Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
ཞི་བརྔན་བསང་གསུམ་གྱི་ཆོ་ག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་བརྔན་བསང་གསུམ་གྱི་ཆོ་གnext

ཞི་བརྔན་བསང་གསུམ་གྱི་ཆོ་ག


CMR036_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བརྔན་བསང་གསུམ་གྱི་ཆོ་ག་འཇུག་བདེ་ཞིང་མ་འདྲེས་མ་འཁྲུགས་པར་ཕྱོགས་གཅིག་ཏུ་བསྡེབས་པ་འདོད་དགུ་འབྱུང་བ་དཔག་བསམ་ཤིང་གི་ལོ་འདབ་རྒྱས་པ་དང་འདྲ་བ་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR036_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་ལ་བདག་བསྐྱེད་རྡོར་སེམས་བྱ། བསང་ལ་སྤྱན་རས་གཟིགས་བྱ། བརྔན་ལ་ཨོ་རྒྱན་བདག་བསྐྱེད་ཡིན། །གསུམ་ཀ་དུས་གཅིག་བྱེད་ན་ཨུ་རྒྱན། མེ་ལྷ་ཞི་བ་ཡིན་ཏེ། བསང་མགྲོན་བསྐྱེད་ལུགས་མང་བས། ལ་ལས་མེ་ལྷའི་ལྟོ་བར་བསྐྱེད་པའི་ལུགས་ཡོད་ཀྱང་། མེ་ལྷ་ཕྱག་ཚང་བ་ཡིན་པས། མེ་ལྷའི་ཐད་ཀྱི་ནམ་མཁར་བསང་མགྲོན་བསྐྱེད་པ་ལེགས་སོ། །བརྔན་བསང་གཉིས་ལ་མེ་ལྷ་མི་སྦྱར། དུ་བའི་ལྷ་མོ་བསང་གི་ཡིན་ཏེ། གསུམ་ཀ་དུས་གཅིག་བྱེད་ན་དུ་བའི་ལྷ་མོ་སྦྱར། སྔགས་དྲུག་དང་ཕྱག་རྒྱ་དྲུག་གི་རྒྱབ་མ་བཞི་འདི་ནི་བསང་དང་ཞི་བ་གཉིས་ལ་མི་སྦྱར་ཏེ། གསུམ་ཀ་དུས་གཅིག་བྱེད་དམ་བརྔན་ལ་སྦྱར་བ་ཡིན། ཞི་བརྔན་བསང་གསུམ་ཆོ་གའི་བསྐྱེད་ཆོག་གོ །སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་


CMR036_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ། ཡང་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །


CMR036_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཚད་མེད་བཞི་བསྒོམ། ༈ ཞི་བ་ལ། ཧཱུྃ། པད་སྡོང་འདབ་དྲུག་ཁྲི་འཕང་བཞི། །པདྨ་ཉི་ཟླའི་གདན་སྟེང་དུ། །རང་ཉིད་རྡོ་རྗེ་སེམས་དཔའི་སྐུ། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དྲིལ་བུ་ཐུགས་ཀར་འཛིན། །དར་དང་རིན་ཆེན་དུ་མས་བརྒྱན། །སྤྱི་གཙུག་བླ་མ་ཀུན་བཟང་མཐིང་། །མཚན་དཔེས་སྤྲས་པ་ཡུམ་དང་སྦྱོར། །སྐུ་ཡི་གནས་སུ་ཞི་ཁྲོའི་ལྷ། །ཆུ་ནང་ཟླ་བ་བཞིན་དུ་གསལ། །ཨོཾ་བཛྲ་སཏྭ་ཨཱ༔ སྔགས་ཉེར་གཅིག །ཨོ་བཛྲ་སཏཱ་ཨགྷཾ་སོགས། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། །འདི་ལ་བསྐྱེད་བསྟིམ་སོགས་མི་འཚལ་ཏེ་དྲན་རྫོགས་སུའོ། ༈ །བསང་ལ།་ཨོཾ་སྭ་བྷ་ཝ་ཕྱི་ནང་ཆོས་ཀུན་སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས་པཾ་ལས་པདྨ་དང་། །ཨ་ལས་ཟླ་བའི་དཀྱིལ་འཁོར་གདན་གྱི་སྟེང་། །རང་གི་སེམས་ཉིད་ཧཱུྃཡིག་དཀར་པོ་ནི། །ཚེག་དྲག་དང་བཅས་དེ་ལས་འོད་ཟེར་འཕྲོས། །འཕགས་མཆོག་འགྲོ་བའི་དོན་བྱས་འོད་ཚུར་


