Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
བསང་རབ་བསྐྱེད་ཆོག་རིན་པོ་ཆེའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསང་རབ་བསྐྱེད་ཆོག་རིན་པོ་ཆེའི་ཕྲེང་བ།next

བསང་རབ་བསྐྱེད་ཆོག་རིན་པོ་ཆེའི་ཕྲེང་བ།


CMR036_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བསང་རབ་བསྐྱེད་ཆོག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།


CMR036_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་པདྨ་འབྱུང་གནས་ལ་ན་མོ། །ཞི་བའི་བསང་མཆོད་བྱེད་པར་འདོད་པས། ཕྱེ་མར་དཀར་གསུམ་མངར་གསུམ་ཤ་ཕུད་ཆང་ཕུད་ཇ་ཕུད་སྨན་སྣ་འབྲུ་སྣ་དར་ཟབ་གང་འཛོམ་དང་། གཡག་ལུག་ར་གསུམ་བཤོས་བུ་མདའ་དར་མཆོད་པ་སྣ་བདུན་གཞན་ཡང་སྤོས་རིགས་གང་རྙེད་དང་། མཁན་སུར་ཤུག་པ་ལ་སོགས་པའི་བསང་ཁང་དང་། རོལ་མོ་ལ་སོགས་པའི་མཆོད་པ་གང་འཛོམ་བཤམས་ལ། དང་པོ་སྐྱབས་སུ་འགྲོ་བ་ནི། དབྱངས་སྙན་པོའི་འདི་སྐད་དོ། །ན་མོ། ནམ་མཁའི་གནས་སུ་ནམ་མཁའ་གང་། །དྲིན་ཆེན་བླ་མ་རྒྱལ་བ་དགོངས་བརྒྱུད་དང་། །རིག་འཛིན་བརྡའ་བརྒྱུད་གང་ཟག་སྙན་བརྒྱུད་སོགས། །དུས་གསུམ་བླ་མ་རྣམས་ལ་


CMR036_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་མཆི། །གསང་སྔགས་གསར་རྙིང་རྒྱུད་སྡེ་ཕྱི་ནང་གི །ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་དང་། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་སྐྱབས་སུ་མཆི། །ཡེ་ཤེས་དང་ནི་ལས་ལ་གྲུབ་པ་ཡི། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས། །སྐྱབས་གནས་དམ་པ་རྣམས་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་སོགས། །མཐོང་ཐོས་དྲན་པས་འཁོར་བའི་སྡུག་བསྔལ་སེལ།སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ལྟ་སྒོམ་སྤྱོད་གསུམ་གཞི་ལམ་འབྲས་གསུམ་དང་། །རྩ་ཐིག་རླུང་གསུམ་ངོ་རང་ཐུགས་


CMR036_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རྗེར་བཅས། །མཐར་ཐུག་སྙིང་པོ་མཆོག་ལ་སྐྱབས་སུ་མཆི། །གང་ལ་སྐྱབས་ན་དངོས་གྲུབ་ཀུན་སྩོལ་ཞིང་། །གནས་སྐབས་མཐར་ཐུག་བསླུ་བ་མེད་པའི་སྐྱབས། །དཀོན་མཆོག་རིན་ཆེན་རྣམས་ལ་སྐྱབས་སུ་མཆི། །དེ་ནས་སེམས་བསྐྱེད་པ་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །གདོད་ནས་ཡེ་སངས་རྒྱས་པ་ལ། །མ་རིག་རྟོག་པའི་གཉིས་འཛིན་གྱིས། །མཉམ་ཉིད་ཆོས་སྐུར་དོན་མ་རྟོགས། །དེ་ཕྱིར་བདག་གཞན་འཁོར་བ་ཡིས། །སྡུག་བསྔལ་རྒྱ་མཚོ་ལས་བསྒྲལ་ཕྱིར། །སྙིང་རྗེ་ཆེན་པོའི་བྱང་ཆུབ་སེམས། །སྨོན་འཇུག་མཆོག་ཏུ་སེམས་བསྐྱེད་དོ། །དེ་ནས་བདག་བསྐྱེད་པ་ནི། ན་མོ། གཉིས་བསྡུས་ཆོས་རྣམས་གདོད་ནས་བརྡལ་བའི་ངང་། །བདག་ལུས་སྒྱུ་མའི་གྲོང་ཁྱེར་རབ་སྦྱངས་ཡོ་ནས། །ཤེས་རིག་རྒྱལ་པོ་གྷིཡིག་དཀར་ལ་འཚེར། །སྤྲོས་པས་འོད་ཀྱིས་གོང་བུར་འགྲེལ་བ་ལ། །ངོ་བོ་བཅོམ་ལྡན་ཐུགས་རྗེ་སྤྱན་རས་གཟིགས། །དཀར་གསལ་མདངས་ལྡན་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །འོག་མའི་གཡས་གཡོན་ཤེལ་ཕྲེང་པད་དཀར་འཛིན། །པད་ཟླའི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་


