Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   


 
previousདེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་གnext

དེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་ག


CMR034_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་ག་བསྡུས་ཏེ་བྱ་བ་བཞུགས་སོ།


CMR034_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་ག་བསྡུས་ཏེ་བྱ་བར་འདོད་པས། སོ་སོར་ཐར་པའི་སྡོམ་པ་གང་རུང་དང་ལྡན་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད་ལ། དུས་ཚེས་བརྒྱད་ལྟ་བུའམ། རྒྱུན་དུ་གནས་ཡིད་དུ་འོང་བ་གཙང་མར་བྱས་པའི་གནས་སུ་མཎྜལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་མཉམ་པར་བཀོད། སྐུ་གསུང་ཐུགས་ཀྱི་རྟེན་ཅི་རིགས་པར་བཞུགས། མཆོད་པ་ཅི་འབྱོར་ཡང་བཤམས་ཏེ་ནུས་པ་མ་བསྲིས་པར་བཤམས་། དེ་ནས་ཁྲུས་བྱས་ཏེ་སྟན་བདེ་བ་ལ་འདུག་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་རིགས་སུ་བསྒོམ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་


CMR034_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རིག་ལས་གང་དེ་སྟོང་པ་དེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པ་དག་དོན་དྲན་བཞིན་དུ་བརྗོད། དེ་ལས་ལངས་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་


CMR034_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཚད་མེད་བཞི་བསྒོམ་ཞིང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་གྱིས་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱ། དེ་ནས་རང་གི་ནུས་པ་དང་ཕྱོགས་བཅུའི་དེ་བཞིན་ཚེགཤེགས་པ་སྲས་དང་བཅས་པས་དེ་ལྟར་བྱིན་གྱིས་བརླབས་པ་ཡང་བསམས་ལ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། ཡུལ་ཕྱོགས་འདི་ཐམས་ཅད་ཞིང་ཁམས་རྣམ་པར་དག་པ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ལྟ་བུ་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཅིག །གཞལ་མེད་ཁང་ཆེན་པོ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་


CMR034_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་སྟོང་གསུམ་གང་གཱའི་ཀླུང་གི་བྱེ་མ་དང་མཉམ་པ། རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་འོད་ཟེར་ཆེན་པོ་རབ་ཏུ་འབར་བ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ། གདན་རིན་པོ་ཆེ་དང་སེང་གེའི་ཁྲི་པདྨ་དང་ཟླ་བ་དཔག་ཏུ་མེད་པ་དང་། མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཅིག །ཅེས་ལན་གསུམ་བཟླ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ལན་གསུམ་བཟླས་ལ། དེ་ནས་འཕགས་པ་སྤྱན་དྲངས་ཏེ་པུས་མོ་བཙུགས་ཏེ་མེ་ཏོག་བླངས། ཐལ་མོ་སྦྱར་ནས་འདི་སྐད་ཅེས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་


CMR034_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། །སངས་རྒྱས་སྨན་གྱི་བླ་བཻཌཱུརྱའི་འོད་ཀྱི་རྒྱལ་པོ་དང་། ད་ལྟར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་། ཞིང་ཁམས་གཞན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། རྒྱལ་བའི་སྲས་སྐྱབས་གྲོལ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་དཔག་ཏུ་མེད་པ་དང་། དམ་པའི་ཆོས་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་


CMR034_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཐམས་ཅད་ལ་ཡང་སྔོན་གྱི་ཐུགས་དམ་བཟང་པོ་ལས་གླེང་སྟེ། བདག་ཅག་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན་མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམས་པ་ཆེན་པོ་མཛད་དེ་བྱིན་གྱིས་རླབས་པར་ཅི་གནང་། ལན་གཅིག་བཟླ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམ་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་