CMR036_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

འདུས། །ཧཱི༔ཡིག་ལ་ཐིམ་ཡོངས་གྱུར་བདག་ཉིད་ནི། །ཇོ་བོ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་བཞི་དང་པོའི་ཕྱག་གཉིས་པོ། །ཐུགས་ཀར་ཐལ་སྦྱར་གཡས་ཀྱི་འོག་མ་ན། །མན་ཤེལ་དཀར་པོའི་ཕྲེང་བ་བརྒྱ་རྩ་བསྣམས། །གཡོན་གྱི་འོག་མས་པདྨ་དཀར་པོ་ནི། །འདབ་བརྒྱད་སྙན་གྱི་ཐད་ཀར་བྱེ་བ་བསྣམས། ལ་རིན་ཆེན་རྩེ་བྲན་ལྔ་ཡིས་བརྒྱན། །ཡིད་འོང་རྒྱན་རྣམས་ཀུན་གྱིས་རབ་མཛེས་པ། ཟླ་བའི་གདན་ལ་སྐྱིལ་མོ་ཀྲུང་བཞུགས་པའི། །ཐུགས་ཀར་ཟླ་དཀྱིལ་དབུས་སུ་ཧྲིདཀར་པོ། །ཚེག་དྲག་དང་བཅས་གསལ་བར་གྱུར་པ་ལ། །ཡི་གེ་དྲུག་པས་གཡས་སུ་བསྐོར་བར་བསམ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཅི་ནུས་བཟླ་བའོ། །ཨོ་ལོ་ཀི་ཤྭ་རི་ཨགྷོ་སོགས། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ཕྱག་འཚལ་བསྟོད། ། ༈ བརྔན་བྱེད་ན། ཨོཾ་སྭ་བྷ་ཝ༴ སྟོང་པའི་ངང་ལས་པདྨ་འདབ་མ་སྟོང་དང་ལྡན་པ་གེ་སར་གྱི་སྟེང་དུ་ཉི་མ་དང་ཟླ་བའི་སྟེང་དུ། ཧཱུྃ་ལས་རང་ཉིད་ཨོ་རྒྱན་པདྨ་པཎྜི་ཏ་བཅུ་དྲུག་ལོན་


CMR036_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚུལ་ཅན་དཀར་དམར་མདངས་དང་ལྡན་པ། ཆོས་གོས་གསེར་གྱི་པ་ཏྲ་ཅན། ཟ་འོག་གི་བེར་དང་། པད་ཞུ་པདྨ་ཁ་བྱེ་བ་ལྟ་བུ་ལ། རྒོད་སྒྲོ་དར་སྣ་ཉི་ཟླ་རྒྱ་གྲམ་གྱིས་མཚན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་པ། གཡོན་པས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་བྷནྡྷ་བསྣམས་པ་ཁ་ཊཾ་གཡོན་གྱི་མཆན་ཁུང་དུ་བཅུག་པའོ། །འོད་ཟེར་སྟོང་གསུམ་ཁེངས་པའི་གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀའི་ཧཱུྃལས་འོད་ཟེར་འཕྲོས། རྔ་ཡབ་ནས་ཡེ་ཤེས་པ་སྤྱན་དྲངས། ཛཧཱུྃ་བཾ་ཧོ༔ གཉིས་སུ་མེད་པར་གྱུར།ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། ཡེ་ཤེས་ལྔའི་དབང་རྫོགས་པར་བསྐུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཅི་རིགས་བཟླ་བའོ། །ཨོཾ་བཛྲ་གུ་རུ་ཨགྷཾ་སོགས། ཧཱུྃ༔ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད།༈ དེ་ནས་ཞི་བ་བྱེད་ན། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས། བསང་ཁང་ཞི་བའི་ཐབ་ཁུང་མཚན་ཉིད་དང་ལྡན་པའི་དབུས་སུ། པད་ཟླའི་སྟེང་དུ་རཾ་ལས་བགྲང་ཕྲེང་རཾ་གྱིས་མཚན་པ་དེ་ཡོངས་སུ་གྱུར་


