Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
རྒྱལ་བའི་བཀའ་ཟབ་མོ་མདོ་སྡེ་སྒྲོགས་སྐབས་ཀློག་བསྒོམ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱལ་བའི་བཀའ་ཟབ་མོ་མདོ་སྡེ་སྒྲོགས་སྐབས་ཀློག་བསྒོམ།next

རྒྱལ་བའི་བཀའ་ཟབ་མོ་མདོ་སྡེ་སྒྲོགས་སྐབས་ཀློག་བསྒོམ།


CMR034_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་བཀའ་ཟབ་མོ་མདོ་སྡེ་སྒྲོགས་སྐབས་ཀློག་བསྒོམ་བྱ་བ་ནི། བདག་གཞན་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཆོས་སྐུ་ཡུམ་ཆེན་མོ་ལ་སྐྱབས་སུ་མཆིའོ། །བསྟན་པའི་གཙོ་བོ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་མཆིའོ། །བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ལ་སྐྱབས་སུ་མཆིའོ། །མཁྱེན་རབ་ཀྱི་མངའ་བདག་འཕགས་པ་འཇམ་དཔལ་དབྱངས་ལ་སྐྱབས་སུ་མཆིའོ། །སྙིང་རྗེའི་མངའ་བདག་སྤྱན་རས་གཟིགས་ལ་སྐྱབས་སུ་མཆིའོ། །མཐུ་སྟོབས་ཀྱི་མངའ་བདག་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་མཆིའོ། །འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྐྱབས་སུ་མཆིའོ། །།སྐྱབས་འོག་དམ་པ་རུ་ཚུད་པར་མཛད་དུ་གསོལ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། མར་གྱུར་


CMR034_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི། འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ལན་གསུམ། མདུན་བསྐྱེད་ནི། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་གྱད་དང་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ། དེ་ཡི་སྟེང་དུ་བསྟན་པའི་གཙོ་བོ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟར་འཚེར་བ། ཞལ་གཅིག་ཕྱག་གཉིས་གཡས་སྐྱབས་སྦྱིན། གཡོན་མཉམ་བཞག་གིས་ལྷུང་བཟེད་འཛིན་ཅིང་། ཆོས་གོས་གསུམ་གྱི་གྲྭ་བསྟན་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེའི་གཡས་སུ་ཤཱ་རིའི་བུ་སྐུ་མདོག་དམར་སེར། གཡོན་དུ་མོའུ་འགལ་གྱི་བུ་སྐུ་མདོག་དམར་སེར། མདུན་དུ་རབ་འབྱོར། རྒྱབ་ཏུ་ཀུན་དགའ་བོ་ལ་སོགས་པ་འཁོར་ཉན་ཐོས་ཆེན་པོ་མཆོག་བརྒྱད། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་


CMR034_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་ཧཱུཾ། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང་། །བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོ་ལ་སོགས་པ། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་ཉིད་རྣམས་ལ་མཆོད་འབུལ་ན། །ཐུགས་རྗེའི་མངའ་བདག་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང་། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨནྡྷཾ་པཱཏྱཾ་སོགས། ས་གཞི་སྤོས་ཆུས་སོགས། བསྟོད་པ་ནི། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་


CMR034_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་འཚལ་ལོ། །འཇམ་དབྱངས་ཕྱག་ན་རྡོ་རྗེ་སྤྱན་རས་གཟིགས། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་བྱམས་པ་ཀུན་ཏུ་བཟང་། །ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་རྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན། །


CMR034_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཅན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་རུ། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །གསང་བདག་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཧཱུཾ། ཆོས་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་སྒྱུ་པའི་བགེགས་ཚོགས་ཀུན་ཉོན་ཅིག །ང་ཡིས་གནས་འདིར་སྲུང་བའི་འཁོར་ལོ་སྒྲུབ། །ཁྱེད་རྣམས་འདིར་གནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་སྤྱན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །དེ་བས་ད་ལྟ་ཉིད་དུ་ཕྱིར་


