Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མཆོད་རྟེན་དབང་།
   
   
   


 
previousམཆོད་རྟེན་དབང་།next

མཆོད་རྟེན་དབང་།


CMR034_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། དེ་རིང་སྲིད་པའི་གནམ་ལ་སྐར་མ་བཟང་། །ས་ལ་དུས་ཚོད་དེ་རིང་བཟང་། །དེ་རིང་གདུགས་ཀྱི་སྔ་དྲོ་ལ། །ཤཱཀྱ་ཐུབ་པ་སྟོབས་ཆེན་མ་ཡི་དཔལ། །རྣམ་པར་སྣང་མཛད་གསེར་མདོག་སྐུ་ཡི་རྟེན། །ལྷུང་བཟེད་བསྣམས་པའི་མཆོད་རྟེན་བཞེངས་ཡག་ལ། །བཅོམ་ལྡན་ཤཱཀྱ་ཐུབ་པས་དབང་བསྐུར་རོ། །མཆོད་རྟེན་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག །ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནེ་ཨ་བྷི་ཥིཉྩ་ཧཱུཾ་ཧཱུཾ། ཀྱི། དེ་རིང་སྲིད་པའི་གནམ་ལ་སྐར་མ་བཟང་། །ས་ལ་དུས་ཚོད་དེ་ཟ་རིང་བཟང་། །དེ་རིང་གདུགས་ཀྱི་སྔ་དྲོ་ལ། །ཤཱཀྱ་ཐུབ་པ་སྟོབས་ཆེན་མ་ཡི་དཔལ། །རྣམ་པར་སྣང་མཛད་གསེར་མདོག་སྐུ་ཡི་རྟེན། །འཁོར་ལོ་བརྩེགས་པའི་མཆོད་རྟེན་བཞེངས་ཡག་ལ། །རྣམ་པར་སྣང་མཛད་འཁོར་ལོའི་དབང་བསྐུར་རོ། །མཆོད་རྟེན་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག །ཨེ་བྷེ་རོ་ཙ་ན་ཨོཾ་ཨ་བྷི་ཥིཉྩ་ཨོཾ། ཀྱཻ། །དེ་རིང་སྲིད་པའི་གནམ་ལ་སྐར་མ་བཟང་། །ས་ལ་དུས་ཚོད་དེ་རིང་བཟང་། །དེ་རིང་གདུགས་ཀྱི་སྔ་དྲོ་ལ། །ཤཱཀྱ་ཐུབ་པ་སྟོབས་ཆེན་མ་ཡི་དཔལ། །རྡོ་རྗེ་སེམས་དཔའ་ཤེལ་


CMR034_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཐུགས་ཀྱི་རྟེན། །རྡོ་རྗེ་བསྣམས་པའི་མཆོད་རྟེན་བཞེངས་ཡག་ལ། །རྡོ་རྗེ་སེམས་པས་དབང་བསྐུར་རོ། །མཆོད་རྟེན་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག །ཧཱུྃ་བཛྲ་ཨ་བྷི་ཥིཉྩནྟཾ། ཀྱཻ། དེ་རིང་སྲིད་པའི་གནམ་ལ་སྐར་མ་བཟང་། །ས་ལ་དུས་ཚོད་དེ་རིང་བཟང་། །དེ་རིང་གདུགས་ཀྱི་སྔ་དྲོ་ལ། །ཤཱཀྱ་ཐུབ་པ་སྟོབས་ཆེན་མ་ཡི་དཔལ་། །རིན་ཆེན་འབྱུང་ལྡན་གསེར་མདོག་ཡོན་ཏན་གྱི། །རིན་ཆེན་འབྱུང་ལྡན་མཆོད་རྟེན་བཞེངས་ཡག་ལ། །རིན་ཆེན་འབྱུང་ལྡན་རིན་ཆེན་དབང་བསྐུར་རོ། །མཆོད་རྟེན་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག །ཏཱཾ་རཏྣ་ཨ་བྷི་ཥིཉྩ་ཧཱུཾ། ཀྱཻ། དེ་རིང་སྲིད་པའི་གནམ་ལ་སྐར་མ་བཟང་། །ས་ལ་དུས་ཚོད་དེ་རིང་བཟང་། །དེ་རིང་གདུགས་ཀྱི་སྔ་དྲོ་ལ། །ཤཱཀྱ་ཐུབ་པ་སྟོབས་ཆེན་མ་ཡི་དཔལ། །སྣང་བ་མཐའ་ཡས་དམར་པོ་གསུང་གི་རྟེན། །པདྨ་གསུང་གི་མཆོད་རྟེན་བཞེངས་ཡག་ལ། །སྣང་བ་མཐའ་ཡས་པདྨའི་དབང་བསྐུར་རོ། །མཆོད་རྟེན་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག །ཧཱིཔདྨ་ཨ་བྷི་ཥིཉྩནྟཾ། ཀྱཻ། དེ་རིང་སྲིད་པའི་གནམ་ལ་སྐར་མ་བཟང་། །ས་ལ་དུས་ཚོད་དེ་


CMR034_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རིང་བཟང་། །དེ་རིང་གདུགས་ཀྱི་སྔ་དྲོ་ལ། །ཤཱཀྱ་ཐུབ་པ་སྟོབས་ཆེན་མ་ཡི་དཔལ། །དོན་ཡོད་གྲུབ་པ་ལྗང་ཁུ་ཕྲིན་ལས་རྟེན། །རྒྱ་གྲམ་གཏམས་པའི་མཆོད་རྟེན་བཞེངས་ཡག་ལ། །དོན་ཡོད་གྲུབ་པའི་རྒྱ་གྲམ་དབང་བསྐུར་རོ། །མཆོད་རྟེན་དབང་མཆོག་དམ་པ་དང་ལྡན་པར་གྱུར་ཅིག །ཧཱ་ཀརྨ་ཨ་བྷི་ཥིཉྩ་མཱི། རིམ་པ་བཞིན་དུ་མཆོད་རྟེན་ལ་དབང་བསྐུར་བར་བྱའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཆོད་རྟེན་དབང་།next