CMR036_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས། ཞི་བའི་མེ་ལྷ་སྐུ་མདོག་དཀར་པོ་ཞལ་གཅིག་སྤྱན་གསུམ་དྲང་སྲོང་གི་ཆ་བྱད་ཅན། ཕྱག་གཉིས་ཕྲེང་བ་དང་རིལ་བ་བསྣམས་ཤིང་ར་སྐྱེས་ལ་ཞོན་པའི་ཐུགས་ཀའི་རཾ་ལས་འོད་འཕྲོས་ཤར་ལྷོ་ནས་མེ་ལྷ་སྤྱན་དྲངས། ཨོ། ཚུར་བྱོན་ཚུར་བྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བརྙེས་པར་མཛོད། །ཨོཾ་ཨཀྵེ་དེ་ཝ་ཛཧཱུྃ་བཾ་ཧོ༔ པདྨ་ཀ་མ་ལཱ་ཡེ་ཧཱུྃ། ཨནྡྷཾ་སོགས། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀྐིའི་དབང་བསྐུར་བས། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །མེ་ལྷ་ཉིད་ཀྱི་མེ་འབར་བ་དང་གཉིས་སུ་མེད་པར་བཞུགས་པ་ལ། བསང་རྫས་འདི་རྣམས་བསང་མགྲོན་རྣམས་ཀྱི་ཞལ་དུ་སྟོབ་པའི་ཕྲིན་ལས་མཛོད། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་སྭ་བྷ་ཝས་ཤྩ། སྦྱངས་། ཞི་བརྔན་བསངས་གསུམ་གང་བྱེད་ཀྱང་དགོས་སོ། །སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སྤྱད་དང་སེང་གེའི་བཏེག་པའི་ཁྲི་ལྔ་ཚོམ་གྱི་དབུས་མར་བདུད་བཞི་དང་པད་ཟླའི་སྟེང་དུ་ཧཱུྃ་


CMR036_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་སེར་པོ་ལ་ཨཱ་ལི་ཀཱ་ལི་དཀར་པོས་བསྐོར་བ་ལས་འོད་འཕྲོས། དོན་གཉིས་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྡོ་རྗེའི་བདག་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ། ཞལ་གཅིག་ཕྱག་གཉིས་གཡས་ས་ནོན་གཡོན་མཉམ་བཞག །རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་ན་བཟའ་དམར་པོ་མནབས་པ་ཞི་བའི་བདག་ཉིད་ཅན། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གཡས་ཀྱི་ཁྲི་ལ་འཕགས་པ་འཇམ་དཔལ་དེ་ལ་སྲིད་པ་ཕོ་རྒྱུད་མོ་རྒྱུད་ཀྱི་ཆོས་སྐྱོང་ཐམས་ཅད་དང་དཔལ་མགོན་བདུན་ཅུ་སོགས་མགོན་པོ་ཡོན་ཏན་གྱི་མགྲོན་གྱིས་བསྐོར་བ། གཡོན་གྱི་ཁྲི་ལ་ཇོ་བོ་ཐུགས་རྗེ་ཆེན་པོ་དེ་ལ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བ། རྒྱབ་ཀྱི་ཁྲི་ལ་དཔལ་ཕྱག་ན་རྡོ་རྗེ་ལ་བགེགས་རིགས་ལན་ཆགས་ཐམས་ཅད་ཀྱིས་བསྐོར་བ། མདུན་གྱི་ཁྲི་ལ་སློབ་དཔོན་པདྨ་འབྱུང་གནས་ལ་སྟོང་གསུམ་གཞི་བདག་ལྷ་སྲིན་སྡེ་བརྒྱུད་བརྟན་མ་བཅུ་གཉིས། མགུལ་ལྷ་བཅུ་གསུམ་ཡུལ་འདིའི་གཞི་བདག་ཐམས་ཅད་ཀྱིས་བསྐོར་བ། སྟེང་གི་ཆ་ལ་རྡོ་རྗེ་འཆང་ལ་རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པའི་དཔྲལ་བར་ཨོཾ་


CMR036_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ། མགྲིན་པར་ཨཱཋདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་རང་གི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི།བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བླ་མ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཅན། །དཀོན་མཆོག་སྲིད་ཞུའི་མགྲོན་ཀུན་གཤེགས་སུ་གསོལ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས་པ་ཡི། །མགོན་པོ་ཡོན་ཏན་མགྲོན་ཀུན་གཤེགས་སུ་གསོལ། །སྐྱེ་བ་གཏན་གྱི་ཕ་མར་གྱུར་པ་ཡི། །རིགས་དྲུག་སྙིང་རྗེའི་མགྲོན་ཀུན་གཤེགས་སུ་གསོལ། །འཁྲུལ་པའི་དབང་གིས་གནོད་བྱེད་དུ་འཁྲུལ་པ། །ལན་ཆགས་བུ་ལོན་མགྲོན་ཀུན་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ལོ་ཀ་པཱ་ལ་བཛྲ་ས་མཱ་ཛ༔ ཛཧཱུྃ་ཐཾ་ཧོ༔ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པ་ལྡན། །བདག་གིས་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ།


