Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
སཱཙྪའི་ཕན་ཡོན་མདོར་བསྡུས་པ་རིན་པོ་ཆེའི་ཕུང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསཱཙྪའི་ཕན་ཡོན་མདོར་བསྡུས་པ་རིན་པོ་ཆེའི་ཕུང་པོ།next

སཱཙྪའི་ཕན་ཡོན་མདོར་བསྡུས་པ་རིན་པོ་ཆེའི་ཕུང་པོ།


CMR034_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

སཱཙྪའི་ཕན་ཡོན་མདོར་བསྡུས་པ་རིན་པོ་ཆེའི་ཕུང་པོ་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR034_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འཕགས་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ནས། །སྐུ་གདུང་སཱཙྪའི་ཕན་ཡོན་ཅུང་ཟད་བརྗོད། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྟེན་ནི། ཆོས་སྐུའི་རྟེན་དང་། ལོངས་སྐུའི་རྟེན་དང་། སྤྲུལ་སྐུའི་རྟེན་གསུམ་ལས། སཱཙྪ་ཆོས་སྐུའི་རྟེན། སྐུ་ལོངས་སྤྱོད་རྫོགས་སྐུ། པར་བཏབ་པ་ལོངས་སྐུའི་རྟེན། ཐུབ་དབང་དང་བླ་མ་སོགས་སྐུ་གཟུགས་པར་བཏབ་པ་སྤྲུལ་པའི་སྐུའི་རྟེན་ཡིན་ནོ། །ཆོས་སྐུའི་རྟེན་ལ་ལྷུང་བཟེད་ཁ་སྦུབ་པ་ལྟར་ཡོངས་སུ་གྲགས་པ་དང་། ཁང་བུ་ལྟར་ཡོངས་སུ་གྲགས་པ་དང་།། རྒྱལ་མཚན་ལྟར་ཡོངས་སུ་གྲགས་པ་


CMR034_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གསུམ་ལས། སཱཙྪ་འདི་རྒྱལ་མཚན་ལྟར་ཡོངས་སུ་གྲགས་པ་དེ་ཡིན་ནོ། །རྒྱལ་མཚན་ལྟར་ཡོངས་སུ་གྲགས་པ་དེ་ལའང་དབྱེ་ན། བདེ་གཤེགས་མཆོད་རྟེན་བརྒྱད་ཡོད་པ་ལས། བརྒྱད་ཁ་སཱཙྪ་འདི་ལ་ཚང་བ་ཡིན་ཏེ། བརྒྱད་ཁ་ལ་མཆོད་རྟེན་གྲུ་བཞིའམ་ཟླུམ་པོའམ། །པདྨའམ་ཟླ་གམ་ཅི་མཛེས་ཆོག་པར་གསུངས་པས་འདི་པདྨའི་གདན་ཡིན་པས་རྨང་དགེ་བ་བཅུ་མཚོན་ནོ། །པདྨའི་འདབ་མ་ཅན་ནི་པདྨ་ཅན་ཏེ་སྐུ་བལྟམས་པའི་མཆོད་རྟེན། བང་རིམ་བཞི་པ་ནི་རྡོ་རྗེ་གདན་དུ་བྱང་ཆུབ་པའི་མཆོད་རྟེན། བཀྲ་ཤིས་སྒོ་མང་གི་མཆོད་རྟེན་ནི་ཆོས་ཀྱི་འཁོར་ལོ་བསྐོར་


CMR034_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཆོད་རྟེན། ཕྱོགས་བཞི་འབུར་ཡོད་པ་ནི་ཆོ་འཕྲུལ་ཆེན་པོ་བསྟན་ནས་མུ་སྟེགས་ཕམ་བྱེད་མཆོད་རྟེན། སྐས་ཡོད་པ་ནི་ལྷ་བབ་མཆོད་རྟེན། བང་རིམ་བཞིའི་ཟུར་བཅད་པ་ནི་དགེ་འདུན་དབྱེན་ཟླུམ་མཆོད་རྟེན། བང་རིམ་གསུམ་པོ་ཟླུམ་པོ་ནི་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན། མགུལ་ཆུ་མན་ཆད་བཞུགས་པ་ནི། མྱ་ངན་འདས་པའི་མཆོད་རྟེན། རླུང་དགེ་བ་བཅུ། བང་རིམ་དང་པོ་དྲན་པ་ཉེར་བར་གཞག་པ་བཞི། གཉིས་པ་ཡང་དག་པའི་སྤོང་བ་བཞི། གསུམ་པ་རྫུ་འཕྲུལ་གྱི་རྐང་པ་བཞི། བཞི་པ་དབང་པོ་ལྔ། བུམ་རྟེན་མགུལ་ཆུ་ནི་སྟོབས་ལྔ། བུམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན། པུ་ཤུ་སྟེ་བྲེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད། སྲོག་ཤིང་ནི་ཤེས་པ་བཅུ། །ཆོས་འཁོར་ནི་སྟོབས་བཅུ་དང་དྲན་པ་ཉེར་གཞག་གསུམ། གདུགས་ནི་ཐུགས་རྗེ་ཆེན་པོ། ཏོག་ནི་ཆོས་སྐུའི་རང་བཞིན་མཚོན་ནོ། །དེ་ལྟར་མཆོད་བརྒྱད་མ་ནི། བདེ་གཤེགས་མཆོད་རྟེན་བརྒྱད་ཚང་ལ། །མཆོད་བརྒྱ་མ་ལ་ཡང་། མྱ་འདས་མཆོད་རྟེན་བརྒྱ་རྩ་ཚང་བ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེས། མཚོན་པ་རྟོགས་ཀྱི་མཆོད་རྟེན་ལ་རྣམ་པ་མང་ཡང་། བདེ་བར་གཤེགས་པའི་སྐུ་གདུང་