CMR034_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པ་ལྡན་།།བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པའི་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །སྤྱན་དྲངས་པའི་རྗེས་ལ། སོ་སོའི་ཞིང་ཁམས་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ་གཞལ་མེད་ཁང་གི་དབུས་སུ་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ། དེ་བཞིན་གཤེགས་པ་བརྒྱད་བཞུགས། ཆོས་པོ་ཏི་ཡང་བཞུགས། བར་གྱི་སྣམ་བུ་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པ་དཔག་ཏུ་མེད་པ་བཞུགས། གསུམ་པ་ལ་གཡས་གྲལ་དུ་ཚངས་པ་དང་བརྒྱ་བྱིན། གཡོན་གྲལ་དུ་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས། སྒོ་བཞི་ལ་རྒྱལ་པོ་ཆེན་པོ་བཞི་རང་རང་གིས་དམ་བཅས་པ་བཞིན་དུ་སྒྲུབ་ཅིང་བཞུགས་པར་གྱུར། པར་བསམ། དེ་ལྟར་བསམ་པའི་རྗེས་ལ། ཁྲུས་གསོལ་རྒྱས་པ་ཕྱག་ལེན་ལྟར་དང་མཎྜལ་རྒྱས་པར་འབུལ། སྨོན་ཐུང་འདོན་སྲོལ་གདའ་


CMR034_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནའང་རྒྱུན་དུ་བསྡུས་པ་འདི་ཙམ་གྱིས་འཐུས་ཏེ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པར། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བས་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད།། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ལྷག་བསམ་དག་པའི་ན་བཟའ་འདི་ཕུལ་བས། །ལུས་ལ་ངུར་སྨྲིག་གོས་གྱོན་སེམས་ལ་ནི། །ངོ་ཚ་ཁྲེལ་ཡོད་བཟོད་པའི་


CMR034_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

གོས་གྱོན་ནས། །རྒྱལ་བ་བསྐྱེད་པའི་ཡུམ་ལ་མཆོད་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ས་གཞི་སྤོས་ཆུས་སོགས། མཉེས་བྱེད་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །དུས་གསུམ་བདེ་གཤེགས་དགོངས་པ་རྟོགས་པ་དང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་ཤིང་། །ནམ་མཁའ་དང་མཉམ་པའི་འགྲོ་རྣམས་སྒྲོལ་བར་ཤོག །ཨོཾ་ཨཱཿཿཧཱུྃ་མ་ཧཱ་གུ་རུ་དེ་བ་ཌཱ་ཀི་ནཱི་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཿཧཱུཾ། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་


CMR034_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། མཆོད་དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། མཆོད་དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་


CMR034_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པར་མཁྱེན་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཊྛརླའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །མ་རིག་མུན་སེལ་སྒྲོན་མེ་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྐྱབས་གྲོལ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །ཚངས་པ་དང་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་སོགས་


CMR034_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆོས་སྐྱོང་བ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ལ་སོགས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་གཡོག་བདུན་འབུམ་བདུན་འབུམ་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་། །ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫ་ས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་བཀངས་ཏེ་འབུལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བདག་ཅག་རྣམས་ཀྱིས་ཐོག་མ་མ་མཆིས་པའི་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་ཅི་བགྱི་བར་འོས་པའི་


CMR034_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སོ་སོའི་སྐྱེ། བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །བཅོམ་ལྡན་འདས་གདན་འཛོམས་པ་ཆེན་པོ་དགོངས་སུ་གསོལ་ལོ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན་སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་བདེ་བའི་སླད་དུ། སྔོན་བཅོམ་ལྡན་འདས་དེ་བཞིན་གཤེགས་