CMR036_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། །ཤིན་ཏུ་མཛེས་པའི་ཞལ་དང་འཛུམ་བག་ཅན། །དབུ་སྐྲ་ལྕང་ལོ་དང་བཅས་འཁྱིལ་བའི་དབུས། །བླ་མ་འོད་དཔག་མེད་པས་མཚན་པའོ། །མཚན་དང་དཔེ་བྱད་ལོངས་སྤྱོད་བརྒྱན་པའི་སྐུ། །སྣ་ཚོགས་དར་དང་རིན་ཆེན་བརྒྱན་ཆས་སྤྲས། །གངས་རིའི་ཕུང་པོ་ལྟ་བུར་བརྗིད་པའི་སྐུ། །འོད་ཟེར་དྲྭ་བ་རབ་ཏུ་འབར་བས་གཡོགས། །ཐུགས་སྲོག་ཧཱུྃཡིག་མཐའ་མར་གཡས་སྐོར་དུ། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་དང་བཅས། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་སྙིང་པོ་བརྒྱ་རྩ་རེ་བསྒྲང་བར་བྱས་ནས། མཆོད་བསྟོད་བྱ་བ་ནི། ཨོ་ཨརྱ་ལོ་ཀི་ཤྭ་ར་ས་པཱ་རི་ཝཱ་ར་ཨརྒྷཾ་སོགས། ཤབྟ་པྲ་ཏིཙྪ་སྭཱ་ཧཱ། ཨེ་མ་ཧོ༔ སྣང་བ་མ་འགགས་ཐུགས་རྗེ་ཆེན་པོའི་སྐུ། །གྲག་སྟོང་སྙིང་པོ་ཡི་གེ་དྲུག་པའི་གསུང་།ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པའི་ཐུགས། །སྐུ་གསུང་ཐུགས་མཆོག་སྤྱན་རས་གཟིགས་དབང་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་བསྟོད། །མཆོད་པ་བྱིན་རླབས་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསཱ་བྷཱ་ཤུདྡྷོཉཧཾ། སྟོང་ཉིད་ངང་ལས་ཧཱུྃ་ལས་རིན་ཆེན་སྣོད། །ཡངས་ཤིང་རྒྱ་ཆེ་དཀར་ལ་ཟླུམ་པའི་ནང་། །བསང་རྫས་མི་དམིགས་པ་


