Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོད་རྟེན་ནག་པོའི་ལྷན་ཐབས་ཟུར་འདེབས་ཉི་མའི་སྒྲོན་མེ་མ་རིག་མུན་སེལ།
   
   
   
   


 
previousམཆོད་རྟེན་ནག་པོའི་ལྷན་ཐབས་ཟུར་འདེབས་ཉི་མའི་སྒྲོན་མེ་མ་རིག་མུན་སེལ།next

མཆོད་རྟེན་ནག་པོའི་ལྷན་ཐབས་ཟུར་འདེབས་ཉི་མའི་སྒྲོན་མེ་མ་རིག་མུན་སེལ།


CMR034_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རྟེན་ནག་པོའི་ལྷན་ཐབས་ཟུར་འདེབས་ཉི་མའི་སྒྲོན་མེ་མ་རིག་མུན་སེལ་ཨ་རཱ་ག་ཁོ་བོས་སྦྱར་ཡོད་དོ་ཨང་།


CMR034_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཅ་ཏི་ནག་པོའི་འགྲིགས་དང་ལག་ལེན་ལས་ཐབས་ཟིན་བྲིས་སུ་བྲིས་པ་ནི། དེ་ལ་གནད་ཀྱི་མན་ངག་གུད་དུ་བསྟན་པ་ནི། །ཐོག་མར་བསྒྲུབ་པའི་ཞག་གྲངས་བསྟན་པ་དང་། །དེ་ནས་འདེབས་པའི་ས་མིག་བསྟན་པ་དང་། །དེ་ནས་བྱ་བའི་ལས་ཐབས་བསྟན་པ་དང་། །དེ་ནས་གཞུང་གི་ཆོ་ག་བསྟན་པ་དང་། །དེ་ནས་རྗེས་ཀྱི་བྱ་བ་བསྟན་པ་དང་ལྔའོ། ༈ །ཐོག་མར་སྒྲུབ་པའི་ཞག་གྲངས་བསྟན་པ་ནི། །འགུགས་པའི་ས་རུ་སྒྲུབ་པ་ཚུལ་བཞིན་བྱ། །ཡི་དམ་གཞུང་སྲོང་བསྐང་བ་བསྐུལ་པ་བྱ། །རང་མདུན་ཐུན་ཁུང་ནང་དུ་གཟུགས་བྱ་རྣམས། །བཞིག་ལ་དགྲ་བགེགས་གང་གནོད་དམིགས་བྱ་སྟེ། །དབང་མེད་བཀུག་ལ་གཟུགས་བྱང་རྣམས་ལ་བསྟིམ། །གཞུང་ནས་


CMR034_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པའི་ཟོར་དང་ཐུན་གྱིས་བྲབ། །དེ་ལྟར་རབ་ནི་ཞག་བདུན་འབྲིང་ནི་གསུམ། །ཐ་མ་གཅིག་གིས་སྒྲུབ་པ་གཟུགས་བྱང་རྣམས། །།འབྱོར་ན་ཚ་ཚ་ནག་པོའི་ནང་དུ་གཞུག །རྣམ་འབྱོར་རེ་བ་ནག་པོའི་བཏུམ་བྱས་ལ། །ཤི་སྐྱ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་བཅིངས། །ཚེར་མའི་ཤིང་གི་རྐམ་པའི་བར་དུ་ལྟེམ། །བྲོ་མའི་ཤིང་གི་ཁ་ནི་བསྡམ་པར་བྱ། །མ་བསྒྲུབས་མནན་པ་བྱ་བ་ག་ལ་སྲིད། །དེ་ནི་སྒྲུབ་པ་ཡིན་ཏེ་ཤེས་མཁན་དཀོན། ༈ །དེ་ནས་འདེབས་པའི་ས་དམིགས་བསྟན་པ་ནི། །ལུང་གསུམ་མདོ་དང་སྒང་གསུམ་སྣ་ལ་འདེབས། །ལུང་པ་ངན་པའི་ཁ་རུ་གདབ་པར་བྱ། །ས་ངན་ཐ་མའི་རྟེན་ཕུར་དང་། །ས་དགྲ་རྩུབ་པའི་གཉའ་ནོན་དང་། །མཆོད་རྟེན་ནག་པོ་གདབ་པར་བྱ། ༈ །ཡང་ཁ་ཅིག་ལ་ནི་འདི་སྐད་


