Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཉམས་མདོ་བྲུབ་བསྒྲུབ་ཚུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཉམས་མདོ་བྲུབ་བསྒྲུབ་ཚུལ།next

དམ་ཉམས་མདོ་བྲུབ་བསྒྲུབ་ཚུལ།


CMR034_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཉམས་མདོ་བྲུབ་བསྒྲུབ་ཚུལ་བཞུགས་སོ།


CMR034_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པ་ར་མི་ཏ་ཡེ། པད་འབྱུང་ཀླུ་སྒྲུབ་ལ་སོགས་ཀྱི། །བསྟན་པ་ནུབ་ལ་ཉེ་བ་ན། །སྔགས་པ་ནང་འགྲས་བྱེད་པ་འབྱུང་། །དམ་ལོག་བན་དགྲས་བསྟན་པ་སྣུབ། །དེ་ནི་བསྒྲལ་བའི་ཞིང་ཡིན་པས། །ཐུབ་པའི་བདེན་པས་སྲོག་གཅོད་ཅིང་། །ཡུམ་གྱི་བདེན་པས་གནས་ནས་སྤོར། །བསྟན་དགྲ་མ་རུངས་བརླག་པར་བགྱི། །ཕར་ཕྱིན་རྒྱལ་བའི་བཀའ་མཐུ་འདིས། །ལུས་སེམས་བླ་ཚེ་སྲོག་དང་བྲལ། །།བྱད་མའི་སྲོག་གི་སྤུ་གྲི་སྟེ། །བསྟན་པ་སྲུང་བའི་མཚོན་ཆ་སྟེ། །བན་དགྲ་སྔགས་ཟློག་མཁན་གྱི་གཤེད། །མྱུར་མགྱོགས་རླུང་གི་སྤུ་གྲི་འདི། །རྫས་སླ་


CMR034_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་མྱུར་འགྲུབ་ཐག་ཉེ། །ནང་དུ་འཇམ་ལ་ཕྱི་རུ་རྩུབ། །མཁུ་ལྡོག་ཆུང་ལ་ནུས་པ་ཆེ། །རྒྱལ་མཐུ་ཚན་ཆེ་ཚུར་མི་ལྡོག །ཉམས་པའི་དགྲ་བོ་མཐོ་རིས་དྲོངས། །རྣམ་སྨིན་མི་འོང་ཚོགས་སུ་འགྲོ། །འདི་ལ་མཚམས་ཡང་བཅད་མི་དགོས། །སྐབས་སུ་བདག་ལ་ལྷ་སྒྲུབ་དགའ། །བསྟན་པ་སྲུང་བའི་སྒྲུབ་ཡིག་ལ། །འདི་ལས་ལྷག་པ་ཡོད་རེ་ཀན། །གསུངས་པའི་ལག་ལེན་འདི་ལྟར་རོ། །དམ་ལོག་སེར་ཆགས་རང་གཤེད་ལ། །འབེབས་ཕྱིར་རས་ནི་སེར་པོ་ལ། །ལིང་ལྕེ་ཡི་བྲང་ཁེབས་བྲི། །ལྕེ་དཀྱིལ་རྡོ་རྗེ་རྒྱ་གྲམ་མཐར། །ཁཾ་ཡིག་ནག་པོ་དྲུག་