CMR036_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ངང་ཉིད་ལས། །ཨོཾ་ཨཱཿཧཱུྃ་དང་ཨོཾ་བྷྲཱུཾ་ཏྲཱཾ་ཧྲཱིཿཨཱཿ །དེ་རྣམས་འོད་འཕྲོས་སྲིད་གསུམ་བཅུད་རྣམས་བསྡུས། །ཡི་གེ་དེ་དག་ཡོངས་སུ་གྱུར་པ་ལས། །གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་ཕུན་སུམ་ཚོགས། །དཀར་གསུམ་རི་བོ་མངར་གསུམ་རྒྱ་མཚོ་འདི། །རཾལས་མེ་བྱུང་ཉོན་མོངས་བག་ཆགས་བསྲེགས། །ཡཾ༔ ལས་རླུང་བྱུང་ཞེ་སྡང་དངོས་འཛིན་གཏོར། །ཁཾལས་ཆུ་བྱུང་གཉིས་འཛིན་རྣམ་རྟོག་བཀྲུས། །རཾཡཾཁཾཝགིས་བསྲེག་ཅིང་གཏོར་དང་བཀྲུས། །དག་ཅིང་གཙང་ལ་རྙོག་པ་མེད་པར་བྱས། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་མཉམ་པས་མཆོད། །རྒྱ་ཆེ་གཏིང་ཟབ་ཆོས་ཀྱི་དབྱིངས་མཉམ་བྱུང་། །ཞེས་སྔགས་དྲུག་ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས། ཆབ་ཀྱིས་བྲན་པ་ནི༔ ཧཱུྃ། སྟོང་གསུམ་ཀུན་ནས་དྲི་མཆོག་འབྱུང་གྱུར་པའི། །སྤོས་དང་སྨན་སྦྱར་ཆུ་གཙང་སྦྱར་བའི་ཁྲུས། །ཡིད་བཞིན་སྤྲིན་ཕུང་མཁའ་ལས་ཆར་འབེབས་པ། །མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག །ཨོཾ་ཤུདྡྷེ་ཤོ་དྷ་ན་ཡེ་སྭཱ་ཧཱ། ཤཱཀྱ་ཐུབ་པའི་བྱིན་རླབས་ཀྱིས། །ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་། །ཨཱདཀར་འོད་འཕྲོས་དངོས་


CMR036_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་སྦྱངས། །ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། བྷཾ་ལས་དངུལ་གྱི་སྣོད་མཆོག་རྒྱ་ཆེ་བར། །ཀ་ར་བུ་རམ་སྦྲང་རྩི་འོ་ཞོ་མར། །རིན་ཆེན་ལྔ་དང་དར་ཟབ་སྟག་གཟིག་རས། །བཟང་དྲུག་ཀླུ་སྨན་རྣམ་པ་སྣ་ཚོགས་དང་། །ཞིབ་མོར་སྤོས་སྤྲིན་ནམ་མཁའི་ཁམས་ཁྱབ་པ། །དྲི་ཚོར་ཙམ་གྱིས་ནད་དང་སྡུག་བསྔལ་ཀུན།མ་ལུས་ཞི་བར་བྱེད་པ་ཉིད་དུ་གྱུར། །ཨོཾ་ཨཱཧཱུྃ་ཧ་ཧོ་ཧཱུྃ༔ རྣམ་པར་སྣང་མཛད་བྱིན་རླབས་ཀྱིས། །ཐལ་མོ་ཚིགས་བཅག་ཕྱག་རྒྱའི་ནང་། །ཁཾ་སྔོན་འོད་འཕྲོས་སྣོད་བཅུད་སྤེལ། །ཨོཾ་ན་མསརྦ་ཏ་ཐཱ་ག་ཏ་བྷོ་བྷི་ཤྭ་མུ་ཁེ་བྷྱཿ སརྦ་ཐ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱིས། །ཐལ་མོ་ཁ་གྱེད་ཕྱག་རྒྱའི་་ནང་། །ཛདམར་འོད་འཕྲོས་བདུད་རྩིར་བསྒྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས། །མཆོད་སྦྱིན་ཕྱག་རྒྱ་ཏཱཾ་སེར་ལས།འོད་འཕྲོས་ཀུན་གྱིས་འབད་མེད་ཐོབ། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས། །ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་


