Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
ལྟུང་བ་བཤགས་པའི་མདོ་ལས་བདེ་བར་གཤེགས་པ་སུམ་ཅུ་སོ་ལྔའི་མངོན་རྟོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྟུང་བ་བཤགས་པའི་མདོ་ལས་བདེ་བར་གཤེགས་པ་སུམ་ཅུ་སོ་ལྔའི་མངོན་རྟོགས།next

ལྟུང་བ་བཤགས་པའི་མདོ་ལས་བདེ་བར་གཤེགས་པ་སུམ་ཅུ་སོ་ལྔའི་མངོན་རྟོགས།


CMR034_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་བ་བཤགས་པའི་མདོ་ལས་བདེ་བར་གཤེགས་པ་སུམ་ཅུ་སོ་ལྔའི་མངོན་རྟོགས་བཞུགས་སོ།། ན་མོ་སརྦ་བྷུདྡྷ་ཡེ། ལྟུང་བ་བཤགས་པའི་མདོ་སྡེ་ལས་གསུངས་པའི། །བདེ་བར་གཤེགས་པ་སུམ་ཅུ་རྩ་ལྔ་པོ། །བདག་དང་འགྲོ་བའི་ཉེས་ལྟུང་སྦྱང་བའི་ཕྱིར། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །ཡིད་སྤྲུལ་སེང་ཁྲི་པད་ཟླའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོད། །ཞིང་གི་རྡུལ་སྙེད་ལུས་ཀྱིས་ཕྱག་འཚལ་ལོ། །གསེར་གྱི་མདོག་ཅན་ས་གནོན་མཉམ་བཞག་ཅན་། །སྟོན་པ་ཤཱཀྱ་ཐུབ་ལ་ཕྱག་འཚལ་ལོ། །སེར་པོ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། །རྡོ་རྗེའི་སྙིང་པོ་རབ་འཇོམས་ལ་ཕྱག་འཚལ། །པདྨ་རཱ་གའི་མདོག་ཅན་མཉམ་བཞག་མཛད། །བདེ་གཤེགས་རིན་ཆེན་འོད་འཕྲོ་ལ་ཕྱག་འཚལ། །ཞལ་དཀར་སྐུ་སྔོ་ཆོས་འཁོར་ཕྱག་རྒྱ་ཅན། །སངས་རྒྱས་ཀླུ་དབང་རྒྱལ་པོ་ལ་ཕྱག་འཚལ། །གསེར་ཨ་མདོག་གཡས་པས་སྐྱབས་སྦྱིན་གཡོན་ཆོས་འཆད། །།བདེ་གཤེགས་དཔའ་བོའི་སྡེ་ལ་ཕྱག་འཚལ་ལོ། །སེར་པོ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། །དེ་བཞིན་གཤེགས་པ་དཔལ་