CMR034_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ལ་སོགས་པ་མང་ཡང་འདིར་བྱ་སླ་ལ་ཕན་ཡོན་ཆེ་བ་ཚ་ཚའི་རིམ་པ་བསྟན་པ་ནི། ཞེས་གསུངས་སོ། །དེ་ལྟར་སྐུ་གདུང་ཚ་ཚ་ཡང་། ཆོས་སྐུ་སྐྱེ་མེད་ཆོས་ཀྱི་དབྱིངས་དང་ཐ་དད་མེད་དེ། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་སྐུ་གདུང་ཚ་ཚའི་རིམ་པ་ལས། ངོ་བོ་རང་བཞིན་ཆོས་སྐུ་སྐྱེ་བ་མེད་པ་ལས། གཟུགས་སྐུ་ཡང་དོན་ཆོས་སྐུའི་གདུང་ལས་འགྱུར་བ་མེད་པས་སྐུ་གདུང་ཞེས་བྱ། དེས་ལས་དང་ཉོན་མོངས་སྲེག་ཅིང་འགྲོ་བའི་དཔལ་དུ་འབར་བས་སྐུ་གདུང་ཞེས་བྱའོ། །ཞེས་གསུངས་སོ། །ཆོས་སྐུའི་རྟེན་ཡིན་པར་མ་ཟད། སངས་རྒྱས་སྐུ་གསུམ་ཚ་ཚ་ལ་ཚང་སྟེ། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད་ལས། དེ་ནས་ཚོགས་ཆེན་བསག་པའི་ཕྱིར། །ཚ་ཚའི་རིམ་པ་བཤད་པར་བྱ། །ས་བཟང་རིན་ཆེན་བརྡར་བ་ལ། །ཡིག་བདུན་བཟླ་ཞིང་འབི་འབི་བྱ། །རང་ཉིད་ཡི་དམ་ལྷར་གསལ་བས། །སྐུ་པར་སྟོང་པ་ཆོས་སྐུ་ལ། །འབི་འབི་ལོངས་སྤྱོད་རྫོགས་པའི་སྐུ། །ཚ་ཚ་སྤྲུལ་སྐུ་འགྲོ་བའི་དོན། །ཐུགས་རྗེ་ཆེན་པོར་ལམ་ལམ་བྱོན། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཆོས་སྐུ་སྟོང་པའི་ངང་ཉིད་ལས། །རང་བྱུང་ཐུགས་རྗེ་ཆེན་པོར་ཤར། །འགྲོ་བའི་དོན་


CMR034_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཞུགས་སུ་གསོལ། །ཞེས་པ་བརྗོད་ཅིང་གདབ་པར་བྱ། །ཞེས་གསུངས་སོ། །ཚ་ཚ་བཏབ་པས་རྫོགས་པའི་སངས་རྒྱས་ཀྱང་འཐོབ་ན་གཞན་ཡོན་ཏན་ལྟ་ཅི་སྨོས། དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱའི་མདོ་ལས། ས་དང་སོ་ཕག་དག་ལ་རྩིག་པ་ཡིས། །རྒྱལ་བའི་མཆོད་རྟེན་འགའ་ཞིག་བྱས་པ་དང་། །དེས་ནི་ས་རྡུལ་ཕུང་པོ་དག་ལས་ཀྱང་། །མྱ་ངམ་དགོན་པ་གང་དུ་བྱས་པ་དང་། །བྱིསྱའི་རྩེད་མོ་དེ་དང་དེ་དག་ཏུ། །གང་གིས་རྒྱལ་བ་དེ་ཕྱིར་མཆོད་རྟེན་འགའ། །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང་། །དེ་དག་རྣམས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཅེས་གསུངས་ལ། ས་ལ་སྐུ་གཟུགས་པར་བཏབ་པ་ཡང་དེ་དང་ཕན་ཡོན་འདྲ་སྟེ། མདོ་སྡེ་དེ་ཉིད་ལས། རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་སྐུ་བྱས་ཏེ། །ལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཅེས་གསུངས་སོ། །སྐུ་གཟུགས་པར་བཏབ་པས་སྡིག་པ་དག་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལེའུ་ལས། གང་ཡང་མི་དགེ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་ལ། དེ་བཞིན་གཤེགས་པ་ལ་དད་པ་རྙེད་ནས། དེ་


CMR034_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གཤེགས་པ་དེའི་སྐུ་གཟུགས་བྱེད་ན། དེས་སྡིག་པ་དེ་ཡང་མི་མངོན་པར་འགྱུར་རོ། །ཞེས་གསུངས་སོ། །ཁྱད་པར་དུ་རང་གི་ལག་གིས་ཚ་ཚ་བཏབ་ན་ཕན་ཡོན་ཆེ་སྟེ། འཇམ་དཔལ་རྩ་རྒྱུད་ལས། ལུས་སྦྱང་བར་བྱས་ལ་རང་གི་ལག་གིས་མཆོད་རྟེན་བྱས་ན། མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་བོ། །མཆོད་རྟེན་འབུམ་བྱས་ན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། བསྟན་པ་ཐམས་ཅད་མངོན་པར་ཤེས་པ་དང་ལྡན་ཞིང་བསྐལ་པར་གནས་ལ་ཤི་ནས་ཀྱང་སྐྱེ་བ་རྣམས་སུ་རྒྱལ་པོ་བྱེད་ཅིང་ངན་སོང་དུ་མི་འགྲོའོ། །ཡུལ་དབུས་སུ་ཉི་མ་ཤར་བ་ལྟ་བུའི་དབང་པོ་ཐམས་ཅད་ལྡན་པར་འགྱུར་རོ། །ཐོས་པ་འཛིན་པ་དང་སྐྱེ་བ་དྲན་པར་འགྱུར་རོ། །ཞེས་གསུངས་པས་ཚ་ཚ་མཆོད་བརྒྱད་མ་ཁྲི་ཕྲག་གཅིག་དང་། སྟོང་ཕྲག་གཅིག་དང་། བརྒྱ་ཕྲག་གཅིག་དང་བཅུ་གཉིས་བཏབ་ན་མཆོད་རྟེན་འབུམ་ཐེར་ཡིན་ལ། མཆོད་བརྒྱ་མ་ཡིན་ན་ནི། ཚ་ཚ་སྟོང་ཕྲག་གཅིག་གིས་མཆོད་རྟེན་འབུམ་


