Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སོགས་ཡི་དམ་སྤྱི་ལ་སྦྱར་དུ་རུང་བའི་རབ་གནས་བཀའ་གཏེར་ཟུང་འཇུག་བཀྲ་ཤིས་ཆར་འབེབས།
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སོགས་ཡི་དམ་སྤྱི་ལ་སྦྱར་དུ་རུང་བའི་རབ་གནས་བཀའ་གཏེར་ཟུང་འཇུག་བཀྲ་ཤིས་ཆར་འབེབས།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སོགས་ཡི་དམ་སྤྱི་ལ་སྦྱར་དུ་རུང་བའི་རབ་གནས་བཀའ་གཏེར་ཟུང་འཇུག་བཀྲ་ཤིས་ཆར་འབེབས།


CMR034_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སོགས་ཡི་དམ་སྤྱི་ལ་སྦྱར་དུ་རུང་བའི་རབ་གནས་བཀའ་གཏེར་ཟུང་འཇུག་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


CMR034_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀི་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་དམ་སྤྱན་རིས་གཟིགས། །རྒྱལ་བ་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ནས། །གསར་རྙིང་བཀའ་གཏེར་ཟུང་འཇུག་རབ་གནས་བྲི། །བཀའ་ཡིས་གནང་བ་སྩོལ་ལ་བྱིན་གྱིས་རློབས། །རབ་གནས་མཐའ་ཆོད་བཤད་པ་ན་ཡམ་སྐྱུར། །གོ་བདེ་ལག་ཏུ་ལེན་ངེས་བཤད་པ་ནི། །རྙིང་མ་ཡིན་ན་སྒྲུབ་ཆེན་རྒྱས་པ་དང་། །གསར་མ་ཡིན་ན་སྒྲུབ་མཆོད་རྒྱས་པར་བྱ། །དེ་ཡི་མཇུག་ཏུ་རབ་གནས་བྱ་བ་ནི། །དེ་འདྲ་དེང་སང་བྱེད་པ་མི་འཛོམས་པས། །འདི་རུ་བྲི་བར་མི་ལོངས་དགོས་པ་མེད། །འདིར་ནི་ཡི་དམ་རས་བྲིས་དཀྱིལ་འཁོར་བཤམས། །དེ་ཕྱིར་ས་ཆོག་ཐིག་སོགས་མི་དགོས་ཏེ། །ཡོ་བྱད་རྣམས་ནི་ཞག་མ་གོང་


CMR034_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བསྒྲུབས། །ནས་འབྲུ་མདོག་དམར་མང་བ་ཅི་མང་ཞིག །རབ་ལ་ཁ་ཆེ་འབྲིང་ལ་ཡུངས་བ་དང་། །ཐ་ན་སྐྱེར་ཤུན་ཁུ་བར་གུར་གུམ་བཏབ། །ནས་ཀྱི་མདོག་བསྒྱུར་སོ་སོར་བྱས་ན་སྙམ། །རིན་ཆེན་ལ་སོགས་སྣོད་ནང་མདུན་དུ་བཞག །རང་ཉིད་དྲན་རྫོགས་ཐུབ་པའི་སྐུར་གསལ་བའི། །།འོག་མིན་གནས་ནས་རྟེན་འབྲེལ་སྙིང་པོའི་སྔགས། །དཔག་མེད་སྤྱན་དྲངས་ནས་འབྲུར་ཐིམ་དམིགས་ཤིང་། །རྟེན་འབྲེལ་སྙིང་པོ་རབ་ཏུ་འབུམ་ཕྲག་གཅིག །འབྲིང་དུ་ཁྲི་ཕྲག་ཐ་མ་སྟོང་ཕྲག་བཟླ། །ནས་ལ་ཕུ་བཏབ་རབ་གནས་བསྙེན་པ་ཡིན། །དེ་བཞིན་བུམ་རྫས་སྔར་ནས་བསྡུ་བྱ་ཞིང་། །བུམ་པ་བརྒྱད་སོགས་མང་པོ་ཡོད་པ་ན། །རྫས་རྣམས་སོ་སོར་བསྔགས་ཤིང་བུམ་པ་ཡང་། །སོ་


CMR034_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་ནང་དུ་སོ་སོར་བླུགས་རྒྱུ་སྟེ། །བུམ་པ་གསུམ་བས་མང་བ་མི་རྙེད་ན། །བུམ་རྫས་ཕྱོགས་གཅིག་བསྡུས་ལ་སྔགས་འདི་རྣམས། །ཅི་འགྲུབ་བཟླས་པས་ཕུ་ཡིས་གདབ་པར་བྱ། །ཨོཾ་མ་ལ་སྣ་ན་པཱུ་ཛ་མེ་གྷ་ས་མུ་ཏྲ་སྤུ་ར་ཎ་ས་མ་ཡེ་ཨཱཿཿཧཱུྃ། དེ་བཞིན་དུ། ཕ་ལ་སྣ་ན། བྲི་ཧི་སྣ་ན། ལཛྫ་སྣ་ན། ཤངས་སྣ་ན། མ་ཎི་སྣ་ན། རྣམ་པ་སོ་སོའི་མགོར་ཨོཾ་དང་མཐར་པཱུ་ཛ་མེ་གྷ་སོགས་སྦྱར་ཏེ་ཅི་རིགས་སུ་བཟླ། བུམ་ཐོག་ཤུག་པ་སེ་ཤིང་འབྲས་བུའི་ཕྱིར། །རིན་ཆེན་སྤོས་ཆུ་སྦྱར་བས་འདག་ཆལ་ཟེར། །དེ་དག་བསྡུས་ལ་ལོགས་སུ་འཚག་པར་བྱ། །རབ་གནས་དགོས་ཚད་རྟེན་གསུམ་ལེགས་པར་བཤམས། །དེ་ཡི་མདུན་དུ་མཆོད་པ་སྣ་བདུན་བློབཤམས། །དེ་མདུན་རྟེན་རྣམས་ཀུན་གྱི་མཐོང་ས་རེད། །ཅོག་ཙེའི་སྟེང་དུ་སྟན་ཁེབས་བཀབ་བྱས་ནས། །དེ་སྟེང་འབྲུ་ཡི་ཚོམ་བུ་བཀོད་པའི་སྟེང་། །ཀ་ཊོ་ར་སོགས་ཁྲུས་སྡེར་ཆེན་པོ་བཤམས། །རྟེན་རྣམས་ཀུན་གྱི་གཡོན་ངོས་སློབ་དཔོན་འདུག །དེ་ཡི་གཡས་ངོས་མཆོད་གཞི་བྱས་པའི་སྟེང་། །དབང་བུམ་ཁྲུས་བུམ་འདག་ཆལ་བུམ་པ་གསུམ། །ཡི་དམ་གང་ཡིན་དེ་ཡི་དཀྱིལ་ཐང་བཤམས། །དེའི་མཐར་མཆོད་པ་སྣ་བདུན་སྤྱི་ལྟར་བཤམས། །སྨན་རཀ་གཏོར་གསུམ་ཚོགས་དང་གཏོར་འབུལ་སོགས། །ཡི་དམ་བདག་མདུན་འདོན་པའི་ཆས་རྣམས་བཤམས། །ཆོས་སྐྱོང་བདག་གི་སྲུང་མར་བསྐོ་འདོད་པ། །ནོར་ལྷ་གང་གི་དཀོར་བདག་བསྐོ་འདོད་པ། །དེ་དག་གཏོར་མ་ཆེ་ལ་གཙང་བར་


CMR034_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས། །ཡུངས་ཀར་གུ་གུལ་སུམ་བྷ་ནིས་སྔགས་འཚག །མཆོད་སྟེགས་ལོགས་སུ་རྡུལ་ཚོན་བཀོད་གསུངས་ཀྱང་། །ལོགས་སུ་སྒོ་ཁྲི་ལ་སོགས་སྟེགས་ཆེན་སྟེང་། །ཡང་ན་མཆོད་སྟེགས་བང་རིམ་ཅན་ཡང་རུང་། །རྟེན་མདུན་མིན་པའི་གཡས་གཡོན་གར་བདེ་རུ། །མཎྜལ་ཆེ་ལ་ལེགས་པ་གཅིག་དང་ནི། །འཛོམ་ན་རག་འགགས་ལི་སྡེར་ལ་སོགས་དང་། །མེད་ན་ཏིང་འགི་ཆེན་པོ་རྣམས་ཀྱི་ནང་། །ཟན་སྦྱར་དེ་སྟེང་ཤིང་ལ་ཙཀ་ལི་བཙུགས།།རྩ་བ་ནས་ཀྱིས་བཀང་བར་བྱ་བ་སྟེ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བཤམས། །སྐུ་གཟུགས་མཆོད་རྟེན་ཆེན་པོའི་མགོ་གྲངས་ཀྱིས། །ལྷ་བཤོས་ཆེ་ལེགས་མར་མེའང་དེ་རུ་བཤམས། །རང་གི་མདུན་དུ་ནས་ནི་མང་ཞིག་དང་། །སྔར་ནས་བསྔགས་པའི་ནས་སྡེར་སེར་པོ་བཤམས། །ཁྲུས་གདན་དྲུང་དུ་མཎྜལ་ཕུལ་རྒྱུའི་ནས། །ཁྲུས་རས་ལྷ་རྣམས་འགོས་པའི་དར་རས་ཚོགས། །སྙན་དར་ན་བཟའ་འབུལ་རྒྱུའི་དར་ཟབ་སོགས། །གལ་ཏེ་སྦྱིན་སྲེག་ལ་སོགས་བླུགས་ན་ནི། །དེ་ཡི་ཆས་ཀ་རྣམས་ཀྱང་འཛེམ་པར་བསག །དེ་ནས་དུས་ཚོད་གཟའ་སྐར་རིམ་པ་ནི། །ཉི་མ་བྱང་བགྲོད་དཀར་ཕྱོགས་གཟའ་ཚེས་སྐར། །སྦྱོར་བ་བྱེད་པ་བཟང་ལ་བརྩམ་པར་བྱ། །གང་ཚེ་གཟའ་དང་ཚེས་གཉིས་མ་མཐུན་ན། །ནག་པོའི་ཕྱོགས་ལའང་བརྩམ་པར་བྱ། །གང་ཚེ་ཐམས་ཅད་མཐུན་གྱུར་ན། །མི་རྣམས་བཀྲ་ཤིས་འཕེལ་བར་བྱེད། །གནམ་སྟོང་དང་ནི་དེ་བཞིན་དུ། །ཉི་ཤུ་དགུ་ལ་བྱ་བ་མིན། །ཞེས་པ་ལྟར་རོ། །


CMR034_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མ་ཤིས་པ་ནི། ཆུ་སྟོད་སྣར་མ་གྲོ་བཞིན་དབོ། །ལག་སྣོན་སྣུབས་དང་རྒྱལ་ཆུ་སྨད། །ཁྲུམས་སྨད་མེ་བཞི་མགོ་ལྷག་འཚམས་རྣམས་སོ། །ཕུར་བུ་ལག་པ་པ་སངས་ཟླ། །རྣམ་བཞི་ཤེས་པའི་གཟའ་ཡིན་ནོ། །ཉི་མ་སྤེན་པ་མིག་དམར་གསུམ། །ནོར་རྣམས་འཇོམས་པས་སྤང་བར་བྱ། །མདོར་ན་འཆི་སྦྱོར་བསྲེག་ཚེས་བིཏྟི་སྤུངས་པའི་དུས་སྦྱོར་བཟང་བ་ལ་བྱའོ། །ཞེས་གསུངས་ལྟར་རམ་འགྲུབ་སྦྱོར་བཟང་པོ་ལ། །ཡི་དམ་གང་ཡིན་བདག་མདུན་བུམ་གསུམ་མམ། །བདག་དང་མདུན་བསྐྱེད་ལས་བུམ་ཚང་བར་བྱ། །རྙིང་མ་ཡིན་ན་ལས་བྱུང་ཚར་གཅིག་གིས། །བདག་མདུན་བུམ་གསུམ་དུས་གཅིག་བསྐྱེད་པས་འཐུས། །ལས་བུམ་སོ་སོའི་གཞུང་ལྟར་ཡིན་མོད་ཀྱིས། །བདུད་རྩི་འཁྱིལ་པ་ཀུན་ལ་མཆོག་ཡིན་པས། །ཨོཾ་སྭ་བྷ་ཝས་སྦྱངས། ལས་བུམ་མི་དམིགས་པ་ལས་རིན་པོ་ཆེའི་བུམ་པར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃལས་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་སྔོན་གཡས་རྡོ་རྗེའི་དབྱུག་པ་དང་གཡོན་སྡིགས་མཛུབ་ཅན་ཁྲོ་བོའི་ཆས་དང་ལྡན་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿཿདམར་པོ། ཐུགས་ཀར་ཧཱུཾསྔོན་པོས་མཚན་པ་དེའི་ཐུགས་ཀར་ཧཱུྃལ་སྔགས་ཀྱིས་བསྐོར་བར་གྱུར་པ་ལ་དམིགས་ནས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་པའི་བཟླས་པ་ཅི་རིགས་སུ་བྱ། གང་ལྟར་ཡང་། ལས་བུམ་གྱི་བཟླས་པ་ཐོན་ནས་བུམ་གཉིས་མ་རྩ་བར་མི་


CMR034_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་རུང་ལྷན་ཐབས་ཀྱི་དགོངས་པ་བཞིན་དྲི་མ་ཁྲུས་བུམ་ལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བཟླ་ཞིང་། དེ་ནས་ཡོན་བདག་དངོས་སམ། མི་བདེ་ན་དེའི་ཚབ་ཀྱི་མིའམ། ཡོན་བདག་མང་པོ་ཡོད་ན་གང་འོས་གཅིག་གིས། སློབ་དཔོན་ལ་མཎྜལ་ཕུལ་ནས་རྗེས་ཟློས་མཛོད། ཀྱི། དུས་གསུམ་རྒྱལ་བ་ཀུན་གྱི་གཙོ། །དཀོན་མཆོག་གསུམ་གྱི་ངོ་བོ་མཆོག །བདག་ཉིད་ཆེན་པོ་དེ་ཉིད་མཁྱེན། །རབ་ཏུ་གནས་པར་མཛད་དུ་གསོལ། །ཅེས་ལན་གསུམ་ཞུའོ། །དེ་ནས་རྟེན་གྱི་མདུན་དུ་གནས་བདག་ལ་དཀར་གཏོར་འབུལ། རྒྱས་པར་གྲུབ་ན་ཆ་གསུམ་བཏང་། སློབ་དཔོན་ནམ་ལས་ཀྱི་རྡོ་རྗེས་ཏིང་ལོ་དང་བཅས་པའི་དཀར་གཏོར་གཅིག་རྟེན་ལ་གཡས་ཕྱོགས་ནས་ལན་གསུམ་གྱིས་ཕྱིར་བསྐོར་ཞིང་། ཨོཾ་སརྦ་བིབྷཱ་ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གཱིཉྩ་དཾ་བ་ལི་དེ་སྭཱ་ཧཱ། གཏོར་མ་དེ་རྟེན་ལ་ལན་གསུམ་བསྐོར་བའི་རྗེས་སུ། སྐུ་གསུང་ཐུགས་ཀྱི་རྟེན་འདི་རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཞི་བས་སྦྱང་བར་འོས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་གནས་སུ་དེངས་ཤིག །ཅེས་ཀྱང་བརྗོད་ལ་ཕྱིར་བཏང་། ཏིང་ལོ་ཆངས་བུ་སྔ་མ་ལྟར་བསྐོར་ཞིང་། ཨོཾ་སརྦ་བིགྷཱན་ན་མསརྦ་ཏ་ཐཱ་ག་


CMR034_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱཿ སརྦ་ཏད་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྷིཉྩ་དཾ་བ་ལི་དི་སྭཱ་ཧཱ། སུམ་བྷ་ནིས་བསྐྲད་པ་དང་། སྐུ་གསུང་ཐུགས་ཀྱི་རྟེན་རབ་ཏུ་གནས་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཞི་དྲག་ཕྱེད་མས་སྦྱང་བར་འོས་པ་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་གནས་སུ་དེངས་ཤིག །གལ་ཏེ་མི་འགྲོ་བ་དེ་དག་རྡོ་རྗེའི་མེ་ལྕེས་བརླག་པར་འགྱུར་རོ། །ཞེས་ཀྱང་བརྗོད་དེ་ཕྱིར་བཏང་ངོ། །རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས། ཧཱུྃ། འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཧཱུྃ། དཀྱིལ་འཁོར་ཆེན་པོའི་ས་གཞི་ལ་གནས་པའི། །ལྷ་ལ་སོགས་པའི་བགེགས་ཚོགས་ཀུན་ཉོན་ཅིག །ངས་ནི་གནས་འདིར་རབ་ཏུ་གནས་པར་བྱེད། །ཁྱེད་རྣམས་འདི་ནས་གཞན་དུ་འགྲོ་བར་གྱིས། །གལ་ཏེ་ང་ཡི་བཀའ་ལས་འདའ་བྱེད་ན། །ཡེ་ཤེས་ཅན་གྱི་རྡོ་རྗེ་འབར་བ་ཡིས། །མགོ་བོ་ཚལ་པ་བརྒྱར་ནི་འགས་འགྱུར་ཞིང་། །བགེགས་རྣམས་བརླག་པར་འགྱུར་བ་གདོན་མི་ཟ། །སུཾ་བྷ་ནི་སོགས་བརྗོད་ཅིང་རྟེན་ལ་གུ་གུལ་གྱིས་བདུག་ཡུངས་དཀར་གྱིས་


