Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཁ་མཆུ་ཞི་བྱེད་གདུག་པའི་སྤུ་མདའ་ནག་པོའི་འཁོར་ལོའི་ཡུམ་དང་འདོན་ཆ་ཕྱོགས་དྲིལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཁ་མཆུ་ཞི་བྱེད་གདུག་པའི་སྤུ་མདའ་ནག་པོའི་འཁོར་ལོའི་ཡུམ་དང་འདོན་ཆ་ཕྱོགས་དྲིལ།next

ཁ་མཆུ་ཞི་བྱེད་གདུག་པའི་སྤུ་མདའ་ནག་པོའི་འཁོར་ལོའི་ཡུམ་དང་འདོན་ཆ་ཕྱོགས་དྲིལ།


CMR034_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་མཆུ་ཞི་བྱེད་གདུག་པའི་སྤུ་མདའ་ནག་པོའི་འཁོར་ལོའི་ཡུམ་དང་འདོན་ཆ་ཕྱོགས་དྲིལ་རཱ་ག་ཨ་སྱས་བ།དམས་པ་ནི། ཀྱེ་མ་སྟོན་པ་བཅོམ་ལྡན་འདས། །བདག་ཅག་ཡུལ་འདིར་མཆིས་པ་རྣམས་ལ་རྒྱལ་པོའི་ཆད་པ་རྣམས་དང་། ཡུལ་གཞན་གྱི་མི་ཡིས་རྩོད་པ་དང་། སྐྱེ་བོ་ཕལ་པས་མཚང་འབྲུ་བ་དང་། དགྲ་རྣམས་ཀྱིས་ཁ་མཆུའི་བསྙད་ཚོལ་རྩོད་པའི་གཞི་བཏིང་བ་ལ། མ་སྐྲག་མ་སྔངས་ནས་མན་ངག་ལ་བརྩོན་པར་བྱའོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་རིགས་ལྔའི་ལྷ་ལ་ཕྱག་འཚལ་ལོ། །ཞེས་ལན་གསུམ། །གང་གིས་དཀྱིལ་འཁོར་གཅིག་གི་ཁོག་ཕུབ་ལ། །སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་བསྙེན་བཟླས་མཐར། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཨརྒ་ཏེ་སཾ་མྱཀྑཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་རཀྵ། སརྦ་པུཊྚི་ཀུ་རུ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛ་ཏེ་མ་མ་སརྦ་རཀྵ་རཀྵ་སྭཱ་ཧཱ། ཨོཾ་ཁ་དུ་རཀྟ། ཨོཾ་ཁ་མཆུ་སོད། ཏྲ་རཀྵ། ཁ་མཆུ་མཱ་ར་ཡ་ཕཊ༔ སོད་ཏྲ་རྦད་ས་མ་ཡ་པུཏྟཾ་ཧཱུཾ་ཧཱུཾ་ཕཊ༔ ཨོཾ་ཎི་ཝ་ར་ས་ནི་རཀྵ། ཧ་ར་ཧ་ར་རཀྵ་རཀྵ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་བཛྲ་པཱ་ཎི་མ་མ་རཀྵ་རཀྵ། ཨོཾ་བྷྱོ་བཟློག །ཁ་མཆུ་མཱ་ར་ཡ་ཕཊ། ས་མ་ཡ་དུ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་


CMR034_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བདག་འཁོར་དང་བཅས་པ་ལ་ཡས་ཀྱི་བདུད་གཡོས་པ་དང་། མས་ཀྱི་སྲི་ལང་བ་དང་། ཕ་བུའི་བྱུར་འདྲེ་དང་། དགྲ་བོ་དང་། ཉེ་དུ་བའི་ལན་ཆགས་དང་། བཀྲ་མི་ཤིས་པ་དང་། སྐྱེ་བོའི་རྩོད་པ་དང་། རྒྱལ་པོའི་ཆད་པ་དང་། མཚང་འབྲུ་བ་དང་། ཁ་མཆུ་རྩོད་པ་དང་། ངན་སེམས་དང་། བསམ་པ་ངན་པའི་གྲོགས་དང་། རྨིས་ལྟས་ངན་པ་དང་། གདོན་ཐམས་ཅད་བཟློག་པར་འགྱུར་རོ། །སྡང་བའི་དགྲ་རྣམས་འདུལ་དུ་གསོལ། ཁ་མཆུ་དང་། བྱོལ་ཟོར་དང་རྦོད་གཏོང་དང་། རིམས་དང་ལྟས་ངན་པ་ཐམས་ཅད་ཞི་བ་ཤཱནི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་འདི་འཆང་བ་དང་། ཟློག་པ་དང་། མེ་ཆུ་ལ་སྐོར་ན། མི་དེ་ལ་བསྲུང་བ་དང་། བསྐྱབ་པ་དང་། ཕ་རོལ་གྱི་རྩོད་པ་རྣམས་འཇོམས་སོ། །འཁོར་ལོ་ནི་ཟླུམ་པོ་གང་ཡང་རུང་། གཡས་འཁོར་གཡོན་འཁོར་གང་བདེར་བྱ། ཞེས་པ་འདི་ནི་ཁས་ཞན་ཉམས་ཆུང་ལ་སྙིང་རྗེའི་སེམས་ཀྱིས་རཱ་ག་ཨ་སྱས་སྦྱར་བའོ། །གདུག་པའི་སྤུ་མདའ་ནག་པོའི་སྔགས་ཤམ་ནི། ཨོཾ་བུདྡྷ་ན་མོ་དྷ་ར་ནི་སྭཱ་ཧཱ། ཨོཾ་ཏ་རེ་ཏཱཾ་སྭཱ་ཧཱ། ཨོཾ་སཾ་དྷ་ཡ་ཀྲོ་ཏ་ནི་སྭཱ་ཧཱ། ཨོཾ་བྷུདྡྷ་སརྦ་ཊ་ཐ་ནི་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་བྷ་དྷ་དྷ་རི་ཧཱུྃ་སྭཱ་ཧཱ། ཏདྱ་ཐཱ། མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་ནུ་