CMR034_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཐེར་འགྲོ་བས། ཚེ་འདི་ལ་ཡང་མངོན་ཤེས་དང་ཚེ་བསྐལ་པར་གནས་པ་སོགས་རིག་འཛིན་གྱི་ས་ལ་གནས་པ་དང་། སྐྱེ་བ་ཐམས་ཅད་དུ་ཡང་འཁོར་ལོས་སྒྱུར་རྒྱལ་འཐོབ་ཅིང་མཐར་འཚང་རྒྱའོ། །ཁྱད་པར་དུ་ཡི་དམ་ཇི་ལྟར་བསྒྲུབས་ཀྱང་འགྲུབ་པའི་རྟགས་མ་བྱུང་ན། རང་གི་ལག་གིས་ཚ་ཚ་སྟོང་ཁྲི་ཙམ་བཏབ་ནས་བསྒྲུབས་ན་མྱུར་དུ་འགྲུབ་སྟེ། གོང་གི་རྒྱུད་ལུང་དེས་ཤེས་པའོ། །ཕྲིན་ལས་གང་སྒྲུབ་ཀྱང་ཡིག་དྲུག་གམ་ཡིག་བདུན་མཇུག་ཏུ་ཤམ་བུར་སྦྱར་བའམ།གཟུངས་སོགས་གང་དགོས་བཟླ་ཞིང་ཚ་ཚ་བཏབ་ན་འགྲུབ་སྟེ། ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་རྒྱུད་ལས། དེ་ལས་ཁ་བསྒྱུར་ཡིག་བདུན་ནི། །ཤམ་བུར་བཏགས་པ་ཤེས་པར་བྱ། །ཞི་རྒྱས་དབང་དྲག་རིམ་པ་རུ། །ཤཱནྟིཾ་ཀུ་རུ་སྭཱ་ཧཱ། པུཎྚི་ཀུ་རུ་སྭཱ་ཧཱ། པ་ཤང་ཀུ་རུ་སྭཱ་ཧཱ། མཱ་ར་ཡ་ཕཊ། སྒྲིབ་པ་སྦྱང་ན་ཡིག་བརྒྱ་བཟླ། །ཚེ་རིང་བ་ལ་ཚེ་དཔག་གཟུངས། །བཟླ་ཞིང་ཅོད་པན་ན་བཟའ་འབུལ། །རབ་གནས་ལེགས་བྱས་དབེན་པར་གཞུག །ཡོན་ཏན་མཐའ་ཡས་བསམ་པ་འགྲུབ། །ཅེས་དང་། རྒྱུད་སྡེའི་འགྲེལ་པ་ཨོ་རྒྱན་རིན་པོ་ཆེས་མཛད་པ། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་སྐུ་གདུང་ཚ་ཚའི་རིམ་པ་


CMR034_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དེ་ལྟར་བཏབ་པའི་ཕན་ཡོན་ནི། རྒྱུད་ལས། ཡོན་ཏན་མཐའ་ཡས་བསམ་པ་འགྲུབ། །ཅེས་པས། ཚ་ཚ་སྤྲུལ་སྐུ། གསུང་སྔགས་དང་ཡིག་འབྲུ། ལོངས་སྐུ། ཏིང་འཛིན་ཆོས་སྐུ་སྟེ། ཚ་ཚ་རེ་ལ་སྐུ་གསུང་ཐུགས་རྟེན་ཡོངས་སུ་རྫོགས་པའི་ཡོན་ཏན་དཔག་ཏུ་མེད་དོ། །གནས་སྐབས་ལམ་གྱི་བར་ཆད་སེལ་ཞིང་མཐར་ཐུག་སངས་རྒྱས་སྐུ་གསུམ་ཐོབ་པར་འགྱུར་ཏེ་ཡོན་ཏན་ཐམས་ཅད་འགྲུབ་སྟེ་ངོ་མཚར། ཞེས་གསུངས་སོ། །དེ་བཞིན་དུ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་འགྲེལ་ཨོ་རྒྱན་རིན་པོ་ཆེས་མཛད་པ་ཚ་ཚའི་རྣལ་འབྱོར་ལས། བཞི་པ་ཚ་ཚའི་དགོས་ཆེད་ནི། རྒྱུད་ལས། ཞིང་ཁམས་རྣམ་དག་དེས་འགྲུབ་འགྱུར། །ཅེས་པས། རབ་བདེ་བ་ཅན་དུ་སྐྱེ། འབྲིང་འཁོར་ལོས་སྒྱུར་བའི་རྒྱལ་པོ། ཐ་མ་འཇིག་རྟེན་གྱི་ཁམས་སུ་ཚེ་རིང་ཞིང་བདེ་བར་གཤེགས་པར་འགྱུར་རོ། །ཞེས་གསུངས་ཤིང་། དེ་དང་མཚུངས་པར་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྐུ་གདུང་ཚ་ཚའི་རིམ་པ་ལས། མདོར་ན་བསོད་ནམས་དང་ཡེ་ཤེས་གཉིས་ཀའི་ཚོགས་དང་ལམ་གྱི་བར་ཆད་ཐམས་ཅད་སེལ་བ་ལ། སྐུ་གདུང་ཚ་ཚ་བཏབ་པ་ལས་ཕན་ཡོན་ཆེ་བ་མེད་པ་


CMR034_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་རྒྱུད་ལུང་དུ་མ་ནས་གསུངས་སོ། །ཞེས་འབྱུང་ངོ། །ཁྱད་པར་ཚེ་འདས་ཀྱི་དོན་ལ་ཚ་ཚ་བཏབ་ན། ངན་སོང་སྦྱོང་བའི་ཐབས་ཆེན་པོ་ཟབ་ལ་རྒྱ་ཆེ་བ་ཡིན་ཏེ། འཇམ་དཔལ་ཆོ་ག་འདུས་པའི་རྒྱུད་ལས། གང་ཟག་ཚེ་ཡི་དུས་བྱས་པའི། །ངན་སོང་སྦྱོང་བའི་ཐབས་ཆེན་པོ། །རུས་པ་གོས་སམ་མིང་ལ་ནི། །ཡེ་ཤེས་སྐུ་ཡི་སྔགས་ཀྱིས་གདབ། །རྫས་རྣམས་ཀུན་དང་བསྲེས་ཏེ་འབྱུང་། །འཇིམ་པའི་ཕུང་པོ་རིན་ཆེན་ལྔ། །སྔགས་པ་རྣལ་འབྱོར་ལྡན་པ་ཡིས། །ཚ་ཚའི་ཕུང་པོ་དཔག་མེད་བྱ། །ནམ་མཁའི་ལྷ་རྣམས་སྤྱན་དྲངས་ལ། །གཉིས་སུ་མེད་པར་མཆོད་པས་མཆོད། །།རབ་ཏུ་གནས་པ་ཚུལ་བཞིན་བྱ། །ཞེས་གསུངས་སོ། །དེ་དང་མཚུངས་པར་ངན་སོང་སྦྱོང་རྒྱུད་ལས། ཡང་ན་མེད་པར་གྱུར་ན་ཡང་། །བཟླ་ཞིང་བསྒོམ་པའི་ཚུལ་གྱིས་ནི། །མིང་ཙམ་ལེགས་པར་བྲིས་ནས་ཀྱང་། །མཆོད་རྟེན་ཕྲེང་བ་བྱ་བ་དང་། །ཡང་ན་གཟུགས་སུ་བྱས་ཀྱང་རུང་། །སྦྱིན་སྲེག་མངོན་པར་དབང་། བསྐུར་ན། །གདོན་མི་ཟ་བར་བདེ་འགྲོར་སྐྱེ། །ཞེས་དང་། དེ་ཡི་མིང་ནི་སྨོས་ནས་ནི། །གུར་གུམ་བཟང་པོས་སྔགས་བྲིས་ལ། །རིམ་གྱིས་འབུམ་གྱི་ཚད་ཙམ་དུ། །མཆོད་