CMR034_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་ལ་ཕྱག་འཚལ། །དམར་གསལ་ས་གནོན་མཉམ་བཞག་ཕྱག་རྒྱ་ཅན། །བཅོམ་ལྡན་རིན་ཆེན་མེ་ལ་ཕྱག་འཚལ་ལོ། །སྐུ་མདོག་དཀར་པོ་ས་གནོན་མཉམ་བཞག་ཅན། བདེ་གཤེགས་རིན་ཆེན་ཟླ་འོད་ལ་ཕྱག་འཚལ། །ལྗང་སྔོན་སྐྱབས་སྦྱིན་ཕྱག་ཐབས་མཉམ་བཞག་ཅན། །མཐོང་བ་དོན་ཡོད་སྐུ་ལ་ཕྱག་འཚལ་ལོ། །དུང་མདོག་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །བདེ་གཤེགས་རིན་ཆེན་ཟླ་བ་ལ་ཕྱག་འཚལ། །མཐིང་སྐྱ་ཕྱག་གཉིས་ཏིང་འཛིན་ཕྱག་རྒྱ་ཅན། །སངས་རྒྱས་དྲི་མ་མེད་དཔལ་ལ་ཕྱག་འཚལ། །གསེར་མདོག་ཐུགས་ཀར་ཆོས་འཆད་སྟེང་འོག་འཛིན། །བདེ་གཤེགས་དཔལ་སྦྱིན་ལ་ཡང་ཕྱག་འཚལ་ལོ། །སེར་པོ་ས་གནོན་མཉམ་བཞག་ཕྱག་རྒྱ་ཅན། །བདེ་གཤེགས་ཚངས་པ་ལ་ཡང་ཕྱག་འཚལ་ལོ། །དམར་སེར་ཐུགས་ཀར་ཆོས་འཁོར་ཕྱག་རྒྱ་ཅན། །སངས་རྒྱས་ཚངས་པས་བྱིན་ལ་ཕྱག་འཚལ་ལོ། །མདོག་དཀར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། །བཅོམ་ལྡན་ཆུ་ཡི་ལྷ་ལ་ཕྱག་འཚལ་ལོ། །དུང་མདོག་ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་ཅན། །བཅོམ་ལྡན་ཆུ་ལྷའི་ལྷ་ལ་ཕྱག་འཚལ་ལོ། །སེར་པོ་སྐྱབས་སྦྱིན་ཆོས་འཆད་ཕྱག་


CMR034_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཅན། །བདེ་གཤེགས་དཔལ་བཟང་ལ་ཡང་ཕྱག་འཚལ་ལོ། །མཐིང་མདོག་ས་གནོན་མཉམ་བཞག་མཛད། །ཙནྡན་དཔལ་ལ་ཕྱག་འཚལ་ལོ། །མཚལ་མདོག་ཆོས་འཁོར་ཕྱག་རྒྱ་ཅན། །གཟི་བརྗིད་མཐའ་ཡས་ལ་ཕྱག་འཚལ། །སྔོན་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །སངས་རྒྱས་འོད་དཔལ་ལ་ཕྱག་འཚལ། །དམར་སྐྱ་མཉམ་བཞག་ཕྱག་རྒྱ་མཛད། །།སངས་རྒྱས་མྱ་ངན་མེད་དཔལ་ལ་ཕྱག་འཚལ། །སེར་པོ་ཕྱག་གཉིས་ཆོས་འཆད་སྟེང་འོག་འཛིན། །བཅོམ་ལྡན་སྲེད་མེད་བུ་ལ་ཕྱག་འཚལ་ལོ། །གསེར་མདོག་སྐྱབས་སྦྱིན་ཕྱག་སྟབས་མཉམ་བཞག་མཛད། །དེ་བཞིན་གཤེགས་པ་མེ་ཏོག་དཔལ་ཕྱག་འཚལ། །གསེར་གྱི་མདོག་ཅན་ས་གནོན་མཉམ་བཞག་ཅན། ། ཚངས་པའི་འོད་ཟེར་རྣམ་རོལ་ལ་ཕྱག་འཚལ། །དམར་པོ་ས་གནོན་མཉམ་བཞག་ཕྱག་རྒྱ་ཅན། །པདྨའི་འོད་ཟེར་མངོན་མཁྱེན་ལ་ཕྱག་འཚལ། །སྐུ་མདོག་མཐིང་ཁ་ཏིང་འཛིན་སྒྱུ་ཕྱག་རྒྱ་ཅན། །དེ་བཞིན་གཤེགས་པ་ནོར་དཔལ་ལ་ཕྱག་འཚལ། །སེར་པོ་ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་ཅན། །སངས་རྒྱས་དྲན་པའི་དཔལ་ལ་ཕྱག་འཚལ་ལོ། །མདོག་