CMR036_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ནང་། །ཧ་ལྗང་འོད་འཕྲོས་བདུད་རྩིར་གྱུར། །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་ས་མནྟ། ཨ་མྲྀ་ཏ་སྤ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཕྱག་ན་རྡོར་རྗེའི་བྱིན་རླབས་ཀྱིས། །སོར་བསྣོལ་ཕྱག་རྒྱ་ཛདམར་ལས། །འོད་འཕྲོས་མགྲོན་བཞིའི་མཐུ་སྟོབས་བསྡུས། །ན་མས་མནྟ་བུདྡྷཱ་ནཾ་ག་རི་ཀྲོ་ཏི་ཤྭ་རི་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭཱ་ཧཱ། ཞེས་བྱིན་རླབས་སོ། །དེ་ནས་བསང་ཁང་བསྐྱེད་ཅིང་བྱིན་གྱིས་རླབས་པ་ནི། བསང་ཁང་བྲན་ལ། ༈ བསང་ཁང་དྷཾ་ཡིག་ལས་བྱུང་བའི། །དུ་བའི་ལྷ་མོ་མཛེས་སྡུག་ནི། །རིན་ཆེན་དར་ཟབ་སྣ་ཚོགས་བརྒྱན། །ཕྱག་གཡས་ཤེལ་དཀར་བུམ་པ་ནི། །དྲི་མེད་བདུད་རྩིའི་གང་བ་བསྣམས། །ལྷ་དང་སྲུང་མའི་ཉམས་གྲིབ་བཀྲུ། །ཕྱག་གཡོན་སྤོས་ཀྱི་གཞོང་པ་ནས།། སྤོས་སྤྲིན་ནམ་མཁའི་མཐར་ཐུག་ཁྱབ། །རབ་འབྱམས་སངས་རྒྱས་ཞིང་རྣམས་ཀུན། །སྤོས་ཀྱི་ཁྲི་ཤིང་དྲ་བ་འབྲེལ། །དུད་པའི་ཟེར་མ་རེ་རེ་ལ། །བཀྲ་ཤིས་རྫས་བརྒྱད་རྟགས་བརྒྱད་དང་། །རྒྱལ་སྲིད་རིན་ཆེན་སྣ་བདུན་དང་། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །ངོ་མཚར་མཆོད་པ་བཅུ་དྲུག་སོགས། །ལྷ་མའི་ལོངས་སྤྱོད་ཆར་དུ་


CMR036_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འབེབས། །ལྷ་རྣམས་དགྱེས་པ་བསྐྱེད་པར་གྱུར། །ཨོཾ་བཛྲ་དྷུ་པེ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཨཱཿཧཱུྃ། དེ་ནས་བསང་མགྲོན་ལྷ་བསྐྱེད་པ་ནི། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའ་ལ། །ཧཱུྃ་ལས་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་རྟ་བབས་བང་རིམ་དང་། །བཅས་པ་ཡངས་ཤིང་རྒྱ་ཆེའི་དབུས་སུ་ནི།པདྨའི་སྡོང་པོ་ཡལ་ག་སྟོང་དང་ལྡན། པདྨ་གེ་སར་འདབ་བཞིའི་དབུས་སུ་ནི། །པདྨ་འབྱུང་གནས་སྤྲུལ་སྐུའི་ཆ་ལུགས་ཅན། །སྐུ་མདོག་དཀར་དམར་མདངས་ལྡན་ཞི་འཛུམ་ཅན། །ཤིན་ཏུ་བརྗིད་ཅིང་སྣང་སྲིད་ཟིལ་གྱིས་གནོན། །ཟ་འོག་བེར་དང་ཆོས་གོས་རྣམ་གསུམ་གསོལ། །པད་ཞ་མཐིང་ཁ་སྒོ་དར་མེ་ལོང་བརྒྱན། །གཡས་གཡོན་ཕྱག་གཉིས་རྡོ་རྗེ་བདུད་རྩི་བསྣམས། །མི་མགོ་གསུམ་མཚོན་ཁཊཾ་རྩེ་གསུམ་ལ། །ཌ་མ་རུ་དང་དར་སྣའི་ཅོད་པན་དང་། །དྲིལ་བུ་གཡེལ་ཁས་བརྒྱན་པ་གཡོན་ཟུར་བསྟན།ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བརྗིད་པར་བཞུགས། །དེ་ཡི་སྟེང་གི་ཆ་ལ་པད་ཟླའི་སྟེང་། །སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་དང་། །ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེན་ལ། །


