Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་གནམ་ས་སྣང་བརྒྱད་རྒྱ་ནག་གི་མདོ་དོན་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་གནམ་ས་སྣང་བརྒྱད་རྒྱ་ནག་གི་མདོ་དོན་བསྡུས་པ།next

འཕགས་པ་གནམ་ས་སྣང་བརྒྱད་རྒྱ་ནག་གི་མདོ་དོན་བསྡུས་པ།


CMR034_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་གནམ་ས་སྣང་བརྒྱད་རྒྱ་ནག་གི་མདོ་དོན་བསྡུས་པ་བཞུགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་རང་རྣམས་ལ་ཕྱག་འཚལ་ལོ། །དེ་རྣམས་ཀྱི་བདེན་པའི་བྱིན་རླབས་ཀྱིས། སྣང་སྲིད་ཀྱི་ལྷ་ཀླུ་མཐུ་བོ་ཆེ་རྣམས་བཅོས་ཏེ། སྐྱོང་བྱེད་ཆེན་པོ་བཞི། རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། སུམ་ཅུ་རྩ་གསུམ་གྱི་ལྷ། ཀླུ་གཉན། ནོར་སྲུང་རྣམས་དང་། གཟའ་བརྒྱད་འཁོར་དང་བཅས་པ། སྤར་ཁ་བརྒྱད་ལ་སོགས་པ་དེ་དག་རྣམས་བདག་དང་ཡོན་བདག་དང་མཐུན་པར་བཅོས་སོ། །ཞི་བ་དང་བདེ་ལེགས་སུ་གྱུར་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཿ་ཡུཔུཊྚི་ཀུ་རུ་སྭཱ་ཧཱ། གཞན་ཡང་འབྱུང་བ་ལྔ་ལོ་བཅུ་གཉིས་ལོ་སྐོར་དྲུག་ཅུ་ལ་གནས་པའི་ས་བདག་རྣམས་བདག་དང་ཡོན་བདག་དང་མཐུན་པར་བཅོས་སོ། །།ཞི་བ་དང་བདེ་ལེགས་སུ་བཅོས་སོ། །དགྲ་དང་གཤེད་དུ་མ་འཛིན་ཅིག །ལྷ་དང་དཔལ་དུ་བསྐྱེད་ཅིག །ཨོཾ་ཀི་ལི་མི་ལི་པི་ཏ་ཨ་དྷི་པ་ཏ་ཡེ་ཧུ་ཡ་ཧུ་ཡ་སྲུང་རུང་ཅི་ནི་ཨ་དྷི་མ་ཧཱ་ལི་སྭཱ་ཧཱ། སྨིན་


CMR034_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལ་སོགས་རྒྱུ་སྐར་ཉེར་བརྒྱད་རྣམས་བདག་དང་ཡོན་བདག་དང་མཐུན་པར་བཅོས་སོ། །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ལས་དགེ་ལ་སོགས་ཅི་བྱས་ཀྱང་གཟའ་སྐར་མ་རྩིས་པའི་སྐྱོན་ལ་ཐུག་པས། ཁྲོས་པར་གྱུར་ན་སྨན་སྣ་ཚོགས་དང་ལྡན་པའི་མཐུ་འདིས་བཅོས་སོ། །མ་འཁྲུགས་མ་གནོད་ཅིག །གལ་ཏེ་གནོད་ན་མགོ་བོ་དང་སྙིང་འགས་ཤིང་ཚིག་པར་འགྱུར་རོ། །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྱི་ལ་མན་ལ་མཎྜ་ལེ་སྭཱ་ཧཱ། ས་བདག་གི་རྒྱལ་པོ་ཤི་ཧྲི་དྷ་བ་ཕག་མགོ་ཅན། ས་འཛིན་ལག་པ་ཆེན་པོ། ས་ཡི་ལྷ་མོ་བརྟན་མ། །ཤར་ཕྱོགས་ན་ས་བདག་ཐེ་སེ། ལྷོ་ན་གཙང་ཀུན། ནུབ་ན་ཧོང་ཕན། བྱང་གི་བེའུ་འབྱིན། ཤར་སྟག་སྐྱ། ལྷོའི་འབྲུག་སྔོན། ནུབ་བྱ་དམར་མོ། བྱང་གི་རུས་སྦལ་སེར་པོ། ཤར་ལྷོའི་པི་ལིང་འཕར་མ། བྱང་ཤར་གྱི་གསེར་གཉེ་བོ། ནུབ་བྱང་གི་དྲང་ལྷ་མེ་བོ་ཆེ། ལྷོ་ནུབ་ཀྱི་གྲུབ་གཉན་ལག་པ་ཅན། ཤར་ན་འཁོར་ལོ་ནག་པོ། ལྷོའི་བ་དན་སེར་པོ། ནུབ་ན་གཟིག་གི་མཇུག་མ་ཅན། བྱང་ན་བྱའི་ཟེ་བ་ཅན། གངས་རི་རྫ་རི་ལ་ཀླུང་སྤང་གཤོང་ཕ་ཝང་ཤིང་རྡོ་ལ་སོགས་སྟོད་སྨད་ལ་གནས་པའི་ས་བདག་ལྷ་ཀླུ་