CMR034_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། །གོད་འདྲེ་མནན་པ་ཁང་སྒོའི་མདུན་ཕྱོགས་གདབ། །བྱད་ཁ་མནན་པ་ཆུ་ཆེན་འགྲམ་དུ་གདབ། །ཆུང་སྲི་ཁང་འོག་རྨང་འདྲེ་ཁང་རོལ་ཞབས། །སེར་མ་རི་གསུམ་རྩེ་དང་དུར་སྲི་ལ། །དུར་ཁྲོད་ནང་དུ་མནན་པ་ཤེས་པར་གསུངས། །སྲིད་ཁ་བཀྲོལ་བར་འདོད་ན་ཆུ་བོ་ཡི། །མདུད་པ་བྱས་པའི་སྣ་ལ་གདབ་པ་ཤེས། ༈ །ཡང་ཁ་ཅིག་ལ་ནི་འདི་སྐད་གསུངས། །བྲག་དམར་སྲེ་མོ་འདྲ་དང་བྲག་ནག་ནི། །སོག་པོ་ཁྲོས་འདྲ་དང་ནི་གཅན་གཟན་གྱི། །ཁ་གདངས་འདྲ་བའི་བྲག་གི་རྩ་བ་རུ། །རིམ་བཞིན་ཆུང་སྲི་རྨང་འདྲེ་གོད་འདྲེ་གདབ། །བྲག་ནི་སེང་གེ་འདྲ་བ་དང་། །ས་དབྱིབས་མཆོད་རྟེན་ཐུར་གྱུའི་སྣ། །སྦྲུལ་ནག་ཐུར་རྒྱུག་འདྲ་བའི་ཁ། །ཆུ་སྲིན་ཁ་གདངས་འདྲ་བའི་ཁ། །རིམ་བཞིན་ཤི་སྒབ་བཅད་པ་དང་། །བྱད་ཁ་མནན་དང་ཕུང་ཤིག་དབྱེ་བ་གདབ། །ལུང་གསུམ་སྒང་གཅིག་མདོ་དེ་རུ། །གྲུ་གསུམ་ཕུར་སོ་སྦྱར་འདྲ་ལ། །མཐུ་སྒྲུབ་མཆོད་རྟེན་དེ་རུ་ཤེས། །ཞེས་གསུངས་སོ། ༈ །དེ་ནས་བྱ་བའི་ལས་ཐབས་བསྟན་པ་ནི། །གང་འཐད་ས་དེར་འདུག་ལ་རང་ཉིད་དང་། །ཡོན་བདག་རྣམས་ཀྱི་ལོ་ལྷ་ཡོད་ཕྱོགས་ལ། །རྒྱབ་བརྟེན་བྱས་ལ་གནོད་པའི་ཕྱོགས་དེའམ། །ཡང་ན་འདྲེ་ལྔ་བདུད་གཅོད་ཡོད་པའི་སར། །མཐུ་སྒྲུབ་ཡིན་ན་དགྲ་དེའི་ལོ་ཡི་ཕྱོགས། །ཁ་བསྟན་གསེར་སྐྱེམས་གཏོར་མ་དཀར་གཏོར་བྲན། །ཕྱི་རིགས་དཔལ་མགོན་གཞི་བདག་ཐམས་ཅད་ལ། །དཀར་གཏོར་སྤྱི་ལྟར་བསྔོས་ལ་བཀའ་བསྒོ་བྱ། །ཕྲིན་ལས་སྡོང་གྲོགས་བཅོལ་ལོ་འབུལ་ལོ་