CMR034_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

བྲབ་ནས་རྟེན་ལ་བགེགས་ཀྱི་རིགས་ཞུགས་པ་ཡོད་ན་སྤྱན་དྲངས་པའི་ཁྲོ་བོའི་མེ་དང་མཚོན་ཆས་བསྐྲད་པར་བསམས་ལ། རྡོ་རྗེ་གསོར་ཞིང་དམིགས་པ་དྲུག་ཏུ་བྱ། དེ་ནས་ཆོ་ག་རང་རང་གི་གཞུང་བཞིན་དུ་སྲུང་འཁོར་བསྒོམ་སྟེ། རྙིང་མ་ཡིན་ན་བཀའ་བསྒོ་མཚམས་གཅོད་འདིར་སབ། གཉིས་པ་སྡིག་པ་སྦྱང་བ་ནི། བདག་ཉིད་ཀྱི་མདུན་དུ་ཏིལ་ནག་ལ་སྡིག་པའི་གཟུགས་བྱས་པའམ་མ་བྱས་པ་གང་རུང་། གཡས་སུ་མེ་གཡོན་དུ་ཆུ་རྣམས་སྣོད་སོ་སོར་བཞག་ལ་ཐམས་ཅད་ཀྱིས། སྙིང་ཁར་ཀཾལས་སྡིག་སྒྲིབ་ཀྱི་ངོ་བོ་སྡིག་པའི་གཟུགས་སུ་གྱུར་པ་ལྟེ་བ་ནས་ཧཱུྃལས་རྡོ་རྗེ་གནོད་སྦྱིན་དུ་གྱུར་པས་སྣ་སྒོའི་ལམ་ནས་དེད་ཅིང་མདུན་གྱི་ཏིལ་ལ་ཐིམ་པར་གྱུར། ལས་ཀྱི་རྡོ་རྗེས་ཏི་ལ་འགྲིམ་པ་ལ་སྣ་བུག་གཡས་ནས་རླུང་འབུད་པའི་ཚུལ་བྱས་ལ་སླར་མེ་ཆུའི་བར་དུ་བཞག་ལ། ཨོཾ་བཛྲ་ཀྲོ་ཏ་ཏྲི་ལོཀྱ་བི་ཛ་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས་བརྗོད་བཞིན་ལག་གཉིས་རྡོ་དྲིལ་འཛིན་པའི་མཐེབ་སྲིན་གྱིས་བླངས་ནས་གྱེན་དུ་ཕྱོགས་ལ་སྟེང་འོག་བརྗེ་གཡས་གཡོན་དུ་ལན་གསུམ་བསྐོར་དེ་སྔགས་རྫོགས་ནས་མེ་ཆུར་དོར་བའམ། སྔགས་རྫོགས་པ་དང་། །གཡས་སུ་ཡེ་ཤེས་ཀྱི་མེར་བསྲེག་གཡོན་དུ་རྒྱ་མཚོ་ཆེན་པོར་དོར་བས་སྦྱང་ཞིང་དག་པར་གྱུར། མེར་བསྲེགས་ཆུར་བླུགས་ཏེ་ཕྱིར་དོར་རོ། །མེ་ལོང་དུ་གཟུགས་བརྙན་འཆར་བར་བྱས་ལ། བཅོམ་ལྡན་


CMR034_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་བདག་གིས་ཡོ་བྱད་ཐམས་ཅད་དང་ལྡན་པའི་ཁྲུས་འདི་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་ལྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོད་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲིས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོའི་སྤོས་ཀྱིས་ཆུས། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཊི་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡིས། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱང་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནེ་སྭཱ་ཧཱ། རྟེན་དངོས་སམ་མེ་ལོང་དུ་ཤར་བའི་གཟུགས་ལ་དཱུར་ཝའི་ཕོན་པོའི་པིར་གྱིས་དྲི་བཟང་དང་སྦྱར་བའི་སྣུམ་དང་སྲན་དཀར་གྱི་


CMR034_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་མའི་འདག་ཆལ་བྱུགས་ལ་དེ་རྙེད་ཀྱི་མཉེ་ཞིང་དྲུད། དེ་ནས་ལས་བུམ་ཐོགས་ལ། ཁྲོ་ཆེན་བདུད་རྩི་འཁྱིལ་པ་ཡི། །བྱིན་རླབས་ཡེ་ཤེས་ཆུ་ཡི་ཁྲུས། །རྒྱལ་བའི་སྐུ་ལ་ཁྲུས་གསོལ་བས། །སྒྲིབ་པའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་ཨ་མྲྀ་ཏ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཊི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བཀྲུ་ཞིང་རོལ་ཆེན་བྱ་སྟེ། ཨ་མྲྀ་ཏའི་སྔགས་དང་། ལས་བུམ་དུ་ལྷ་གང་བསྐྱེད་པ་དེའི་མཚན་དང་སྔགས་སྦྱར་རོ། །དེ་ནས་དྲི་བཟང་གིས་བགོས་པའི་དར་རམ་རས་དཀར་པོ་ཐོགས་ལ། རྒྱལ་དང་རྒྱལ་བའི་སྲས་ཀྱི་སྐུ་རྣམས་ལ། །རས་དཀར་སྨན་དང་ལྡན་པས་སྐུ་ཕྱིས་པ་མི་ཤེས་སྒྲིབ་པ་མ་ལུས་ཀུན་བསལ་ནས། །ཉེས་པའི་ཚོགས་རྣམས་མ་ལུས་དག་གྱུར་ཅིག །ཨོཾ་ཧཱུཾ་ཏྲཾ་ཧྲཱིཿ བརྗོད་ཅིང་ཁྲུས་རས་ལ། ས་བོན་དེ་ལྔ་མཚོན་བྱེད་ཀྱི་དྲིའི་ཐིག་ལེ་ལྔ་བྱས་ལ། ཀ་ཡ་བི་ཤྭ་དྷ་ནེ་སྭཱ་ཧཱ། སྐུ་ཕྱི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱང་བཙོ་མ་བྱི་དོར་བྱེད་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤྭ་དྷ་ནེ་སྭཱ་ཧཱ། དྲིའི་སྣུམ་དང་འདག་ཆལ་བྱུག་ཅིང་མཉེས་ནས་དྲི་མ་ཁྲུས་བུམ་ཐོགས་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་


CMR034_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ན་མསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བི་ཤྭ་དྷ་ནེ་ཧཱུྃ། ཞེས་པ་ཁྲུས་གསོལ་སྤྱི་འགྲོ་ལ་གྲགས་པ་དང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ན་མསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་བི་ཤྭ་དྷ་ནེ་ཧཱུྃ། ཞེས་བུམ་གཉིས་མ་རྩ་བར་གསུངས་པ་དང་། རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཅེས་ཀྱང་ཁྲུས་གསོལ་ཡོངས་ལ་གྲགས་པ་རྣམས་རེ་རེའི་མཐར་ཡང་། ན་མསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བི་ཤུ་དྷ་ནེ་ཧཱུྃ། ཞེས་བཏགས་ལ་བརྗོད་ཅིང་བཀྲུས་ནས། སྔར་ལྟར། རྒྱལ་དང་རྒྱལ་བའི་སྲས་ཀྱི་སྐུ་རྣམས་ལ། །རས་དཀར་སྨན་དང་ལྡན་པས་སྐུ་ཕྱིས་པས། །མི་ཤེས་སྒྲིབ་པ་མ་ལུས་ཀུན་བསལ་ནས། །ཉེས་པའི་ཚོགས་རྣམས་མ་ལུས་དག་གྱུར་ཅིག །ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཿ ཀཱ་ཡ་བི་ཤྭ་དྷ་ནེ་སྭཱ་


CMR034_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། སངས་རྒྱས་གྱི་སྐུ་ལ། རི་བོ་ལྟར་ནི་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་དང་ལྡན། །མཆོད་གནས་རིན་ཆེན་འདི་དག་ལ། །།བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། ཁྲོ་བོའི་སྐུ་ལ། བསྐལ་པ་མཐའ་མའི་དངོས་འཇོམས་པ། །འཇིགས་བྱེད་མེ་ཡི་ཆ་བྱད་ཅན། །མགོན་པོ་སྙིང་རྗེའི་སྟོབས་ལྡན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། བླ་མའི་སྐུ་ལ། མཆོག་ཏུ་ཚིམ་ཞིང་སྐལ་བ་བཟང་། །དམ་པའི་བདུད་རྩི་མཛེས་ཆ་བྱེད། །དཔལ་ལྡན་བླ་མ་རྡོ་རྗེ་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། བྱང་སེམས་དང་ཉན་རང་གི་སྐུ་ལ། གདུལ་བྱའི་སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡི། །ཆ་ད་ལྷ་ཡི་རྣམ་པ་ཅན། །སྙིང་རྗེ་ཡིས་ནི་ངེས་གང་བས། །མཆོག་དང་ཕན་དང་བདེ་མཛད་པ། །མཆོག་ཏུ་དུལ་བ་དེ་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་


CMR034_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཞེས་དང་། གསུང་རབ་ལ། མ་རིག་འཇོམས་པའི་ཉི་མ་སྟེ། །སྲིད་པའི་ནད་ནི་སེལ་བའི་སྨན། །དམ་ཆོས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་དང་། །མཆོད་རྟེན་ལ། ཆོས་ཀྱི་སྐུ་ཡི་བདག་ཉིད་ཀྱི། །མཆོག་གིས་ཡོན་ཏན་གཟུགས་བརྙན་ཅན། །།མཆོད་རྟེན་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དང་། གཙུག་ལག་ཁང་སོགས་ལ། སངས་རྒྱས་གཟུགས་བརྙན་གནས་དང་ནི། །སློབ་མའི་དགེ་འདུན་གནས་ཀྱི་ས། །གཙུག་ལག་ཁང་དང་གནས་གཞན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུཾ། ཞེས་པ་རྣམས་ལ་རྟེན་དང་འཚམས་པས་སྐབས་ཐོབ་བཞིན་བརྗོད་པའམ། རྟེན་སྣ་ཚོགས་ལ་ཚང་བར་བརྗོད་པའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་སྦྱར་བ་བརྗོད་ཅིང་། དྲི་མ་ཁྲུས་བུམ་གྱིས་བཀྲུས་ནས་སྔར་ལྟར་སྐུ་ཕྱིས་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡི་ལེགས་བསྒོས་ཆུ། །ཁྲུས་ལེགས་


CMR034_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ཀྱིས་སྐུ་ཁྲུས་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་མ་ལ་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ། །ཚུལ་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཚུལ་ཁྲིམས་དྲི་ཡི་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ན་མསརྦ་ཏ་ཐཱ་ག་ཏ་ཕ་ལ་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། །འདི་ནི་བཟོད་པའི་རང་བཞིན་ཆུ། །ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་། །བཟོད་པའི་དྲི་ཡི་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །ན་མསརྦ་ཏ་ཐཱ་ག་ཏ་ཤི་ཧི་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འདི་ནི་བརྩོན་འགྲུས་རང་བཞིན་ཆུ། །ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་། །བརྩོན་འགྲུས་དྲི་ཡི་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ལཛྫ་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འདི་ནི་བསམ་གཏན་རང་བཞིན་ཆུ། །རྣམ་གཡེང་དྲི་མ་སྦྱོང་མཛད་ཅིང་། །བསམ་གཏན་དྲི་ཡི་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་ཤངས་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འདི་


CMR034_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཤེས་རབ་རང་བཞིན་ཆུ། །ཤེས་འཆལ་དྲི་མ་སྦྱོང་མཛད་ཅིང་། །ཤེས་རབ་དྲི་ཡི་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་སྐུ་ཁྲུས་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏ་མ་ཎི་སྣ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ།། ཕར་ཕྱིན་དྲུག་གི་ཁྲུས་བྱ། སྐུ་ཕྱི་བྱའོ། དེ་ནས་བདེ་ལེགས་ཀྱི་ཁྲུས་གསོལ་བ་ནི། ཡང་སྔར་ལྟར་དྲིའི་སྣ་བུམ་དང་འདག་ཆལ་ཕུལ་ནས། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱིས་ཆུ། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཞེས་བརྗོད་པ་སྔོན་དུ་འགྲོ་བས་དྲི་མ་ཁྲུས་བུམ་གྱིས་ཆུས་བཀྲུ་ཞིང་། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །


CMR034_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བདེ་ལེགས་ཤོག །ཅེས་བརྗོད་ལ་གོང་བཞིན་དུ་སྐུ་ཕྱི་བའང་བྱ་སྟེ། དེ་ལྟར་ཁྲུས་ཀྱི་ཚིགས་བཅད་རྒྱས་བསྡུས་གང་བྱེད་ཀྱང་ཁྲུས་ཚན་རེ་རྫོགས་པའི་མཚམས་སུ་རོལ་ཆེན་དང་སྔགས་ཚིག་ཀུན་གྱི་མཚམས་སུ་དྲིལ་བསིལ་དང་བཅས་པ་བྱའོ། །སྲབ་འཇམ་ཡངས་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་འབུལ་ལགས་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་བཛྲ་ཝསྡུ་ཨཱཿཧཱུྃ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཅེས་པ་ལ་གོང་གི་སྔགས་བཏགས་པའང་། བརྗོད་ཅིང་འབུལ། བཞི་པ་རྟེན་དང་བརྟེན་བསྐྱེད་པ་ནི། རྟེན་རྣམས་ལ། ཨོཾ་སྭ་བྷ་ཝ་ནས་ཧཾ་གིས། སྟོང་པའི་ངང་ལས་ཆོ་ག་རང་རང་གི་མདུན་བསྐྱེད་བཞིན་དུ་བསྐྱེད་དོ། །འདིར་དཀྱིལ་འཁོར་གང་ཡིན་པ་དེའི་སྤྱན་འདྲེན་བཞུགས་གསོལ་རྒྱས་པར་བྱ། མ་


CMR034_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཞིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཇི་ལྟར་སངས་རྒྱས་རྣམས་ནི་དགའ་ལྡན་ནས། །སྤྲུལ་པ་དམ་པ་ཏོག་དཀར་ལྷ་ཡི་བུ། །མི་ཕམ་མགོན་ལ་རྒྱལ་ཚབ་དབང་བསྐུར་ནས། །གཟིགས་པ་རྣམ་བཞིས་འཛམ་བུའི་གླིང་གཟིགས་ཤིང་། །གླང་ཆེན་ཐལ་དཀར་ལྟར་གཤེགས་ལྷུམས་ཞུགས་བཞིན། །རྡོ་རྗེ་རིན་ཆེན་པདྨའི་རིགས་མཆོག་དང་། །ལས་ཀྱི་རིགས་དང་དེ་བཞིན་གཤེགས་པའི་རིགས། །ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས། །དུས་འདིར་བདག་གིས་དད་པས་སྤྱན་འདྲེན་ནས། །རྟེན་མཆོག་འདི་ལ་འབྱོན་པར་མཛད་དུ་གསོལ། །ན་མ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཅེས་བརྗོད་ལ་ལག་པ་བསྣོལ་ཞིང་སེ་གོལ་བརྡབ་རོལ་ཆེན་བྱའོ། །དེ་ནས་གྲལ་དུ་འདུག་ལ། བཅོམ་ལྡན་ཁྱོད་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་དང་མཉམ་པ་ཡི། །


CMR034_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡེ་ཧཱུཾ། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁའ་ལ་བཞུགས་པར་བསམ་མོ། །རྟེན་གྱི་དྲུང་དུ་མཆོད་པ་གསར་པ་ཞིག་བཤམས་ལ། ཡི་དམ་གང་ཡིན་པ་དེའི་མཆོད་པ་རྣམས་རྒྱས་པར་འདོན་ཏེ། མཆོད་ཕྲེང་ལས་བྱུང་བ་ལྟར་གྱི་མཆོད་བསྟོད་རྒྱས་བསྡུས་སྐབས་དང་སྦྱར་བར་བྱའོ། །སྙན་གསན་དབབ་པ་ནི། འགྲེངས་པས་མེ་ཏོག་འཛིན་ཅིང་འདུད་པའི་ཚུལ་གྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་སྲས་དང་བཅས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་དགོངས་སུ་གསོལ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་དོན་དུ་རབ་ཏུ་གནས་པ་བགྱིད་པ་འཚལ་ནས་འདུས་པ་ཐམས་ཅད་བྱིན་གྱིས་རླབས་པ་དང་ད་ལྟ་ནང་པར་རྟེན་འདི་ལ་འབྱོན་པར་མཛད་དུ་གསོལ། ཞེས་མེ་ཏོག་འཐོར་ཞིང་རོལ་ཆེན་དང་བཅས་པ་ལན་གསུམ་བྱ་སྟེ། གལ་ཏེ་རྟེན་མང་པོ་ཡོད་ན་རྟེན་འདི་རྣམས་ལ་ཞེས་པའི་མང་ཚིག་གཞུག་གོ །ཞིབ་པར་བྱེད་ན་འདི་མན་ནས། ༈ །བདུན་པ་རྒྱས་གདབ་ཅིང་རྟེན་དགབ་པ་ནི། །


CMR034_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ཐོག་མར། རྟེན་རྣམས་ཀྱི་སྤྱི་བོར་འཁོར་ལོའི་ལྟེ་བར་ཨོཾ། མགྲིན་པར་པདྨའི་ལྟེ་བར་ཨཱཿཿ སྙིང་ཁར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཧཱུྃ་གིས་མཚན་པས་རྒྱས་གདབ་པར་གྱུར། རྟེན་དངོས་སམ་མེ་ལོང་དུ་ཤར་བའི་གཟུགས་ལ་གནས་གསུམ་དུ། འདོན་པ་དང་བསྟུན་ལ་རྡོ་རྗེའི་དྲིའི་ཐིག་ལེ་དང་བྱས་པས་རྒྱས་གདབ་ལ། ཧཱུྃ། རབ་མཛེས་དྲི་མེད་ཞལ་བསྲོ་བདུན། །ཡན་ལག་བདུན་ལྡན་བསོད་ནམས་རྟེན། །མི་ཤེས་ཉོན་མོངས་བསེར་བ་སྐྱོབས། །བྱང་ཆུབ་ཐོབ་ཕྱིར་དབུལ་བར་བྱ། །ཨོཾ་དྷི་པ་པྲ་སུ་ཡེ་སྭཱ་ཧཱ། ཞེས་དབུལ་ལོ། །ཨོཾ་བཛྲ་ཝས་ཧཱུྃ། ཞེས་དར་སེར་པོས་གདོང་ཕྱོགས་གསོལ་ཏེ། དེའི་དོན་ནི་རྒྱལ་བུ་རྒྱལ་སར་མ་བཏོན་པ་དང་འདྲ་སྟེ། ཡེ་ཤེས་པ་མ་བཅུག་གི་བར་མཆོད་པ་མི་དབང་བ་ཡིན་ནོ། །ཞེས་གསུངས་སོ། །ཚོགས་ཀྱི་མཆོད་པ་ཡོད་ནའང་བྱིན་གྱིས་རླབས་པའི་ཕུད་གཏོར་མ་བྲན་ལ་རྟེན་གཏོར་ཆོས་སྐྱོང་ལ་གཉེར་གཏད་བྱེད་རྒྱུའི་གཏོར་མ་ལས་གཞན་པའི་ཡི་དམ་དང་ཆོས་སྐྱོང་གི་གཏོར་མ་རྣམས་རང་རང་གི་ཆོ་གས་ཕུལ་བའི་རྗེས་སུ་ཚོགས་ལ་ལོངས་སྤྱོད་ལྷག་མ་བཏང་ནས་གཤེགས་གསོལ་མ་གཏོགས་པའི་དཀྱིལ་འཁོར་གྱི་རྗེས་མཆོད་བསྟོད་བཟོད་གསོལ་སོགས་ཆོ་ག་གང་ཡིན་གྱི་གཞུང་བཞིན་བྱ་སྟེ། དེ་དག་གི་ནུབ་དང་པོ་རང་དུ་གནས་པའི་སྟ་གོན་ནམ་སྔོན་འགྲོའི་ཆོ་གའོ། ༈ གཉིས་པ་དངོས་གཞི་ལ། ཕྱིར་ནངས་སྔ་བར་རྟེན་གཏོར་མ་གཏོགས་པའི་