CMR036_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

གསར་རྙིང་གཏེར་བརྒྱུད་བླ་མ་རྣམས་ཀྱིས་བསྐོར། །བར་གྱི་ཆ་ལ་པད་ཟླའི་གདན་སྟེང་དུ། །དྲག་པོ་ཐོད་ཕྲེང་སྒྲུབ་པ་བཀའ་བརྒྱད་ལ། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་རྣམས་ཀྱིས་བསྐོར། །ཨོ་རྒྱན་གཡས་སུ་པད་ཟླའི་གནད་སྟེང་དུ། །བཅོམ་ལྡན་རྒྱལ་བ་ཤཱཀྱ་ཐུབ་པ་ལ། །སངས་རྒྱས་དཀོན་མཆོག་མགྲོན་གྱི་ཚོགས་ཀྱིས་བསྐོར། །ཨོ་རྒྱན་རྒྱབ་ཏུ་པད་ཟླའི་གདན་སྟེང་དུ། །ཆོས་སྐུ་ཡུམ་ཆེན་ཤེས་རབ་ཕར་ཕྱིན་ལ། །དམ་ཆོས་དཀོན་མཆོག་མགྲོན་གྱི་ཚོགས་ཀྱིས་བསྐོར། །ཨོ་རྒྱན་གཡོན་དུ་པད་ཟླའི་གདན་སྟེང་དུ། །འཇམ་དབྱངས་སྤྱན་རས་གཟིགས་དབང་ཕྱག་རྡོར་ལ། །དགེ་འདུན་དཀོན་མཆོག་མགྲོན་གྱི་ཚོགས་ཀྱིས་བསྐོར། །ཨོ་རྒྱན་མདུན་དུ་པད་ཟླའི་གདན་སྟེང་དུ། །དབང་ཆེན་རྟ་མགྲིན་རྡོ་རྗེ་ཕག་མོ་ལ། །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཞབས་ཀྱི་ཆ་ལ་པད་ཟླའི་གདན་སྟེང་དུ། །དཔལ་ཆེན་ཡེ་ཤེས་མགོན་པོ་ཡབ་ཡུམ་ལ། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཚོགས་ཀྱིས་བསྐོར། །དེ་ཡི་ཕྱི་རོལ་པད་ཟླའི་གདན་སྟེང་དུ།།འཛམ་ལྷ་དཀར་དམར་རྒྱལ་ཆེན་རྣམ་སྲས་ལ། །གནོད་སྦྱིན་ནོར་ལྷ་ཕོ་མོའི་ཚོགས་ཀྱིས་


CMR036_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །དེ་ཡི་ཕྱི་རོལ་དར་ཟབ་པད་ཟླའི་སྟེང་། །ལྷ་མོ་བསྟན་མ་ས་ལྷའི་རྒྱལ་པོ་ལ། །ཕྱི་རྒྱུད་སྲུང་མ་སྟོང་གསུམ་ལྷ་ཀླུ་དང་། །རྒྱུ་སྐར་ལྷ་མོ་ཉི་ཤུ་རྩ་བརྒྱུད་སོགས། །ཡུལ་ལྷ་གཞི་བདག་གནས་བདག་རྣམས་ཀྱིས་བསྐོར། །དེ་ཡི་ཕྱི་རོལ་རིགས་དྲུག་སྙིང་རྗེ་ལ། །བགེགས་རིགས་ལན་ཆགས་མགྲོན་གྱི་ཚོགས་ཀྱིས་བསྐོར། །ཚོགས་མ་ལུས་དེ་དག་ཐམས་ཅད་ཀྱི། །སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱདམར་དང་། །ཐུགས་ཀའི་ཧཱུྃ་སྔོན་གསུམ་ལས་འོད་འཕྲོས་པས། །རང་རང་གནས་ནས་མཆོད་པའི་གནས་འདིར་བྱོན། །བཛྲ་ས་མ་ཡ་ཛཿཛཿ དེ་ནས་སྤྱན་འདྲེན་པ་ནི། རོལ་མོ་དབྱངས་དང་བཅས་པས། ཧཱུྃ། ནུབ་ཕྱོགས་བདེ་ཆེན་ཕོ་བྲང་ནས། །བཅོམ་ལྡན་མགོན་པོ་འོད་དཔག་མེད། །གོས་དཀར་ལྷ་མོ་ཡུམ་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རི་བོ་ལྟ་ལའི་ཕོ་བྲང་ནས། །འཕགས་པ་སྤྱན་རས་གཟིགས་དབང་སྐུ།གསང་བ་ཡེ་ཤེས་ཡུམ་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཟངས་མདོག་དཔལ་རིའི་ཕོ་བྲང་ནས། །གུ་རུ་པདྨ་འབྱུང་གནས་སྐུ། །མནྡ་ར་ཝ་མཚོ་