CMR034_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བྲིའོ། །དེ་མཐར་སྔགས་མགོ་ནང་དུ་བསྟན། །སྔགས་འདི་གཡོན་བསྐོར་དག་ཏུ་བྲི། །ཏདྱ་ཐཱ། བྷ་ག་བ་ཏི་པྲ་ཛྙ་པ་ར་མི་ཏ་ཧྲི་དཱ་ཡ། དྷེ་བ་དྷ་ཏུ། ཀ་ཀ་ར་ཙི་ཀྲོ་དྷ་ཡ་རྩ་བའི་གནོད་བྱེད་ཛ་ལ་ས་ཡ་མུག་ཤག་ནན། ལྟེ་བར་ཁ་སྤྲོད་ཛ་ཡིག་བར་ཚིགས་དང་དེ་མཐར་མིང་རུས་མཐར། ཁུག་ཅིག་ཕོབ་ཅིག་ཨཾ་ཀུ་ཤ་ཛཿ ཅེས་ཡིག་མགོ་ཕྱིར་བསྟན་གཡོན་བསྐོར་བྲི། །སྤྱི་བོར་ནན་དང་རྐང་ཞབས་ཡཾ། །ཡན་ལག་ཛཿཧཱུྃ་བཾ་ཧོཿབྲི། །ཐ་མར་ཛདང་ཁྲོམ་གྱིས་བསྐོར། །ཁྱི་སྤུ་ར་བལ་སྐུད་པ་ནི། །ནི༔ཡིག་ཟངས་ཁབ་ཕུག་ལ་བཏགས། །ཟློབག་ཟན་ནང་བཅུག་ལིངྒ་བཅས། །སྐུད་སྣེ་ཟངས་ཁབ་ཕྱིར་ཕྱུངས་ནས། །སྤྱི་བོ་ནས་དྲངས་མགྲིན་པར་ཕྱུང་། །སླར་ཡང་སྙིང་གར་བཙུགས་ལ་བཞག །མདུན་དུ་ཧོ་ཁུང་ནང་དུ་བཅུག །ཁ་བཀབ་ཚ་ཚ་ནག་པོས་མནན། །མདོ་སྒྲུབ་སྙིང་པོ་ག་ཏེ་དང་། །ལིངྒའི་ནང་བྲིས་སྔགས་དེ་ཉིད། །དུག་ཤོག་དག་ལ་ཕྲེང་གཅིག་བྲི། །སྐྱེར་ཚེར་གཅིག་གི་རྩེ་ལ་བཏགས། །མི་རོ་བསྲེགས་པའི་ཐལ་བ་དང་། །མི་བསད་ཤུལ་གྱི་རྡོ་ནག་དང་། །ཕུང་ཐུན་རི་གཉན་རྡོ་ནག་ཐུན། །དེ་ལྟར་བཅས་རྣམས་རྫོགས་པ་དང་། །ཨ། སྐད་ཅིག་


CMR034_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

དྲན་རྫོགས་རང་ཉིད་ནི། །བཅོམ་ལྡན་ཤཱཀ་ཐུབ་སྐུ་མདོག་ནག །དར་ལིང་ནག་པོའི་ཆོས་གོས་གསོལ། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་འཁར་གསིལ་གདིང་བ་བསྣམས། །ཡེ་ཤེས་དམ་ཚིག་དབྱེར་མེད་པའི། །བྲུབ་ཁུང་གནམ་ལྕགས་ཁང་སྒྲོམ་ནང་། །ནཾལས་དགྲ་བོ་སྔོ་ཞིང་རིད། །སྐྲ་ཟིང་ལུས་འདར་ཁྲག་སྐྱུགས་པ། །ཡན་ལག་ལྕགས་སུ་བཅུག་པ་གསལ། །ཡུམ་ཆེན་རྒྱལ་བ་སྲས་དང་བཅས། །ཐུབ་པ་ནག་པོའི་བདེན་མཐུ་ཡིས། །དམ་ཉམས་ཆེའི་བླ་སྲོག་རྣམས། །ལིངྒ་འདི་ལ་མྱུར་དུ་ཁུག་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ འགུགས་གཞུག་ཉེར་གཅིག་བྱ། བདེན་མཐུས་དབང་མེད་བཀུག་པར་བསམ། །རང་གི་རྒྱབ་ཏུ་བརྒྱད་སྟོང་གི །པོ་ཏི་ཁུར་ལ་ལིངྒ་ལ།། ཕྱག་འཚལ་ཁོ་ལ་འཚལ་བར་བསམ། །བདག་ཉིད་ཐུབ་པ་ནག་པོ་དང་། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རྗེ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་ཕྱག་སྣ་མི་ཁྱག་པའི། །དགྲ་ཡི་ལྷ་སྲུང་ཐམས་ཅད་བྲོས། །མ་བྲོས་པ་རྣམས་སྙིང་གས་ནས། །ཐལ་བ་རྡུལ་དུ་བརླག་པར་འགྱུར། །ལྷ་དང་བྲལ་བའི་དམ་ཉམས་དེས། །ལྕེ་སྟེང་པཾ་ཡིག་ནག་པོ་