CMR034_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཏོར་རྣམས་གསར་པ་བརྗེ་བའམ། མ་གྲུབ་ན་ཁ་གསོས་ལ། བདག་བསྐྱེད་ནས་བརྩམས་ཏེ་བདག་འཇུག་ཡན་ཆད་ཀྱི་ཆོ་གའི་གཞུང་མཆོད་བསྟོད་བཟླས་པ་རྣམས་རྒྱས་བསྡུས་ཅི་རིགས་སྐབས་དང་སྦྱར་བ་སྔར་ཉིན་བཞིན་བྱ་ཞིང་། བུམ་པ་བསྐྱེད་བཟླས་འབྲུ་དྲི་ཡུངས་ཀར་བྱིན་རླབས་རྣམས་མ་བྱས་ཀྱང་རུང་། སྤྲོ་ན་ཁྲུས་དང་སྐུ་ཕྱི་བ་སོགས་སྔར་ཉིན་ལྟར་ལས་ཅུང་བསྡུས་པ་ཙམ་བྱ་སྟེ། དེ་ནས་རྟེན་སྔར་བསྐྱེད་པ་རྣམས་གསལ་བཏབ་ལ། ཡེ་ཤེས་པ་སྤྱན་འདྲེན་བཞུགས་གསོལ་མཆོད་བསྟོད་རྣམས་སྟ་གོན་དུས་བཤད་པ་ལྟར་བྱས་ལ། སྙན་གསན་དབབ་པ་དང་། རྟེན་དགབ་པ་རྒྱས་གདབ་དང་བཅས་པ་དག་དོར་ནས། གོང་དུ་མ་བྱས་ན་བར་འདིར་མེ་ཏོག་གི་བསྙེན་པ་ཅི་འགྲུབ་ཞིག་བྱའོ།། ༈ །།གཉིས་པ་དངོས་གཞི་ཉི་མ་དྲུག་གི་དང་པོར་གསོལ་བ་གདབ་པ་ནི། ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ལ་འདུད་པའི་ཚུལ་གྱིས། འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་ཡོན་ཏན་


CMR034_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་མངའ་བདག་རྡོ་རྗེའི་རིགས་དང་། རིན་པོ་ཆེའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་དང་། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུ་མེད་པ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་འགྲོ་བ་ལྷ་དང་བཅས་པ་ལ་ཕན་པ་དང་བདེ་བའི་ཕྱིར་རྟེན་འདི་རྣམས་ལ་འབྱོན་པར་མཛད་དུ་གསོལ༔ ཞེས་མེ་ཏོག་འཐོར་ཞིང་རོལ་ཆེན་དང་བཅས་པས་ལན་གསུམ་དུ་བརྗོད་པའི་ཐ་མ་ལ། བྱོན་ནས་ཀྱང་བརྟན་པར་བཞུགས་སུ་གསོལ། ཞེས་བརྗོད་སྔགས་བྱིན་གྱིས་བརླབ་པའི་ཕྱིར། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏ་ཡ་ཨརྟ་ཏེ་སམྱཀཾ་བུདྡྷཱ་ཡཱ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་པ་དང་། འདིར་ཡི་དམ་གང་ཡིན་གྱི་བསྙེན་པ་དང་། རྟེན་ཉིད་ཀྱི་ལྷ་གཙོ་འཁོར་རྣམས་ཀྱི་སྔགས་ཅི་རིགས་སུ་བཟླ་ཞིང་བྱམས་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡུན་རིང་དུ་བསྒོམས་ནས། རྙིང་མ་ཡིན་ན་འདིར་རིག་འཛིན་བྱིན་འབེབས་བྱས་ནས།། ༈ །།གཉིས་པ་ཡེ་ཤེས་པ་གཞུག་ཅིང་མེ་ཏོག་དོར་བ་ནི། དཀྱིལ་འཁོར་གང་ཡིན་གྱི་ལྷ་ཚོགས་རྣམས། །ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་གྱུར། ཨཱཿ་ཝེ་ཤ་ཡ་ཨཱཿའི་བར་དུ་ཆོ་ག་རང་གཞུང་གི་དམ་ཡེ་བསྲེ་བ་བྱས་པའི་རྗེས་སུ། ཨོཾ་ན་མོ་བུདྡྷ་ཡ། ན་མོ་དྷ་ཡ། ན་


CMR034_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

མཿསཾ་གྷ་ཡ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེནྟ་ཏེཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཞེས་ལན་གསུམ་མམ་བདུན་ཙམ་བརྗོད་ཅིང་རོལ་ཆེན་དང་བཅས་པས་རྟེན་ལ་སྔར་བྱིན་གྱིས་རླབས་པའི་མེ་ཏོག་གི་ཆར་དབབ། དེ་ནས། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པོའོ། །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག། །ལྷ་དང་མི་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་གཉིས་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་པ་ལྟ་བུ་ལ་སོགས་པའི་བཀྲ་ཤིས་ཀྱི་སྒྲ་ཇི་རིགས་པ་བསྒྲགས་ཏེ་ཏིང་ངེ་འཛིན་གྱིས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་འབྲུ་དང་ཐ་དད་མེད་པར་བྱོན་ནས་རྟེན་སོ་སོ་ལ་ཐིམ་པས་གཉིས་སུ་མེད་


CMR034_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པར་བསམས་ལ། དེ་ནས་གྲལ་དུ་འདུག་ལ། གསུམ་པ་དབང་བསྐུར་བ་ནི། ཆོ་ག་རང་གི་གཞུང་ལྟར་སློབ་མ་དབང་བསྐུར་བའི་ཆོ་གས་དབང་བསྐུར། དབང་རྒྱས་པར་མ་གྲུབ་ན་ཡོན་བདག་གམ་མཆོད་གཡོག་པས་མཎྜལ་ཕུལ་ནས། ཀྱཻ། བླ་མ་སྐུ་གསུམ་བདག་ཉིད་ཅན། །དཀྱིལ་འཁོར་ཀུན་གྱི་མངའ་བདག་གཙོ། །རྟེན་དང་བདག་ཅག་འཁོར་བཅས་དང་། །དབང་རྫོགས་དམ་པ་བསྐུར་དུ་གསོལ། །རྣམ་རྒྱལ་བུམ་པ་ཐོགས་ལ། ཧཱུྃ། དྲི་མེད་ཕུན་ཚོགས་གཞལ་ཡས་ན། །ཡི་དམ་རྒྱལ་བའི་ལྷ་ཚོགས་བཞུགས། །རྟེན་མཆོག་འདི་ལ་དབང་བསྐུར་བས། །སྐུ་མཆོག་རྡོ་རྗེའི་དབང་ཐོབ་ཤོག །མ་འགགས་རང་བྱུང་འཛིན་པ་མེད། །ཆགས་མེད་སྐྱོན་བྲལ་རྒྱལ་བའི་གསུང་། །རྟེན་མཆོག་འདི་ལ་དབང་བསྐུར་བས། །བདེ་གཤེགས་གསུང་གི་དབང་ཐོབ་ཤོག །མ་བཅོས་སྤྲོས་བྲལ་ཆོས་ཀྱི་དབྱིངས། །ཀུན་ཁྱབ་རང་གསལ་ཐུགས་རྗེའི་བདག །རྟེན་མཆོག་འདི་ལ་དབང་བསྐུར་བས། །བདེ་ཆེན་ཐུགས་ཀྱི་དབང་ཐོབ་ཤོག །ཞི་རྒྱས་དབང་དྲག་མངོན་སྤྱོད་སོགས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས། །རྟེན་མཆོག་འདི་ལ་དབང་བསྐུར་བས། །དབང་བཞི་ཡོངས་རྫོགས་ཐོབ་


CMR034_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཡི་དམ་གང་ཡིན་གྱི་སྔགས་ཤམ་དུ། ཨ་བྷི་ཥིཉྩ་ཨོཾ་ཨཱཿཿཧཱུྃ་སྭཱ་ཧཱ། ཞེས་བུམ་པ་གནས་ལྔར་གཏུགས་བུམ་ཆུས་ཐིག་ལེ་བྱའོ། །དེ་མི་བདེ་ན་གཏུགས་པར་བསྒོམ། མེ་ལོང་ལ་འཆར་བའི་གནས་ལྔར་ཐིག་ལེ་བྱ། སྦྱིན་བདག་དབང་བསྐུར་ཡང་རུང་བར་བཤད་པས་སྐབས་དང་བསྟུན། འབྲུ་གསུམ་བརྗོད་ཅིང་ཐིག་ལེ་བྱ་བ་གོང་བཞིན་ལ། རྟེན་རྣམས་ཀྱི་སྤྱི་བོར་འཁོར་ལོའི་ལྟེ་བར་ཨོཾ། མགྲིན་པར་པདྨའི་ལྟེ་བར་ཨཱཿཿ སྙིང་ཁར་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་པར་གྱུར་པར་བསམ་མོ།། ལྔ་པ་སྤྱན་དབྱེ་བ་ནི། གསེར་གྱི་ཐུར་མ་ཐོགས་ལ་སྤྱན་དབྱེ་ཚུལ་བྱ་ཞིང་། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀླུ་ཙཀྵ་ས་མནྟ་ཙཀྵ་བྷི་ཤྭ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ལ་སྤྱན་དབྱེ་ཞིང་། ཤེས་བྱ་ཐམས་ཅད་ལ་གཟིགས་པའི་སྤྱན་ཕུན་སུམ་ཚོགས་པ་མངའ་ཞིང་སྦྱིན་བདག་ལ་ཞི་བས་གཟིགས་པ་ལྷུར་ལེན་པར་གྱུར། ཞེས་ཀྱང་བརྗོད་ཅིང་བསམ་མོ།། དྲུག་པ་བརྟན་པར་བྱ་བ་ནི། སློབ་དཔོན་གྱིས་རྡོ་རྗེས་རྟེན་ལ་རེག་ཅིང་། །


CMR034_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུ་རྟེན་འདི་རྣམས་འབྱུང་བ་ཆེན་པོ་བཞིའི་གནོད་པས་ཞིག་པར་མ་གྱུར་གྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འདི་རྣམས་ལ་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་བྱམས་པའི་ཐུགས་མཁྱེན་པའི་ཡེ་ཤེས་བརྩེ་བའི་ཐུགས་རྗེ་མཛད་པའི་ཕྲིན་ལས་སྐྱོབས་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྤྱིར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་གཞིར་ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། ཁྱད་པར་


CMR034_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་རྟེན་འདི་རྣམས་འབྱུང་བ་ཆེན་པོ་བཞིའི་གནོད་པས་མ་ཞིག་གི་བར་དུ་རྟེན་འདི་རྣམས་ལ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་འགྲོ་བ་ལྷ་དང་བཅས་པའི་སྐྱབས་གནས་དམ་པ་མཛད་དེ་རྟེན་འདི་མཐོང་བ་དང་ཐོས་པ་དང་དྲན་པ་དང་རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལས་ཕྱིར་མི་ལྡོག་པ་དང་རྟེན་འདི་རྣམས་གང་དུ་བཞུགས་པའི་སར་ཡང་སྐྱེ་འགྲོའི་སྡུག་བསྔལ་དང་གནོད་པ་ཐམས་ཅད་ཞི་ཞིང་བཀྲ་ཤིས་དང་བདེ་ལེགས་རྒྱ་ཆེན་པོ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། །»ཞེས་པའི་མཐར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། བརྗོད་པས་བརྟན་པར་བྱ་བའི་རྗེས་སུ། ཡེ་ཤེས་པ་རྣམས་དགྱེས་པ་དང་བཅས་ཏེ་རྟེན་ལ་དབྱེར་མེད་དུ་བརྟན་པར་བཞུགས་པར་གྱུར། ཅེས་ཀྱང་བརྗོད་ཅིང་བསམས་ནས་རྟེན་ཞལ་བསྒྱུར་བ་ནི། མགོན་པོ་བསྐལ་པ་ཇི་བཞིན་དུ། །སྣ་ཚོགས་གཟུགས་ནི་བཟུང་ནས་ཀྱང་། །ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་ཏུ། །དེས་ནི་འགྲོ་བའི་དོན་ཀུན་མཛོད། །བཅོམ་ལྡན་ཡི་དམ་འི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་འོད་དུ་ཞུ་བ་ལས། སྐུ་གསུང་ཐུགས་ཀྱི་རྟེན་སོ་སོའི་རྣམ་པར་གྱུར་པར་བསམ་མོ། །


CMR034_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་འབུལ་བ་ལས། མཆོད་པ་བཟང་དུ་བཤམས་ལ། ཆོ་ག་གང་ཡིན་གྱི་རང་གཞུང་ལྟར་བསངས་སྦྱངས་བྱིན་གྱིས་བརླབས་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་ཀུན། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མཿསརྦ་ཏ་ཐཱ་ག་ཏ་ཨབྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །མེ་ཏོག་ཇི་སྙེད་ཡོད་པ་ཀུན། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། ན་མསརྦ་ཏ་ཐཱ་ག་ཏ་པུངྒེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །བདུག་སྤོས་ཇི་སྙེད་ཡོད་པ་ཀུན། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མཿསརྦ་ཏ་ཐཱ་ག་ཏ་དྷུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །སྣང་གསལ་ཇི་སྙེད་ཡོད་པ་ཀུན། །བདག་གིས་གུས་པར་བཤམས་པ་འདི། །རྒྱལཾ་བ་སྲས་དང་བཅས་རྣམས་མཆོད། །ན་མསརྦ་ཏ་ཐཱ་ག་ཏ་ཨཱཿ་ལོ་ཀེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་


CMR034_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ཁམས་ནི་དཔག་མེད་ན། །དྲི་མཆོག་ཇི་སྙེད་ཡོད་པ་ཀུན། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མསརྦ་ཏ་ཐཱ་ག་ཏ་གནྡྷེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །ཞལ་ཟས་ཇི་སྙེད་ཡོད་པ་ཀུན། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མསརྦ་ཏ་ཐཱ་ག་ཏ་ནེ་ཝི་ཏྱ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། འཇིག་རྟེན་ཁམས་ནི་དཔག་མེད་ན། །སྒྲ་སྙན་ཇི་སྙེད་ཡོད་པ་ཀུན། །བདག་གིས་གུས་པར་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མསརྦ་ཏ་ཐཱ་ག་ཏ་ཤརྡ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་དང་། གཞན་ཡང་གོང་འོག་གི་རོལ་མོས་མཆོད་པ་ཀུན་ལ་རོལ་ཆེན་བྱའོ། །རྡོ་རྗེ་སེམས་དཔའ་བསྡུས་པ་ན། ཨོཾ་བཛྲ་ས་ཏཱ་སུ་སཾ་གྲ་ཧཱ། ཨོཾ་བཛྲ་ལཱ་སྱ་ཧཱུཾ། རྡོ་རྗེ་རིན་ཆེན་བླ་ན་མེད། ཨོཾ་བཛྲ་རཏྣ་མ་ནུ་ཏཱ་རཾ། ཨོཾ་བཛྲ་མཱ་ལེ་ཧཱུཾ། རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། ཨོཾ་བཛྲ་དྷརྨ་ག་ཡ་ནི། ཨོཾ་བཛྲ་གིརྟི་ཧཱི། རྡོ་རྗེ་ལས་ཀུན་བྱེད་པར་གྱུར། ཨོཾ་བཛྲ་


CMR034_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་ཀ་རོབྷ་ཝེ། ཨོཾ་བཛྲ་ནིརྟི་ཨཱཿ། དེ་བཞིན་དུ། རྡོ་རྗེ་སེམས་དཔའ་བསྡུས་པ་ན། ཨོཾ་བཛྲ་ས་ཏྭ་སུ་སཾ་གྲ་ཧཱ། ཨོཾ་བཛྲ་དྷུ་པེ་ཧཱུཾ། རྡོ་རྗེ་རིན་ཆེན་བླ་ན་མེད། ཨོཾ་བཛྲ་རཏྣ་མ་ནུ་ཏཱ་རཾ། ཨོཾ་བཛྲ་པུབྦེ་ཏཾ། རྡོ་རྗེ་ཆོས་ཀྱི་གླུ་བླངས་པས། ཨོཾ་བཛྲ་དྷརྨཱ་ག་ཡ་ནི། ཨོཾ་བཛྲ་ཨཱཿ་ལོ་ཀེ་ཧཱུྃ༔ རྡོ་རྗེ་ལས་ཀུན་བྱེད་པར་འགྱུར། ཨོཾ་བཛྲ་ཀརྨ་ཀ་རོནྡྷ་ཝེ། ཨོཾ་བཛྲ་གྷནྡྷེ་ཨ། ཞེས་པད་ཀོར་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད་པ་སྒེག་སོགས་བརྒྱད་དང་། གསེར་གྱི་འཁོར་ལོ་ནོར་བུ་རིན་པོ་ཆེ། །བཙུན་མོ་ཁྱིམ་བདག་གླང་པོ་རྟ་མཆོག་དང་། །གཡུལ་ལས་རྒྱལ་བྱེད་དམག་དཔོན་རིན་ཆེན་ཏེ། །རྒྱལ་སྲིད་རིན་ཆེན་བདུན་ཡང་འབུལ་བར་བགྱི། །ན་མཿསརྦ་ཏ་ཐཱ་ག་ཏ་སབྟ་རཏྣ་པྲ་ཏཱིཙྪ་ཨཱཿཧཱུྃ། ཞེས་པའམ། བདེ་བར་གཤེགས་པ་ཐམས་ཅད་ལ། །འཁོར་ལོ་རིན་ཆེན་འདི་འབུལ་བས། །སྲིད་པའི་འཁོར་ལོ་རྒྱུན་བཅད་དེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ༔ རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ནོར་བུ་རིན་ཆེན་འདི་འབུལ་བས། །བཀྲེས་ཤིང་ཕོངས་པ་རྒྱུན་བཅད་དེ། །འབྱོར་པ་ཕུན་སུམ་ཚོགས་པར་ཤོག །ཨོཾ་སརྦ་