CMR036_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་། །རིག་འཛིན་དཔའ་བོ་མཁའ་འགྲོ་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ཀྱཻ། ཕྱོགས་བཅུའི་དུས་གསུམ་རབ་འབྱམས་ཀྱི། །འདྲེན་མཆོག་རྒྱལ་བ་ཐམས་ཅད་དང་། །བྱང་ཆུབ་སེམས་དཔའ་མ་ལུས་དང་། །མཐུ་ཆེན་ཁྲོ་རྒྱལ་ཐམས་ཅད་དང་། །བླ་མེད་དཀོན་མཆོག་གསུམ་པོ་དང་། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སངས་རྒྱས་བསྟན་སྲུང་བདུད་སྡེ་འཇོམས། །མ་རུངས་འཇོམས་མཛད་དགྲ་བགེགས་གཤེད། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་དང་། །བསྟན་སྲུང་དམ་ཅན་རྒྱ་མཚོ་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །གནོད་སྦྱིན་ནོར་ལྷ་འཁོར་བཅས་དང་། །ཚངས་པ་བརྒྱ་བྱིན་ཕྱོགས་སྐྱོང་བཅུ། །ལྷ་བརྒྱད་ཀླུ་བརྒྱད་གཟའ་ཆེན་བརྒྱད། །རྒྱལ་པོ་ཆེན་པོ་སྡེ་བཞི་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས། །ཉོན་མོངས་འགྲོ་ལ་བརྩེར་དགོངས་ནས། །ཀུན་གྱིས་ཐུགས་དམ་གྱིས་བསྐུལ་ཏེ། །ཆག་ཐོག་མེད་པའི་རྫུ་འཕྲུལ་གྱིས། །སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ། །གཞན་ཡང་སྟོབས་ལྡན་སྲུང་མའི་ཚོགས། །ཆོས་རྒྱལ་


CMR036_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

མེས་དབོན་རྣམ་གསུམ་དང་། །རིག་འཛིན་སློབ་དཔོན་པདྨ་སོགས། །སྔོན་གྱི་མཁས་གྲུབ་ཐམས་ཅད་ཀྱིས། །སྤྱན་སྔར་ཁས་བླངས་ཐུགས་བསྐྱེད་ནས། སྲོག་གི་སྙིང་པོ་ཕུལ་བ་ཡིས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་དང་། །མགུར་ལྷ་བསྟན་མ་བཅུ་གཉིས་དང་། །གཏེར་བདག་དམ་ཅན་དགེ་བསྙེན་དང་། །འཛམ་གླིང་གཞི་བདག་ལྷ་ཀླུ་གཉན། །ས་བདག་བཙན་དང་རྒྱལ་པོ་སྨན། །ལྷ་མོ་བསྟན་མས་གཙོར་བྱས་པའི། །ཡུལ་ལྷ་གཞི་བདག་གནས་བདག་དང་། །ཕན་བྱེད་འགོ་བའི་ལྷ་ལྔ་ཡང་།མཆོད་པའི་གནས་འདིར་གཤེགས་སུ་གསོལ། ཀྱཻ། གནས་འོག་མིན་ཆོས་དབྱིངས་ཕྱིན་ཆད་ན། །རླུང་རྡོ་རྗེ་རྒྱ་གྲམ་ཡན་ཆད་དུ། །རི་རབ་གླིང་བཞི་གླིང་ཕྲན་བརྒྱད།ས་ཆུ་མེ་རླུང་ནམ་མཁའ་དང་། །འཇིག་རྟེན་ཁམས་ཀྱི་མཐུ་བོ་ཅན། །སྟོང་ཁམས་ཁྱབ་པའི་རྫུ་འཕྲུལ་ཅན། །སྟོན་པའི་བསྟན་པ་སྲུང་བ་དང་། །སེམས་ཅན་བདེ་ལ་འགོད་པ་དང་། །རྣལ་འབྱོར་སྡོང་གྲོགས་བྱེད་པ་དང་། །མི་མཐུན་བར་ཆད་བསལ་བ་དང་། །དགྲ་བགེགས་རྡུལ་དུ་བརླག་པའི་ཕྱིར། །འཁོར་བཅས་གནས་འདིར་གཤེགས་སུ་