CMR034_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་བདུན་གྱིས་ཐབས་མཁས་པ་དང་། སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པ་རླབས་པོ་ཆེ་དག་ཇི་ལྟར་བཏབ་ཅིང་། །བྱིན་གྱིས་བརླབས་པོ་དང་། དོན་དེ་ཉིད་ད་ལྟར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པས་ཇི་ལྟར་བཀའ་བསྩལ་ཞིང་བྱིན་གྱིས་བརླབས་པ་དང་། འཕགས་པ་འཇམ་དཔལ་དང་སྐྱབས་གྲོལ་དང་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཇི་ལྟར་བྱིན་གྱིས་བརླབས་པ་དང་། ཚངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་སོགས་པ་དམ་པའི་ཆོས་སྐྱོང་བའི་དགེ་བསྙེན་ཆེན་པོ་རྣམས་དང་ཐམས་ཅད་གདན་འཛོམས་པའི་སྤྱན་སྔར་ཕོ་བྲང་གི་དཀྱིལ་འཁོར་བཤམས། འབྱོར་པའི་སྟོབས་ཅི་མཆིས་པས་མཆོད་པའི་ཚོགས་སྦྱར་ནས་མཚན་ནས་བརྗོད་དེ་མཆོད་པ་འབུལ། བཀའ་དྲིན་ནོད་ཅིང་མཆིས་ན་གདན་འཛོམས་པས་སྔོན་ཇི་ལྟར་བྱིན་གྱིས་བརླབས་ཤིང་བཀའ་བསྩལ་པ་བཞིན་དུ་མདོ་སྡེའི་ཕན་ཡོན་ཇི་སྐད་འབྱུང་བའི་བཀའ་དྲིན་ཐམས་ཅད། ཆེ་གེ་མོའམ། བདག་ཅག་ལ་སོགས་


CMR034_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ཀྱིས་འཕྲལ་དུ་ཐོབ་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གོང་གི་ཕྱོགས་བཅུ་དུས་གསུམ་གྱི་སོགས་ནས་འདིའི་བར་ལན་གསུམ། སྐབས་འདིར་གཟུངས་སྔགས་བཟླ་བ་ནི། ཏདུ་ཐཱ། བྷུ་མེ་གྷུ་མེ། ཨི་མི་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མཱ་དྨ་དྷིཊྛིཏེ། ཨ་ཏི་མ་ཏེ། པཱ་ལེ། པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷེ། བུདྡྷོཏྟ་མེ། ཨུ་མེ། ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ། ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་ཨ་མྲྀ་ཏུ་ནི་ཝཱ་ར་ཎི། བུདྡྷེ་སུ་བུདྡྷེ་བུདྡྷ་ཨ་དྷིཥྛ་ན། །རཀྵནྟ་མེ། སརྦ་དེ་ཝཱ། ས་མེ་ཨ་ས་མེ་ས་མ་ནཱ་ཧ་རནྟ་མེ། སརྦ་བུདྡྷ། བོ་དྷི་ས་ཏཱ་ནཾ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ་སརྦ་ཨི་ཁྱུ་པ་དྲ་བ་བྱུ་དྷ་ཡ༔ པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱཿ་ཤཱ་ཡ་བེཌཱུརྱ་པྲ་ཏི་བྷ་སེ་སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་ཆོ་ག་ཚར་རེ་ལ་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་གམ། བདུན་རེ་གང་འོས་ལོང་སྐབས་དང་བསྟུན་ཏེ། དེ་ནས། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་སྲས་བཅས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་


CMR034_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

འཚལ་ལོ། །མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཟ་ཧོར་རྒྱལ་པོའི་རིགས་འཁྲུངས་དགེ་སློང་གང་། །མཁན་པོ་བྱང་ཆུབ་སེམས་དཔའ་ཞི་བ་འཚོ། །སྡོམ་བརྩོན་རིག་པའི་གནས་ལྔ་ཀུན་ལ་མཁས། །བསླབ་པ་གསུམ་ལྡན་དེ་ལ་ཕྱག་འཚལ་ལོ། །འཕགས་མཆོག་རིགས་གསུམ་མགོན་པོ་བསམ་བཞིན་དུ། །བོད་འབངས་ཆོས་ལ་འགོད་ཕྱིར་སྐུ་སྤྲུལ་པ། །མངའ་བདག་ཐོ་རི་སྲོང་བཙན་ཁྲི་ལྡེའུ་བཙན། །ཆོས་རྒྱལ་མེས་དབོན་དེ་ལ་ཕྱག་འཚལ་ལོ། །དགའ་ལྡན་གནས་ན་ནམ་མཁའ་དྲི་མ་མེད། །འཕགས་པའི་ཡུལ་ན་དཱི་པཾ་ཀ་ར་ཞེས། །ཁ་བ་ཅན་ན་དཔལ་ལྡན་ཨ་ཏི་ཤ །ས་སྟེང་གྲགས་པས་ཁྱབ་ལ་ཕྱག་འཚལ་ལོ། །མ་འོངས་སངས་རྒྱས་བདུན་པ་རབ་གསལ་གང་། །སྒྲོལ་མས་རྗེས་བཟུང་མཁས་ཤིང་གྲུབ་པ་བརྙེས། །ཤཱཀྱ་ཤྲཱི་བྷ་དྲ་ཞེས་གྲགས་པའི། །ཁ་ཆེའི་མཁས་པ་དེ་ལ་ཕྱག་འཚལ་ལོ། །མཁྱེན་རབ་ཐུགས་རྗེ་ཚད་མེད་མངའ་བ་ལས། །མི་ཕམ་མགོན་པོའི་རྣམ་པར་སྣང་བ་ཅན། །བློ་