CMR036_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པ་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ལོ་ཀ་པཱ་ལ་པདྨ་ཀ་མ་ལཱ་ཡེ་སྟེ། དབང་ལྷ་སྤྱན་དྲངས་དབང་བསྐུར་གྱུར། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། སྐུ་གང་ཆུ་ལྷག་ཡར་འཁྱིལ་པས། །སྟོན་པ་འཇམ་དབྱངས་ཕྱག་རྡོར་ལ། །མི་བསྐྱོད་པ་ཡིས་དབུ་བརྒྱན་ཅིང་། །སྤྱན་གཟིགས་པད་འབྱུང་འོད་དཔག་མེད། །མགྲོན་རིགས་བཞི་སོགས་འཁོར་རྣམས་ལ། །རང་རང་གཙོ་བོའི་དབུ་རྒྱན་གྱུར། །སྟོང་གསུམ་ཀུན་ན་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི།དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །སྲབ་འཇམ་ཡང་པ་ལྷ་ཡི་གོས། །མི་བསྐྱོད་རྡོ་རྗེའི་སྐུ་བརྙེས་ལ། །མི་ཕྱེད་དད་པས་བདག་


CMR036_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ན། །བདག་ཀྱང་རྡོ་རྗེའི་སྐུ་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཝས་ཨཱཿཧཱུྃ། དེ་ནས་དུག་ཤིང་གང་རུང་ལ་མེ་སྤར་ལ་མཆོད་རྫས་ལ་དུག་ཕྱུང་བྱ་སྟེ། ཞི་བརྔན་བསང་གསུམ་གང་བྱེད་ཀྱང་དགོས་སོ།། ཀྱཻ། དུག་གི་ཕ་ནི་གནམ་ཡང་ཡིན། །དུག་གི་མ་ནི་ས་ཡང་ཡིན། །དེ་གཉིས་རྫུ་འཕྲུལ་བསྡེབ་པ་ལས། །བུ་ནི་དུག་ནག་སྡེ་དགུ་བྱུང་། །ར་གན་སེར་པོ་གསེར་གྱི་དུག །ཚ་ལ་ཞ་ཉེ་དངུལ་གྱི་དུག །མགྲོན་ནེ་ཐང་ཞལ་དུང་གི་དུག །རེ་བ་ནག་པོ་གཞི་ཡི་དུག །ན་ཆུ་ཉོག་མ་ཆབ་ཀྱི་དུག །རེ་ལྕག་ཐང་ཕྲོམ་སྔོ་ཡི་དུག །མཁར་གོང་སྲིན་ཅན་རྡོ་ཡི་དུག །དམེ་རྨུགས་ནལ་གསུམ་མནའ་དང་འཁོན། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཛོམ་ན་དུག་ཡིན་པས། །མཆོད་རྫས་རྣམས་ལ་དུག་སོང་ན། །དེ་དག་ཐམས་ཅད་དུག་མར་ཕྱུང་། །དུག་ཀྲ་མ་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཕྱིར་དོར་རོ། །དེ་ནས་ཆབ་ཀྱིས་བྲན་ལ། ཞི་བརྔན་བསང་གསུམ་གང་བྱེད་ཀྱང་དགོས་སོ།། ཧཱུྃ༔ སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་སྦྱར་བའི་ཁྲུས། །ཡིད་བཞིན་སྤྲིན་ཕུང་མཁའ་ལས་ཆར་འབེབས་པ། །མི་གཙང་དྲི་མའི་


CMR036_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀུན་དག་གྱུར་ཅིག །ཨོཾ་ཤུདྡྷེ་ཤོ་དྷ་ན་ཡེ་སྭཱ་ཧཱ། ལན་གསུམ། ཞི་བརྔན་བསང་གསུམ་གང་བྱེད་ཀྱང་དགོས་སོ།། ༈ ལྟེ་བར་རང་ཉིད་ལྷར་གསལ་བའི། །འདབ་དྲུག་ཤར་གྱི་འདབ་མ་ལ། །སྦྱང་བའི་ལྷ་ནི་ཤཱཀ་ཐུབ་སེར། །ཕྱག་གཉིས་ས་གནོན་ལྷུང་བཟེད་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་།། ཨཱདཀར་འོད་འཕྲོས་དངོས་འཛིན་སྦྱངས། །ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱཙྪསྭ་བྷཱ་ཝ་ཤུདྡྷོཉཧཾ། སྔགས་དང་ཕྱག་རྒྱ་འདི་ཡི་མཐུས། །སྣོད་བཅུད་དངོས་འཛིན་དག་གྱུར་ཅིག ༈ བསང་ལ། ཧཱུྃ་ལས་རིན་ཆེན་ལས་གྲུབ་པར། །སྣོད་མཆོག་ཡངས་ཤིང་རྒྱ་ཆེ་བའི། །བསང་རྫས་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་ལ་སོགས་མཆོད་པའི་སྤྲིན། །གཟུགས་སྡུག་སྒྲ་སྙན་དྲི་ཞིམ་དང་། །རོ་མངར་རེག་འཇམ་དཔག་མེད་དང་། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །དར་ཟབ་བལ་ཚོན་གཡག་ལུག་ར། །ཇ་ཆང་འོ་ཞོ་དཀར་མངར་ཕུད། །རིན་ཆེན་མདའ་དར་ཞིབ་མར་སོགས། །ས་དང་བར་སྣང་གང་བར་གྱུར།༈ ཞི་བ་བྱེད་ན། ཧཱུྃ་ལས་དངུལ་གྱི་སྣོད་མཆོག་རྒྱ་