CMR034_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མནྡྷ་ན་ཀྱཻ་མ་བྷྱོ་བྷྱོ༔ ཨོཾ་ཨ་ནན་ཏ་ཏྲི་བདག་ལ་སྲུངས་ཤིག་རཀྵ་རཀྵ༔ བདག་ལ་རྒྱལ་པོའི་འཇིགས་པ་ལས་བསྲུང་དུ་གསོལ། ཁ་མཆུ་ངན་པ་ལས་བསྲུང་དུ་གསོལ། རྐྱེན་ངན་པ་ལས་བསྲུང་དུ་གསོལ། བན་བོན་གྱི་ཁ་ཡོག་ལྕེ་དཀྲུགས་ལས་བསྲུང་དུ་གསོལ། ཧོར་འདྲའི་ཁ་ཡོག་མདའ་མདུང་ལས་བསྲུང་དུ་གསོལ། ཡུལ་མི་ཁྱིམ་ལྷམཚེས་གྱི་ཁ་མཆུ་གཡོ་བ་ལས་བསྲུང་དུ་གསོལ། མུ་སྟེགས་ཀྱི་བྱད་ཁ་རྫས་ངན་ལས་བསྲུང་དུ་གསོལ། མི་དཔོན་གྱི་ཁ་ཡོག་དང་ལྷ་འདྲེའི་རྨོང་བྱེད་ལས་བསྲུང་དུ་གསོལ། རཀྟ་མན་ཆད་འཁོར་ལོའི་ཤམ་སྦྱར། ཞེས་པ་འགྲོ་བ་མི་རྣམས་ལ། ཕ་རོལ་བདུད། གྲི་བོ་དང་། གྲི་མོ་དང་། མི་དང་མི་མ་ཡིན་པ་དང་། སྲིན་པོ་དང་། ཕོ་འདྲེ་མོ་འདྲེ་ཐམས་ཅད་ནི། །འགྲོ་བའི་སྙིང་ལ་ཞུགས་པས་ན། །སེམས་ཅན་བསམ་པ་མི་འགྲུབ་པ། །ཚེ་མཐར་མི་ཕྱིན་བསོད་ནམས་ཆུང་། །སྡུག་བསྔལ་ཆེ་ཞིང་བྱུར་ཡུག་མང་། །དེ་ཕྱིར་འགྲོ་བ་མི་རྣམས་ལ། །ཕན་དང་བདེ་བའི་ཕྱིར་དུ་ནི། ཁ་མཆུ་སྒྱུར་བྱེད་ཆེན་པོ་བཀོད། །དེ་ཡི་དགེ་བ་འདི་དག་གིས། །འགྲོ་བའི་སྡུག་བསྔལ་ཞི་བྱེད་ཤོག །ཅེས་པ་འདི་ནི་བདག་བསོད་སྙོམས་ལ་འགྲོ་སྐབས་ཡོན་བདག་ཁ་མཆུའི་མནར་བ་ཞིག་ལ་དགོངས་ནས་ཞུན་མར་ཆུང་བ་ཞིག་གི་ངོགས་ནས་ངོམ་ཡུལ་ཆུ་བོ་གསེར་ལྡན་འགྲམ་


CMR034_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་ནས། རཱ་ག་ཨ་སྱས་སྦྱར་བའོ། །མི་ཁ་བཟློག་པའི་སྔགས་སོ། །ཨོཾ་སརྦ་མི་ཏྲ་ཏ་ལེ་ཡེ་སྭཱ་ཧཱ། གང་མང་བརྗོད།


previousཁ་མཆུ་ཞི་བྱེད་གདུག་པའི་སྤུ་མདའ་ནག་པོའི་འཁོར་ལོའི་ཡུམ་དང་འདོན་ཆ་ཕྱོགས་དྲིལ།next