ་སྟེ༔ མདོར་ན་ལེགས་པའི་ཡོན་ཏན་ཐམས་ཅད་ཡར་ལྡན་དུ་འཕེལ་ནས་ཉེས་པའི་སྐྱོན་མཐའ་དག་མྱུར་དུ་བྱུང་བར་འགྱུར༔ མཐར་ཐུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་པར་བྱེད་པའི་རྒྱུར་གྱུར་ཅིག༔ གང་གིས་གཟུངས་སྔགས་ཀྱི་ཆོ་ག་དང་བཅས་འཇིམ་པའི་གང་བུ་ལ་སཱཙྪ་གཅིག་བཏབ་ན༔ བྱེ་བ་བཏབ་པར་འགྱུར་རོ༔ དེ་བཞིན་དུ་བརྒྱ་རེ་བཏབ་པའི་ཕན་ཡོན་ནི༔ འཕགས་པ་ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ༔ སྟོང་བཏབ་པའི་ཕན་ཡོན་ནི༔ བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་སོ༔ འབུམ་བཏབ་པའི་ཕན་ཡོན་ནི༔ ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་བརྗོད་པར་མི་ནུས་སོ༔ གསང་འདུས་རྒྱུད་ལས༔ བསོད་ནམས་མཐའ་ཡས་བསམ་པ་འགྲུབ༔ ཅེས་དང་༔ སཙྪ་སྤྲུལ་སྐུ༔ གསུང་སྔགས་ཡིག་འབྲུ་ལོངས་སྐུ༔ ཏིང་འཛིན་ཆོས་ཀྱི་སྐུ་སྟེ༔ ཚ་ཚ་རེ་རེ་ལ་སྐུ་གསུང་ཐུགས་རྟེན་ཡོངས་སུ་རྫོགས་པའི་ཡོན་ཏན་དཔག་ཏུ་མེད་དོ།


CMR034_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྐབས་ལ་ཕྱི་ནང་གི་བར་ཆད་སེལ་ཞིང་མཐར་ཐུག་སྐུ་གསུམ་ཐོབ་པར་འགྱུར་ཏེ༔ ཡོན་ཏན་ཐམས་ཅད་འགྲུབ་སྟེ་ངོ་མཚར་རོ༔ ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཚ་ཚ་ལས༔ མདོར་ན་བསོད་ནམས་ཡེ་ཤེས་ཀྱི་ཚོགས་བསག་དང་ལམ་གྱི་བར་ཆད་ཐམས་ཅད་སེལ་བ་ལ་སྐུ་གསུམ་ཚ་ཚ་བཏབ་པ་ལས་ཕན་ཡོན་ཆེ་བ་མེད་པར་མདོ་རྒྱུད་དང་ལུང་དུ་མ་ནས་གསུངས་སོ༔ དཔུང་བཟང་གིས་ཞུས་པ་ལས༔ བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན༔ སྡིག་པ་དག་ཕྱིར་རྟག་ཏུ་གདབ་པར་བྱ༔ ཞེས་དང་༔ འཇམ་དཔལ་ཆོ་ག་འདུས་པའི་རྒྱུད་ལས་ཀྱང་གསུངས་པ་ལྟར༔ ཡུན་རིང་བསྒོམས་ཀྱང་ཉམས་རྟོགས་མ་སྐྱེས་སམ༔ ཡི་དམ་བསྒྲུབས་ཀྱང་ཡི་དམ་མ་འགྲུབ་ན༔ ཚ་ཚ་ཁྲི་སྟོང་བརྒྱ་དང་བཅུ་གཉིས་བཏབ། མཆོད་རྟེན་འབུམ་ཕྲག་ལྷག་ཙམ་ཡིན་པའི་ཕྱིར༔ ཉམས་དང་རྟོགས་པའི་གོ་སྐྱེད་ཆེན་པོ་དང་༔ ཡི་དམ་ལྷ་ཡི་འགྲུབ་རྟགས་གསལ་པོར་འཆར༔ དེ་ཡི་ཚ་ཚ་ལེགས་པར་ཚར་བའི་རྗེས༔ མཚམས་སྒྲུབ་ཅུང་ཟད་བྱ་དགོས་མན་ངག་ཡིན༔ དེ་ལྟར་གནམ་ཆོས་ཁ་བཀང་ཚ་ཚ་འདི༔ ཐག་རིང་དགའ་རྗེའི་ཕྱོགས་ནས་བྱོན་པ་ཡི༔ བཙུན་པ་བཞི་ཡིས་ནན་གྱིས་བསྐུལ་བའི་ཕྱིར༔ གཏེར་བློན་རཱ་ག་ཨ་སྱ་ཞེས་བྱ་བས༔ མཚམས་ཀྱི་ཁུང་ནས་ངག་ནས་སྨྲས་པ་ལྟར༔ དགེ་སློང་བརྩོན་འགྲུས་ཞེས་བྱས་བྲིས༔ ཉེས་འགལ་མཆིས་ན་སྲུང་མ་རྣམས་ལ་བཤགས༔ དགེ་བས་གཏེར་སྟོན་དགོངས་པ་རྫོགས་པ་དང་༔ གནམ་ཆོས་བསྟན་པ་འཕེལ་ཞིང་རྒྱས་པར་མཛོད༔ སརྦ་མངྒ་ལཾ༔ ༔


previousགནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁ་བཀང་སཱཙྪའི་ཆོ་ག་བསོད་ནམས་རི་བོ།next