CMR034_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

དེངས་ཤིག །ཨོཾ་སུམྦྷ་ནི་བརྗོད། འོག་ཐམས་ཅད་རྡོ་རྗེའི་ས་གཞི། བར་ཐམས་ཅད་རྡོ་རྗེ་ར་བ་དང་དྲྭ་བ། སྟེང་ཐམས་ཅད་རྡོ་རྗེའི་གུར་དང་བླ་བྲེ་བཅས་པའི་དབུས་སུ་བཛྲ་རཀྵ་རཀཱ་ཡེ་སྭཱ་ཧཱ། ཨཱཿ སྟོང་ཉིད་སྙིང་རྗེའི་ངང་ཉིད་ལས། །མི་འཇིགས་སེང་གེའི་ཁྲི་སྟེང་དུ། །རང་ཉིད་བསྟན་པའི་གཙོ་བོ་ནི། །སྐུ་མདོག་སེར་པོ་གསེར་འདྲ་ཞིང་། །མཚན་དང་དཔེ་བྱད་རྣམས་ཀྱིས་སྤྲས། །ཤཱ་རིའི་བུ་ལ་སོགས་པ་ཡི། །འཁོར་ཉན་ཐོས་ཆེན་པོ་མཆོག་བརྒྱད་ནི། །སྤྲིན་གྱི་ཕུང་པོ་ལྟ་བུར་གྱུར། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །ཕྱག་གཉིས་ས་གནོན་མཉམ་བཞག་མཛད། །ལྗགས་ཀྱི་དཀྱིལ་དུ་པདྨ་སྟོང་། །པདྨའི་འདབ་སྟོང་རེ་རེ་ལ། །བསྐལ་བཟང་སངས་རྒྱས་རེ་རེ་བཞུགས། །ཤཱཀྱ་༈ ཐུབ་པའི་ཐུགས་ཀ་ནས། །མ་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །མ་གཅིག་སྐྱེ་མེད་ཡི་གེ་ཨཱཿ། །པདྨའི་འོད་ཀྱི་ཟེའུ་འབྲུ་ལས། །འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས། །འོད་དེ་གང་ལ་ཕོག་པ་ཡིས། །འགྲོ་དྲུག་སེམས་ཅན་གང་སུ་དག །དེང་འདིར་དམ་པ་ཆོས་ཀྱི་ཆར་འབེབས་ཀྱི། །ཟབ་མོ་རྒྱལ་བའི་བཀའ་ལ་གུས་པར་ཉོན། །གང་དག་


CMR034_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་སྟོན་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །དེས་ཤིང་ཕ་རོལ་ཕྱིན་ལ་རབ་བརྩོན་ཏེ། །བྱ་རྣམས་དང་ནི་ཤིང་རྣམས་ལ། །འོད་ཟེར་སྣ་ཚོགས་མཁའ་ལ་འཕྲོ། །དམ་པ་ཆོས་ཀྱི་སྒྲ་རྒྱུན་མི་འཆད་པ། །འགྲོ་བ་ལུས་ཅན་ལུས་མེད་རྣམས་ཀྱིས་ཐོས་ནས་ཀྱང་། །སྐྱེ་གནས་ཀུན་གྱི་ཕ་མ་དང་། །དུས་གསུམ་ཀུན་གྱི་ཕ་དང་མ། མཁན་པོ་དང་སློབ་དཔོན། རྒྱུ་སྦྱོར་ཡོན་གྱི་བདག་པོས་གཙོར་བྱས་པའི། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ། སྟེང་ལྷ་ཡི་གདུག་པ། འོག་ཀླུ་ཡི་གདུག་པ། བར་གཉན་གྱི་གདུག་པ། །འབྱུང་པོ་མི་དང་མི་མ་ཡིན་གྱི་ཁ་རླངས་གདུག་རྩུབ་དབལ་ཟུར་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་ནས། འཕྲལ་གྱི་རྐྱེན་ཟློག །ཡུན་གྱི་སྒྲིབ་པ་བྱང་། མཐར་ཐུག་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་ཡི་ཆེད་དུ་གསུང་རབ་བདེ་བར་གཤེགས་པའི་བཀའ་ཟབ་མོ་ཆོས་ཀྱི་འཁོར་ལོ་བསྐོར་བར་བགྱིའོ། །ཆོས་ལ་དགའ་


CMR034_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བར་བགྱིའོ། །ཆོས་ལ་མོས་པའི་རྣལ་འབྱོར་ལ་བརྩོན་པར་བགྱིའོ། །ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། སྨྲ་བའི་མཆོག་རྒྱལ་བའི་གསུང་རབ་རིན་པོ་ཆེ་ལ་བློ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་ཉེ་བར་མཆིའོ། །རང་ཉིད་བསྟན་པའི་བདག་པོ་ཡི། །ཆོས་ཀྱི་སྒྲ་ཆེན་སྒྲོགས་པ་ཡིས། འགྲོ་བ་མི་དང་མི་མ་ཡིན་གྱིས་ཐོས་པ་ཙམ་གྱིས་གྲོལ་ནུས་པར་གྱུར་ཅིག །ལུས་ཅན་ཀུན་གྱི་བྱ་རྣམས་དང་། །ཤིང་དང་འོད་ཟེར་ཐམས་ཅད་དང་། །ནམ་མཁའ་ལས་ཀྱང་ཆོས་ཀྱི་སྒྲ། །རྒྱུན་མི་འཆད་པ་ཐོས་པར་ཤོག །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །ན་མོ། གང་ཞིག་ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །དྲི་ཟ་གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཇི་ཙམ་པར། །ཐམས་ཅད་རང་རང་སྐད་དུ་བདག་གིས་ཆོས་བསྟན་ཏོ། །ཨ་རཱ་གས་སོ།། །།


previousརྒྱལ་བའི་བཀའ་ཟབ་མོ་མདོ་སྡེ་སྒྲོགས་སྐབས་ཀློག་བསྒོམ།next