CMR034_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དེ། །མཆོད་རྟེན་ནག་པོ་དྲུག་ཏུ་གྱུར། །ངག་མནན་སྨྲ་མེད་མིག་ཧྲིག་ནས། །ཏདྱ་ཐཱ། བྷ་ག་ཝ་ཏི་པྲཛྙཱ་པཱ་ར་མི་ཏ་ཧྲི་དཱ་ཡ་དྷེ་ཝ་དྷ་ཏུ། ཀ་ཀ་ར་ཙི་ཀྲོ་དྷ་ཡ། ཆེ་གེའི་ངག་གི་ནུས་པ་ཛ་ལ་ཡ་མུག་ཤག་ནན། སྔགས་དེ་ཉེར་གཅིག་ཙམ་རེ་བཟླ། །རོ་སྐུ་རོ་གཡམ་བདུག་པ་དང་། །བནེ་སྡོམ་ཉམས་དྲི་ཆེན་དང་། །ལྷམ་འབོལ་དྲི་ཚིལ་གུ་གུལ་གྱི། །ཐུམ་བུ་ལིངྒའི་སྙིང་གར་བཞག །ལིངྒ་དྲིལ་འདྲེག་རྫ་ས་དེ་རྣམས། །དུད་པ་རང་ལ་མ་ཕོག་བདུག །རང་ཉིད་ཐུབ་པ་ནག་པོ་ཡི། །ཐུགས་ལས་སྤྲུལ་པའི་ལས་མཁན་ནི། །ལྷ་ཡི་ཐུབ་པ་བརྒྱ་བྱིན་ནི། །དུད་ཁ་གླང་ཆེན་ས་སྲུང་ཞོན། །ལག་ནི་སྤུ་གྲི་ཐོད་ཁྲག་ཐོགས། །ཁོ་ཡི་བཤང་ལམ་ནས་ཞུགས་ཏེ། །ཁྲག་འཐུང་ཤ་རྣམས་ཟད་པར་ཟོས། །དགྲ་བོའི་སེམས་ཉིད་ཨ་ཡིག་དཀར། །སྤྱི་བོ་ཚངས་པའི་བུ་ག་ནས། །ཐོན་ཏེ་མདུན་གྱི་ནམ་མཁའ་ན། །སངས་རྒྱས་སྟོང་རྩའི་ཐུགས་ཀར་ཕོག །ཆོས་སྐུ་སྐྱེ་མེད་ཐོབ་པར་བསམ། །ཨོཾ་ན་མོ་བྷུདྡྷ་ཡ༔ དྷརྨཱ་ཡ། སང་གྷ་ཡ། བྷྱོ་དྷི་སཏྭ་ཡ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷྱོ་དྷི་སྭཱ་ཧཱ། ཧང་ཁྲི་ཏ་ཁྲ་ཁ་ཁ་རཾ་ཀྲེ། ཅ་རོ་ཀྲེ། ཀུ་རུ་དུ་རུ། ཙིཏྟཾ་ཐཾ། མཱ་