CMR034_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དེ་ནས་དཀར་གཏོར་གཅིག་བྲན་གསེར་སྐྱེམས་ཐོགས། །ས་ཡི་ལྷ་མོར་ས་སློང་སྤྱི་ལྟར་བྱ། ༈ །སྤྲེའུ་ཟླ་བའི་ལྔ་ལ་མནན་པ་མི་རུང་འཆི། །ཟླ་བ་གང་ཡང་རུང་བའི་བཅུ་བདུན་དང་། །བཅུ་གཉིས་ལ་ས་རྐོ་མི་རུང་ངོ། །དཔྱིད་གསུམ་བྱང་དང་དབྱར་གསུམ་ཤར་དུ་བལྟས་ཏེ་ཀོ། །སྟོན་གསུམ་ལྷོ་དང་དགུན་གསུམ་ནུབ་བལྟས་རྐོ། །ལྟོ་འཕྱེ་ཙང་ཀུན་ཐེ་སེ་སྤྲེལ་ཁོག་དང་། །ས་བསྒྱུར་ཆེན་པོ་རྣམས་དང་དོན་མཐུན་ནོ་མཆན། ༈ དེ་ནས་རང་ཉིད་ཡི་དམ་དྲག་པོར་བསྐྱེད། །རྡོ་རྗེ་མདའ་དར་ཐོགས་ལ་ཕྱོགས་མཚམས་བསྐོར། །རྡོ་རྗེའི་འཆམ་དང་སྟངས་སྟབས་བྱས་པ་ལ། །ཧཱུྃ་ཧཱུྃ༔ ཕེམ་ཕེམ་ཕཊ་དང་ཧ་ཧ་སྒྲོགས། །ས་བདག་དམ་ལ་བཏགས་པའི་ས་འདུལ་ཡིན། །རྟ་རྨིག་ལ་སོགས་རྨིག་པའི་རིགས་རྣམས་དང་། །གཙོད་རུ་ལ་སོགས་བརྡུང་དགུའི་རྭ་རྣམས་དང་། །གྱང་མདུང་རྐང་མདུང་འཇོར་གཡག་རྫས་རྣམས་ཀྱིས། །བརྡུང་དང་བཅག་དང་གཟིར་དང་བྲབ་པར་བྱ། །གཉན་པོ་རྫས་ཀྱིས་འདུལ་བའི་ས་འདུལ་ཡིན། །དེ་ནས་རང་གི་མཐུ་བ་གཡོན་པ་ཡིས། །ས་དེར་ལན་གསུམ་བརྡབས་ནས་སྐག་ལེ་བརྒྱབ། །ཁ་དྲུག་གས་ནས་འོག་གི་རྒྱ་མཚོ་དེ། །སྔོ་མེར་མཐོང་ནས་ཆུ་སྲིན་ཁ་ཡར་གདངས། །ཆུ་སྲིན་གྲེ་བར་གཤིན་རྗེའི་གྲོང་ཁྱེར་དམིགས། །དེ་ནས་ས་ནི་གྲུ་གསུམ་གྲུ་གང་བྲུས། །དེ་ནས་དམར་གཏོར་གཤིན་རྗེའི་ཁ་རུ་བརྒྱབ། །སྡང་དགྲ་གནོད་བྱེད་གཏད་པའི་ཡོན་དུ་འབུལ། །གཤིན་རྗེ་ཁ་གདངས་ལྟོ་བ་ཟད་པ་ལ། །ཞབས་མེད་མུན་