CMR034_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

གྲོས་ཟད་མེད་ཡོན་ཏན་གཏེར་མངའ་བ། །འཇམ་དབྱངས་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་ཕྱག་ན་པདྨ་དང་། །རྒྱལ་ཀུན་འདུས་ཞལ་པདྨ་ཀཱ་ར་ཡི། །ཐུགས་རྗེའི་སྒྱུ་འཕྲུལ་ལས་འཁྲུངས་རྡོ་རྗེ་འཛིན། །ཀརྨ་ཆགས་མེད་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་པའི་རྗེས་སུ་བདེ་བར་གཤེགས་པ་བརྒྱད་ཀྱི་བསྟོད་པ་མཁན་པོ་ཉིད་ཀྱིས་མཛད་པ་ནི། མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པ། །མཚན་གྱི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་པའི་མཁྱེན་པ་འཕགས། །རྒྱ་མཚོ་ལྟ་བུ་ཟབ་པའི་སྐུ་མངའ་བ། །སྒྲ་དབྱངས་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །འཛམ་བུའི་ཆུ་བོ་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་བཟང་


CMR034_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་ཞི་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་སྐུ་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པ། །ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཐུགས། །རྣམ་དག་ཆོས་ཀྱི་དབྱིངས་ལ་རོལ་མཛད་ཤེས་བྱ་མ་ལུས་མངོན་གསུམ་གཟིགས་པ་པོ། །ཆོས་བློ་མངོན་པར་མཁྱེན་ལ་ཕྱག་འཚལ་ལོ། །འགྲོ་བའི་ནད་གསོ་མཛད་པ་སྨན་པའི་མཆོག །བེཟླུརྨ་ལྟར་དྭངས་བའི་ཞིང་། །སྐུ་ཡི་འོད་ཀྱིས་འགྲོ་བ་སྒྲོལ་མཛད་པ། །སྨན་པའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །ཉི་མ་ལྟ་བུར་མ་རིག་མུན་པ་སེལ། །ཟླ་བ་ལྟ་བུར་


CMR034_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་གདུང་བ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །ལྷ་མིའི་སྟོན་པ་སྨན་པའི་རྒྱལ་པོ་སྟེ། །བཅོམ་ལྡན་འཇིག་རྟེན་གསུམ་ལ་སྐྱབས་མཛད་པ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་འཇིག་རྟེན་གསུམ་གྱི་སྨན་པ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་རྩད་ནས་གཅོད། །སེམས་ཅན་ཐམས་ཅད་བདེ་ལ་རབ་ཏུ་འགོད། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་སྤྱན་གྱིས་འགྲོ་བ་ཀུན་ལ་གཟིགས། །ཐུགས་རྗེའི་སྤྱན་གྱིས་འགྲོ་བ་ཀུན་ལ་ཁྱབ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །རླུང་དང་མཁྲིས་པ་བད་ཀན་འདུས་པ་སོགས། །འབྱུང་བ་ཆེན་པོ་འཁྲུགས་པར་གྱུར་པ་ལ། །ནད་ཀྱི་གཉན་པོ་ཕྱག་གཡས་ཨ་རུ་ར། །སྨན་པའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་མདོག་མཐིང་ཀ་ཨུཏྤལ་སྔོན་པོ་འདྲ། །ཕྱག་གཡོན་བདུད་རྩི་སྨན་གྱི་ལྷུང་བཟེད་བསྣམས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །ཉེས་པ་རྒྱ་མཚོ་དག་གི་གཞི་སྤངས་ནས། །