CMR034_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ར་མ་ར། སྒྲའི་ཙིཏྟ་ཡ། ཧ་ར་ཧ་ར། ཁ་རླངས་མཆི་མ་མ་སོང་བར། །ཐུན་ལ་ཕུ་བཏབ་ལིངྒ་བྲབ། །ཚེར་ལྕགས་སྔགས་བྱང་བཏགས་པ་སྟེ། །ཐུབ་པ་ནག་པོ་འཁར་གསིལ་གྱུར། །དམ་ཉམས་དགྲ་བོའི་མགོ་ལ་བརྒྱབས། །མར་མེ་རླུང་གིས་བསད་པ་བཞིན། །དྲན་མེད་ནག་ཆོམ་དབང་པོ་གཏོར། །སྟོང་གསུམ་དུག་གི་ནུས་པ་ཀུན། །ཕྱག་གཡོན་གདིང་བའི་ནང་དུ་བསྡུས། །ཐུན་རྣམས་ཧ་ལ་ཆེན་པོར་གྱུར། །དུག་ཆུ་རྡོ་ཐུན་བྲབ་པ་ཡིས། །འདུ་བ་རྣམ་བཞིའི་ནད་རིགས་ཀུན། །དམ་ཉམས་དགྲ་ལ་ཆར་ལྟར་ཕོབ། །སྟོབས་ཉམས་རྣམ་ཤེས་རྟེན་དང་ཕྲལ། །སྔགས་ནི་དྲག་པོར་བཟླ་ཞིང་བྲབ། །སྐབས་སུ་གོས་ནི་མགོ་བཤམ་བསྒྱུར། །ཤེས་རབ་སྙིང་པོ་ཚར་གསུམ་བཟླ། །སྒོ་ཐེམ་ལ་ནི་སྔས་གཏད་ལ། །འབུམ་བཟློག་བརྒྱ་རྩ་བརྒྱད་དུ་བཟླ། །དེ་ལྟར་ཞག་གྲངས་གཉིས་སམ་གསུམ། །ཤིན་ཏུ་གལ་ཆེ་ཞག་བདུན་བསྒྲུབ། །སྒྲུབ་པའི་རྟགས་ནི་འདི་ལྟར་རོ། །བྱ་དང་རི་དྭགས་དུད་འགྲོ་བསད། །ཤ་ཟོས་ཁྲག་འཐུང་རུས་པ་མུར། །གློ་སྙིང་ནང་རོལ་སྟེར་དང་ཟོས། །དགྲ་བོ་དངོས་སུ་བསད་པ་དང་། །ཤིང་བཅད་བྲག་གཤག་རྦབ་ཆེན་


CMR034_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

འཕང་། །དགྲ་བོའི་བླ་དག་བསད་པ་དང་། །རང་གི་སྔས་མགོ་གཡས་གཡོན་དུ། །དགྲ་དེ་སྲོག་ཆགས་བསད་རྨིས་ན། །ངེས་པར་འགྲུབ་པའི་རྟགས་ཡིན་ཏེ། །འདི་ལ་གྱེར་དང་ལྷ་གཏོར་མ་མེད། །དགྲ་བོའི་བཟློག་པ་བྱས་གྱུར་ཀྱང་། །རང་ལ་མི་བཟློག་ཁོ་རང་འཆི། །ལྷ་ཆེན་ཚངས་པ་བརྒྱ་བྱིན་ཡང་། །ཞག་པོ་བདུན་ནས་འཆི་གསུངས་ན། །སེམས་ཅན་གཞན་ལ་སྨོས་ཅི་དགོས། །བསད་པའི་སྦྱོར་བ་མ་བྱས་པར། །བཟློག་པ་ཁོ་ལ་བརྒྱབས་པས་ཀྱང་། །ལོ་མི་འགོར་བར་འཆི་འདུག་ཅེས། །བླ་མ་པཎ་གྲུབ་རྣམས་ཀྱིས་གསུངས། །གལ་ཏེ་ལན་གཅིག་མ་འགྲུབ་ན། །ལན་གཉིས་ལན་གསུམ་བསྐྱལ་ལ་བྱ། །དེ་ཡིས་ཐེ་ཚོམ་མེད་པར་འགྲུབ། །དགྲ་བོ་ཁྲག་ཏུ་བསྐྱུགས་ནས་འཆི། །ནུས་པ་ཆུང་དང་བོན་པོ་ལ། །བསད་ལས་འདི་ཙམ་བྱེད་མི་དགོས། །བྱས་ན་རང་ཉིད་ལྷ་དང་བྲལ། །མི་རྟགས་རྫོགས་ནས་ལིངྒ་དེ། །སྡོམ་པ་ཤོར་བའི་ཆོས་གོས་ཀྱི། །དུམ་བུས་བཏུམ་ལ་སྔགས་པ་ནི། །དམ་ཚིག་ཉམས་པའི་སྐུ་ཡིས་བཅིངས། །གླང་བུའི་ཐོད་པར་བཅུག་བྱས་ལ། །དེ་སྟེང་གདིང་བ་འཁར་གསིལ་བརྡེག །དེ་སྟེང་སྣམ་སྦྱར་བལྟེབས་ལ་བཞག །དེ་ནས་ལིངྒ་