CMR034_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་གཉན་དང་བྲག་རི་ལ་གནས་པའི་རྗེ་བདུད་རྗེ་བཙན་མཚོ་དང་ལྡིང་ཀ་ཆུ་མིག་ལ་གནས་པའི་ལྷ་ཀླུ་གཉན་དང་ཞིང་གི་ཚངས་པ། མཁར་གྱི་རྩེ་ལྷ། རྩིག་རྨང་གི་བེའུ་སྣ། ལྷས་འདབས་ཀྱི་གཞོན་ནུ། དུར་དང་འཆད་ཀའི་ཁྲི་སྙན། ཐབ་ལྷ། ཞིང་མུའི་གོས་སྔོན་ཅན། ས་སྣ་ལྔའི་ས་བདག་ཀླུ་གཉན་ཁམས་སེར་ནག་གི་ས་བདག །སྨེ་བ་དགུའི་ས་བདག་ཀླུ་ཆེན་སྤྲིན་གྱི་ལྷ་ཨོག་ཚོར། དྲག་པ་རབ་གསལ། སྦལ་པ་ཅན་དེ་རྣམས་བདག་དང་ཡོན་བདག་དང་མཐུན་པར་བཅོས་སོ། །ཞི་བ་དང་བདེ་ལེགས་སུ་གྱུར་ཅིག །བསྡུ་ན་འདི་ཡན་ཆོག །ཨོཾ་ཀྱི་ལ་པ་ར་ན་ཨ་པ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཧོ་ཧོ་ཧོ། ཐཱ་ཐཱ་ཐཱ། །ནཱ་ག་སརྦ་སྭཱ་ཧཱ། གཞན་ཡང་ས་བདག་ཐེ་སེ་དང་། ཐེ་ཁྱིམ་བཙུན་མོ་དང་། །ཧང་ནེ་ཧང་ཕེན་དང་། ཏེ་སོ་སྲས་བུ་དང་། གཙང་ཀུན་བློན་པོ་དང་། བླ་མཁྱེན་སེ་ཤར། སྐུ་སྲུང་དང་། སེ་ལོ་ས་འཕྱགས་སེ་བ་གདན་འདིང་དང་། །རྟ་ཁྲིད་རང་རྟ་ནོར་སྲུང་བྱ་རི་བ། །དུས་འཛིན་ཧལ་ཁྱི་དཀར་ཤམ་སྦལ་ཐེ་དང་། །གནམ་ཐིལ་སེར་ནག་འབྲུག་སྔོན་ཆུ་ཚག་དང་། །སྟག་དཀར་ཧན་བུ་སྐྱེས་ཅན་དང་། །གནམ་གཤེད་འབྲུག་ལྷ་