CMR034_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་ཏན་རྒྱ་མཚོ་དག་གི་ཕ་རོལ་སོན། །ཐམས་ཅད་མཁྱེན་པ་ལྷ་ཡི་ལྷར་གྱུར་པ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །སྨོན་ལམ་རྒྱ་ཆེན་ཡོངས་སུ་དག་གྱུར་པའི།། ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་མཛད། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཞེས་དང་། ཆོས་དཀོན་མཆོག་དང་འཁོར་གྱི་བསྟོད་པ་ལག་ལེན་མཐོང་རྒྱུད་ནི། མ་རིག་མུན་སེལ་སྒྲོན་མེའི་མཆོག །སྡུག་བསྔལ་ནད་སེལ་སྨན་གྱི་ཕུལ། །དམ་ཆོས་དཀོན་མཆོག་ཐམས་ཅད་ལ། །ཕྱག་འཚལ་མཆོད་ཅིང་སྐྱབས་སུ་མཆི། །གཞོན་ནུ་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཞིང་། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། འགྲོ་དྲུག་འཇིགས་པ་བརྒྱད་ལས་སྐྱོབ་མཛད་ཅིང་། །འཁོར་བའི་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །མྱ་ངན་འདས་སར་ཕྱིན་པའི་དེད་དཔོན་མཆོག །སེམས་དཔའ་སྐྱབས་གྲོལ་


CMR034_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ཚངས་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི། །རང་རང་སྡེ་བཅས་མཐུ་དང་དཔལ་ལྡན་པ། །སྟོན་པའི་དམ་ཆོས་སྐྱོང་བར་མཛད་པ་ཡི། །ལྷའི་དགེ་བསྙེན་རྣམས་ལ་ཕྱག་འཚལ་ལོ། །བདེ་གཤེགས་བསྟན་པ་སྲུང་བའི་དགེ་བསྙེན་མཆོག །འཇིགས་པའི་གཟུགས་དང་རྔམས་པའི་ཆ་ལུགས་ཅན། །བདུན་འབུམ་འཁོར་གྱིས་བསྐོར་བའི་བཅུ་གཉིས་པོ། །གནོད་སྦྱིན་སྡེ་དཔོན་རྣམས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་པས་ཕྱག་འཚལ་ཞིང་། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫ་ས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་། གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་


CMR034_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་བཀངས་ཏེ་འབུལ་ལོ། །མཆོད་དོ། །བདག་ཅག་རྣམས་ཀྱིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །ཞེས་བརྗོད་པས་འཕགས་པ་གདན་འཛོམས་པའི་མཆོད་པ་ཅི་འབྱོར་པ་བྱ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་དང་། སྟོན་པ་བཅོམ་


CMR034_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་མཚན་ནས་བརྗོད་ཅིང་ཕྱག་འཚལ་བ་དང་། མཆོད་ཅིང་དེ་དག་གི་སྔོན་གྱི་སྨོན་ལམ་བཏབ་པ་དང་། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་དང་། དེ་དག་གི་མཐུ་དཔལ་དང་བྱིན་གྱིས་བརླབས་ཀྱི་སྟོབས་ཀྱིས་བདག་ཅག་གིས་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ལུས་ལ་ནད་མེད་པ་དང་ཚེ་རིང་བར་གྱུར་ཅིག །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག །མཐར་ཚོགས་གཉིས་ཡོངས་སུ་རྫོགས་ནས་རྡོ་རྗེའི་སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག །ཡུལ་ཁམས་ཐམས་ཅད་དུ་ཡང་མི་ནད་དང་ཕྱུགས་ནད་དང་ལོ་ཉེས་པ་དང་དགྲ་བོའི་གནོད་པ་ལ་སོགས་པ་བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བར་གྱུར་ཅིག །ཆར་ཆུ་དུས་སུ་བབ་སྟེ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང་། བདེ་སྐྱིད་ཀྱི་དཔལ་ཕུན་སུམ་