CMR036_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བར། །ཀ་ར་བུ་རམ་སྦྲང་རྩི་འོ་ཞོ་མར། །རིན་ཆེན་ལྔ་དང་དར་ཟབ་སྟག་གཟིག་རས། །བཟང་དྲུག་ཀླུ་སྨན་རྣམ་པ་སྣ་ཚོགས་དང་། །ཞིབ་མར་སྤོས་སྤྲིན་ནམ་མཁའི་ཁམས་ཁྱབ་པ། །དྲི་ཚོར་ཙམ་གྱིས་ནད་དང་སྡུག་བསྔལ་ཀུན། །མ་ལུས་ཞི་བར་བྱེད་པ་ཉིད་དུ་གྱུར། ༈ བརྔན་བྱེད་ན། སྟོང་པའི་ངང་ལས་ཧཱུྃ་ཡིག་ཡོངས་གྱུར་ལས། །རིན་ཆེན་རི་རབ་བང་རིམ་བཞི་དང་ལྡན། །ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བཻཌཱུརྱ། །ནུབ་ཕྱོགས་རཱ་ག་བྱང་ཕྱོགས་གསེར་ལས་གྲུབ། །དེ་ཡི་དབུས་སུ་ཁཾ་ཡིག་ཡོངས་སུ་གྱུར། །འདོད་ཡོན་ཞལ་ཟས་དྭངས་ཤིང་ཐོགས་པ་མེད། །མཁོ་དགུའི་ལོངས་སྤྱོད་འདོད་དགུའི་དཔལ་འབྱོར་ལྡན། །དཔག་བསམ་ཤིང་ལྟར་འདོད་ཡོན་ཆར་འབེབས་གྱུར། རི་རབ་དེ་ཡི་ཕྱོགས་བཞི་མཚམས་རྣམས་སུ། །ཏི་ཡིག་རེ་རེ་ཡོངས་སུ་གྱུར་པ་ལས། །གཟུགས་འགྲོས་རིན་ཆེན་ལྔ་ལས་གྲུབ་པ་ཡི། །ཁུ་བྱུག་ཤང་ཤང་རྨ་བྱ་ནེ་ཚོ་དང་། །བྱ་སྤུ་རྒོད་ཁྲུང་ཁྲུང་ངང་པ་དཀར་སེར་དང་། །བྱ་ནག་གསེར་མིག་ལྕགས་ཀྱི་བྱ་ཁྲ་དང་། །མཁའ་ལ་འཕུར་བའི་འདབ་ཆགས་སྣ་ཚོགས་དང་། །འཕུར་འཇུམ་ལྡིང་གསུམ་རྩེ་བའི་