CMR034_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

གླང་ཐོད་བཅས། །ལྷ་ཁང་ཐེམ་འོག་དོང་བྲུས་མནན། །རྡོ་ལེབ་རྒྱ་གྲམ་བྲིས་པས་བཅད། །ལེགས་པར་བརྡུང་ལ་མིང་དོན་སྦས། །རྗེས་སུ་རིང་བསྲུང་སྒོམ་བཟླས་དང་། །བསྔོ་སྨོན་སྲུང་བའི་སྐབས་ལྟར་བྱ། །མན་ངག་གབ་སྦས་ཡོད་པ་རྣམས། །ཕལ་ཆེར་གསལ་བར་བཀོད་པའོ། །འབུམ་བཟློག་ལ་སོགས་ཞལ་ཤེས་འགའ། །ཡོད་པ་གསེར་གྱིས་སྒྲུབ་པར་གྱིས། །ཞལ་ཤེས་མེད་པར་འདི་བསྒྲུབས་ན། །དགྲ་སྲོག་བས་ཀྱང་རང་སྲོག་མྱུར། །འདི་འདྲ་བྲི་བར་མི་རིགས་ཀྱང་། །སེང་གེ་འབུ་ཡིས་གསོད་པ་བཞིན། །ཐུབ་བསྟན་སེར་གོས་གྱོན་པས་བཤིགས། །སློབ་མ་དམ་ཉམས་སེང་ལྟར་འཕྱོ། །དེ་ཕྱིར་དམ་ཉམས་བསྒྲལ་བའི་ཐབས། །བསྟན་ལ་ཕན་ཕྱིར་རཱ་གས་བསྒྲིགས། །ཉེས་པ་ལྷ་དང་སྲུང་མར་བཤགས། །དགེ་བས་ཐུབ་བསྟན་འཕེལ་རྒྱས་ཤོག །མངྒ་ལཾ།། །ཤེར་སྙིང་ཡང་ཟློག་གི་དགྲ་བོ་བམ་ལོག་ཤིད་ཏུ་བསད་པ་དང་། པྲཛྙཱ་པ་ར་མི་ཏ་ན་མོ། དམ་ཉམས་བསྟན་པའི་རུ་ཏྲ་ཡིས། །ཚུར་ལ་ཟློག་པ་བྱེད་པའམ། །ཤེར་སྙིང་མཁན་པོ་ནང་འགྲས་ན། །ཡང་ཟློག་དུག་གི་སྤུ་གྲི་ནི། །དུག་ཤོག་དག་ལ་ཡི་གེ་བྲི། །ལྕེ་ཕྱུང་སྟེང་དུ་


CMR034_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ནི། །རྩིབས་དྲུག་བོ་ཡིག་དྲུག་གིས་མཚན། །དབུས་སུ་རྡོ་རྗེ་རྒྱ་གྲམ་བྲི། །ལྟེ་བར་ནཾ༔ལ་མིང་གིས་བསྐོར། །ཡན་ལག་ཛཿཧཱུྃ་བཾ་ཧོཿས་འཛེར། །བྲུབ་ཁུང་ནང་བཅུག་ཤར་ངོས་བཞག །དགོང་མོའི་གྲིབ་སོ་ཚུར་གུག་དུས། །ཉི་མ་དག་ལ་རྒྱབ་རྟེན་ནས། །རང་ཉིད་ཐུབ་པ་རི་རབ་ཙམ། །སྐུ་མདོག་སོལ་བ་རྒྱ་སྣག་མདོག །སྐྱིལ་ཀྲུང་དར་ནག་ཆོས་གོས་གསོལ། །ཕྱག་གཡས་ས་གནོན་ཕྱག་རྒྱ་ཡིས། །བྱད་མའི་ལྷ་སྲུང་འགུལ་མི་ནུས། །ཕྱག་གཡས་པར་བུ་ནག་པོའི་ནང་། །བྱད་མ་ལྷ་སྲུང་བཅས་པ་བཅུག །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་གྱིས། །ཁ་བཅད་ཐར་དུས་མེད་པར་བསམ། །མདུན་དུ་ཧཱུྃ་ལས་བྱད་མ་དེ། །རིད་ཅིང་སྔོ་ཧམ་ལྕེས་བྲང་ཁྱབ། །ལྕེ་སྟེང་འཁོར་ལོ་རྩིབས་དྲུག་པ། །བཻ་ཡིག་དྲུག་མཚན་འཁོར་ལོའི་ལྟེ། །གསེར་གྱི་རྡོ་རྗེ་རྒྱ་གྲམ་མནན། །ལུས་ངག་གཡོ་འགུལ་བྲལ་བར་གྱུར། །ཁཾ་ཡིག་སྟོང་ཕྲག་གསུམ་བཟླས་ལ། །ཉུང་ནག་ཐུན་ལ་ཁ་རླངས་དང་། མཆིལ་མ་མ་སོང་ཕུ་ཡིས་སྔགས། །ཐུན་དེར་བྲབ་ཅིང་སྒྲུབ་པ་ནི། །ཉི་མ་དམར་ཐག་འདས་པར་བསྒྲུབ། །དམར་ཐག་ཆད་ནས་ཤོག་ལིང་དེ། །བྲ་བོ་ནག་པོའི་སོག་མས་