CMR034_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཐཱ་ག་ཏ་མ་ཎི་རཏྣ་པུ་ཛི་ཏེ་ཨཱཿཿཧཱུཾ། རྒྱལ་བ་སྲས་དང་བཅས་རྣམས་ལ། །བཙུན་མོ་རིན་ཆེན་འདི་འབུལ་བས། །མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་༈ དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་སྟི་རཏྣ་པཱུ་ཛི་ཏེ་ཨཱཿཿཧཱུཾ། རྒྱལ་བ་སྲས་དང་བཅས་རྣམས་ལ། །བློན་པོ་རིན་ཆེན་འདི་འབུལ་བས། །ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་རུ་ཥ་རཏྣ་པུ་ཛི་ཏེ་ཨཱཿཧཱུཾ། རྒྱལ་བ་སྲས་དང་བཅས་རྣམས་ལ། །གླང་པོ་རིན་ཆེན་འདི་འབུལ་བས། །ལྟ་ངན་རྣམས་ནི་རབ་བསལ་ནས། །བླ་མེད་ཐེག་པ་རབ་ཞོན་ཏེ། །ཐམས་ཅད་མཁྱེན་གྲོང་བསྒྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཧསྟི་རཏྣ་པཱུ་ཛི་ཏེ་ཨཱཿཧཱུཾ། རྒྱལ་བ་སྲས་དང་བཅས་རྣམས་ལ། །རྟ་མཆོག་རིན་ཆེན་འདི་འབུལ་བས། །སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བསྒྲོད་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་རུངྒ་ཨ་ཤྭ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུཾ། རྒྱལ་བ་སྲས་དང་བཅས་རྣམས་


CMR034_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །དམག་དཔོན་རིན་ཆེན་འདི་འབུལ་བས། །ཉོན་མོངས་དགྲ་ལས་རབ་རྒྱལ་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཁངྒ་རཏྣ་པཱུ་ཛི་ཏེ་ཨཱཿཿཧཱུཾ། རོལ་མོ་སོགས་སོ་སོའི་ཕྱག་རྒྱ་དང་བཅས་པས་རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། རིན་ཆེན་གདུགས་དང་གསེར་ཉ་པདྨ་དུང་། །བུམ་པ་དཔལ་བེའུ་རྒྱལ་མཚན་འཁོར་ལོ་སྟེ། །ལྷ་ཡི་དགའ་ཚལ་མཛེས་པར་བྱེད་པ་ཡི། །བཀྲ་ཤིས་རྟགས་བརྒྱད་རྣམས་ནི་འབུལ་བར་བགྱི། །ན་མསརྦ་ཏ་ཐཱ་ག་ཏ་ཨཊྚ་ཧེ་ཏུ་མངྒ་ལཾ་པྲ་ཏིཙྪ་ཨཱཿཧཱུྃ། ཞེས་པས་བཀྲ་ཤིས་རྟགས་བརྒྱད་རྣམས་འབུལ་བར། སྤྲོ་ན། །ཧཱུཾ། རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །རྒྱལ་བའི་སྐུ་ལ་བསིལ་བྱེད་རྟེན་ཕུལ་བས། །འགྲོ་ཀུན་ཚ་གདུང་འཇིགས་དང་བྲལ་བར་ཤོག །ཨོཾ་ད་ཙི་ནི་ད་ཙི་ནི་སྭཱ་ཧཱ། ཧཱུཾ། རིན་ཆེན་གསེར་ཉ་དྲི་མེད་ཡེ་ཤེས་སྤྱན། །རྒྱལ་བའི་སྐུ་ལ་དྲི་བྲལ་མཆོག་ཕུལ་བས། །འགྲོ་ཀུན་ཡེ་ཤེས་སྤྱན་ལྡན་ཐོབ་པར་ཤོག །ཨོཾ་པྲ་ས་ཀ་རི་ཡེ་སྭཱ་ཧཱ། ཧཱུྃ། བཀྲ་ཤིས་དུང་དཀར་ཆོས་གསུང་ཚེམས་མཆོག་ལྡན། །དྲི་མེད་རྣམ་དག་བཀྲ་ཤིས་དུང་ཕུལ་བས། །འགྲོ་ཀུན་སྐྱེ་ཤི་ལོག་


CMR034_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་རྩད་གཅོད་ཤོག །ཨོཾ་མ་ནོ་སཏཱ་ཡེ་སྭཱ་ཧཱ། ཧཱུྃ། ཆགས་མེད་སྐྱོན་བྲལ་དྲི་མེད་པདྨའི་འདབ། །ཆོས་སྒྲ་རྒྱ་ཆེན་ལྗགས་ལ་འདི་ཕུལ་བས། །འགྲོ་ཀུན་ཡན་ལག་རྒྱ་མཚོའི་ཆོས་ཐོབ་ཤོག །ཨོཾ་ཏ་ཀ་ཏ་ཀ དུ་ན་དུ་ན། ཛ་ལ་ཛ་ལ། པྲ་ཛ་ལ་ཡེ་སྭཱ་ཧཱ། ཧཱུཾ། རྒྱལ་བའི་མགུལ་ལ་བཀྲ་ཤིས་བུམ་པའི་བཅུད། །ཆོས་སྒྲ་རྒྱ་མཚོའི་གསུང་གི་ང་རོ་ཡིས། །འགྲོ་ཀུན་ཏིང་འཛིན་ཟས་ཀྱིས་འཚོ་བར་ཤོག།ཨོཾ་མ་ལ་ཛ་ར་ཛ་ར་བི་ཤ་པི་ཤ་ཡེ་མ་ལ་ས་ཀ་སྭཱ་ཧཱ། བདེ་གཤེགས་ཐུགས་ལ་རིན་ཆེན་དཔལ་གྱི་བེའུ། །དྲི་མེད་མཚན་ལྡན་དམ་པ་ཕུལ་བ་ཡིས། །འགྲོ་ཀུན་འཁྲུལ་མེད་ཏིང་འཛིན་ལྡན་པར་ཤོག །ཨོཾ་བྷི་མ་ལེ་བྷི་མ་ལེ་པྲ་ས་ཀ་ར་མ་ཛུ་སྭཱ་ཧཱ། ཨོཾ་རྒྱལ་བའི་སྐུ་ལ་མི་ནུབ་རྒྱལ་མཚན་མཆོག །གུས་པས་འབུལ་བས་ལུས་ཅན་འགྲོ་བ་རྣམས། །མི་འགྱུར་གཡུང་དྲུང་རྟག་པའི་སྐུ་ཐོབ་ཤོག །ཨོཾ་ཛ་ཡེ་ཛ་ཡེ་པ་ཏེ་སརྦ་ཤ་ཏུཾ་བྷི་ན་སརྦ་དུཥྛན་ནཾ་པ་ནི་ཨ་ལོ་ཀ་པ་ར་ཙིཏྟ་སྭཱ་ཧཱ། ཧཱུྃ། དམ་ཆོས་རིན་ཆེན་ཆོས་ཀྱི་འཁོར་ལོའི་ཚུལ། །རྒྱལ་བའི་ཕྱག་ཞབས་མཚན་པར་རབ་ཕུལ་བས། །ཕྱོགས་དུས་ཀུན་ཏུ་ཆོས་འཁོར་བསྐོར་བར་


CMR034_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཨོཾ་ཙི་ལི་ཙི་ལི། མི་ལི་མི་ལི། སྤོ་ཏྲ་ཡ་སྭཱ་ཧཱ། སྐུའི་དབང་པོའི་གནས་སོ་སོར་འབུལ་ལོ། །འདོད་ཡོན་ལྔས་མཆོད་པ་ནི། ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་པ། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱུ་པ་ཀ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ནས་ཟིན་དང་མ་ཟིན་པའི། །ཡོན་ཏན་ཚིག་བརྗོད་སྒྲ་སྙན་ཡིད་འོང་ལྡན། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤབྷ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཿཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ནས་ཙནྡན་སྦྲུལ་སྙིང་དང་། །ཨ་གར་ལ་སོགས་དབང་པོ་ཚིམ་བྱེད་དྲི། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གྷནྡྷེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུཾ་སྭ་ཧཱ། ཕྱོགས་དུས་ཀུན་ན་རོ་དང་བཅུད་ལྡན་པའི། །ལུས་སེམས་བརྟས་བྱེད་རོ་མཆོག་ཅི་མཆིས་པ། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ནས་བློ་


CMR034_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱ་ས་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་སྭཱ་ཧཱ། ཕྱོགས་དུས་ཀུན་ན་འཇམ་མཉེན་འཁྲིལ་ཆགས་པའི། །རེག་བྱའི་ཁྱད་པར་འཕགས་པ་ཅི་མཆིས་པ། །མོས་བློས་རྒྱལ་བ་སྲས་བཅས་ལ་འབུལ་ན། །བཞེས་ནས་བླ་མེད་གྲུབ་མཆོག་བསྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྤརེ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ་སྭཱ་ཧཱ། སོ་སོའི་ཕྱག་རྒྱ་དང་བཅས་པས་ཕུལ་བའི་རྗེས། དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག།དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབེབས་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་


CMR034_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཏུ་འབྱུང་གྱུར་ཅིག །ཅེས་བརྗོད་པས་འཕགས་ཆེན་རྣམས་ཀྱིས་ཇི་ལྟར་མཆོད་པ་དང་མཐུན་པར་མཆོད་པའི་མོས་པ་བྱའོ། །མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་བྱེད། །ཡོན་ཏན་མཐའ་ཡས་དངོས་གྲུབ་མཆོག་རྣམས་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་ཆོས་མཆོག་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དོ། །དཔེ་ནི་ནམ་མཁའ་དང་ནི་བསྐྲུན་དུ་ཡོད་མ་ཡིན། །དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་འགགས་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་བསྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་མཉེས་གྱུར་ཀྱང་། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགགས་པར་ཡོངས་མི་འགྱུར། །ཨེ་མ་ཧོ།


CMR034_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པ། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱས་པ་སྟེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། །སངས་རྒྱས་ཐོམས་ཅད་འགྲུབ་པར་འགྱུར། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་སྟེ། །བླ་མོ་རྣམས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །


CMR034_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་ལྟ་བུར་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །གྲོགས་ཆེན་ཤེས་རབ་ཆེན་པོ་པ། །ཐུབ་ཆེན་དཔའ་བོ་ཆེན་པོ་པ། །སྲིད་པའི་མྱ་ངན་བརྒལ་བ་པོ། །བསྐལ་བཟང་སངས་རྒྱས་སྟོང་ལ་སོགས། །སྲས་དང་བཅས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དུ་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་མཛད་པ་ཡི། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་


CMR034_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པར་བགྱི། །ཞེས་སོགས་རྟེན་དང་མཚུངས་པའི་བསྟོད་པ་ཇི་རིགས་པའང་བྱའོ། །གཉིས་པ་བྱེ་བྲག་གི་མཎྜལ་འབུལ་བ་ལ། ཐུན་མོང་དང་སོ་སོའི་མངའ་འབུལ་ལས། ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །ཨོཾ་བཛྲ་རེ་ཁེ་ཨཱཿཿཧཱུྃ་སྭཱ་ཧཱ། ཡིས་གླིང་བཞི་རི་རབ་དང་བཅས་པའི་རི་མོ་འབུལ། དེ་ནས། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་དྲི་བཟང་དང་སྦྱར་བའི་ཁྲུས་ཆབ། སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝསྡུ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་ན་བཟའ་ཕུལ་ལོ། །མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །རྒྱལ་བ་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་


CMR034_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བ་མི་བཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སབྷ་མ་ཧཱ་རཏྣ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་རྒྱལ་སྲིད་རིན་ཆེན་བདུན་ཕུལ་ལོ། །ཐེག་མཆོག་བླ་རེ་གདུགས་དང་བ་དན་དང་། །བདུད་བཅོམ་རྒྱལ་མཚན་ལྷབ་ལྷུབ་སྟེང་འཕན་དང་། །གར་དང་རོལ་མོ་མཆོད་པའི་སྒྲ་དབྱངས་ཀྱིས། །རྒྱལ་བའི་དཀྱིལ་འཁོར་མཛེས་པས་བརྒྱན་པར་བགྱི། །ཨོཾ་བཛྲ་མ་ཧཱ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། འཕན་གདུགས་རྒྱལ་མཚན་སོགས་དབུལ། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །འཇིག་རྟེན་ཁྱིམ་བདག་རྣམས་ནི་དཔལ་བརྟེན་ནས། །བིར་ཝ་དྷརྦ་བུམ་པ་བཟང་དང་བཅས། །མདུན་དུ་བདར་ནས་བཀྲ་ཤིས་བྱེད་པ་ལྟར། །རྒྱལ་བ་སྲས་དང་བཅས་ལ་འབུལ་བར་བགྱི། །ཨོཾ་ཨཥཱ་མངྒ་ལཾ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་དབུལ། གཟུགས་སྒྲ་དྲི་རོ་རེག་ལྡན་པའི། །མཆོག་ཏུ་གྱུར་པའི་ལོངས་སྤྱོད་རྣམས། །བདག་གིས་དད་པས་འབུལ་བར་བགྱི། །ཅི་བདེ་བར་ནི་བཞེས་སུ་གསོལ། །ཨོཾ་བཛྲ་


CMR034_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཿཧཱུྃ་སྭཱ་ཧཱ། ཞེས་པས་འདོད་ཡོན་ལྔ་འབུལ་ཞིང་། དེ་ནས་སྣོད་མཛེས་པ་གཅིག་གམ་ལྔའི་ནང་དུ་སྨན་ལྔ་འབྲུ་ལྔ་དྲི་ལྔ་རིན་ཆེན་ལྔ་སྙིང་པོ་ལྔ་རྣམས་བླུགས་ལ་འབུལ་ཞིང་། །རྒྱལ་བ་མགོན་པོ་དཔལ་གྱི་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་པོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་པོ་ཐོབ་པར་ཤོག །ཨོཾ་བཛྲ་པཉྩ་པཉྩ་བི་མ་ལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་ལྔ་ཕྲག་ལྔ་དང་། རིན་ཆེན་དུ་མ་ལས་གྲུབ་སེངྒེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སྤྲོས་བྲལ་རྒྱལ་བ་རྣམས་ལ་འབུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །ཨོཾ་བཛྲ་སིདྡྷ་ཨཱཿ་ས་ན་ཨཱཿཿཧཱུྃ་སྭཱ་ཧཱ། ཞེས་སེངྒེའི་ཁྲི་འབུལ་ལོ། །གཉིས་པ་མངའ་འབུལ་བ་ལ་སྐུ་༧གཟུགས་མཆོད་རྟེན་གླེགས་བམ་གསུམ་གྱི། དང་པོ་སྐུ་གཟུགས་མངའ་འབུལ་ལའང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་སངས་རྒྱས་ལོངས་སྤྲུལ་བྱང་སེམས་ཉན་རང་སྐུ་གཟུགས་སོགས་ཀྱི་རིགས་ཐམས་ཅད་ལ་ཐུན་མོང་དུ་འབུལ་བ་ནི། སྙན་དང་ཤངས་དང་ཞལ་དབྱེའི་ཕྱིར། །སྒྲ་དང་དྲི་དང་ཚེམས་ཤིང་འབུལ། །ཞེས་པ་ལྟར་གྱི་གསེར་གྱི་སྤབ་བཞར་འབུལ་ཞིང་། ཉེ་རིང་མི་མངའ་ཀུན་ཏུ་གསལ། །ཐུབ་པའི་སྒྲ་འཛིན་རབ་


CMR034_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཀྱང་། །དག་བྱེད་བདག་གིས་འབུལ་ལགས་ཀྱི། །འགྲོ་རྣམས་རྟག་ཏུ་ཆོས་ཐོབ་ཤོག །ཨོཾ་བཛྲ་ཀཎ་ཤྭ་དྷ་ཡ་ཨཱཿཿཧཱུྃ་སྭཱ་ཧཱ། དེ་ནས་གསེར་གྱི་རྨོང་གཟེར་འབུལ་ཞིང་། ཟག་བཅས་ཕུང་པོའི་དྲི་སྤངས་ཀྱང་། །འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །མོས་པས་འཛིན་སྤྱད་འདི་འབུལ་བས། །འགྲོ་རྣམས་ཚུལ་ཁྲིམས་དྲི་ཐོབ་ཤོག །ཨོཾ་བཛྲ་རོ་མ་དྷ་ར་ཎི་ཨཱཿཧཱུྃ་སྭཱ་ཧཱ། གསེར་གྱི་ལྗགས་གཞར་འབུལ་ཞིང་། ཧཱུྃ། ཆོས་དབྱིངས་ཞལ་ལ་རོ་བྲོ་དབྱེར་མེད་ཀྱང་། །འགྲོ་ཀུན་ཆོས་རྣམས་རོ་གཅིག་མྱོང་བའི་ཕྱིར། །གསེར་ཐུར་དྲི་བྲལ་ཞལ་ལ་འདི་འབུལ་བས། །ཡན་ལག་ཆོས་སྣང་འགྲོ་ཀུན་ཚིམ་བྱེད་ཤོག།ཨོཾ་དི་བ་བྱ་མུ་ཁ་ཡ་གྷནྡྷེ་ཡེ་སྭཱ་ཧཱ། ཞལ་ཟས་སོགས་རོ་མཆོག་ཏུ་གྱུར་པ་འབུལ་ཞིང་། རོ་མཆོག་བརྒྱད་ལྡན་ཞལ་ཟས་མཆོག །དད་པས་རྒྱལ་ལ་འབུལ་ལགས་ཀྱིས། །ཆོས་ཀྱི་རོ་ནི་དགའ་བ་ཡིས། །འགྲོ་བ་ཐམས་ཅད་ཚིམ་གྱུར་ཅིག །ཨོཾ་དིབ་བྱ་མུ་ཁ་ཡེ་ཨཱཿཿཧཱུྃ་སྭཱ་ཧུ། ཚེམས་ཤིང་འབུལ་ཞིང་། རིན་ཆེན་ཀ་ར་ཝི་ར་ཡིས། །ཚེམས་ཤིང་དད་པས་འབུལ་བ་ཡིས། །རྒྱལ་བའི་གསུང་གི་དོན་རྟོགས་ཤོག །འགྲོ་ཀུན་སྐད་དུ་ཆོས་སྟོན་ཤོག །ཨོཾ་བཛྲ་ན་ཏ་ཤཱ་དྷ་ནི་