CMR036_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་དང་ལྡན། །སེང་གེ་དར་མ་སྟག་གཟིག་དོམ་དྲེད་དང་། །ཁྱི་ནག་ལྕགས་སྤྱང་ཕག་རྒོད་བསེ་མོང་དང་། །སྡེར་ཆགས་རྣམས་ཀྱང་ངར་སྐད་ཁྲོ་ལོ་ལོ། །གླང་ཆེན་སྟོབས་ལྡན་གཡག་ལུག་ར་གསུམ་དང་། །མཛོ་འབྲི་བ་གླང་ངུར་སྒྲ་ཆེམས་སེ་ཆེམ། །རྟ་མཆོག་རྒྱལ་པོ་དྲེལ་དང་བོང་བུ་དང་། །རྨིག་ཟླུམ་རྣམས་ཀྱང་འཚེར་སྐད་ལྷངས་སེ་ལྷང་།གསེར་རྟ་དུང་ལུག་ཤེལ་ར་གཡུ་འབྲི་རྣམས། །མཛེས་སྡུག་ཡིད་འོང་རྫུ་འཕྲུལ་བསམ་མི་ཁྱབ། །ཤ་བ་རྣ་བ་དགོ་བ་འབྲོང་རྐྱང་གཙོད། །བསེ་སྙན་སྤྲེའུ་བྱི་བ་སྔོན་མོ་དང་།རི་དྭགས་རྣམས་ཀྱང་རྩེ་ཀྱུ་སྤྲེངས་སེ་སྤྲེང་། །ཆུ་སྲིན་རྒྱལ་པོ་གསེར་ཉ་དུང་སྦལ་དང་། །པིར་སྦྲུལ་ཆུ་གནས་སྣ་ཚོགས་སྐྱལ་དང་འཕྱོ། །གཟུགས་འགྲོས་ཡིད་འོང་སྣ་ཚོགས་དེ་དག་ཀྱང་། །དབང་པོ་དྲུག་གི་སྒོ་ལྔ་ཚང་བ་ལ། །རྭ་ལ་རིན་ཆེན་སྣ་ལྔའི་འོད་ཟེར་འཕྲོ། །མིག་གཉིས་ཉི་ཟླ་ཡིད་དུ་འོང་བའི་གཟུགས། །སྤུ་ལས་འདོད་ཡོན་སྣ་ཚོགས་ཆར་འབེབས་ཤིང་། །རྨིག་བཞི་རྫུ་འཕྲུལ་རྐང་པ་བཞི་དང་ལྡན། །རྔ་མ་སྤྲིན་ཕུང་བདུད་རྩིའི་ཆར་རྒྱུན་འབེབས། །བརྔན་པའི་སྤྱད་དང་སོ་སོའི་བཤོས་བུ་དང་། །སྦ་སྨུག་རྩི་ཤིང་


CMR036_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱང་ལྡེམས་སེ་ལྡེམ། །བལ་ཚོན་སྣ་ལྔའི་སྤྲིན་ཕུང་ཐིབས་སེ་ཐིབ། །དར་ཚོན་སྣ་ལྔའི་འཇའ་ཚོན་ཁྱུགས་སེ་ཁྱུག །སྨན་དང་བདུད་རྩིའི་ངང་པ་ཀྱི་ལི་ལི། །འདོད་ཡོན་བསང་གི་དུད་པ་སྤྲིན་ལྟར་གཏིབས། །འདི་འདྲའི་དམ་རྫས་མཆོད་སྤྲིན་མང་པོ་ཡིས། །ལྷ་བསྲུང་བརྔན་པས་དགྱེས་པ་བསྐྱེད་པར་གྱུར། །ཨོཾ་བཛྲ་ཨཧཱུྃ་སོགས། འདི་མན་གྱི་སྔགས་དང་ཕྱག་རྒྱ་བཞི་པོ་བརྔན་གྱིའོ། །འདབ་དྲུག་ལྷོ་ཡི་འདབ་མ་ལ། །སྤེལ་བའི་ལྷ་ནི་རྣམ་སྣང་དཀར། །ཕྱག་ན་འཁོར་ལོ་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །ཐལ་མོ་ཚིགས་བཅིག་ཕྱག་རྒྱའི་ནང་། །ཁཾ་སྔོན་འོད་འཕྲོས་སྣོད་བཅུད་སྤེལ། །ཨོ་ན་མསརྦ་ཏ་ཐཱ་ག་ཏ་བྷོ་བྷི་ཤྭ་མུ་ཥེ་བྷྱཿ སརྦ་ཐ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། སྔགས་དང་ཕྱག་རྒྱ་འདི་ཡི་མཐུས། །སྣོད་བཅུད་ལེགས་ཚོགས་འཕེལ་གྱུར་ཅིག །འདབ་དྲུག་མདུན་མཚམས་འདབ་མ་ལ། །བསྒྱུར་ལྷ་བདུད་རྩི་འཁྱིལ་པ་ལྗང་། །ཕྱག་ན་རྒྱ་གྲམ་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །ཐལ་མོ་ཁ་གྱེད་ཕྱག་རྒྱའི་ནང་། །ཛདམར་འོད་འཕྲོས་བདུད་རྩིར་