CMR034_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཁོར་ལོ་ཞིག་ཏུ་དམིགས། །དེ་ནས་སྤྲོ་ན་ཡི་དམ་ཆོས་སྐྱོང་ལ། །གསེར་སྐྱེམས་བཏང་ཞིང་གཟུ་དཔང་བདེན་པ་བརྡར། །དེ་ནས་རྫ་ནང་གཟུང་བཟང་སཱཙྪ་བཞག །དོང་དུ་སྦ་ལ་ཨེ་ཁང་སྤྱི་ལྟར་བསྐྱེད། །གནོད་བྱེད་བཀུག་ལ་གཟུགས་ལ་བསྟིམ་པར་བྱ། །དེ་ནས། ཀྱི། དེ་རིང་བདག་དང་ཡོན་གྱི་བདག་པོ་ལ། །ཞེས་ནས། མཆོད་རྟེན་ནག་པོའི་ཞབས་སུ་བཅུག །ཡན་བརྗོད་པར་གྱེར། སྤྲོ་ན་རང་གི་ཡི་དམ་ཆོས་སྐྱོང་རྣམས། །དབྱངས་དང་རོལ་མོ་བཅས་པས་བསྐུལ་བར་བྱ། །དེ་ནས་ཕོ་ཉ་བསྐུལ་ལ་ཕུར་སྐོར་ཚར་གཅིག་བྱ། །དེ་ནས་ཁྲོ་བོའི་རྔམ་བསྐུལ་འདི་ལྟར་བྱ། །ཧཱུཾ། ང་ནི་ཁྲོ་རྒྱལ་ཆེན་པོ་ཡིན། །གནོད་བྱེད་འདུལ་བའི་དུས་ལ་བབ། །དམ་སྲི་འདུལ་བའི་དུས་ལ་བབ། །དམ་སྲི་སོགས་ཆེ་འདུལ་བའི་དུས་བབ། །ལས་ཀྱི་མནར་བའི་དམ་སྲི་རྒེ་ཁྱོད། །བསྐྱོན་ནོ་འཁོར་ལོའི་རྩིབས་ལ་བསྐྱོན། །དྲིལ་ལོ་རེ་བ་ནག་པོའི་དྲིལ། །བཅིང་ངོ་སྔོ་དམར་སྐུད་པས་བཅིངས། །གཟིར་རོ་ཁྲོ་བོའི་མཚོན་ཆས་གཟིར། །སྲེག་གོ་གདུག་པའི་མེ་ལ་བསྲེགས། །བརྡུང་ངོ་རྡོ་རྗེའི་ཐོ་བས་རྡུང་། །བྲབ་བོ་ཡུངས་ཀར་ཐུན་གྱིས་བྲབ། །གླུད་དོ་ཤར་གྱི་ལམ་དུ་གླུད། །བཤས་སོ་སོག་ལེ་ངར་མས་བཤས། །རྐྱེབ་བོ་རྒྱ་གྲམ་ཟུར་མས་རྒྱབ། །བཙོས་སོ་


CMR034_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་ཆུ་ཁོལ་མས་བཙོས། །བསྒྱུར་རོ་ཆུ་ཡི་གཞུང་དུ་སྒྱུར། །མནན་ནོ་རི་རབ་ལྗིད་ཀྱིས་མནན། །གནོད་པར་བྱེད་པའི་དམ་སྲི་རྒེ་འདི། །ཉི་ཟླ་ཐང་དུ་ལྷུང་ཡང་མ་བཏང་ཞིག །བྱ་རོག་དཀར་པོ་འགྱུར་ཡང་མ་བཏང་ཞིག །ཆུ་བོ་གྱེན་དུ་ལོག་ཀྱང་མ་བཏང་ཞིག །བསྐལ་པ་ཆགས་འཇིག་མ་བྱུང་བར་ཡང་མ་ལྡང་ཞིག །གནོད་བྱེད་ཕོ་འདྲེ་མོ་འདྲེ་མཱ་ར་ཡ་ནྟཾ་བྷ་ཡ་ནན། ཞེས་དྲག་སྔགས་བཟླ་ཞིང་ཐུན་དང་ཟོར་གྱིས་བྲབ་བོ། །དེ་སྟེང་འགེལ་མཛོ་ཇ་མོ་ག་པ་བཞག །ཁ་ལ་ཡས་གླུད་བརྒྱག་ཕྱེ་རྫོང་འདེབས་རྣམས། །གཞུང་ནས་བཤད་ལྟར་རེ་སྒྱེ་ནང་དུ་བླུགས། །རྔ་མོའི་གོང་དུ་བཀལ་པ་ཁོ་ཡི་རྒྱགས། །དེ་སྟེང་ཐོད་དགུ་རུས་བཅུ་བཀྲམ་པ་དང་། །ཐལ་སོལ་མང་པོའི་སྟེང་ནས་དགབ་པར་བྱ། །ཧོ་གནོད་བྱེད་སྒྲེ་དམ་སྲི་ཕོ་མོ་རྣམས། །འགེལ་མཛོ་རྔ་མོའི་གོང་གི་བརྒྱག་ཕྱེ་འདི། །དེ་རིང་བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཁྱོད་ལ་ཡས་དང་གླུད་ཀྱི་རྫོངས་སུ་འདེབས། །ཁྱོད་ཀྱི་ཚེ་ཟས་གཏན་ཟས་འདི་ཟོ་ལ། །བྱམས་པ་མ་བྱོན་པར་དུ་མ་ལྡང་ཞིག །དེ་ནས་ལོང་ལ་བྱང་ཆུབ་སེམས་བསྐྱེད་ཞུས། །ཞེས་བརྗོད་དོ། །དེ་སྟེང་རོ་ཡམ་ལ་ནི་རོ་སོལ་གྱིས། །རྡོ་རྗེ་རྒྱ་གྲམ་བྲིས་ལ་མནན་པར་བྱ། །དེ་སྟེང་གྲོད་པ་རླུང་གིས་བཀང་ལ་བཞག་