CMR034_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཿཧཱུྃ་སྭཱ་ཧཱ། ཞེས་བརྗོད། གཉིས་པ་ཐུན་མོང་མ་ཡིན་པ་ལ་གཉིས་ཀྱི་དང་པོ་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ལ་སོགས་རབ་བྱུང་གི་ཆ་ལུགས་ཅན་རྣམས་ལ་འབུལ་བ་ནི། སྤུ་གྲི་འབྲེག་སྤྱད་གོས་ལྷུང་བཟེད། ཅེས་པ་ལྟར། སྤུ་གྲི་ཐོགས་ལ། རྒྱལ་བའི་དབུ་སྐྲ་མཐོན་མཐིང་སྐྱོན་བྲལ་ཡང་། །གཞན་དོན་བསྒྲུབ་ཅིང་ཁྱིམ་པའི་རྟགས་སྤངས་ཕྱིར། །དད་པས་གསེར་གྱི་འབྲེག་སྤྱད་འདི་འབུལ་བས། །འགྲོ་རྣམས་སྡུག་བསྔལ་ཀུན་ལས་གྲོལ་བར་ཤོག །ཨོཾ་བཛྲ་ཀ་ཙོནུ་ལ་ཨཱཿཧཱུྃ་སྭཱ་ཧཱ། སེན་མོའི་འབྲེག་སྤྱད་ཐོགས་ལ། ཟངས་མདོག་ལྟར་མཛེས་ཡིད་འོང་སྐྱོན་བྲལ་ཡང་། །བདག་ཅག་དད་པས་ཕྱག་དང་ཞབས་རྣམས་ཀྱིས། །སེན་མོའི་འབྲེག་སྤྱད་ཕུལ་བས་འགྲོ་ཀུན་གྱིས། །སངས་རྒྱས་དཔེ་བྱད་བཟང་པོ་ཐོབ་པར་ཤོག །ཨོཾ་བཛྲ་ན་ཁཙྩད་ན་ཨཱཿཿཧཱུྃ་སྭཱ་ཧཱ། ཆོས་གོས་ཐོགས་ལ། ཇི་ལྟར་སྨན་པའི་རྒྱལ་པོ་འཚོ་བྱེད་ཀྱིས། །རྒྱལ་བའི་སྐུ་ལ་ན་བཟའ་གསོལ་བ་ལྟར། །དེ་བཞིན་འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །ཐར་པའི་རྒྱལ་མཚན་ངུར་སྨྲིག་གསོལ་བར་བགྱི། །ཨོཾ་བྷི་བྱ་བི་སི་པྲ་མ་ཎ་ཡེ་ཨཱཿ་ཧཱུཾ་སྭཱ་ཧཱ། ལྷུང་བཟེད་ཐོགས་ལ། ཇི་ལྟར་རྒྱལ་པོ་ཆེན་པོ་བཞི་པོ་ཡི། །དེ་བཞིན་གཤེགས་ལ་ལྷུང་


CMR034_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བཟེད་ཕུལ་བ་ལྟར། །དེ་བཞིན་འགྲོ་བ་སེམས་ཅན་དོན་གྱི་ཕྱིར། །ཡོན་ཏན་སྣོད་དུ་རུང་བ་འབུལ་བར་བགྱི། །ༀ་བུ་ག་ས་པ་རི་ཀ་རི་ཡེ་ཨཱཿཿཧཱུྃ་སྭཱ་ཧཱ། ཞེས་བརྗོད། གཉིས་པ་སངས་རྒྱས་ལོངས་སྤྱོད་རྫོགས་པའི་སྐུ་དང་སེམས་དཔའ་སེམས་མ་ཁྲོ་བོ་ཁྲོ་མོ་སོགས་ལོངས་སྐུའི་ཆ་ལུགས་ཅན་རྣམས་ལ་འབུལ་བ་ནི། དབུ་རྒྱན་དང་ནི་སོ་མང་དང་། །རྒྱན་ཕྲེང་ཡོ་བྱད་ཕྲན་ཚེགས་སོ། ཞེས་པ་ལྟར། དབུ་རྒྱན་ཐོགས་ལ། བདེ་གཤེགས་སྐུ་ལ་མཚན་དང་དཔེ་བྱད་ལྡན། །བྱང་ཆུབ་མཆོག་གི་རྒྱན་གྱིས་མཛེས་ལགས་ཀྱང་། །རིན་ཆེན་དབུ་རྒྱན་དར་དཔྱངས་ལ་སོགས་པ། །རྒྱན་གྱི་ཁྱད་པར་དམ་པ་མཆོད་པ་འབུལ། །ཨོཾ་རཏྣ་ཨ་ལངྐ་ར་ཨཱཿཧཱུྃ་སྭཱ་ཧཱ། དུང་གི་སོ་མང་ཐོགས་ལ། དབུ་སྐྲ་ལྕང་ལོ་མཐོན་མཐིང་གཡས་འཁྱིལ་བ། །རིན་ཆེན་འབར་བས་བརྒྱན་པ་རབ་ཏུ་མཛེས། །ལྷ་མི་ཀུན་གྱིས་ལྟ་བས་མི་ངོམས་ཏེ། །བསོད་ནམས་ཐོབ་ཕྱིར་རྒྱལ་བའི་དབུ་སྐྲ་བཤད། །ཨོཾ་ཀརྨི་ཏ་ར་ལ་ཨཱཿཧཱུྃ་སྭཱ་ཧཱ། རིན་ཆེན་རྒྱན་ཕྲན་ཐོགས་ཏེ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་ཆ་འབུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་འཐོབ་


CMR034_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །ཨོཾ་བཛྲ་ཨ་ལངྐ་ར་བྷཀྵ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་ཡོ་བྱད་ཕྲན་ཚེགས་རྣམས་འབུལ་ཞིང་། འགྲོ་བ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས། །ཇི་ལྟར་ཐུགས་དམ་རྒྱ་ཆེན་བཞེངས་པ་ལ། །མཁོ་བའི་ཡོ་བྱད་རྣམས་ནི་འབུལ་བར་བགྱི། །ཨོཾ་ཨཱཿཝ་ཡུ་ཡུ་ག་ས་མ་ར་ཀ་ར་ཝེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་བརྗོད། ཁྲོ་བོ་ལ་པྲོག་ཞུ་འབུལ་བ་ནི། ཧཱུྃ༔ ཞི་བ་གདུལ་དཀའ་ཆེ་བཙན་དྲག་པོ་ལ། །གདུལ་དཀའ་འདུལ་མཛད་རིགས་ལྔའི་གྲོགས་མཛད་རྟགས། །དེ་བཞིན་སྲོག་ཞུ་ཕུལ་བའི་གྲོགས་རྣམས་ལ། །རྗེས་སུ་འཛིན་ལ་གཡེལ་བ་མེད་པར་ཤོག །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཿབཛྲ་ཀ་ལེ་ཧཱུཾ། ཐོད་སྐམ་ཕུལ་ལ། གང་འདུལ་འགྲོ་འདུལ་ཆས་སུ་རབ་བཞེངས་རྟགས། །སྐམ་གཤེད་ཐོད་པའི་རྩིས་སུ་ཤར་བ་བཞིན། །གུས་པས་འབུལ་བའི་གདུལ་བྱའི་ཞིང་རྣམས་ཀུན། །སྨིན་ཅིང་གྲོལ་བའི་ལམ་ལ་འཁོད་པར་ཤོག །ཨོཾ་ཨཱཿཛྙཱ་ན་བཛྲ་ཨཱཿཧཱུཾ། མགོ་ཕྲེང་ཕུལ་ལ། ཧཱུྃ༔ ཐུགས་རྗེ་ཆགས་པས་འགྲོ་ཀུན་ངང་གིས་དགྲོལ། །རབ་འབྲིང་དམན་པའི་འགྲོ་བ་གྲོལ་བའི་མདངས། །སྐམ་རློན་ར་རིད་གསུམ་དུ་ཤར་བ་བཞིན། །ཕུལ་


CMR034_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

བས་འགྲོ་ཀུན་ཐབས་ལ་མཁས་པར་ཤོག །ཨོཾ་ན་ར་ཀ་ཧ་ར་ཨ་ཝ་ཧ་ར་ཧཱུཾ། གླང་ཆེན་ཀོ་རློན་ཕུལ་ལ། ཧཱུྃ༔ འཇིགས་བྱེད་ཆེན་པོའི་གཏི་མུག་དབྱིངས་ནས་གྲོལ། །ཐུགས་རྗེ་ཆགས་པ་ལྟ་བུའི་ཀོ་རློན་བརྒྱན། །དེ་བཞིན་ཕུལ་བས་བདག་སོགས་འགྲོ་བ་ཀུན། །ཐེག་མཆོག་ཡང་དག་སྟོན་ལ་མཁས་གྱུར་ཅིག །ཨོཾ་ཧ་དེར་ཝཊྚ་ཧཱུྃ་སྭཱ་ཧཱ། སྦྲུལ་ཆུན་ཕུལ་ལ། ཧཱི༔ གཙོ་བོའི་སྙིང་པོ་ཞེ་སྡང་ཡང་གྲོལ་གྱི། །གཉེན་ལྕགས་འཁྲིལ་བའི་ཡ་མཚན་ཆས་སུ་བཞེངས། །དེ་བཞིན་མངའ་གསོལ་འདས་ཀྱང་འགྲོ་ཀུན་གྱི། །ཞེ་སྡང་ལས་གྱུར་རྟོག་པ་ཞི་བར་ཤོག །ཨོཾ་པ་ན་ཏ་ཀ་པཱུ་ཛ་ཨཱཿཿཧཱུྃ། ཞིང་ལྤགས་གཡང་གཞི་ཕུལ་ལ། ཧཱུྃ༔ དཔའ་བོ་དབྱིངས་ནས་བདུད་བཞིའི་རྟོགས་ཚོགས་གྲོལ། །ལོག་རྟོགས་བཤུས་པའི་གཡང་གཞི་རོལ་པ་བཞིན། །ཕུལ་བས་སྲིད་གསུམ་གདུལ་བྱའི་ཞིང་ཁམས་ལ། །ཕྲིན་ལས་རྣམ་བཞིའི་ཐབས་ལ་མཁས་པར་ཤོག །ཧཱུྃ་བཾ་ཧཱུྃ་བསྟན་པ་ཁ་ཧཱུྃ། སྟག་ཤམ་ཕུལ་ལ། ཁྲོ་རྒྱལ་ཆེན་པོའི་གཞན་རྒྱུད་ལས་སྣང་དང་། །སོ་སོའི་རྟོག་ཚོགས་གཞོམ་པའི་རྟགས་སུ་བཀྲག །དཔའ་མཚན་ཆེན་པོ་འདི་ཡི་མངའ་གསོལ་བགྱི། །གཞན་རྒྱུད་


CMR034_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་བའི་ཆེ་བཙན་དབང་བར་ཤོག །ཨོཾ་བྱ་ཏྲི་པུ་ཀ་ཧཱུྃ། མེ་དཔུང་ཕུལ་ལ། མ་རིག་རྨོངས་པའི་རྟོག་ཚོགས་སྲེག་མཛད་པའི། །བསྐལ་པ་འཇིག་པ་ལྟ་བུའི་དབུས་སུ་བཞེངས། །ཆེ་བཙན་རྟགས་འདི་དཔལ་ཆེན་ལ་འབུལ་ནས། །འགྲོ་ཀུན་རྨོངས་ཚོགས་བསིལ་བའི་མཐུ་ལྡན་ཤོག །ཨོཾ་ཛྙཱ་ན་བཛྲ་ཀྲོ་ཏ་ཛྭ་ལ་རཾ་ཧཱུྃ་སྭཱ་ཧཱ། རཀྟའི་ཐིག་ལེ་ཕུལ་ལ། ཧྲཱིཿ གཙོ་མཆོག་འབར་བས་ཁམས་གསུམ་ཡོངས་སྒྲོལ་ཕྱིར།། །དམར་ཆེན་ཞལ་ལ་ཐིག་ལེར་གསལ་བ་བཞིན། །དབང་ཕྱུག་ཆེ་བའི་མཆོག་ལ་མངའ་གསོལ་གྱིས། །འགྲོ་བའི་དུག་གསུམ་གཞོམ་ལ་མཁས་གྱུར་ཅིག །ཨོཾ་བྷི་ཏུ་མ་ཧཱ་རཀྟ་ཧཱུྃ་སྭཱ་ཧཱ། ཞག་གི་ཟོ་རིས་ཕུལ་ལ། ཆོས་ཉིད་དབྱིངས་ནས་དྲག་པོའི་སྐུར་བཞེངས་ནས། །རྒྱུ་དྲུག་འཁོར་བའི་བཅུད་ཆེན་མཁུར་ཚོ་ནས། །ཟོ་རིས་ཤར་བཞིན་མཚན་རབ་མངའ་གསོལ་བའི། །རྒྱུ་དྲུག་བཅུད་ཆེན་ཀློང་དུ་ཚུད་པར་ཤོག །ཨོཾ་སུཾ་བྷ་ག་ཏ་ཡ་ཨཱཿ་ཧཱུྃ་སྭཱ་ཧཱ། དར་དཔྱངས་ཕུལ་ལ། ཧྲཱིཿ གཙོ་བོ་གཟི་མདངས་མི་བཟད་རྒྱན་དུ་ཤར། །གདུལ་བྱའི་དར་གྱི་ལྡ་ལྡི་དུ་མར་སྣང་། །གོས་ཀྱི་ཁྱད་པར་ཕུལ་བས་འགྲོ་བ་རྣམས། །


CMR034_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་རྣམ་བཞིའི་རྒྱན་དུ་ཤར་གྱུར་ཅིག །ཨོཾ་ཛྙཱ་ན་པཉྩ་ལི་ཀ་ཨ མགུལ་ཆུ་དང་དོ་ཤལ་ཕུལ་ལ། ཧཱི༔ ཁྲོ་རྒྱལ་ཡོན་ཏན་དུ་མའི་གཟི་མདངས་མཆོག །ཕྱི་ནང་མ་སྒྲིབ་མགུལ་ཆུ་དོ་ཤལ་འཕྱངས། །དེ་ཡི་རབ་མཛེས་རྒྱན་གྱི་ཁྱད་པར་མཆོག །ཕུལ་བས་གང་འདོད་ལོངས་སྤྱོད་འཕེལ་བར་ཤོག །ཨོཾ་རཏྣ་ཀརྨ་ཨཱཿ་ཕྱག་མཚན་གྱི་རིགས་ཕུལ་ལ། ཨེ་མ་ཧོ༔ བཅོམ་ལྡན་དམ་ཚིག་རྟེན་འདི་ལ། །རབ་ཞུགས་ཐུགས་ཀར་ཉི་གདན་ལ། །ཕྱག་མཚན་ལྟེ་བར་སྙིང་པོ་མཚན། །ཕུལ་བས་ནུས་མེད་བསྟན་པ་འཕེལ། །ཨོཾ་ཀརྨ་བཛྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་རྣམས་ནི་སྐུ་གཟུགས་ཀྱི་མངའ་འབུལ་ལོ། །གཉིས་པ་མཆོད་རྟེན་ལ་མངའ་འབུལ་བ་ནི། སྲོག་ཤིང་འཁོར་ལོ་ཅོད་པན་འཕན། །རྒྱལ་མཚན་གདུགས་དང་ཕྲེང་བ་གདན། །ཞེས་པ་ལྟར་ཅུང་ཟད་རྒྱས་པར་བྱེད་ན། དཔལ་མཁའ་སྤྱོད་པས་བཀྲ་ཤིས་རོལ་པར་གསུངས་པ་བཞིན་དུ་ཐོག་མར་སྲོག་ཤིང་ཐོགས་ལ། སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག །བསྟན་པ་ཡུན་རིང་གནས་པར་ཤོག །སེམས་ཅན་ལྷག་བསམ་ལྡན་པ་ཡིས། །ཀུན་བཟང་སྨོན་ལམ་ལ་འཇུག་ཤོག །ཨོཾ་བཛྲ་ཨཱཿ་ཡུ་ཥེ་སྭཱ་ཧཱ། དེ་བཞིན་དུ་འཁོར་ལོ་ཐོགས་ལ། ཁམས་གསུམ་སེམས་ཅན་མ་ལུས་པ། །སྟོབས་དང་མ་


CMR034_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེས་ཆོས་དང་ནི། །དྲན་པ་ཉེར་བཞག་རྣམ་ཐར་བརྒྱད། །ཡེ་ཤེས་ལྔ་སོགས་ལྡན་པར་ཤོག །ཨོཾ་པྲ་བར་དྷ་ན་ཡ་སྭཱ་ཧཱ། དར་གྱི་ཅོད་པན་ཐོགས་ལ། སེམས་ཅན་རྣམས་ནི་མ་ལུས་པས། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །དར་དང་ལྷབ་ལྷུབ་ལ་སོགས་པས། །བྱང་ཆུབ་མཆོག་ཏུ་མཆོད་པར་བགྱི། །ཨོཾ་པ་ཏངྒ་ལཾ་བྷ་ཡ་སྭཱ་ཧཱ། འཕན་ཐོགས་ལ། སེམས་ཅན་རྣམས་ནི་མ་ལུས་པས། །ཕྱོགས་བཅུར་སྙན་པ་བ་དན་ནི། །འཚེ་བ་མེད་ཅིང་ཆོས་ལྡན་པའི། །གྲགས་པས་རྒྱས་པར་འགེངས་པར་ཤོག །ཨོཾ་པ་ཏཾ་ཀ་སྭཱ་ཧཱ། ཆུ་སྲིན་གྱི་རྒྱལ་མཚན་ཐོགས་ལ། འཁོར་བ་མ་སྟོངས་བར་དུ་ནི། །བདུད་བཞི་དག་ལས་རབ་རྒྱལ་བ། །སྟོན་པའི་སྟོན་པ་ཟབ་མོ་དག །མི་ནུབ་རྒྱལ་མཚན་ཐོབ་པར་ཤོག །ཨོཾ་ཀུཉྩི་ན་དྷཱ་ཛ་ཡ་སྭཱ་ཧཱ། གདུགས་ཐོགས་ལ། ཁམས་གསུམ་སེམས་ཅན་མ་ལུས་པ། །ཉོན་མོངས་ཚད་པས་གདུང་བ་ལ། །ཐུགས་རྗེའི་བྱང་ཆུབ་སེམས་ཀྱི་གདུགས། །ཕུལ་བས་བདེ་དགའ་ཚིམ་པར་ཤོག །ཨོཾ་བྷ་མ་ར་ཡ་སྭཱ་ཧཱ། མེ་ཏོག་གི་ཕྲེང་བ་ཐོགས་ལ། ཁམས་གསུམ་སེམས་ཅན་མ་ལུས་པ། །མཚན་དང་དཔེ་བྱད་