CMR034_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས། །ཐལ་བ་གཡག་རོག་ལྕི་བར་བསྲེ། །ཉ་བོ་བྱས་ལ་མིང་ཡིག་བཅུག །རྒྱས་པར་ལིངྒ་སྔོན་བཞིན་བཅུག །ལིངྒ་མིང་ཡིག་མེད་ཀྱང་ཆོག །ཉ་བོ་ལྷ་ཁང་ཐེམ་པའི་འོག །བཀུག་གཞུག་བྱས་ལ་དོང་བྲུས་མནན། །ལེགས་པར་མི་མངོན་དམ་དུ་སྦས། །བན་དགྲ་སྔགས་ཟློག་མཁན་གྱི་གཤེད། །མྱུར་མགྱོགས་རླུང་གི་སྤུ་གྲི་འདི། ཡང་བཟློག་ནག་པོ་ཞེས་བྱ་བ། །བསྟན་པ་སྲུང་བའི་མཚོན་ཆ་སྟེ། །བྱད་མའི་སྲོག་གི་སྤུ་གྲི་ཡིན། །ཀུན་ལ་མེད་པའི་ཁྱད་ཆོས་འདི། །སྣོད་མིན་རྣམས་ལ་ཤིན་ཏུ་གསང་། །འདི་བྲིས་ཉེས་པ་རབ་ཏུ་འཆགས། །དགེ་བས་ཐུབ་བསྟན་དར་རྒྱས་ཤོག །རཱ་ག་ཨ་སྱས་ཟིན་བྲིས་བྱས། །ཞལ་ཤེས་ཐུགས་ལ་གབ་བོ་རྒྱ། །སྤྱི། པ་དསབ་དུ་གོལ་མབ་བོ་གྲད་གི་གཟློབ་ངཡ་ངསི་རཤེ། ༈ ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། ཤེས་རབ་སྙིང་པོའི་བཟླས་བརྗོད་ལ། །བརྟེན་ནས་རྔོད་གཏོང་ཟློག་པ་ནི། །རང་ཉིད་ཐུབ་པའི་བསྐྱེད་རིམ་ནི། །སྲུང་བ་དུས་ལྟར་བསྒོམས་བྱས་ཏེ། །སྲུང་འཁོར་བར་དུ་སངས་རྒྱས་ཀྱི། །སྐུ་རྣམས་སྒོམ་པར་མི་བྱའོ། །རང་ཉིད་ཐུབ་པའི་འོད་ཟེར་ཕྱོགས་བཅུར་འཕྲོས། །གནོད་བྱེད་བྱད་མ་རང་


