Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱོགས་བཅུ་མུན་སེལ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱོགས་བཅུ་མུན་སེལ་བསྡུས་པ།next

ཕྱོགས་བཅུ་མུན་སེལ་བསྡུས་པ།


CMR034_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་མུན་སེལ་བསྡུས་པ་བཞུགས་སོ། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་མ་ལུས་རྣམས། །མདུན་གྱི་ནམ་མཁར་བཞུགས་གསོལ་ཕྱག་འཚལ་ལོ། །མཆོད་སྤྲིན་རྒྱ་མཚོས་མཆོད་ཅིང་བསྟོད་པར་བགྱི། །སངས་རྒྱས་དགྱེས་སྤྱོད་སེམས་བསྐྱེད་མངོན་པར་འཕགས། །ཁོན་དང་རྒྱགས་པ་རྣམ་གནོན་རིན་ཆེན་གཟུགས། །ཡིད་གཉིས་ཀུན་འཇོམས་འཁོར་ལོ་འབྱུང་བའི་དཔལ། །རིན་ཆེན་གདུགས་འཕགས་བྱང་ཆུབ་སེམས་དཔའ་འདུལ། །སྐྲག་མེད་མུན་བྲལ་ཐེ་ཚོམ་གཅོད་པར་མཛད། །བྱང་སེམས་འདུལ་བ་རྣམས་ལ་ཕྱག་འཚལ་ལོ། །ཇི་ལྟར་སྟོན་པ་ཤཱཀྱ་གཞོན་ནུ་ཡིས། །ཕྱོགས་བཅུ་མུན་སེལ་མདོ་སྡེ་གསུངས་པ་ལས། །མདོ་སྡེའི་ཡོན་ཏན་ཇི་ལྟར་འབྱུང་བ་བཞིན། །བདག་ཅག་འཁོར་བཅས་འགྲོ་འཆག་ཉལ་དང་འདུག །སྤྱོད་ལམ་ཀུན་ཏུ་མེ་ཆུ་དུག་མཚོན་དང་། །དགྲ་དང་ཆོམ་རྐུན་གཅན་གཟན་མ་རུངས་པའི། །འཇིགས་ཆེན་བརྒྱད་ལས་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཕྱོགས་བཅུ་ཀུན་ཏུ་འགྲོ་བའི་དོན་ཀུན་འགྲུབ། །ལྷ་རྣམས་ཀུན་གྱིས་རབ་ཏུ་བསྲུང་བ་དང་། །ནོར་རྣམས་རྙེད་ནས་སླར་ཡང་ལྡོག་པར་ཤོག །ཕྱོགས་


CMR034_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་ཞིང་ཁམས་ཀུན་ལ་བཞུགས་པ་ཡི། །སངས་རྒྱས་དང་ནི་བྱང་ཆུབ་སེམས་དཔའི་ཚོགས། །བརྩེ་བ་ཆེན་པོས་རབ་ཏུ་དགོངས་ནས་ནི། །བདག་ཅག་འཁོར་བཅས་ཕྱོགས་བཅུ་གར་འགྲོ་ཡང་། །རྟག་ཏུ་བཀྲ་ཤིས་བསམ་དོན་ཀུན་འགྲུབ་ཤོག །ཏདྱ་ཐཱ། ནཀྵ་ཏྲེ་སརྦ་ཏི་ཐི་མུརྟི་ན་ཤ་ཏྲ་ནི་མེ་ས་མི་ཏ་དྷ་ནི་བྷ་ཝནྟ་སྭཱ་ཧཱ། ཕྱོགས་བཅུ་གར་འགྲོ་ཡང་འགྲོ་ཁ་ལན་བདུན་རེ་བརྗོད་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཕྱོགས་བཅུའི་མུན་སེལ་མདོར་བསྡུས་འདི་ནི་ཨ་རཱ་གས་སྦྱར་བ། སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཅིག ༈ ཕྱོགས་བཅུའི་སྟེང་འོག་བཞུགས་པའི་སངས་རྒྱས་ལ། །ཕྱག་འཚལ་སྐྱབས་མཆི་བདག་ཅག་གར་འགྲོ་ཡང་། །དགྲ་ཇག་ཆོམ་རྐུན་མེ་ཆུ་གཅན་གཟན་སོགས། འཇིགས་པ་ཀུན་སྐྱོབ་བསམ་དོན་མྱུར་འགྲུབ་མཛོད། །ཅེས་ཕྱོགས་བཅུ་མུན་སེལ་དོན་བསྡུས་༧ཨ་རཱ་གས་སོ།། །།


previousཕྱོགས་བཅུ་མུན་སེལ་བསྡུས་པ།next