CMR034_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་ཤོག །ལྟ་བས་མི་ངོམས་གཟུགས་ཀྱིས་ནི། །སེམས་ཅན་དོན་རྣམས་ཀུན་བྱེད་ཤོག །ཨོཾ་རཏྣ་མ་ལེ་ཏྲ་ན་མ་ཏྲེ་ཡ་དྷ་ཨ་ནུ་ག་ཏེ་པྲ་ཏིཥྛ་ཏི་སུ་པུཊྚེ་ཀེ་ཏ་བེ་ཏ་ཐཱ་ག་ཏ་ཡ་ཨདྷ་ཏེ་སཾ་མྱཀཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུབྦེ་ཨཱཿཧཱུྃ་སྭཱ་ཧཱ། རིན་པོ་ཆེ་ལ་སོགས་པའི་གདན་ཐོགས་ལ། སེམས་ཅན་མ་ལུས་སངས་རྒྱས་ཏེ། །སྟོབས་བཅུ་ལྡན་པས་གླང་པོའི་གདན། །མི་འཇིགས་བཞི་ལྡན་སེངྒེའི་གདན། །རྫུ་འཕྲུལ་རྐང་པ་རྟ་ཡི་གདན། །ཐོགས་མེད་ཤུགས་ལྡན་མཁའ་ལྡིང་ལྡན། །འདོད་དགུ་འབྱུང་བའི་རིན་ཆེན་གདན། །སྐྱོན་གྱིས་མ་ཚོགོས་པདྨའི་གདན། །རང་བཞིན་འོད་གསལ་ཉི་ཟླའི་གདན། །གདན་རྣམས་མྱུར་དུ་ཐོབ་པར་ཤོག །ཨོཾ་པུ་ན་དྷ་རི་ཛ་ཡེ་སྭཱ་ཧཱ། ཞེས་འབུལ་བའོ། །བསྡུ་ན་བུམ་གཉིས་མ་རྩ་བ་ལས་བྱུང་བ་ལྟར་རྡོ་རྗེའི་སྲོག་ཤིང་དང་རྒྱན་གྱི་མིང་ཇི་ལྟར་བྱུང་བ་ལ་རེག་ཅིང་། བྱང་ཆུབ་ཤིང་མཆོག་ཆོས་འཁོར་གདུགས་ཀྱི་རྒྱན། །ཅོད་པན་ཆུ་སྲིན་རྒྱལ་མཚན་ཕྲེང་བ་དང་། །རིན་ཆེན་རྒྱན་མཆོག་ཡིད་འོང་མཛེས་པ་འདི། །བསོད་ནམས་ཕུན་སུམ་ཚོགས་ཕྱིར་ཕུལ་བ་ཡིས། །འགྲོ་རྣམས་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤོག །ཨོཾ་བཛྲ་ཉི་ན་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པ་ཙམ་


CMR034_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་དབུལ་ཏེ་དེ་རྣམས་ནི་མཆོད་རྟེན་གྱི་མངའ་འབུལ་ལོ། །གསུམ་པ་གླེགས་བམ་གྱི་མངའ་འབུལ་ནི། ཆོས་ཁྲི་དང་ནི་ན་བཟའ་དང་། །གླེགས་ཤིང་གླེགས་ཐག་དབུལ་བར་བྱ། །ཞེས་པ་ལྟར། རིན་ཆེན་དུ་མ་ལས་གྲུབ་སེངྒེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་དགབ་པ་ཡི། །སྤྲོས་བྲལ་གསུང་རབས་ཆོགས་ལ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་བཞུགས་པར་ཤོག །ཨོཾ་བཛྲ་སིདྡྷི་ལ་ས་ན་ཧཱུྃ་སྭཱ་ཧཱ། ཞེས་ཆོས་ཁྲི་ཕུལ་ལོ། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པ། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ཨོཾ་བཛྲ་ཝས་ཨཱཿཧཱུྃ་སྭཱ་ཧཱ། ཞེས་པས་ན་བཟའ་ཕུལ་ལོ། །ཟུང་འཇུག་དམ་ཆོས་འཛིན་པ་ཀུན་བྲལ་ལ། །ཐབས་དང་ཤེས་རབ་རྗེས་སུ་འབྲེལ་གྱུར་པའི། །ཉི་ཟླ་ལྟ་བུའི་རྟེན་འབྲེལ་དགབ་བྱ་བ། །ཕུལ་བས་སྐྱེ་བོས་ཟུང་འཇུག་རྟོགས་པར་ཤོག །ཨོཾ་བཛྲ་པྲཛྙཱ་ཨུ་པ་ཡ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་གླེགས་ཤིང་ཕུལ་ལ། སྤྲོས་པ་དུ་མ་རབ་ཏུ་རྒྱས་གྱུར་ཀྱང་། །ཡེ་ཤེས་ཆེན་པོ་རོ་གཅིག་གྱུར་པ་ལྟར། །གླེགས་བམ་གཅིག་གྱུར་ཡོ་བྱད་མཆོག་ཕུལ་བས། །འགྲོ་ཀུན་


CMR034_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཆེན་པོ་རྟོགས་པར་ཤོག །ཨོཾ་བཛྲ་པུཏྟི་ཀ་བྷན་ཨཱཿཧཱུྃ་སྭཱ་ཧཱ། ཞེས་གླེགས་ཐག་དབུལ་ཏེ། དེ་རྣམས་ནི་གླེགས་བམ་གྱི་མངའ་འབུལ་ལོ། །དེ་ནས་ཐུན་མོང་རྩ་རུ་བཟའ་བ་འབུལ་བ་ནི། སྣོད་བཟང་པོར་ལྷ་བཤོས་ཆེན་པོ་རྒྱན་གྱིས་བརྒྱན་ཅིང་བཟའ་བཏུང་སྣ་ཚོགས་པས་བསྐོར་བར་བཤམས་ཏེ། བླ་མེད་ཀྱི་ཆོ་ག་དང་འབྲེལ་བའི་དགའ་སྟོན་ལ་ཚོགས་ཀྱི་མཆོད་པ་ཡོད་ན་སྐབས་འདི་རང་རང་གི་གཞུང་ལྟར་བྱིན་གྱིས་རླབས་པའི་ཕུད་ཀྱང་ཞལ་ཟས་དེར་བྲན་ནས། ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷ༔ ཞེས་བྱིན་གྱིས་བརླབས་ནས། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འོང་བའི། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་མ་ལུས་པ། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་སརྦ་དི་བྱ་ཨར་ས་མ་དྷི་དྷ་ན་པྲ་ཎ་ནི་ཨཱཿཿཧཱུྃ་སྭཱ་ཧཱ། ཞེས་དབུལ་ལོ། །དེ་ནས་བུམ་གཉིས་མ་རྩ་བར་མ་གསུངས་ཀྱང་སྔགས་ཀྱིས་མངའ་འབུལ་བྱ་བར་སྤྲོ་ན། སློབ་དཔོན་གྱི་རྡོ་རྗེས་རྟེན་ལ་རེག་པའམ། གཟུངས་ཐག་བཏགས་པའི་སྣེ་བཟུང་། ཐམས་ཅད་ལ་མེ་ཏོག་གཏད་ལ་གོང་གི་ཡེ་ཤེས་པ་གཞུག་པའི་སྐབས་སུ་བཤད་པ་ལྟར་གྱིས། ཨོཾ་ཡེ་དྷརྨ་དང་། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཨོཾ་ཧཱུྃ་ཧཱིཧིཾ་ཁཾ་བཛྲ་བྷ་ཝ་དྲི་ཌྷ་ཏིཥྛ་བྷཱུ་ཁཾ་སྭཱ་ཧཱ། རྟེན་དེ་ཉིད་ལས་འོད་ཟེར་སྣ་ཚོགས་སྤྲུལ་སྐུར་འཕྲོས་ཏེ་སྟོང་གསུམ་ལ་


CMR034_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འཇིག་རྟེན་ཁམས་ཁྱབ། མཛད་པ་བཅུ་གཉིས་ཚུལ་གྱིས་འགྲོ་བ་འདུལ་བར་གྱུར། །ལན་གསུམ་ཡེ་དྷརྨཱ་རེ། དེས་སྤྲུལ་སྐུའི་ཕྲིན་ལས་འགྲུབ་བོ། །རྟེན་དེ་ཉིད་མཚན་དཔེ་ཕུན་སུམ་ཚོགས་པའི་འོད་ཀྱིས་འཇིག་རྟེན་གྱི་ཁམས་གསུམ་ཁྱབ། མཛད་པ་བཅུ་གཉིས་ཚུལ་གྱིས་འགྲོ་བ་འདུལ་བར་གྱུར། ལན་གསུམ། ཡེ་དྷརྨཱ། དེས་སྤྲུལ་སྐུའི་ཕྲིན་ལས་འགྲུབ་བོ། །རྟེན་དེ་ཉིད་མཚན་དཔེ་ཕུན་སུམ་ཚོགས་པའི་འོད་ཀྱིས་འཇིག་རྟེན་གང་བར་གྱུར། ལན་གསུམ། ཡེ་དྷམཱ། དེས་ལོངས་སྐུའི་ཕྲིན་ལས་འགྲུབ་བོ། །དེ་རྗེས་སློབ་དཔོན་སློབ་མར་བཅས་པ་དེ་ཉིད་རྟེན་དང་ཡོན་བདག་ལ་སོགས་པ་ཆོས་རྣམས་སེམས་ཉིད་རང་བཞིན་གཉིས་མེད་ངང་ལ་གཏད་རང་གནས་སུ་ལྷོད་ཀྱིས་ཀློད་ལ་བཞག །དེས་ཆོས་སྐུའི་ངང་དུ་སེམས་ཉིད་རྣམ་པར་དག་པར་གྱུར་རོ། །རྟེན་དེ་ཉིད་ལས་རང་བྱུང་རང་གྲོལ་སྐྱོན་མེད་དུ་མོས་བྱ་ཞིང་། གསུམ། ཡེ་དྷརྨཱ། ཞི་བའི་ལས་འགྲུབ་བོ། །རྟེན་དེ་ཉིད་དགོས་པ་ཀུན་འབྱུང་དུ་བསམས་ལ། གསུམ། ཡེ་དྷརྨཱ། རྒྱས་པའི་ལས་འགྲུབ་བོ། །རྟེན་དེ་ཉིད་འཇིག་རྟེན་དབང་ཕྱུག་ཏུ་བསམ། གསུམ། ཡེ་དྷརྨཱ། དབང་གི་ཕྲིན་ལས་འགྲུབ་བོ། །རྟེན་དེ་ཉིད་ཀརྨ་ཧེ་རུ་ཀར་བསམ། རྟེན་དེ་ཉིད་ཀུན་སྒྲོལ་ཀརྨ་ཧེ་རུ་ཀར་བསམ། གསུམ། ཡེ་དྷརྨཱ།


CMR034_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་སྤྱོད་ཀྱི་ཕྲིན་ལས་འགྲུབ་བོ། །གསུམ་པ་རྗེས་ཀྱི་ཆོ་ག་རབ་གནས་ཀྱི་རྗེས་ཆོག་དང་དཀྱིལ་འཁོར་གྱི་རྗེས་ཆོག་གཉིས་ཀྱིས་དང་པོ་ལ་དྲུག་ལས། དང་པོ་གཏོར་མ་འབུལ་བ་ནི། ཆོ་གའི་གཞུང་གང་ལ་བརྟེན་པ་དེ་ཉིད་ཀྱི་དཀྱིལ་འཁོར་ལ་སོགས་པའི་གཏོར་མ་སོ་སོའི་ཆོ་གས་འབུལ་ཞིང་། གཉིས་པ་ཆོས་སྐྱོང་སྐོང་བ་ནི། དེ་ནས་ཆོས་སྐྱོང་སྲུང་མ་སྤྱི་དང་ཁྱད་པར་དུ་ནག་པོ་ཆེན་པོ་དང་རྣམ་ཐོས་ཀྱི་བུ་སོགས་ལ་དམིགས་པའི་གཏོར་མ་གཏའ་གཏོར་དང་བཅས་པ་རྣམས་རང་རང་གི་གཏོར་ཆོ་ག་རྒྱས་པའམ་བསྡུས་ན་མ་དག་སྣོད་བཅུད་མ་ལྟ་བུའི་གཏད་པའི་རྗེས་སུ་ཕྱག་བཞེས་མཐོང་བརྒྱུད་ལས་བྱེད་པ་ལྟར་གཏའ་གཏོར་བཏེག་ལ། ཧཱུྃ། སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་མཐུ་རྩལ་ཅན། །དེང་གི་གནས་མཆོག་དམ་པ་འདིར། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་འདི། །སངས་རྒྱས་བསྟན་པ་གནས་ཀྱི་བར། །རྟེན་གསུམ་བསྲུང་བའི་དཀོར་བདག་མཛོད། །མཐུན་པའི་རྐྱེན་རྣམས་མ་ལུས་སྒྲུབས། །གནོད་ཅིང་འཚེ་བའི་རུ་ཊ་རྣམས། །མངོན་སྤྱོད་ཐལ་བ་རྡུལ་དུ་རློགས། རང་གི་ལུས་དང་གྲིབ་བཞིན་དུ། །རྟག་ཏུ་སྲུང་དང་སྐྱོབ་པར་མཛོད། །ཅེས་གཉེར་གཏད་དྲག་ཏུ་བྱའོ། །དེ་ནས་ཐམས་ཅད་ཀྱིས་མེ་ཏོག་བཟུང་ཞིང་ཐལ་མོ་སྦྱར་ལ་བདེན་པའི་སྟོབས་བརྗོད་དོ།། ན་མོ།


CMR034_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་དང་། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང་། །ཆོ་ག་རྟེན་འབྲེལ་ཟབ་མོའི་མཐུས། །།བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། །རྒྱལ་བའི་སྐུ་གསུང་ཐུགས་རྟེན་ལ། །བསོད་ནམས་དང་ནི་ཡེ་ཤེས་ཀྱིས། །ཚོགས་ཆེན་མ་ལུས་ཡོངས་རྫོགས་ཕྱིར། །དེང་ནས་འཁོར་བ་གནས་ཀྱི་བར། །བདག་ཅག་འགྲོ་བ་ཐམས་ཅད་ཀྱིས། །ཕྱག་མཆོད་གུས་པའི་རྟེན་མཛད་ནས། །རྟག་ཏུ་མཆོད་ཅིང་བཀུར་བར་ཤོག །བསོད་ནམས་དགེ་ཚོགས་འདི་ཡི་མཐུས། །བདག་ཅག་ཚེ་དཔལ་གཟི་བརྗིད་ལྡན། །ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་དང་། །ཡོན་ཏན་མཐའ་ཡས་འགྲུབ་པར་ཤོག །ཆོས་སྐྱོང་བའི་སྲུང་མ་ཁྱེད་རྣམས་རབ་ཏུ་གནས་པར་བྱ་བའི་རྟེན་འདི་རྣམས་ཀྱི་ཡོན་བདག་གྱིས་ལ་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སྲུངས་ཤིག་སྐྱོབས་ཤིག །ཕྲིན་ལས་སྤེལ་ཅིག ཅེས་བརྗོད་པའི་མཐར་རོལ་ཆེན་དང་བཅས་ཏེ་གཏའ་གཏོར་རྟེན་གྱི་དྲུང་དེ་ཉིད་ལ་ཕྱོགས་པས་བཞག་པའམ། རྡོ་རྗེ་བསྡོམས་པས་ཆོས་སྐྱོང་གི་སྙིང་ཁར་བཞག་ཚུལ་བྱ་ཞིང་། ཨོཾ་བཛྲ་རཀྵ་ཧཱུྃ། ཞི་སྔགས་ཀྱིས་གོས་བཀོན་ཏེ་ནུས་


CMR034_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསྐྱེད་ནས་མགོ་བོར་རྡོ་རྗེ་བཞག་པའི་ཚུལ་གྱིས། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །གལ་ཏེ་དམ་ལས་འདས་གྱུར་ན། །ཞིག་འགྱུར་འདི་ལ་ཐེ་ཚོམ། མེད། །ཨོཾ་མ་ཧཱ་ས་མ་ཧ་ན་ཧཱུྃ་ཕཊ། ཅེས་པས་དམ་ལ་བཞག་སྟེ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ནས་རྩ་བའི་བླ་མའི་བར་དུ་བྱོན་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་བཀའ་དང་དམ་ལས་མི་འདའ་བ་ཚུལ་བཞིན་ཏུ་རྣལ་འབྱོར་པ་བདག་ཅག་གི་གཡར་དམ་ལ་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། བདག་དང་ཡོན་བདག་འཁོར་དང་བཅས་པ་རྣམས་བསྲུང་བ་དང་། བསམ་པ་ཐམས་ཅད་འགྲུབ་ཅིང་ཕྲིན་ལས་རྣམ་པ་བཞི་ལྷུན་གྱིས་གྲུབ་པ་དང་། རྟེན་འདི་རྣམས་ལ་མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་ཆད་པར་གྱིས་ལ་ཕྲིན་ལས་སྤེལ་ཅིག།ཅེས་ཀྱང་བརྗོད་པས་བཀའ་བསྒོས་ལ་གཏའ་གཏོར་རྟེན་ལ་ཕྱོགས་ཏེ་བཞག་གོ །གསུམ་པ་མཆོད་ཅིང་བཟོད་པར་གསོལ་བ་ནི། རབ་ཏུ་གནས་པ་འགྲུབ་པའི་རྟེན་རྣམས་ཀྱི་སྤྱན་སྔར་མཆོད་པ་བཟང་དུ་བཤམས་ནས། ཡི་དམ་གང་ཡིན་གྱི་ཕྱི་མཆོད་ཀྱིས་འབུལ། དེ་ལ་རབ་གནས་ཆགས་པའི་རྟགས་སུ། ཕྱི་རྟགས་སུ་དེ་ཉིན་འབྱུང་བ་སྙོམས་པ་དང་། འཇའ་འོད་ཀྱི་གུར་ཕུབ་པ་