CMR034_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དབང་མེད་པར་བཀུག །ཕྱི་རོལ་འཁོར་ལོའི་རྩིབས་བར་རྣམས་སུ་བཞག །འཁོར་ལོའི་རྩིབས་སྟོང་སྤུ་གྲི་ངར་རྣོ་བས། །གནོད་བྱེད་ཧྲུག་ཧྲུག་གཏུབས་ནས་བེམ་རིག་བྲལ། །མེས་བསྲེགས་རླུང་གིས་གཏོར་ནས་རྗེས་མེད་བཏང་། །ཁོ་ཡི་རྣམ་ཤེས་ཨ་ཡིག་རྣམ་པ་རུ། །སྟོན་པའི་མཛོད་སྤུར་ཐིམ་པས་ཆོས་སྐུ་ཐོབ། །ཟབ་མདོ་བདུན་ནམ་གསུམ་བཟླས་དེ་ཡི་རྗེས། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷྱོ་དྷི་སྭཱ་ཧཱ། གནོད་བྱེད་བྱད་མ་ཨ་བྷྱོ་ཛཿ ཨ་ཝཱཀྐ་ཙིཏྟ་ཧཱུཾ་བྷ་ཡ་ནན་ཟློག །ཨོཾ་ཟློག །ཨཱཿཟློག །ཧཱུྃ་ཟློག་སྭཱ་ཧཱ། སྔགས་གྲངས་བརྒྱའམ་ཉེར་གཅིག་བདུན་སོགས་བཟླ། །རང་ཉིད་ཤཱཀ་ཐུབ་ནམ་མཁའ་ཁྱབ་པའི་སྐུ། །ཕྱག་གཡས་ཉི་མ་བསྐལ་པའི་མེ་ཆེན་འབར། །ཕྱག་གཡོན་ཟླ་བ་བསྐལ་པའི་རླུང་ནག་འཚུབ། །ཐུགས་ཀའི་འོད་ཀྱིས་གནོད་བྱེད་དགྲ་བགེགས་རྣམས། །རང་དབང་མེད་པར་ཉི་ཟླའི་བར་དུ་བཀུག །ཕྱག་གཉིས་བརྡབས་པས་གནོད་བྱེད་བྱད་མ་རྣམས། །མེས་བསྲེགས་ཐལ་བ་རླུང་གཏོར་ལུས་ངག་བརླག།སེམས་ཀྱི་གདུག་རྩུབ་ཁོ་རང་ཉིད་ལ་སྨིན། །ན་མོ་བླ་མ་ལ་ཕྱག་འཚལ་ལོ། །ནས། རབ་ཏུ་ཞི་བར་གྱུར་ཅིག །ཏདྱ་ཐཱ།


CMR034_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ག་ཏེ་སོགས་དང་། གནོད་བྱེད་བྱེད་མ་ལ་ཨ་བྷྱོ་ཛ། ཨ་ཝཀྐ་ཙིཏྟ་སྭཱ་བྷ་ཡ་ནན་ཟློག །ཨོཾ་ཟློག །ཨཱཿཟློག ཧཱུྃ་ཟློག་སྭཱ་ཧཱ། གནོད་བྱེད་སྡེ་བརྒྱད་བྱད་མའི་ཤ་རུས་ཁྲག་རྩ་ལ་ཧུར་ཧུར་ཟློག །ཐལ་མོ་བརྡབ་ཅིང་འབུམ་ཟློག་ཉེར་གཅིག་བཀླག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་ལ་སོགས་བརྗོད། །འདི་ལ་ཞལ་ཤེས་ཐུགས་ལ་སྦས་། །དེ་ནས་དམིགས་མེད་སྟོང་ཉིད་རྒྱ་ཡིས་གདབ། །ཟློག་པ་འདི་ཉིད་ཁོ་ན་བྱས་པས་ཀྱང་། །ལོ་ལ་མི་འགོར་ཕ་རོལ་བརླག་པར་གསུངས། །བཟློག་རྟགས་ནམ་མཁར་སྔགས་སྒྲ་གྲག་པ་དང་། །གཞན་གྱིས་ཕྱག་འཚལ་ཤག་ལས་རྒྱལ་བ་དང་། །གཡུལ་ལས་རང་རྒྱལ་སེར་བ་ཟློག་སོགས་འབྱུང་། །འདི་བྲིས་ཉེས་བཤགས་དགེ་བ་འགྲོ་ལ་བསྔོ། །རཱ་ག་ཨ་སྱས་བྲིས་པ་སྤྱི་རྒྱུ། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདམ་ཉམས་མདོ་བྲུབ་བསྒྲུབ་ཚུལ།next