CMR034_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཏེ། ཞིང་ཁམས་དེ་དག་ཏུ་སྐྱེས་ནས། དེ་བཞིན་གཤེགས་པ་དེ་དག་གི་གདམ་ངག་ཚོགས་གཉིས་ཡོངས་སུ་རྫོགས་ནས་སངས་རྒྱས་པར་གྱུར་ཅིག །ཁྱད་པར་དུ་ཡང་དམ་པའི་ཆོས་ཡུན་རིང་དུ་གནས་ཤིང་རྒྱས་པར་གྱུར་ཅིག །དེ་ནས་བཟོད་པར་གསོལ་ཏེ། ཆེ་གེ་དག་ཅིག་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར་བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང་། ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཉོན་མོངས་པ་དང་འདྲེས་པ་དང་། མཆོད་པའི་དངོས་པོ་ཆུང་ཞིང་དམན་པ་དང་། གཙང་སྦྲས་མ་ཕྱེད་པ་དང་། མདོ་ལས་བྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེའི་རྗེས་ལ་གཤེགས་སུ་གསོལ་ཏེ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་


CMR034_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ལགས་ཀྱིས། སོ་སོའི་ཞིང་ཁམས་སུ་འཁོར་དང་བཅས་པ་གཤེགས་སུ་གསོལ། སླར་ཡང་སེམས་ཅན་དོན་ལ་ཐུགས་རྗེས་འབྱོན་པར་ཞུ། དེ་ནས་བཟང་སྤྱོད་ཚར་རེ་འདོན་པ་ལག་ལེན་ཡིན་ཅིང་། ཉིན་ཆོག་ཚར་རེ་ཡིན་ན་མཎྜལ་དང་མཆོད་པ་བསྡུ། ཡང་ཉིན་རེ་ལ་ཆོ་ག་ཚར་གཉིས་གསུམ་སོགས་བལྡབས་པ་དང་སྒྲུབ་མཆོད་ཞག་སྦྲེལ་ཡིན་ན་མ་གྲོལ་བར་མཎྜལ་དེ་གར་བཞག་ནས་མཆོད་པ་རྣམས་བརྗེའོ། །དེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་ག་བསྡུས་ཏེ་བྱ་བ་སློབ་དཔོན་བོ་དྷི་སཏྲས་མཛད་པའི་གཞུང་སོར་བཞག་ལ། ཞལ་འཕང་རྣམས་རྒྱལ་ཚབ་རིན་པོ་ཆེས་མཆན་བུར་མཛད་པ་དཀྱུས་སུ་བཅུག་སྟེ། ཀཾ་ཚང་གི་ཕྱག་ལེན་ལྟར་སྦྱར་བ་ལ་ནོངས་པ་མཆིས་ན་བཟོད་པར་འཆགས་ཤིང་། དགེ་བ་མཆིས་ན་བསྟན་འགྲོའི་དོན་དུ་བསྔོ་བར་བགྱིའོ། །ཞེས་པ་རྗེ་ཐམས་ཅད་མཁྱེན་པ་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ལེགས་པར་བསྒྲིགས་ནས་པར་དུ་འཁོད་པ་ལ་འཁྲུགས་ཅུང་ཟད་ཡོད་པ་དང་ཁ་འཕང་ངག་ནས་ཤེས་དགོས་པ་རྣམས་བཙུད་ནས་བལྟས་ཆོག་འདོན་འགྲིགས་སུ་བྲིས་པ་ཀརྨ་ཨ་རཱ་གས་སོ།། ༈ སྨན་བླའི་ཞལ་ཐང་དང་གསེར་སྐུ་ཡོད་ན་བཤམས། མཎྜལ་སྟེང་དུ་འབྲུའི་ཚོམ་བུ་བརྒྱད་དབུས་དང་དགུར་བཀོད། དེའི་མདུན་དུ་ལྷ་བཤོས་བརྒྱད་དང་། མར་མེ་བརྒྱད་དང་ཏིང་བདུན་དུ་ཡོན་ཆབ་བཤམས། རོལ་མོ་མཆོད་རོལ་སྐབས་སུ་བྱེད་པའོ། །མངྒ་ལཾ། བྷ་ཝ། ཤུ་བྷཾ།། །།


previousདེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་གnext