CMR034_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མེ་ཏོག་གི་ཆར་ལེགས་པར་འབབས་པ། ས་གཡོ་བ། ནང་རྟགས་སུ་རྟེན་ལ་འོད་འཕྲོ་བ། རྟེན་དེ་ལ་མེ་ཏོག་ཆགས་པ་སོགས་འབྱུང་ངོ། །གསང་རྟགས་སུ་རྟེན་ལ་སེམས་ཟིན་པ་དང་། འཇའ་ཟུག་པ་དང་། འོད་དུ་འབར་བ་ལ་སོགས་འབྱུང་ངོ། །གལ་ཏེ་ཁ་སྤྱོད་ངན་པ་དང་། རྟགས་ངན་པ་བྱུང་ན། བགེགས་ཡོད་པའི་རྟགས་ཡིན་པས་འདིར་དྲག་པོའི་སྦྱིན་སྲེག་བྱའོ། །ལྟས་བཟང་ངན་དང་དེ་ཉིན་ཚར་དགོས་པ་ཡོད་ན། སྦྱིན་བདག་བོས་ལ། ཁྱེད་ཀྱིས་ང་ལ་གང་གསོལ་བའི། །སྐུ་གཟུགས་དག་གིས་ཁྱད་པར་དུ། །ཇི་ལྟར་གསུངས་པ་དེ་བཞིན་དུ། །དེ་དག་དོན་ནི་ངས་བྱས་ཏེ། །དེ་རྣམས་དོན་ནི་འགྲུབ་ཟིན་གྱིས། །ཅི་བདེ་བར་ནི་མཆོད་པར་བགྱི། །ཞེས་བསྟན་ལ། ཁྱོད་ཀྱིས་ང་ལ་གསོལ་བ་བཏབ་པས་རབ་ཏུ་གནས་པ་ལེགས་པར་ཚར་བར་བྱས་ཀྱིས། ཁྱོད་ཀྱིས་རྟེན་འདི་ལ་ཞག་བདུན་བར་དུ་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག །དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱུན་མ་ཆད་པར་གྱིས་ཤིག །ཅེས་བསྒོ་སྟེ། འདིར་བཀྲ་ཤིས་རྫས་རྟགས་སོགས་འབྲུའི་སྣོད་དུ་སོ་སོར་བཤམས་ལ། ཡོན་བདག་བླ་ཆེན་དང་རྒྱལ་པོ་སོགས་ཡིན་ན། མཆོད་གཡོག་པས་རྫས་དེ་རྣམས་བཟུང་ལ། དང་པོ་རྟེན་རྣམས་མདུན་དུ་བཀོད་པ་བྲན་ཚུལ་རེ་བྱ། དེ་ནས་དཔོན་སློབ་རྣམས་ཀྱིས་རེག་པའམ། རེག་ཚུལ་རེ་བྱ། །


CMR034_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སྦྱིན་བདག་ཡི་དམ་དུ་བསྐྱེད་ལ་མདུན་དུ་བཀོད་པར་བཤད། བླ་ཆེན་དང་རྒྱལ་པོ་སོགས་མིན་ན། མཆོད་གཡོག་པས་བཏེག་ལ་དཔོན་སློབ་རྣམས་དང་སྦྱིན་བདག་རྣམས་ཀྱིས་རེག་པར་བྱས་ལ། དེ་ནས་རྟེན་རྣམས་ཀྱི་མདུན་ཕྲེད་དུ་ཕྲེང་གཅིག་བྱ། ཙཀ་ལི་ཡིན་ན་རི་མོ་རྣམས་ཕྱི་ལ་བཤམས། མེ་ལོང་ཐོགས་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པ་དེ་བཞིན་དུ། དེང་འདིར་ཡང་མེ་ལོང་གི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས་། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །གི་ཝཾ་ཐོགས་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གླང་པོ་ཆེ་ས་སྲུང་གིས་གི་ཝཾ་ཕུལ་ནས་བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པ་དེ་བཞིན་དེང་འདིར་ཡང་གི་ཝཾ་གི་རྫས་ཀྱིས་བཀྲ་ཤིས་པ་གྱུར་ཅིག །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །


CMR034_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞོ་ཐོགས་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གྲོང་པའི་བུ་མོ་ལེགས་སྐྱེས་མས་བ་ཉིས་སྟོང་བཞོས་པའི་ཞོ་ཕུལ་ནས། བཀྲ་ཤིས་པའི་རྫ་ས་སུ་བྱིན་གྱིས་བརླབས་པར་མཛད་པ་དེ་བཞིན་དུ། དེང་འདིར་ཡང་ཞོ་ཡི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོ་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་དོན་རྟོགས་ནས། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །དུརྦ་ཐོགས་ལ། སྔོན་ཡང་དག་པར་རྫོ་གས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། །རྩྭ་མཆོག་ཁྱེའུ་བཀྲ་ཤིས་ཀྱི་དཱརྦ་ཕུལ་ནས། བཀྲ་ཤིས་པའི་རྫ་ས་སུ་བྱིན་གྱིས་བརླབས་པར་མཛད་པ་དེ་བཞིན་དུ། དེང་འདིར་ཡང་དུརྦའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །དཱར་བས་ཚེ་འདི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག །བིལ་བ་ཐོགས་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། ཤིང་གི་ལྷ་མོས་ཤིང་ཐོག་གི་བིལ་བ་


CMR034_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ་ནས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པ་དེ་བཞིན་དུ། དེང་འདིར་ཡང་བིལ་བའི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་པར་ཤོག །དུང་དཀར་གཡས་འཁྱིལ་ཐོགས་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་པོ་ཕུལ་ནས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པ་དེ་བཞིན་དུ། དེང་འདིར་ཡང་དུང་དཀར་གྱི་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ། ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡིས། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་པར་ཤོག །ལི་ཁྲི་ཐོགས་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་ནས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པ་དེ་བཞིན་དུ། དེང་འདིར་ཡང་ལི་ཁྲིའི་རྫས་ཀྱིས་བཀྲ་ཤིས་


CMR034_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་འདུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཡུངས་ཀར་ཐོགས་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་ནས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པར་མཛད་པ་དེ་བཞིན་དུ། དེང་འདིར་ཡང་ཡུངས་ཀར་རྫས་ཀྱིས་བཀྲ་ཤིས་པར་གྱུར་ཅིག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །ཅེས་བརྗོད་ཅིང་། བསྡུ་ན་ཚིག་ལྷུགས་རྣམས་དོར་ལ་ཚིགས་བཅད་ཉིད་བརྗོད་པས་ཆོག་གོ །དེ་ནས་བཀྲ་ཤིས་ཀྱི་བྱེ་བྲག་གཞན་ཡང་བྱ་བར་སྤྲོན། ཕྱག་བཞེས་མཐོང་བརྒྱུད་ལ་བྱེད་པ་ལྟར། གདུགས་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །ཐོགས་ནས་རྒྱལ་བའི་དབུ་ལ་མཆོད་པ་ལྟར། །དབུ་ལ་གདུགས་ཀྱི་བཀྲ་ཤིས་ཐོབ་པར་ཤོག །གསེར་


CMR034_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ཉ་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །ཐོགས་ནས་རྒྱལ་བའི་སྤྱན་ལ་མཆོད་པ་ལྟར། །སྤྱན་ལ་གསེར་ཉ་ཡི་བཀྲ་ཤིས་ཐོབ་པར་ཤོག །པདྨ་ཐོགས་ལ། བཀྲ་ཤི་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །ཐོགས་ནས་རྒྱལ་བའི་ལྗགས་ལ་མཆོད་པ་ལྟར། །ལྗགས་ལ་པདྨའི་བཀྲ་ཤིས་ཐོབ་པར་ཤོག །བུམ་པ་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ། །ཐོགས་ནས་རྒྱལ་བའི་མགུལ་ལ་མཆོད་པ་ལྟར། །མགུལ་ལ་བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །དཔལ་བེའུ་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་དཔལ་གྱི་བེའུ་རབ་འབར་བ། །ཐོགས་ནས་རྒྱལ་བའི་ཐུགས་ལ་མཆོད་པ་ལྟར། །ཐུགས་ལ་དཔལ་བེའུ་བཀྲ་ཤིས་ཐོབ་པར་ཤོག །རྒྱལ་མཚན་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་རིན་ཆེན་རྒྱལ་མཚན་རབ་མཛེས་པ། །ཐོགས་ནས་རྒྱལ་བའི་སྐུ་ལ་མཆོད་པ་ལྟར། །སྐུ་ལ་རྒྱལ་མཚན་བཀྲ་ཤིས་ཐོབ་པར་ཤོག །དུང་དཀར་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་


CMR034_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་མོ་ནི། །ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོག་མཛད་པ། །ཐོགས་ནས་རྒྱལ་བའི་གསུང་ལ་མཆོད་པ་ལྟར། །གསུང་ལ་དུང་གི་བཀྲ་ཤིས་ཐོབ་པར་ཤོག །འཁོར་ལོ་ཐོགས་ལ། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །ཐོགས་ནས་རྒྱལ་བའི་ཞབས་ལ་མཆོད་པ་ལྟར། །ཞབས་ལ་འཁོར་ལོའི་བཀྲ་ཤིས་ཐོབ་པར་ཤོག །ཅེས་བཀྲ་ཤིས་རྟགས་བརྒྱད་དང་། ལྷ་རྫ་ས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཞིང་མུ་ཁྱུད་རབ་མཉམ་བཟང་། །དང་པོའི་སར་གནས་རྣམ་པར་རྒྱལ་གྱུར་གང་། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག།གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་


CMR034_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ནས་སླར་ཡང་ལྡོག་གྱུར་པ། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་ཡི། །དཔལ་ལྡན་འབྱོར་པའི་དཔུང་ཚོགས་དང་བཅས་པ། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །དེ་ནས་དགའ་སྟོན་གྱི་ཚོགས་འཁོར་བྱ། ཚོགས་ཕུད་དང་གཏོར་བསྔོས་སོགས་བྱས་ནས། ཞག་གཅིག་ཡིན་ན་སྔོན་གྱི་དེས་ཆོག །ཚོགས་སྐལ་དང་མཉམ་དུ་ཙ་རུའི་བཟའ་བ་ཞེས་པ་ལྷ་ལ་ཕུལ་བའི་ལྷག་མ་དང་མཆོད་རོ་རྣམས་བསྡུས་ཏེ་ཁྱི་དང་བྱ་རོག་སོགས་ལ་སྦྱིན་མི་རུང་། ཡོན་བདག་སོགས་དེ་ཡོད་ཐམས་ཅད་ལ་བཀྱེས་པས་བཀྲ་ཤིས་པར་འགྱུར་གསུངས་པས། བདེར་གཤེགས་ལྷག་མ་འདི་དག་ནི། །ཟོ་ཞིག་སྡིག་པ་བྱང་བར་གྱུར། །དཀྱིལ་འཁོར་མཆོད་པའི་ཡོ་བྱད་བཞིན། །ཅི་དགའ་


CMR034_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

ཕོངས་བ་རྣམས་ལ་སྦྱིན། །ཞེས་གསུངས་པ་ལྟར་བྱ་ཞིང་ཀུན་གྱིས་ཚོགས་ལ་ལོངས་སྤྱོད་ཚེ་དཔོན་སློབ་རྣམས་ཀྱིས་བཀྲ་ཤིས་བརྗོད་དེ། སླར་ཡང་སྟོང་ཆེན་རབ་འཇོམས་ལས་གསུངས་པའི་བདེ་གཤེགས་ཀྱི་ཚིགས་སུ་བཅད་པ་ནི། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །དཔའ་བོ་དགྱེས་མཛད་བདུད་དཔུང་འཇོམས། །སྒེག་པའི་ཉམས་ལྡན་ཅོད་པན་ཅན། །རྡོ་རྗེ་འཆང་གི་བཀྲ་ཤིས་ཤོག །བཀའ་བཞི་བརྒྱུད་པས་བྱིན་རླབས་ཤིང་། །དག་སྣང་རྡོ་རྗེ་འཆང་དང་མཇལ། །འཁོར་ལོ་བདེ་མཆོག་རྣལ་


CMR034_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ། །ཏེ་ལོ་པ་ཡི་བཀྲ་ཤིས་ཤོག །གནས་ལྔ་མཐར་ཕྱིན་པཎྜི་ཏ། །ཕག་མོས་ལུང་བསྟན་རྗེ་དང་མཇལ། །བཅུ་གཉིས་དཀའ་སྤྱད་དངོས་གྲུབ་བརྙེས། །ནཱ་རོ་པ་ཡི་བཀྲ་ཤིས་ཤོག །ཟབ་མོ་སྔགས་ཀྱི་ཆར་རྒྱུན་འབེབས། །འཇམས་དབྱངས་སྤྲུལ་པས་འགྲོ་བ་འདྲེན། །སྐྱེས་མཆོག་འཕོ་བ་གྲོང་འཇུག་མཛད། །ལྷོ་བྲག་པ་ཡི་བཀྲ་ཤིས་ཤོག །སྙན་བརྒྱུད་བདུད་རྩིའི་བཅུད་འཐུང་ཞིང་། །རི་དྭགས་རྒྱལ་པོ་སེངྒེ་ལྟར། །གངས་དཀར་རྩེ་ལ་འགྲན་ཟླ་མེད། །མི་ལ་མཆོག་གི་བཀྲ་ཤིས་ཤོག །གསེར་མདོག་ཅན་གྱིས་ལུང་བསྟན་ཞིང་། །རྒྱལ་སྲས་མཆོག་ཏུ་དབང་བསྐུར་བ། །སྙིང་པོ་དོན་གྱི་རྗེ་བཙུན་མཆོག །སྒམ་པོ་པ་ཡི་བཀྲ་ཤིས་ཤོག །སྦྱངས་སྟོབས་དཔག་ཏུ་མེད་པ་ཡིས། །རླུང་སེམས་དབང་ཐོབ་རྫུ་འཕྲུལ་ཅན། །དགོངས་པ་རྒྱལ་བ་རྣམས་དང་མཉམ། །དུས་གསུམ་མཁྱེན་པའི་བཀྲ་ཤིས་ཤོག །རང་བྱུང་ཡེ་ཤེས་ཐམས་ཅད་མཁྱེན། །རྒྱལ་བས་གསུངས་པའི་མདོ་རྒྱུད་ལ། །མཁྱེན་པ་གཉིས་ལྡན་ཆོས་ཀྱི་རྗེ། །རས་ཆེན་པ་ཡི་བཀྲ་ཤིས་ཤོག །གནས་ལུགས་རྒྱ་མཚོ་ལྷུན་གྱིས་གྲུབ། །དངོས་གྲུབ་རྣམ་གཉིས་རིན་ཆེན་


CMR034_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར། །བདག་གཞན་ཡོངས་ཀྱི་དབུལ་བ་སེལ། །རྒྱལ་སྲས་མཆོག་གི་བཀྲ་ཤིས་ཤོག །དག་པ་ལྷ་ཡིས་ལུང་བསྟན་ཞིང་། །རྩོད་ལྡན་བསྟན་པའི་སྙིགས་མ་ལ། །འགྲོ་བ་འདྲེན་མཛད་བཀའ་དྲིན་ཅན། །ཀརྨ་པ་ཡི་བཀྲ་ཤིས་ཤོག །བཀྲ་ཤིས་བྱིན་རླབས་དཔག་མེད་ཀྱི། །དངོས་གྲུབ་སྟེར་མཛད་བཀའ་བརྒྱུད་རྣམས། །མཁའ་ལ་ཁྲི་གདུགས་ཤར་བ་ལྟར། །ཕྱོགས་རིས་མེད་པའི་བཀྲ་ཤིས་ཤོག །ཅེས་དང་། གཞན་ཡང་། ཤིས་བརྗོད། ཧཱུཾ། རྒྱལ་བའི་སྐུ་ནི་རི་རྒྱལ་ལྷུན་པོ་ལྟར། །གཟི་བརྗིད་ལྷུན་ཆགས་ས་གཞི་ཟིལ་གྱིས་མནོན། །ལྟ་བས་མི་ངོམས་འགྱུར་མེད་རྡོ་རྗེ་སྟེ། །ཡིད་བཞིན་ནོར་མཆོག་སྐུ་ཡི་བཀྲ་ཤིས་ཤོག །རྒྱལ་བའི་གསུང་ནི་ཚངས་པའི་སྒྲ་དབྱངས་ལྟར། །འུར་ཏིང་སིང་ཁྲོལ་ཆོས་དབྱངས་འབྲུག་སྒྲ་སྒྲོག །འགྲོ་རྣམས་རབ་འབྱམས་བདུད་རྩིས་ངོམས་པར་མཛད། །རང་འབྱུང་འགགས་མེད་གསུང་གི་བཀྲ་ཤིས་ཤོག །རྒྱལ་བའི་ཐུགས་ནི་སྐྱོན་བྲལ་ནམ་མཁའ་ལྟར། །ཀུན་ཁྱབ་བདེ་གསལ་མི་རྟོག་ཐུགས་རྗེ་ཅན། །འགྲོ་རྣམས་ཡལ་བར་མི་དོར་བུ་བཞིན་སྐྱོངས། །མཁྱེན་བརྩེ་ཡེ་ཤེས་ཐུགས་ཀྱི་བཀྲ་ཤིས་


CMR034_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག རྒྱལ་བ་རྣམས་ཀྱི་ཡོན་ཏན་དཔག་ཡས་ཤིང་། །འཁོར་འདས་དབྱེར་མེད་ལྷུན་འབྱམས་ཡོངས་ལ་མངའ། །གཏིང་ཟབ་ཡངས་པའི་བདུད་རྩི་ཆར་རྒྱུན་འབེབས། །ཡོན་ཏན་མི་ཟད་མཆོག་གི་བཀྲ་ཤིས་ཤོག །རྒྱལ་བའི་ཕྲིན་ལས་ཡོངས་ལ་མངའ་བརྙེས་པའི། །ཐབས་དང་ཤེས་རབ་མཛད་པ་དུ་མ་ཡི། །མཐུ་སྟོབས་རྩལ་གྱིས་འགྲོ་བ་སྒྲོལ་བར་མཛད། །ཕྲིན་ལས་མཐར་ཕྱིན་བཀྲ་ཤིས་ཡོངས་ཁྱབ་ཤོག །དེ་ནས་ཡི་དམ་ལྷ་གཞུང་གང་ཡིན་དེའི་བཀྲ་ཤིས་སོགས་བཀྲ་ཤི་ས་གང་འོས་རྒྱས་པར་བརྗོད། དེ་ནས་ཉམས་ལེན་སྟོང་ཉིད་ཀྱི་གཤིས་དང་མ་བྲལ་བར་བསྔོ་བ་བྱ་སྟེ། ཐལ་མོ་སྦྱར་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། འཕགས་པ་དང་སོ་སོའི་སྐྱེ་བོའི་དགེ་བའི་རྩ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིའོ། །དེ་ལྟར་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དང་། སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་བཞེངས་པ་དང་བཞེངས་སུ་བཅུག་པ་དང་། འདི་བཞེངས་པ་ལ་ཟང་ཟིང་གི་དངོས་པོ་བཏང་བ་དང་། རྒྱུ་བ་རོགས་ལྡན་ཚགས་བརྩོན་འགྲུས་བྱས་པ་དང་། འདི་ལྟར་རབ་གནས་ཀྱི་ཆོ་ག་ལེགས་པར་བགྱིས་པ་