CMR034_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྟེང་མེ་བླུག་ས་ཡིས་དགབ། །རིམ་བཞིན་ངག་འདོན་དམིགས་པ་འདི་བཞིན་བྱ། །ཡཾ་ཡཾ་ལས་གདུག་པ་རླུང་ནག་འཚུབ་མའི་དཀྱིལ་འཁོར་གྱི་སྒབ་འདྲེ་གནོད་བྱེད་ཆེ་སརྦ་སྟེ་བྷ་ཡ་ནན། རཾ་རཾ་ལས་བསྐལ་པའི་མེ་དཔུང་དམར་ནག་ཏུ་འབར་བའི་དཀྱིལ་འཁོར་གྱི་གནོད་བྱེད་ཚེ་སརྦ་སིཾ་བྷ་ཡ་ནན། ཁཾ་ཁཾ་ལས་ཆུ་ཡི་རྒྱ་མཚོ་རྦ་རླབས་དྲག་ཏུ་འཁྲུགས་པའི་དཀྱིལ་འཁོར་གྱི་གནོད་བྱེད་ཆེ་སརྦ་ཙཱ་བྷ་ཡ་ནན། སུཾ་སུཾ་ལས་དབང་ཆེན་གྱི་ས་གཞིའི་རི་རབ་གླིང་བཞིའི་དཀྱིལ་འཁོར་གྱི་གནོད་བྱེད་ཆེ་སརྦ་སྟེ་བྷ་ཡ་ནན། །ཞེས་བརྗོད། དེ་སྟེང་ས་ཁོད་རིམ་དགུའི་བར་མཚམས་ལ། །རྒྱ་གྲམ་དགུ་བྲིས་རིམ་བཞིན་རྒྱས་གདབ་བོ། །ཧཱུཾ། གཅིག་པ་ཏིང་ངེ་འཛིན་གྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་ནི་ཚད་མེད་རྣམ་བཞིའི་རྒྱ། །ལྔ་པ་རྒྱལ་བ་རིགས་ལྔའི་རྒྱུ། །དྲུག་ནི་ཕ་རོལ་ཕྱིན་དྲུག་རྒྱ། །བདུན་ནི་སངས་རྒྱས་རབ་བདུན་རྒྱ། །བརྒྱད་ནི་རྣམ་ཐར་བརྒྱད་ཀྱི་རྒྱུ། །དགུ་ནི་ཐེག་པ་རིམ་དགུའི་རྒྱ། །དོན་དང་བརྡའ་སྦྱར་རྟགས་ཀྱི་ཚུལ། །གཉིས་སུ་མེད་པར་རྒྱས་གདབ་བོ། །ཨོཾ་ལཾ། ཧཱུཾ་ལཾ། སུཾ་ལཾ། ཧཱུཾ་བྷ་ཡ་ནན། དེ་ནས་བྲོ་ར་བཅའ་ལ་རྟ་བྲོ་གང་