CMR034_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་ནི་རབ་ཏུ་བྱ། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །བྱེ་བ་སྙེད་ནི་ཚང་བར་བྱ། །དེས་ནི་ངེས་པར་དམྱལ་གནས་ལ། །འདི་བྱས་པས་ནི་གྲོལ་བར་འགྱུར། །ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་གསུངས་པས། ཚེ་འདས་སྡིག་པ་ཆུང་བའི་རིགས་ལ་མཆོད་རྟེན་ཕྲེང་བ་སྟེ། མཆོད་རྟེན་བརྒྱ་ཡིན་ཏེ། ཚ་ཚ་བཅུ་གཉིས་ཙམ་གྱིས་ངན་སོང་ལས་གྲོལ་བ་དང་། སྡིག་པ་ཆེ་བ་ལ་མཆོད་རྟེན་འབུམ་སྟེ། མཆོད་བརྒྱད་མ་གཅིག་ཁྲི་གཅིག་སྟོང་བརྒྱ་དང་བཅུ་གཉིས་སམ།། མཆོད་བརྒྱ་མ་སྟོང་ཕྲག་གཅིག་གིས་ངན་སོང་ལས་ཐར་ཞིང་། ཚེ་འདས་ཤིན་ཏུ་སྡིག་ཆེན་ཡིན་ན། མཆོད་རྟེན་བྱེ་བ་སྟེ། མཆོད་བརྒྱ་མ་ཁྲི་ཕྲག་གཅིག་གམ།། མཆོད་བརྒྱད་མ་གོང་གི་དེ་བཅུ་འགྱུར་དེའི་མཆོད་རྟེན་བྱེ་ཆུང་གཅིག་ཡིན་པས་དེས་ངན་སོང་ལས་ཐར་བར་གསུངས་སོ། །དཔག་ཏུ་མེད་པའི་སྡིག་སྟོབས་ཅན་ལ་ནི་བྱེ་ཆེན་ཏེ། བྱེ་ཆུང་བཅུ་ཡིན་ནོ། །མི་འཁྲུགས་པའི་རྒྱུད་ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་གཟུངས་ལས་ཀྱང་། དེའི་མིང་བྲིས་པ་གཟུངས་སྔགས་བཟླས་བརྗོད་བྱེད་ཅིང་མཆོད་རྟེན་འབུམ་བྱས་པར་གདུགས་དང་རྒྱལ་


CMR034_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་དང་བ་དན་ལ་སོགས་པས་ལེགས་པར་མཆོད་ནས་རྒྱ་མཚོ་ཆེན་པོའམ། ཡང་ན་ཆུ་ཀླུང་དུ་བཏང་ན། དེས་ནི་སེམས་ཅན་དམྱལ་བ་ལ་སོགས་པ་ལས་ཐར་བར་འགྱུར་རོ། །ཞེས་གསུངས་པས། ཚ་ཚའི་ནང་དུ་མིང་བཅུག་པའམ། རུས་པ་སྐྱ་སོགས་འདྲེས་པ་ནི། བསྐོར་བ་མི་ཕོག་སར་བཞག་དགོས་ཀྱི། གལ་ཏེ་དེ་ལ་བསོད་ནམས་དང་ཡོན་ཏན་ཆེ་བས་བསྐོར་ན། ཚེ་འདས་ལ་གནོད་པ་འོད་སྲུང་རྫོགས་བྱེད་ཀྱི་གཏམ་རྒྱུད་ལས་གསུངས། མི་འཁྲུགས་པའི་ལས་ཚོགས་ཚ་ཚ་འདི། ཆུར་གཤེགས་པར་བཤད་པ་ནི། འདིའི་ཁྱད་ཆོས་ཡིན་གྱི་ཚ་ཚ་གཞན་ཆུར་དོར་མི་རུང་བར་རྗེ་ཆོས་ཀྱི་དབང་ཕྱུག་དང་། དཀོན་མཆོག་འབངས་དང་། སྟག་ཚང་ལོ་ཙཱ་རྣམས་ཀྱིས་གསུངས་སོ། །ཡང་རྟེན་འབྲེལ་སྙིང་པོའམ་ཨོཾ་ཨཱཿཧཱུཾ་ལྟ་བུའི་ནང་གཞུག་ཅན་གྱི་སཱཙྪ་བཏབ་པས་སྡིག་པ་འདག་པར་བཤད་དོ། །དཔུང་བཟང་གིས་ཞུས་པའི་རྒྱུད་ལས། བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། སྡིག་པ་དག་ཕྱིར་རྟག་ཏུ་གདབ་པར་བྱ། ཞེས་གསུངས་ལ། དེ་དང་མཚུངས་པར་ཐུགས་སྒྲུབ་ཚ་ཚའི་གཞུང་ལས་ཀྱང་། ཨོཾ་ཨཱཿཿཧཱུྃ་གང་སྒྲུབ་པའི་སྙིང་པོ། ཡི་གེ་བརྒྱ་པ། ཡེ་དྷརྨཱ་སོགས། རབ་