CMR034_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དུས་ད་ནས་བཟུང་སྟེ་རྟེན་འདི་ཇི་སྲིད་གནས་ཀྱི་བར་དུ། མཇལ་བ་དང་ཕྱག་དང་སྐོར་བ་བྱེད་པ་དང་། མར་མེ་ཡོན་ཆབ་སོགས་མཆོད་པ་བྱེད་པའི་དགེ་བའི་རྩ་བ་དེ་དག་ཐམས་ཅད། གཅིག་ཏུ་བསྡུས་ན་བསྡོམ་སྟེ་བཟླུམས་ནས། སངས་རྒྱས་འོད་དཔག་མེད་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་འབུལ་བར་བགྱིའོ། །དེ་ལྟར་ཕུལ་བ་ལ་བརྟེན་ནས་མཆོད་སྤྲིན་རྒྱ་མཚོ་དུས་གསུམ་རྒྱུན་ཆད་མེད་པར་འབྱུང་བར་གྱུར་ཅིག །དེ་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་ཕྲིན་ལས་དར་ཞིང་རྒྱས་པར་གྱུར་ཅིག །བླ་མ་གོང་མ་སྐུ་ཞི་བར་གཤེགས་པ་རྨེ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་ཡོངས་སུ་རྫོགས་ནས་ས་ལམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ་བར་གྱུར་ཅིག །བླ་མ་གོང་མ་རྣམས་དང་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་དང་། ཟས་གོས་ཆོས་གསུམ་གྱི་འབྲེལ་བ་ཐོགས་ཚད་སེམས་ཅན་ཐམས་ཅད་དང་། རྒྱུ་སྦྱོར་སྦྱིན་པའི་བདག་པོ་ཚེ་དང་ལྡན་པ་ཚེ་ལས་


CMR034_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་ཐམས་ཅད་ཀྱིས་ཐོག་དྲངས། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཡོངས་སུ་བསྔོ་བར་བགྱིའོ། །བསྔོས་པ་བཞིན་དུ་ཐོབ་ནས། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་ཐམས་ཅད་གཅིག་ཏུ་བསྡུས་ནས། བདག་ཅག་དཔོན་སློབ་སྒེ་དང་སྦྱིན་པའི་བདག་པོ་སྒོ་རྣམས་ཀྱི་རྒྱུད་ལ་ད་ལྟ་ཉིད་དུ་ཡོངས་སུ་སྨིན་པར་གྱུར་ཅིག །དེ་ལྟར་སྨིན་པ་ལ་བརྟེན་ནས་སྐུ་ཞི་བར་གཤེགས་པ་རྨེ་དང་། ཚེ་ལས་འདས་པ་རྒུ་རྣམས་འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཆོད་པར་གྱུར་ཅིག །སྐྱེ་བ་གཞན་གྱིས་བར་མི་ཆོད་པར་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མངོན་སུམ་དུ་མཐོང་ནས་གསུང་གི་གདམས་པ་ནོད་པར་གྱུར་ཅིག །ལུས་རྟེན་དེ་ལ་ས་ལམ་གྱི་ཡོན་ཏན་རྫོགས་ནས་མངོན་པར་སངས་རྒྱས་པར་གྱུར་ཅིག །དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ལ་བརྟེན་ནས་བདག་ཅག་དཔོན་སློབ་རྒེ་རྣམས་དང་། སྦྱིན་བདག་སྒོ་རྣམས་ཀྱི། ནད་དང་གདོན་


CMR034_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

དང་དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཞི་བར་གྱུར་ཅིག །མེ་ཆུ་དུག་མཚོན་དགྲའི་འཇིགས་པ་སོགས་བཅུ་དྲུག་ལས་ཐར་བར་གྱུར་ཅིག །ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྟོབས་དང་མངའ་ཐང་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་གྱུར་ཅིག །བསྐྱེད་རྫོགས་ལ་བརྟན་པ་ཐོབ་ནས་སྣང་བཞི་མཐར་ཕྱིན་པར་གྱུར་ཅིག །དུས་ལ་བབས་ཏེ་འཆི་བའི་ཚེ། འཆི་བ་ཆོས་ཀྱི་སྐུར་སངས་རྒྱས་པར་གྱུར་ཅིག །བར་དོར་ཡི་དམ་གྱི་ལྷ་དང་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་གྱུར་ཅིག །སྐྱེ་བ་སྤྲུལ་པའི་སྐུ་བདེ་བ་ཅན་གྱི་ཞིང་ཁམས་སུ་མེ་ཏོག་པདྨའི་སྦུབ་ལས་བརྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་མེ་ཏོག་པདྨའི་ཁ་བྱེ་ནས་སངས་རྒྱས་འོད་དཔག་མེད་པའི་ཞལ་མངོན་སུམ་དུ་མཐོང་བར་གྱུར་ཅིག །གསུང་གི་གདམས་པ་ནོད་ཅིང་ས་ལམ་གྱི་ཡོན་ཏན་རྫོགས་ནས་མངོན་པར་འཚང་རྒྱ་བར་གྱུར་ཅིག །སངས་རྒྱས་ནས་ཆོས་སྐུ་ཀུན་ཏུ་བཟང་པོ་དང་དགོངས་པ་མཉམ་པར་གྱུར་ཅིག །ལོངས་སྐུ་རིགས་ལྔའི་སངས་རྒྱས་དང་བཀོད་པ་མཉམ་པར་གྱུར་ཅིག །སྤྲུལ་སྐུ་བསྐལ་བཟང་གི་སངས་


CMR034_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་སྟོང་རྩ་གཉིས་བྱེ་བ་ཕྲག་བརྒྱ་དང་མཛད་པ་མཉམ་པར་གྱུར་ཅིག །རྗེ་བཙུན་འཇམ་པའི་དབྱངས་བྱེ་བ་ཕྲག་བརྒྱ་དང་མཁྱེན་པ་མཉམ་པར་གྱུར་ཅིག །འཕགས་པ་སྤྱན་རས་གཟིགས་བྱེ་བ་ཕྲག་བརྒྱ་དང་འགྲོ་དོན་མཉམ་པར་གྱུར་ཅིག །གསང་བདག་ཕྱག་ན་རྡོ་རྗེ་བྱེ་བ་ཕྲག་བརྒྱ་དང་མཐུ་སྟོབས་མཉམ་པར་གྱུར་ཅིག །གུ་རུ་པདྨ་འབྱུང་གནས་བྱེ་བ་ཕྲག་བརྒྱ་དང་སྐུ་ཚེ་དང་རྫུ་འཕྲུལ་མཉམ་པར་གྱུར་ཅིག །སྐུ་གསུང་ཐུགས་རྟེན་འདི་རྣམས་ཀྱང་བཀུར་སྟི་དང་བཅས་ཏེ་ཡུན་རིང་དུ་གནས་པར་གྱུར་ཅིག །སྐུ་གསུང་ཐུགས་རྟེན་འདི་རྣམས་ལ་འབྲེལ་བ་ཐོབ་ཚད། གནས་སྐབས་སུ་ནད་གནོད་བར་ཆད་ཐམས་ཅད་སྐད་ཅིག་ཉིད་ལ་ཞི་བར་གྱུར་ཅིག །སྡིག་སྒྲིབ་ཐམས་ཅད་དག་ནས་རིགས་དྲུག་གི་སྐྱེ་སྒོ་ཆོད་པར་གྱུར་ཅིག །ཚེ་འཕོས་ནས་ཀྱང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་གྱུར་ཅིག །སྐུ་གསུང་ཐུགས་རྟེན་འདི་རྣམས་བཞུགས་པའི་ས་ཕྱོགས་སུ་ཡང་། ཆར་ཆུ་དུས་སུ་འབེབས་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག །མི་ནད་དང་ཕྱུགས་ནད་ཕྱི་ནང་གི་འཁྲུག་རྩོད་ཐམས་ཅད་ཞི་བར་གྱུར་ཅིག །དུས་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཕུན་


CMR034_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པར་གྱུར་ཅིག །དཀོན་མཆོག་གསུམ་གྱི་བདེན་པ་དང་སོགས། ཏདྱ་ཐཱ་པཉྩ་དྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ། ཞེས་ཉམས་ལེན་གྱི་ངང་ལ་ཡུད་ཙམ་བཞག །དེ་ནས་དཀྱིལ་འཁོར་གྱི་རྗེས་ཆོག་མཆོད་བསྟོད་བསྡུས་པ་ཙམ་དང་། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཚངས་སོགས་ལྷ་ཡི་ཚོགས་རྣམས་ཀྱིས། །གང་དག་ཆོ་གའི་བྱ་བ་ལ། །འགལ་ཞིང་།འཁྲུལ་པ་གང་མཆིས་དང་། །མ་ཚང་བ་དང་ལྷག་པ་དང་། །ནོངས་པར་གྱུར་པ་གང་ལགས་ཏེ། །ཀུན་ཏུ་བཟོད་པར་མཛད་དུ་གསོལ། །སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་དང་མདུན་བསྐྱེད་དང་བུམ་བསྐྱེད་ཀྱི་ཡེ་ཤེས་པ་ཐམས་ཅད། སྐུ་གསུང་ཐུགས་རྟེན་འདི་རྣམས་ལ་བརྟན་པར་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ས་མ་ཡེ་སྭཱ་ཧཱ། བདག་བསྐྱེད་ཀྱང་མི་དམིགས་སྟོང་པ་ཉིད་དུ་གྱུར། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་། །བསྟན་འཛིན་དཔོན་སློབ་ཤིན་ཏུ་མཐུན་པ་


CMR034_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱིས་དུས་གསུམ་བསགས་པ་ཡི། །ཟག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །དང་པོ་རྟེན་གྱི་མདུན་དུ་ཕྱིན་པ་དང་། །དཀར་གཏོར་བགེགས་གཏོར་ཆ་གསུམ་ལ་སོགས་བཏང་། །གནས་བདག་གཞི་བདག་ལ་ཡང་གཏོར་མ་འབུལ། །དེ་ནས་དགའ་སྟོན་ཆ་ལག་བསྒྲུབ་བཞིན་དུ། །སློབ་དཔོན་རྣམས་ཀྱི་ཡི་དམ་གང་ཡིན་གྱིས། །ཉིན་རེ་བཞིན་དུ་ཆོ་ག་ཚར་རེ་དང་། །དཔོན་སློབ་ཀུན་གྱིས་སྤྱི་སོ་ནས་བསོགས་ཏེ། །རྟེན་འབྲེལ་སྙིང་པོ་འབུམ་ཕྲག་གཅིག་བཟླས་ནས། །རབ་འབུམ་འབྲིང་ཁྲི་ཐ་མ་སྟོང་བཟླས་ནས། །ཁ་དོག་བསྒྱུར་བའི་ནས་ལ་ཕུ་ཡིས་གདབ། །དེ་ནི་རབ་གནས་བསྙེན་པ་ཞེས་བྱའོ། །བསྙེན་པ་བསོགས་ཚེ་ཞག་པོ་བཞི་ཡི་ཚེ། །ལས་བཞིའི་སྦྱིན་སྲེག་བཞི་ཀ་རྒྱས་པར་བྱ། །དེ་ནས་ཉིན་གཅིག་རབ་གནས་སྟ་གོན་དང་། །དེ་ནས་ཉིན་གཅིག་རབ་གནས་དངོས་གཞི་བྱ། །ཉིན་བག།ཅིག་ཤིས་བརྗོད་ཉིན་གཅིག་དགའ་སྟོན་བྱ། །དེ་ལྟར་ཞག་པོ་དགུ་ལ་རབ་གནས་རྫོགས། །དེ་ལས་བསྡུས་ན་གཞུང་ལྟར་ཆས་ཀ་བསྒྲུབ། །ཉིན་གཅིག་དགའ་སྟོན་ཉིན་གཅིག་རབ་གནས་དང་། །ཉིན་གཅིག་ཤིས་


CMR034_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་ཉིན་གཅིག་དགའ་སྟོན་བྱ། །དེ་ལས་བསྡུས་ན་སྟ་གོན་ཞག་གཅིག་དང་། །རབ་གནས་ཤིས་བརྗོད་བཅས་པ་ཞག་གཅིག་སྟེ། །དེ་ལ་ཆོས་སྐྱོང་བསྐང་གསོ་མི་དགོས་པར། །གཏོར་བསྔོས་ཙམ་ཞིག་བྱས་པས་ཆོག་པ་ཡིན། །དེ་བས་བསྡུས་པ་ཉིན་གཅིག་རྫོགས་པ་ཡིན། །ཡི་དམ་ཆོ་ག་བསྡུས་པས་གཞུང་བསྲངས་ནས། །ཆ་གསུམ་དཀར་གཏོར་སོགས་ཀྱང་མི་དགོས་ཤིང་། །ཁྲུས་གསོལ་སྐབས་སུ་སྐུ་ཕྱི་གོས་འབུལ་སོགས། །གཅིག་གིས་ཆོག་གིས་ཡང་ཡང་བྱ་མི་དགོས། །སྙན་གསན་དབབ་དུས་ནངས་པར་མི་བརྗོད་པར། །ད་ལྟ་ཞེས་པའི་ཚིག་གི་བསྒྱུར་སོ་བྱ། །རྫས་བརྒྱད་རྟགས་བརྒྱད་རྒྱལ་སྲིད་སྣ་བདུན་གྱི། །བཀྲ་ཤིས་རྫས་རྣམས་མ་བྱས་ན་ཡང་ཆོག །ལོངས་ཁྱབ་བྱུང་ན་བྱས་ཀྱང་ལེགས་པ་ཡིན། །ཡོ་བྱད་རྣམས་ཀྱང་རྒྱས་ན་ལེགས་པ་སྟེ། །དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ཆེན་ལས། །ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལས། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་གསུངས་སོ། །རབ་གནས་ལེགས་པར་བྱས་པའི་ཕན་ཡོན་ནི། ཆོ་ག་བདག་ཉིད་ནུས་པ་ཡིས། །བརྟགས་པ་ལས་གསུངས་ཚུལ་ལེགས་པས། །དེ་བས་བསོད་ནམས་ཆེ་བ་ནི། །མཐོང་དང་མ་མཐོང་འབྲས་བུ་བསྐྱེད། །སྐུ་གཟུགས་ཀྱི་ནི་མཚན་ཉིད་ཀྱིས། །དེ་ལ་བྱིན་རླབས་འཇུག་པར་འགྱུར། །དེ་དག་ཕྱག་ལེན་རྒྱས་པའི་ལུགས་


CMR034_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། །བསྡུས་པ་འདོད་ན་གནམ་ཆོས་ལུགས་ལྟར་མཛོད། །ཁོ་བོས་སྔར་དུས་གནས་བཅུ་ཞིག་ལ་ནི། །རབ་གནས་དགོས་ཟེར་ཐུགས་སྒྲུབ་ལུགས་ལྟར་བྱས། །ད་རེས་སྐུ་གཟུགས་མཆོད་རྟེན་འགའ་བཞེངས་པས། །གསར་རྙིང་རབ་གནས་མང་པོ་གབ་སྤྲད་ནས། །ཞག་གཅིག་ཉིན་གཅིག་རྫོགས་པ་ལན་མང་བྱས། །གྲྭ་སློབ་རྣམས་ཀྱིས་གབ་ཀྱང་འཕྲོད་དཀའ་ཞིང་། །རང་རེ་གསར་རྙིང་གཉིས་ཀ་མོས་པ་དེས། །གསར་རྙིང་སྤྱི་ལ་རུང་བའི་རབ་གནས་འདི། །བླ་མ་ཀརྨ་རྒྱ་མཚོས་རིང་ནས་བསྐུལ། །མ་འོངས་རྗེས་འཇུག་རྣམས་ལ་ཕན་ཕྱིར་དང་། །འདུལ་བ་ལུང་སོགས་གླེགས་བམ་བཞི་བཅུ་དང་། །ཞིང་བཀོད་བཅུ་གསུམ་གསར་དུ་བཞེངས་པ་ལས། །རབ་ཏུ་གནས་ཕྱིར་རང་བྱུང་རྒྱལ་བ་ཡིས། །མཛད་པའི་རབ་གནས་བུམ་གཉིས་མ་དང་ནི། །མཁན་ཆེན་བསོད་ནམས་བཟང་པོའི་དུས་འཁོར་ལུགས། །དབང་ཕྱུག་རྡོ་རྗེའི་མཱ་ཡཱ་བདེ་མཆོག་ལུགས། །ཐུགས་སྒྲུབ་གསང་འདུས་ཡང་སྙིང་འདུས་པའི་ལུགས། །ཡེ་ཤེས་རབ་འབར་ལུགས་སོགས་དོན་བསྡུས་ཏེ། །སློབ་དཔོན་ཞལ་རྒྱུན་རང་གི་ཉམས་མྱོང་བསྟུན། །རཱ་ག་ཨ་སྱས་ལེགས་པར་བསྒྲིགས་པ་ཡིན། །འདི་ལ་ཉེས་འགལ་གང་མཆིས་ལྷ་ལ་བཤགས། །དགེ་བས་འགྲོ་དོན་རྒྱ་ཆེན་འབྱུང་བ་དང་། །ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཀྱིས། །བྱི་ལའི་ཕྲུག་གུ་བརྫིས་ནས་ཤི་ཤོར་བའི། །སྡིག་སྒྲིབ་སྲོག་གི་ལན་ཆགས་ཀུན་བྱང་ནས། །བྱི་ལའི་ཕྲུག་གུ་དེ་ཉིད་འཕོས་མ་ཐག །བདེ་བ་ཅན་གྱི་ཞིང་དུ་སྐྱེ་གྱུར་ཅིག །དཔེ་རྒྱུན་


CMR034_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡང་མི་ནུབ་རྒྱ་ཆེར་འཕེལ། །འདི་ཡི་སྒོ་ནས་རབ་གནས་བྱས་ཚད་ལ། །རྒྱལ་འགོང་དམ་སྲིའི་རིགས་རྣམས་མི་འཁྲི་ཞིང་། །རྒྱལ་ཆེན་སྡེ་བཞིའི་རྟག་ཏུ་བསྲུང་ཞིང་སྐྱོབས། །མ་འོངས་ཚེ་ལོ་བདུན་བརྒྱ་ཉེ་བ།གནས་བརྟན་རྣམས་ཀྱི་བསྟན་པ་མ་བསྡུས་བར། །རྟེན་གསུམ་དེ་དག་མི་ཉམས་བཀུར་སྟི་བཅས། །འབྲེལ་ཚད་དོན་ལྡན་འགྲོ་དོན་དཔག་མེད་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་སོགས་ཡི་དམ་སྤྱི་ལ་སྦྱར་དུ་རུང་བའི་རབ་གནས་བཀའ་གཏེར་ཟུང་འཇུག་བཀྲ་ཤིས་ཆར་འབེབས།next