CMR034_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ཆོས་འཆད་མཉམ་བཞག་ཕྱག་རྒྱ་ཅན། །མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་ལ་ཕྱག་འཚལ། །སྔོན་པོ་རྒྱལ་མཚན་འཛིན་ཅིང་མཉམ་བཞག་མཛད། །དབང་པོ་ཏོག་གི་རྒྱལ་མཚན་ལ་ཕྱག་འཚལ། །སྔོན་པོ་རལ་གྲི་ཕྱར་ཞིང་མཉམ་བཞག་མཛད། །ཤིན་ཏུ་རྣམ་པར་གནོན་པ་ལ་ཕྱག་འཚལ། །སྐུ་མདོག་སྔོན་པོ་ཕྱག་གཉིས་གོ་ཆ་འཛིན། །གཡུལ་ལས་ཤིན་ཏུ་རྣམ་རྒྱལ་ལ་ཕྱག་འཚལ། །མཐིང་ཁ་ས་གནོན་མཉམ་བཞག་ཅན། །རྣམ་པར་གནོན་པས་གཤེགས་དཔལ་ལ་ཕྱག་འཚལ། །ལི་ཁྲིའི་མདོག་ཅན་སྐྱབས་སྦྱིན་ཆོས་འཆད་ཕྱག །ཀུན་ནས་སྣང་བ་བཀོད་ལ་ཕྱག་འཚལ་ལོ། །དམར་སེར་སྐྱབས་སྦྱིན་ཆོས་འཆད་ཕྱག་རྒྱ་ཅན། །རིན་ཆེན་པདྨ་རྣམ་གནོན་ལ་ཕྱག་འཚལ། །སེར་པོ་ཕྱག་གཉིས་ཐུགས་ཀར་རི་རབ་འཛིན། །སངས་རྒྱས་རི་དབང་རྒྱལ་པོ་ལ་ཕྱག་འཚལ། །ཀུན་ཀྱང་མཚན་དཔེ་རབ་རྫོགས་ཆོས་གོས་གསོལ། །པད་ཟླར་སྐྱིལ་ཀྲུང་བཞུགས་ལ་ཕྱག་འཚལ་ལོ། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱིས། །སྡིག་ལྟུང་མི་དགེ་གང་བགྱིས་ཐམས་ཅད་བཤགས། །བདེར་གཤེགས་ཁྱེད་རྣམས་མཛད་ལ་རྗེས་ཡི་


CMR034_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རང་། །འགྲོ་ལ་ཕན་ཕྱིར་ཆོས་འཁོར་བསྐོར་བར་བསྐུལ། །ནམ་མཁའ་ཇི་སྲིད་འགྲོ་ལ་ཕན་ཕྱིར་བཞུགས། །དེ་ལྟར་བགྱིས་པའི་དགེ་བས་འགྲོ་བ་ཀུན། །སྒྲིབ་གཉིས་བྲལ་ནས་མྱུར་དུ་འཚང་རྒྱ་ཤོག །དེ་ལྟར་ཕྱག་འཚལ་གསོལ་བ་བཏབ་པ་ཡིས། །བདེ་གཤེགས་སུམ་ཅུ་ལྔ་ལས་འོད་འཕྲོས་པས། །འགྲོ་བ་སེམས་ཅན་ཀུན་གྱི་སྡིག་ལྟུང་སྦྱངས། །བདེ་གཤེགས་སོ་ལྔ་འོད་ཞུ་བདག་ལ་ཐིམ། །བདེ་གཤེགས་ཐུགས་དང་རང་སེམས་དབྱེར་མེད་གྱུར། །།བཤགས་བྱ་བཤགས་བྱེད་བཤགས་ཡུལ་མི་དམིགས་པ། །རང་སེམས་ཀ་དག་ཆེན་པོར་ལྷུན་གྱིས་གྲུབ། །ཨ་ཨཱཿ ཞེས་བཙུན་པ ༧ རཱ་ག་ཨ་སྐྱེས་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྟུང་བ་བཤགས་པའི་མདོ་ལས་བདེ་བར་གཤེགས་པ་སུམ་ཅུ་སོ་ལྔའི་མངོན་རྟོགས།next