CMR036_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། སྔགས་དང་ཕྱག་རྒྱ་འདི་ཡི་མཐུས། །སྣོད་བཅུད་ཟག་མེད་བདུད་རྩིར་བསྒྱུར། །འདབ་དྲུག་ནུབ་ཀྱི་འདབ་མ་ལ།ཐོབ་ལྷ་རིན་འབྱུང་སྐུ་མདོག་སེར། །ཕྱག་ན་རིན་ཆེན་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །མཆོད་སྦྱིན་ཕྱག་རྒྱ་ཏཱཾ་སེར་ལས། །འོད་འཕྲོས་ཀུན་གྱིས་འབད་མེད་ཐོབ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། སྔགས་དང་ཕྱག་རྒྱ་འདི་ཡི་མཐུས། །མགྲོན་རྣམས་ཀུན་གྱིས་ཐོབ་གྱུར་ཅིག །འདབ་དྲུག་བྱང་གི་འདབ་མ་ལ། །ཚིམ་ལྷ་དོན་ཡོད་གྲུབ་པ་ལྗང་། །ཕྱག་མཚན་རལ་གྲི་དྲིལ་བུ་བསྣམས། །མཚན་དང་དཔེ་བྱད་ལྡན་པར་བཞུགས། །ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་།ཧ་ལྗང་འོད་འཕྲོས་བདུད་རྩིར་གྱུར། །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་ས་མནྟ། ཨ་མྲྀ་ཏ་བྷ་ཝ་མ་ཧཱ་མ་ནི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། སྔགས་དང་ཕྱག་རྒྱ་འདི་ཡི་མཐུས།མགྲོན་རྣམས་དགྱེས་ཤིང་ཚིམ་གྱུར་ཅིག །འདབ་དྲུག་རྒྱབ་མཚམས་འདབ་མ་ལ། །དབང་བྱེད་ཕྱག་རྡོར་དམར་པོ་ལ། །ཕྱག་མཚན་རྡོ་རྗེ་དྲིལ་བུ་འཛིན། །སོར་བསྣོལ་ཕྱག་


CMR036_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཛདམར་ལས། །འོད་འཕྲོས་མགྲོན་བཞིའི་མཐུ་སྟོབས་བསྡུས། །ན་མས་མན་བུདྡྷཱ་ནཾ་ག་རི་ཀྲོ་ཏི་ཤྭ་རི་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭཱ་ཧཱ། སྔགས་དང་ཕྱག་རྒྱ་འདི་ཡི་མཐུས། །འགྲོ་ཀུན་དབང་དུ་འདུས་པར་གྱུར། །དེ་ནས་མཆོད་པ་ནི། འདི་མན་ཀུན་ལའོ། །དཔག་མེད་བསོད་ནམས་སྟོབས་ལས་བྱུང་བ་ཡི། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ནམ་མཁའི་བཀང་སྟེ་འབུལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་དང་། །རེག་འཇམ་ནམ་མཁའི་ཕྱོགས་ཀུན་བཀང་སྟེ་འབུལ། །བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན། །དཀར་གསུམ་མངར་གསུམ་དར་སྣ་འབྲུ་སྣའི་ཚོགས། །ཇ་ཆང་ཞིབ་མར་ཕྱོགས་ཀུན་བཀང་སྟེ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝ་ར་ཨབྷཾ་སོགས། པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མཆོད་པ་གཅིག་བྱའོ། །བསང་ངོ། །མཆོད་དོ། །རིན་ཆེན་རྩ་བ་དང་བརྒྱུད་པར་བཅས་སྤྱི་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་བསང་དང་ཞི་བའི་མཆོད་པ་དམ་པ་འདི་འབུལ་ལོ། །ཡི་དམ་རྒྱུད་སྡེ་བཞི་དང་འབྲེལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་


CMR036_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསང་དང་ཞི་བའི་མཆོད་པ་དམ་པ་འདི་འབུལ་ལོ། །བཀའ་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས་པ་རྣམས་ཀྱི་ཞལ་དུ་བསང་དང་ཞི་བའི་མཆོད་པ་དམ་པ་འདི་འབུལ་ལོ།།སྟོང་༣ གསུམ་ཁམས་དང་ཡུལ་འདིའི་གཞི་བདག་རྣམས་ཀྱི་ཞལ་དུ་བསང་དང་ཞི་བའི་མཆོད་པ་དམ་པ་འདི་འབུལ་ལོ། །དེ་ནས་བསྟོད་པ་ནི། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །འཁོར་འདས་ཡོན་ཏན་དཔལ་དང་ལྡན། །བཀའ་བརྒྱུད་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཉིད། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོའི་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད། །ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་ཀྱང་། །གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི། །རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་བསྟོད།


CMR036_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཁས་ཐུགས་རྗེ་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་བསྟོད། །གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེས་རབ་ཏུ་བརྒྱན། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་དཔའི་དབྱངས་ལ་ཕྱག་འཚལ་བསྟོད། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་བསྟོད། །རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །པདྨ་ལས་འཁྲུངས་སྐུ་ལ་འདས་འཁྲུངས་མེད། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད་། །ཨོ་རྒྱན་རིན་པོ་ཆེ་ལ་ཕྱག་འཚལ་བསྟོད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་ལྷ་