CMR034_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ག་པ་དང་། །བྱི་ལམ་ཕག་མགོ་ཟླ་རླུང་ལྷ་བླ་སྔོན་ས་རྒྱལ། །ས་སྨན་ས་ཡི་བརྟན་མ་དང་། །ས་བདག་རྒན་རྒོན་ནང་ལྷ་དང་། །རྔ་ཟོར་གྱི་ལམ་སྔོན་མོ་དང་། །གཉན་འཕར་མགོ་དགུ་དང་། ལྷ་དགུ་ས་རྒྱལ་ལྷ་ལྔ་གནམ་ཁྱི་རྣམས་བདག་དང་ཡོན་བདག་དང་མཐུན་པར་བཅོས་སོ། །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ཏྲི་ཏྲི་ཤུ་མ་ཏྲ་ཛ་ཤ་ག་ཛ་ཏྲ་ཛ་ཏྲ་ཧཱུྃ་ཛཿ ཨོཾ་བྷྱོ་དྷི་ཙིཏྟ་ཏྲ་ཏེ་ཁ་རོ་བོ་དྷི་ཙིཏྟ་ཨུ་མ་ཏ་ཡ་ནི་ཀ་པ་ཙ་དུང་དུང་རཀྟ་ཧ་ཧ་མ་རཾ་རཾ་མ་ཧཱ་ཀཱ་ལ་ཁར་ཀར་སུརྟ་རྡོ་ཏ་ཡཾ་ཡཾ་ཁཾ་འབྲུ་འདུས་སྭཱ་ཧཱ། ཨོཾ་མུར་དྷི་མུར་དྷི་སྭཱ་ཧཱ། མར་མར་ཤྲཱི་ཐུ་སྭཱ་ཧཱ། གནམ་སའི་གཏོ་ཆེན་པོ་འདིས་བཀྲ་མི་ཤིས་པ་ཐམས་ཅད་ཤིས་པར་གྱུར་ཅིག །ས་བདག་ཁྱེད་རྣམས་མཉེས་པར་གྱིས་ཤིག །བྲག་གཉན་ཆེན་པོ་མ་རལ་ཞིག །ས་ཆེན་པོ་མ་གཡོ་ཞིག །ཆུ་ཆེན་པོ་མ་འཁྲུག་ཅིག །སྐར་མདའ་ས་ལ་མ་འགྲིམ་ཞིག །མེ་ལྕེ་ས་ལ་མ་འབེབས་ཤིག །སེར་བ་དྲག་པོ་ས་ལ་མ་འབེབས་ཤིག །མི་ནད་ཕྱུགས་ནད་རིམས་ནད་མ་གཏོང་ཞིག །སད་སེར་བཙའ་དང་མུ་གེ་མ་གཏོང་ཞིག །ཁྱུང་དམར་པོས་གཤོག་པ་མ་གཡོབ་ཅིག །འབྲུག་སྔོན་པོས་རྐན་མ་རྡེབ་


CMR034_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །སྤེའུ་སེར་པོས་གར་མ་བྱེད་ཅིག །ཉ་དཀར་མོའི་རྔ་མ་མ་གཡོབ་ཅིག །གཡུའི་བྱི་བས་ཁྱི་སྐད་མ་ཟུག་ཅིག །ཕག་ཁྲ་བོ་མ་འཁྲུག་ཅིག །སྦྲུལ་ནག་པོས་ལྕེ་མ་སྐྱོངས་ཤིག །གཡག་ཁམ་པས་རུ་མ་བརྡར་ཅིག །གླང་བུ་སྟག་རིས་མ་གཏོར་ཞིག །རྡོ་ལུག་གྲོ་མོ་མ་འཁུན་ཅིག །བདུད་དང་བཙན་མ་འཁྲོ་ཞིག །ཞི་བ་དང་བདེ་ལེགས་སུ་གྱུར་ཅིག །ཅེས་པ་འདི་ནི་སྣང་བརྒྱད་རྒྱ་ནག་མའི་དོན་བསྡུས་པའོ། །ཨ་རཱ་གས་སྨྲས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཕགས་པ་གནམ་ས་སྣང་བརྒྱད་རྒྱ་ནག་གི་མདོ་དོན་བསྡུས་པ།next