CMR034_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

གསེར། འབྲིང་དངུལ། ཐ་མ་ཡང་སྣག་ཚས་བྲིས་ནས་བསྡུས་ཙམ་ལོན་པ་ནང་དུ་གཞུག་སྟེ། དེ་ནས་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ཡོངས་སུ་འགྱུར་བར་ཤེས་པར་བྱ། ཞེས་གསུངས་ལ། གྲྭ་ས་རྣམས་སུ་ནི་འབྲུ་སྣ་སྨན་སྣ་རིན་པོ་ཆེ་སྣ་ཚོགས་ཇ་བུ་རམ་སོགས་ཟས་ཕུད་སྣ་ཚོགས། བྱིན་རླབས་རྟེན་སྣ་ཚོགས་ཀྱི་གསུང་ཕྱེ་མ་རྣམས་ནང་དུ་འཇུག་སྲོལ་སྣང་ཡང་། དེ་རྣམས་མ་འཛོམས་ན་ནས་འབྲུ་བདུན་རེས་ཆོག །ཇོ་བོ་རྗེས་ཚ་ཚ་རྣམ་པ་དགུར་གསུངས་ཏེ། དང་པོ་དགེ་བའི་བཤེས་གཉེན་གྱི་ཐུགས་དགོངས་རྫོགས་པའི་དོན་དུ་གདབ། གཉིས་པ་ཕ་མའི་དོན་དུ་གདབ། གསུམ་པ་བསླབ་བྱ་དང་འགལ་བའི་དོན་དུ་གདབ། བཞི་པ་སྡིག་པ་ལྕི་བའི་དོན་དུ་གདབ། ལྔ་པ་ལོག་པའི་བཤེས་གཉེན་དང་སྡིག་པའི་གྲོགས་པོའི་དབང་དུ་མི་འགྲོ་བའི་དོན་དུ་གདབ། དྲུག་པ་འགྲོ་བ་མཐའ་དག་གི་དོན་དུ་གདབ། བདུན་པ་འཆི་ཁ་མའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གདབ། བརྒྱད་པ་བར་དོའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གདབ། དགུ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གདབ། ཅེས་གསུངས་སོ། །དེ་དག་ལ་དོན་གང་འདོད་སྨོན་ལམ་བཏབ་པས་དོན་གང་ཡིན་


CMR034_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་འགྲུབ་པར་གསུངས་སོ། །དེ་ལྟར་དོན་གང་འདོད་ཐམས་ཅད་འགྲུབ་པ་ནི་ཕན་ཡོན་ཡིན་ལ། ཚ་ཚ་འདེབས་ལུགས་རྒྱས་པ་ནི། གསར་རྙིང་གི་གཞུང་སོ་སོར་ཤེས་པར་བྱོས་ལ། འདིར་ཐམས་ཅད་ལ་ཕན་པའི་བསྡུས་པ་བཤད་ན། དགེ་སློང་མ་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་དམར་ཁྲིད་ལས། ས་རྐོ་བ། ས་བྱིན་གྱིས་རླབས་པ། འབི་འབིའི་སྔགས། འདེབས་པའི་སྔགས། ཕྱུང་བའི་སྔགས། བཞུགས་གསོལ་སྔགས། ཡེ་ཤེས་བསྟིམ་སྔགས། རབ་གནས་སྔགས། ཨོཾ་མ་ཎི་པདྨེ་ཧཱུྃ་གིས་ཆོག་པར་བཤད་དོ། །དེ་བཞིན་དུ་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་དང་། ཐུགས་རྗེ་ཆེན་པོ་གསང་འདུས་རྒྱུད་གཞུང་ནས། ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ བཟླ་ཞིང་བཏབ་པས་ཆོག །སྔགས་གཞན་མི་དགོས་པར་གསུངས་སོ། ཚ་ཚའི་དམིགས་རིམ་ཡང་། འཇིམ་པ་རིན་པོ་ཆེ་སྣ་ལྔའི་ཕུང་པོ། །བརྐོས་ཕོར་སྟོང་པ་ཆོས་སྐུ། འབི་འབི་ལོངས་སྤྱོད་རྫོགས་སྐུ། ཚ་ཚ་སྤྲུལ་པའི་སྐུ་ཡིན་སྙམ་དུ་མོས་ལ། ཚ་ཚ་མཆོད་རྟེན་རིན་པོ་ཆེའི་རང་བཞིན་རི་རབ་ཙམ་གྱི་བུམ་པར། གཞལ་ཡས་ཁང་གི་ནང་དུ། སྔགས་གང་འདོན་པའི་ལྷ་དེ། འཁོར་བཅས་བཞུགས་པར་


CMR034_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ལམ་བསྒོམས་ལ། འོག་མིན་ནས་ཡེ་ཤེས་པ་བསྟིམ་མོ། །ལྷ་དེ་དང་མཆོད་རྟེན་ལས་འོད་ཟེར་འཕྲོས་ནས་རང་དང་བསྒྲུབ་བྱ་ལ་ཕོག་པས། སྡིག་པ་སྦྱང་བ་དང་བསོད་ནམས་འཕེལ་བ་སོགས་དོན་གང་ཡིན་འགྲུབ་པར་བསྒོམ་མོ། །དེ་ནས་འབྱུང་བཞི་ལ་གདབ་པ་ནི། ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་རྒྱུད་ལས། དེ་ནས་ཚ་ཚའི་རྣལ་འབྱོར་བཤད། ས་ཆུ་མེ་རླུང་འབྱུང་བཞི་ལ། ཡང་སྙིང་བཟླ་ཞིང་བརྐོས་ཕོར་གདབ། །ཅེས་དང་། དེའི་འགྲེལ་པ་ཨོ་རྒྱན་རིན་པོ་ཆེས་མཛད་པ་ལས། འབྱུང་བ་མེ་ཆུ་རླུང་གསུམ་ལ་བརྐོས་ཕོར་བསྟན་ཞིང་ཡང་སྙིང་བརྗོད་ཅིང་བཏབ་པས་འཕགས་པའི་སྐུ་ཝལ་ཝལ་བསམ་སྟེ། འཇིག་རྟེན་སྐྱོང་ཞིང་འགྲོ་དོན་མཛད་པར་བསམ་མོ། །ཞེས་དང་། ཐུགས་སྒྲུབ་ཚ་ཚ་ལས། ནམ་མཁའ་རླུང་ཆུ་མེ་ལ་ཡང་སྔགས་དང་ཏིང་ངེ་འཛིན་རྣམས་གསལ་བར་བཏབ་ན། བསོད་རྣམས་གོང་དང་མཉམ་མོ། །ཞེས་གསུངས་སོ། །དེ་ཡང་ཆུ་རྒྱུན་འབབ་གཙང་མ་དང་། མེ་དྲི་བཟང་ཤིང་གི་མེ་དང་། རླུང་ཤར་ནས་ནུབ་ཏུ་རྒྱུ་བ་ལ་བྱ་བར་བཤད་དོ། །དེ་ལྟར་དངོས་གཞི་བཤད་ནས། ལས་ཚོགས་སོགས་རྒྱུད་གཞུང་དུ་མ་ནས་གསུངས་པ་གོ་