CMR036_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ལ་ཕྱག་འཚལ་བསྟོད། །རྩྭ་དང་ཞིང་ལ་གནས་པ་ཡི། །སྒྲུབ་པ་པོ་ཡི་གྲོགས་མཛད་ཅིང་། །ཕྱི་ནང་བར་ཆད་སེལ་མཛད་པ། །མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་བྱེད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད་། །ཚེ་གཅིག་སངས་རྒྱས་བསྒྲུབ་པ་ལ། ཆོས་དང་མཐུན་པའི་འཚོ་བ་ཡི། །ཚོགས་རྣམས་མ་ལུས་སྟེར་མཛད་པ། །ནོར་ལྷའི་ཚོགས་ལ་ཕྱག་འཚལ་བསྟོད། །ཚངས་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་བཞི། །རང་རང་སྡེ་བཅས་མཐུ་དང་དཔལ་ལྡན་པའི། །སྟོན་པའི་དམ་ཆོས་སྐྱོང་བར་བྱེད་པ་ཡི། །ལྷ་ཡི་དགེ་བསྙེན་རྣམས་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱིས་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཞེས་པས་བསྟོད༔ དེ་ནས་བསང་ལ་མེ་སྦྱར་ལ་རང་གི་ལག་པ་གཡོན་པས་མེ་ཡར་བླངས་ལ་ཁམ་ཕོར་གྱི་ནང་དུ་བདུག་པ་ཕུལ། རང་གི་ལག་པ་གཡས་པས་བསང་ཤིང་བླངས་ཤིང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ལན་བདུན་བརྗོད། འདི་རིག་


CMR036_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

པ་མཆོག་གི་རྒྱུད་ནས་གསུངས་པ་གལ་ཆེའོ།། ༈ ཞི་བརྔན་བསང་གསུམ་གང་བྱེད་ཀྱང་འདི་དགོས་སོ།། བསང་ཁང་གི་དབུས་སུ་ཧཱུྃ་ལས་དུ་བའི་ལྷ་མོ་སྐུ་མདོག་སྔོན་མོ། མཛེས་སྡུག་མཚུངས་པ་མེད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གཡས་ཁྲུས་ཀྱི་བུམ་པས་ལྷ་སྲུང་གི་ཉམས་གྲིབ་བཀྲུ་ཞིང་གཡོན་སྨན་གྱི་གཞོང་པ་ནས་དྲི་བཟང་གི་དུད་སྤྲིན་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ལ་ཁྱབ་པ། དུ་བའི་རྩེ་མོ་ལ་སྤོས་ཀྱི་ཁྲི་ཤིང་དང་། མཆོད་པའི་ལྷ་མོ་བཅུ་དྲུག་དཔག་ཏུ་མེད་པས་མཆོད་པའི་ཡོ་བྱད་སྣ་ཚོགས་ཐོགས་པ། བཀྲ་ཤིས་པའི་རྟགས་བརྒྱད་དང་། རིན་པོ་ཆེ་སྣ་བདུན་དང་བཟའ་བཏུང་གི་བྱེ་བྲག་དཔག་ཏུ་མེད་པ་ཆར་ལྟར་འབེབས་པས་ལྷ་དང་སྲུང་མ་ཐམས་ཅད་དགྱེས་པ་བསྐྱེད་ཅིང་། དུ་བའི་དྲི་ཚོར་བ་ཙམ་གྱིས་ཟག་མེད་ཀྱི་བདེ་བས་ལུས་དང་སེམས་གང་བོར་བྱེད་པའི་རང་བཞིན་ཅན་དུ་གྱུར། ཨོཾ་ཨཱབཛྲ་དྷུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུྃ་སྭཱ་ཧཱ། ཞེས་བསང་ལ་མེ་སྦར་ལུགས་མན་ངག་ལྟར་རོ། །དེ་ནས་ཞི་བརྔན་བསང་གསུམ་ཀའམ་གང་རུང་རེ་རེའི་གཞུང་རྣམས་ཕྱག་ལེན་ལྟར་བཏང་བར་བྱའོ། །ཞེས་པ་ཤཱཀྱའི་བསྟན་པ་ལ་ཚངས་པར་སྤྱོད་པ་ཁས་ཆེས་པ་དགེ་སློང་རཱཨ་སྱས་བསྒྲིགས་པའོ།


CMR036_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཞི་བརྔན་བསང་གསུམ་གྱི་ཆོ་གnext