CMR034_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་བརྡུང་། དེ་སྟེང་མཆོད་རྟེན་བང་རིམ་གསུམ་པ་བྱ། དེ་ནས་སྲོག་ཤིང་བཙུགས་ལ་སཱཙྪ་གཅིག་ནག་པོ་བྱས་ལ་རྣམ་སྣང་ནག་པོར་བསྒོམ། དེའི་རྩ་བར་བཞག་ལ། ཧཱུྃ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་། དེའི་ནང་དུ་ཟླ་བ་ནག་པོའི་གདན་གྱི་སྟེང་དུ། ཨོཾ་ཡོངས་སུ་གྱུར་པ་ལས་སངས་རྒྱས་རྣམ་པར་སྣང་མཛད་སྐུ་མདོག་ནག་པོ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དབུ་རྒྱན་མགུལ་ཆིངས། སེ་མོ་དོ་ཤལ་ཅན། རྣ་རྒྱན་དཔུང་རྒྱན། ཕྱག་པདྨ་དང་། ཞབས་འཁོར་ལོ། ཆོས་གོས་ནག་པོ། ཞལ་འཛུམ་པ་སྤྱན་གཉིས་མཉམ་པར་གཟིགས་པ་། གདན་དང་རྒྱབ་ཡོལ་ཟླ་བ་ནག་པོ་འཇའ་ཚོན་ནག་པོའི་བསྐོར་བར་བསམ། སྟེང་གི་ནམ་མཁར་རྒྱལ་བ་རིགས་ལྔ་སངས་རྒྱས་སྟོང་དང་ཡི་དམ་ལྷ་ཚོགས་བསྒོམ་མོ། །དེ་ནས་གཞུང་གི་ཆོ་ག་བསྟན་པ་ནི། ཀྱི། རི་རབ་ཁྲི་འཕང་གཅིག་གི་ཞབས་སུ་མནན་ནས་སྨོན་ལམ་ཡན་ཆད་གཞུང་ལྟར་རོ། །དེ་ནས་རྗེས་ཀྱི་བྱ་བ་བསྟན་པ་ནི། །ཡོན་བདག་སྔོན་བཏང་རང་ཉིད་རྗེས་ནས་འོང་། །ཕྱི་མིག་མི་ལྟ་ཁྱུང་སྔགས་བསྒྲུངས་ཤིང་འོང་། །བྱ་ཁྱུང་འཇིགས་པས་ཕྱི་བསྡིག་དྲག་ཏུ་བྱ། །དེ་ནས་གནས་ཁང་སྲུང་བཙུགས་གུར་ཆུང་ཕུབ། །གནས་དེར་དྲག་པོའི་སྦྱིན་སྲེག་བྱས་ན་ལེགས། །བསོད་ནམས་ཆེ་ཕྱིར་ཚོགས་ཀྱི་འཁོར་ལོ་བསྐོར། །


CMR034_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་པ་འགྲུབ་ཕྱིར་བཀྲ་ཤིས་དགུ་བརྩེགས་བྱ། །ཉམས་ཆག་བསྐང་ཕྱིར་བཤགས་མདོ་སཱཙྪ་བཏབ། །ས་གནད་མེད་ཕྱིར་ས་བདག་འཁྲུགས་བཅོས་གྱིས། །ཞེས་པའི་འགྲིགས་དང་ཆ་ལག་འདི་རྣམས་ཁོ་བོ་རཱ་ག་ཨ་སྱས་སྦྱར་བའོ། །ཉེས་པ་མཆིས་ན་ལྷ་ལ་བཟོད་པར་གསོལ། སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཆོད་རྟེན་ནག་པོའི་ལྷན་ཐབས་ཟུར་འདེབས་ཉི་མའི་སྒྲོན་མེ་མ་རིག་མུན་སེལ།next