CMR034_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བར་ཚིགས་སུ་བཅད་དེ་བརྗོད་པ་ནི། བདེ་གཤེགས་ཆོས་སྐུའི་རྟེན་མཆོག་ཚ་ཚ་འདིའི། །ཕན་ཡོན་རྒྱུད་གཞུང་རྒྱ་མཚོ་ལྟ་བུ་ནས། །བཅུད་བསྡུས་ཆུ་ཐིགས་ཙམ་ཞིག་བཤད་ཀྱིས་ཉོན། །ཚ་ཚ་གཅིག་ལ་མཆོད་རྟེན་བརྒྱ་རྩ་ཚང་། །ཇི་ལྟར་ཉུང་ཡང་དགུ་ལས་ཉུང་བ་མེད། །མཆོད་རྟེན་རེ་ལ་དགེ་བ་བཅུ་དང་ནི། །བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཐམས་ཅད་ཚང་། །སྐུ་པར་ཆོས་སྐུ་འབི་འབི་ལོངས་སྤྱོད་རྫོགས། །ཚ་ཚ་སྤྲུལ་པའི་སྐུ་སྟེ་སྐུ་གསུམ་ཚང་། །ས་ལ་མཆོད་རྟེན་གཟུགས་བརྙན་ཚ་ཚ་དང་། །བྱིས་པས་རྩེད་མོར་ཚ་ཚ་བཏབ་ན་ཡང་། །བྱང་ཆུབ་ཐོབ་པར་ཤཱཀྱའི་སྐྱེས་མཆོག་གསུངས། །དེ་བཞིན་སྐུ་གཟུགས་པར་དུ་བཏབ་ན་ཡང་། །བྱང་ཆུབ་འཚང་རྒྱ་འགྱུར་ཞེས་ཐུབ་དབང་གསུངས། །རང་གི་ལག་གིས་ཚ་ཚ་བཏབ་བྱས་ན། །མཚམས་མེད་ལྔ་ཡི་སྡིག་པ་བྱང་འགྱུར་ཞེས། །རྒྱལ་བས་འཇམ་དཔལ་རྩ་བའི་རྒྱུད་ལས་བཤད། །།མཆོད་བརྒྱད་མ་ཡི་ཚ་ཚ་གཅིག་ཁྲི་དང་། །གཅིག་སྟོང་གཅིག་བརྒྱ་དང་ནི་བཅུ་དང་གཉིས། །ཡང་ན་མཆོད་བརྒྱ་མ་ཡི་ཚ་ཚ་སྟོང་། །བཏབ་པ་དེ་ནི་མཆོད་རྟེན་འབུམ་ཐེར་ཡིན། །གང་གིས་དེ་བཞིན་བསྐལ་པའི་ཚེ་ཐུབ་ཅིང་། །ཚེ་འདིར་


CMR034_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་པར་ཤེས་པ་ལྔ་ཐོབ་ནས། །སྐྱེ་བ་ཀུན་ཏུ་ཡུལ་དབུས་རྒྱལ་པོར་འགྱུར། །སྐྱེ་བ་དྲན་ཞིང་ཐོས་པ་རྒྱ་མཚོ་འདྲ། །རིམ་གྱིས་བླ་མེད་བྱང་ཆུབ་ཐོབ་པར་གསུངས་། །རིམ་གྲོ་མདོས་ཟློག་དུས་སུ་ཚ་ཚ་བཏབ། །རིམ་འགྲོའི་རྒྱབ་རྟེན་མཆོག་ཏུ་དེ་འགྱུར་རོ། །སྒྲུབ་པ་དགེ་སྦྱོར་སྔོན་དུ་ཚ་ཚ་བཏབ། །བར་ཆད་མེད་ཅིང་དངོས་གྲུབ་མྱུར་དུ་འགྲུབ་། །སྔགས་པས་ལྷ་སྒྲུབ་རྟགས་མཚན་མ་ཐོན་ན། །རང་གི་ལག་གིས་ཚ་ཚ་སྟོང་ངམ་ཁྲི། །བཏབ་པས་སྒྲུབ་ན་མྱུར་དུ་འགྲུབ་པར་འགྱུར། །རང་གི་ཡི་དམ་སྔགས་ཤམ་ཕྲིན་ལས་བཞིའི། །ཤམ་བུར་བཏགས་ན་འོད་ཟེར་ལས་མཐུན་སྤྲོ། །ཚ་ཚ་བཏབ་ན་ཕྲིན་ལས་རྣམ་བཞི་འགྲུབ། །མི་འཁྲུགས་པ་ཡི་གཟུངས་ནི་བཟླ་བྱེད་ཅིང་། །ཚ་ཚ་བཏབ་ན་ལས་སྒྲིབ་རྒྱུན་ཆད་འགྱུར། །ཡིག་བརྒྱ་བཟླ་ཞིང་ཚ་ཚ་བཏབ་པ་ན། །སྡིག་པ་འདག་ཅིང་ཉམས་ཆག་བསྐང་བར་འགྱུར། །ཚེ་དཔག་མེད་པའི་གཟུངས་སམ་སྙིང་པོ་བཟླ། །ཚ་ཚ་བཏབ་ན་ཚེ་ནི་འཕེལ་བར་འགྱུར། །སྦྱོང་རྒྱུད་རྩ་རིག་བཟླ་ཞིང་ཚ་ཚ་བཏབ། །ཚེ་འདས་ངན་སོང་གནས་ནས་ཐར་བར་འགྱུར། །ཚེ་འདས་སྡིག་པ་ཤིན་ཏུ་ཆུང་བའི་དོན། །ཚ་ཚ་བཏབ་སྟེ་


CMR034_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་མ་ཞིག་བར། །ཚེ་འདས་དེ་ནི་ངན་སོང་མི་འགྲོ་ཞེས། །ཡོངས་འཛིན་རྣམས་ཀྱི་གསུང་ལས་བདག་གིས་ཐོས། །ཅུང་ཟད་སྡིག་ཡོད་ཚེ་ལས་འདས་པའི་དོན། །ཚ་ཚ་བཅུ་གཉིས་བཏབ་ན་ངན་སོང་གྲོལ། །དེ་བས་སྡིག་ཆེ་ལ་ནི་ཚ་ཚའི་གྲངས། །གཅིག་ཁྲི་གཅིག་སྟོང་གཅིག་བརྒྱ་བཅུ་གཉིས་ཏེ། །དེ་ལས་ཀྱང་ནི་སྡིག་པ་ཆེ་བ་ལ། །དེ་ཡི་བཅུ་འགྱུར་བཏབ་ན་ངེས་པར་ཐར། །དེ་ཡང་ཚེ་འདས་དེ་ལ་བསྔོ་གལ་ཆེ། །གང་དག་མི་འཁྲུགས་པ་ཡི་གཟུངས་བཟླ་ཞིང་། །ཚ་ཚ་ཁྲི་དང་གཅིག་སྟོང་བརྒྱ་དང་བཅུ་གཉིས་བཅས། །བཏབ་ནས་མཆོད་པ་བྱས་ཏེ་ཆུར་གཤེགས་ན། །ཚེ་འདས་ངན་སོང་གནས་ལས་ཐར་བར་ངེས། །བླ་མ་ཞིང་གཤེགས་དོན་དུ་ཚ་ཚ་བཏབ། །ཐུགས་དགོངས་རྫོགས་ཤིང་ས་ལམ་བར་ཆད་ཞི། །རྗེས་འཇུག་སྨིན་གྲོལ་ལམ་ལ་འགོད་པར་ངེས། །ཕ་མའི་དོན་དུ་ཚ་ཚ་བཏབ་བྱས་ན། །སྡིག་སྒྲིབ་དག་ཅིང་ཚོགས་རྫོགས་དྲིན་ལན་འཁོར། །།སྡིག་པ་བཤགས་ཕྱིར་སཱཙྪ་བཏབ་བྱས་ན། །མི་དགེ་མཚམས་མེད་རྩ་ལྟུང་ལ་སོགས་བྱང་། །ལྟུང་བ་བཤགས་ཕྱིར་སཱཙྪ་བཏབ་བྱས་ན། །སོ་ཐར་བྱང་སྡོམ་སྔགས་ཀྱི་ཉམས་ཆག་བསྐང་། །ཁྱད་པར་སཱཙྪ་འབུམ་ཐེར་གཅིག་བཏབ་


CMR034_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ན། །།སྐུ་ཡི་དམ་ཚིག་ཉམས་པ་སོས་འགྱུར་ཞེས། །ཡེ་ཤེས་མགོན་པོའི་རྒྱུད་ནས་གསུངས་པ་ཡིན། །སཱཙྪ་བཏབ་པས་གྲོགས་ངན་སྡིག་གྲོགས་འགྲོགས། །ལོག་པའི་བཤེས་གཉེན་བསྟེན་པའི་ཉེས་སྒྲིབ་བྱང་། །ནད་པའི་དོན་དུ་སཱཙྪ་བཏབ་པ་ན། །རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་ཞི། །འཆི་ཁའི་སེམས་ཅན་དོན་དུ་སཱཙྪ་བཏབ། །གནད་གཅོད་འཁྲུལ་སྣང་འཇིགས་སྐྲག་རབ་ཞི་ནས། །ངན་སོང་ལམ་འགག་དག་པའི་ཞིང་དུ་སྐྱེ། །བར་དོའི་སེམས་ཅན་དོན་དུ་སཱཙྪ་བཏབ། །འཁྲུལ་སྣང་འཇིགས་སྐྲག་ཞི་ནས་བྱུང་ཆུབ་ཐོབ། །སྡིག་ཆེན་ཡིན་ཡང་མི་དང་ལྷར་སྐྱེས་ཏེ། །དགེ་སེམས་སྐྱེས་ནས་ཆོས་ལ་འབད་པར་འགྱུར། །སེམས་ཅན་ཐམས་ཅད་དོན་དུ་སཱཙྪ་བཏབ། །ང་ཉིད་བྱང་ཆུབ་ཞིང་ཁམས་དག་པ་ཐོབ། །སོ་འབྲང་མ་ཡི་སྔགས་བཟླ་ཚ་ཚ་བཏབ། །སྲིའུ་ཤི་འཕྲོ་ཆད་ཅིང་ནད་མེད་འཚོ། །འཛམ་བྷ་ལ་ཡི་སྔགས་བཟླ་སཱཙྪ་བཏབ། །བསོད་ནམས་ལོངས་སྤྱོད་འབྱོར་པ་འཕེལ་བར་འགྱུར། །ནོར་རྒྱུན་མ་ཡི་སྔགས་བཟླ་སཱཙྪ་བཏབ། །ནོར་དང་རིགས་རྒྱུད་དར་ཞིང་རྒྱས་པར་འགྱུར། །ཡིག་དྲུག་ལ་སོགས་ཡི་དམ་སྔགས་ཤམ་དུ། །ཤིནཾ་ཀུ་རུ་ཡེ་སྭཱ་


CMR034_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་ཞེས་སྔགས། །བཏགས་ནས་བཟླ་ཞིང་ཚ་ཚ་བཏབ་ན་ནི། །མེ་ཆུ་གཅན་གཟན་རྒྱལ་པོའི་ཆད་པ་དང་། །དུག་སྦྲུལ་ཤ་ཟ་དགྲ་འཇིགས་ཆོམ་རྐུན་ཞི། །པུཏྟིཾ་ཀུ་རུ་སྭཱ་ཧཱ་བཏགས་ཤིང་བཏབ། །བསོད་ནམས་ཚེ་དཔལ་འབྱོར་བ་རྒྱས་པར་འགྱུར། །པཱ་ཤཾ་ཀུ་རུ་ཧོ་བཏགས་སཱཙྪ་བཏབ། །རླུང་སེམས་སྣང་སེམས་མོས་བཞི་དབང་སྡུད་འགྱུར། །མཱ་ར་ཡ་ཕཊ་བཏགས་བཟླ་སཱཙྪ་བཏབ། །བདུད་དང་དགྲ་དང་བགེགས་རྣམས་ཚར་གཅོད་འགྱུར། །རྒྱུན་དུ་སཱཙྪ་བདུན་རེ་མ་ཆག་ན། །རྒྱལ་དང་རྒྱལ་བའི་སྲས་ལ་སྡིག་བསགས་དང་། །སྐུར་པ་བཏབ་པའི་སྡིག་པ་དག་འགྱུར་ཞེས། །སྒྲོལ་མས་ཇོ་བོ་རྗེ་ལ་གསུངས་པ་ཡིན། །སྔོན་ཚེ་མི་གཅིག་ཚ་ཚ་གཅིག་བཏབ་ནས། །ལམ་དཀྱིལ་བཞག་ཅིང་གཅིག་གིས་ལམ་གཉར་བཞག །ཆར་གྱིས་ཞིག་དོགས་གཅིག་གིས་ལྷམ་སྐད་བཀབ། །གཅིག་གིས་ལྷམ་སྐད་དོར་ནས་བྲག་ཕུག་བསྐྱལ། །དེ་ལྟར་བཞི་ཀས་བསོད་ནམས་འབྲས་ཐོབ་ཅེས། །སྔོན་རབས་གཏམ་རྒྱུད་འཆད་པའི་ངག་ལས་ཐོས། །གང་དག་དྲག་སྔགས་སྦྱོར་བས་གཞན་བསྒྲལ་ནས། །ཚ་ཚ་མང་བཏབ་དེ་ཡི་སྒྲིབ་བྱང་ཞེས། །སྔགས་གཞུང་འགའ་ནས་གསུངས་པའི་མན་


CMR034_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིན། །གང་དག་རུས་ཚ་མིན་པའི་ས་གཙང་ལ། །ཚ་ཚ་བཏབ་ནས་ལམ་མདོར་ཚ་ཁང་བྱ། །དེ་ལ་བསྐོར་ཞིང་འགྲོ་བའི་ཕན་ཡོན་ནི། །སྤྱན་རས་གཟིགས་ཀྱི་མདོ་ལས་འདི་སྐད་གསུངས། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱས་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །།བརྗོད་པས་ཟད་པར་བྱ་མི་ནུས། །མཆོད་རྟེན་བསྐོར་བ་བྱས་ན་ནི། །བརྩོས་འགྲུས་བརྟན་ཞིང་མཐུ་བརྟན་ལ། །བརྟན་ཅིང་རྣམ་པར་བཏོན་བརྟན། །དེ་ནི་མྱུར་དུ་མཁས་པར་འགྱུར། །ཞེས་གསུངས་ཕྱིར་ན་ཡོན་ཏན་བསམ་མི་ཁྱབ། །ཚ་ཁང་གཅིག་ན་ཚ་ཚ་མཆོད་བརྒྱད་མ། །ཁྲི་དང་གཅིག་སྟོང་བརྒྱ་དང་བཅུ་གཉིས་པ། །ཡང་ན་མཆོད་བརྒྱ་མ་ཡི་ཚ་ཚ་སྟོང་། །ཡོད་ན་དེ་ནི་མཆོད་རྟེན་འབུམ་ཐེར་ཡིན། །དེ་ལ་བསྐོར་བ་བཅུ་གཅིག་ཕོག་པ་ན། །བསྐོར་བ་འབུམ་ཐེར་གཅིག་ཏུ་འགྱུར་བའི། །འགྲོ་དོན་དེ་འདྲ་བསམ་གྱིས་ག་ལ་ཁྱབ། །བསྐོར་བསམ་མེད་ཀྱང་བསོད་ནམས་ཐོབ་པ་ནི། །སྦྱར་བ་ཆུས་ཁྱེར་བསྐོར་བ་བསྐོར་འདྲ་བའི། །དགེ་བའི་རྩ་བས་དགྲ་བཅོམ་


CMR034_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ཐོས། །དེས་ན་ཚ་ཚ་འདེབས་དང་ཚ་ཁང་བཞེངས། །འདི་ལས་བསོད་ནམས་ཁྱད་འཕགས་བསམ་མཐའ་ཡས། །དེ་ཡང་གྲོང་ཁྱེར་རམ་ནི་དགོན་པ་ཡི། །ཤར་དང་ལྷོ་ཕྱོགས་ལྟག་ཏུ་མི་རུང་སྟེ། །ནུབ་ཕྱོགས་ཚ་ཁང་བྱས་པས་ན་ཚ་ཉུང་། །བྱང་དུ་ཚ་ཁང་བྱས་པས་དགྲ་ཇག་ཞི། །ཚ་ཁང་བྱེད་སར་རབ་ཏུ་ས་བསླང་བྱ། །ཡང་ན་བསང་དང་གཏོར་མ་བཀའ་བསྒོ་བྱ། །ཚ་ཁང་མ་འཛོམས་གཉའ་དང་ཤར་མིན་པའི། །བྲག་ཕུག་གམ་ནི་ཁང་པའི་ནུབ་ངོས་བླུགས། །བཀྲ་ཤིས་སྨོན་ལམ་བསྔོ་སྦྱང་གང་ཤེས་བྱ། །དེ་ནི་ཚ་ཚའི་ཁྱད་པར་གོ་སླ་ཡིན། །དོན་དམ་ནང་དང་གསང་བའི་ཚ་ཚ་ནི། །ཡང་སྙིང་འདུས་པའི་རྒྱུད་ལས་འདི་སྐད་གསུངས། །རང་ལུས་གཞལ་ཡས་མཆོད་རྟེན་ཁང་། །རྟོག་ཚོགས་ལྷར་གསལ་ཚ་ཚ་དེ། །ཆོས་དབྱིངས་སྟོང་པའི་བརྐོས་ཕོར་དུ། །རིག་པ་ཡེ་ཤེས་མཆོད་རྟེན་གཞུག །མཆོད་རྟེན་མཆོག་ཏུ་བདག་འགྱུར་ངེས། །ཐབས་ཤེས་རྒྱུ་རྐྱེན་བརྐོས་ཕོར་དུ། །རང་ལུས་མཆོད་རྟེན་རང་སེམས་ནི། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཡིན། །ཆོས་དབྱིངས་སྟོང་པའི་བརྐོས་ཕོར་དུ། །སྣང་སྟོང་དབྱེར་མེད་མཆོད་རྟེན་ཏེ། །དེ་ལྟར་རྟོགས་པ་མཐར་ཕྱིན་


CMR034_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ན། །རང་ཉིད་མཆོད་རྟེན་མཆོག་ཏུ་འགྱུར། །ནང་དང་གསང་བའི་ཚ་ཚ་ཡིན། །སཱཙྪའི་ཕན་ཡོན་མདོར་བསྡུས་འདི། །དོན་གཉེར་འགའ་ཡིས་བསྐུལ་བའི་ངོར། །༧རཱ་གའི་མིང་ཅན་དེ་ཡིས་སྦྱར། །འགལ་འཁྲུལ་མཁས་པའི་སྤྱན་སྔར་བཤགས། །དགེ་བས་འགྲོ་བའི་ཚོགས་རྫོགས་ཤོག །འདེབས་ཚུལ་རྒྱས་པ་གཞན་དུ་ལྟོས། །འདི་ནི་ཀུན་ལ་ཕན་ཕྱིར་ཡིན། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབངོ་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསཱཙྪའི་ཕན་ཡོན་མདོར་བསྡུས་པ་རིན་པོ་ཆེའི་ཕུང་པོ།next