CMR036_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཀྱཻ། བསང་མཆོད་ཆེན་པོའི་དཀྱིལ་འཁོར་འདིར། །འཇའ་འོད་གུར་ཕུབ་ཉམས་རེ་དགའ། །གཞལ་ཡས་འོད་ཕུང་ལམས་སེ་ལམ། །འཇའ་ཚོན་རི་མོ་ཁྱུགས་སེ་ཁྱུག །སྤོས་བཟང་ངད་པ་ཐུ་ལུ་ལུ། །བདུད་རྩིའི་སྦྲང་ཆར་སི་ལི་ལི། །བདུད་རྩིའི་བསང་མཆོད་དྲི་རེ་ཞིམ། །དྲི་ཞིམ་དུད་པ་ཐུ་ལུ་ལུ། །དར་གྱི་ཅོད་པན་པུ་རུ་རུ། །རོལ་མོ་སྒྲ་སྙན་ཁྲོ་ལོ་ལོ། །ལྷུན་གྲུབ་གནས་འདིར་གཤེགས་སུ་གསོལ། །དེ་ནས་བཞུགས་སུ་གསོལ་བ་ནི། །ན་མོ། དཀོན་མཆོག་གསུམ་དང་རྩ་བ་གསུམ། །ཆོས་སྐྱོང་དམ་ཅན་ཚེ། །ནོར་ལྷ་དང་། །ཕྱི་རྒྱུད་དཀར་ཕྱོགས་དགེ་བསྙེན་དང་། །ལྷ་ཀླུ་གཞི་བདག་འཁོར་བཅས་རྣམས། །ཚུར་གཤེགས་འདིར་གནས་བྱོན་པ་ལེགས། །མ་ཆགས་དྲི་མེད་པདྨའི་གདན། །ཡིད་འོང་ཉི་ཟླ་བརྩེགས་པ་ཡི། །རིན་ཆེན་དར་ཟབ་གདན་སྟེང་དུ། །འགྲོ་བའི་དོན་ཕྱིར་བཞུགས་སུ་གསོལ། །བདག་ནི་རབ་གུས་དང་བ་ཡིས། །སྒོ་གསུམ་གུས་པས་ཕྱག་བགྱི་འོ། །བཛྲ་ས་མ་ཡ་ཛ༔ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན་ཨ་ཏི་པུ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི། །ཨོཾ། དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །ཉེར་སྤྱོད་སྣ་


CMR036_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གཡག་ལུག་ར་གསུམ་གཟུགས་འགྲོས་དང་། །འབྲུ་སྣ་སྨན་སྣ་དར་ཟབ་དང་། །ཇ་ཆང་ཤ་ཐུད་ཟས་སྣའི་ཕུད། །ཕྱེ་མར་སྤོས་དཀར་དུད་པ་དང་། །ལོངས་སྤྱོད་བརྒྱན་གྱིས་གཏོར་མ་དང་། །དཀར་གསུམ་མངར་གསུམ་རིན་པོ་ཆེ། །མདའ་དར་གོ་མཚོན་སྤྱན་གཟིགས་དང་། །གར་དང་རོལ་མོ་རྔ་དང་དུང་། །བསང་མཆོད་བདུད་རྩིའི་སྤྲིན་དཔུང་དང་། །འདོད་ཡོན་ལོངས་སྤྱོད་མཆོད་པའི་ཚོགས། །རྩ་བརྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད། །དམ་ཅན་ནོར་ལྷ་གཏེར་བདག་དང་། །མགུར་ལྷ་བསྟན་མ་དགེ་བསྙེན་དང་། །ཕྱི་རྒྱུད་འཇིག་རྟེན་སྲུང་མ་མཆོད། །འཇིག་རྟེན་སྐྱོང་བ་ཡུལ་གྱི་ལྷ། །གཞི་བདག་གནས་བདག་ས་བདག་དང་། །ཕ་མཚུན་དགྲ་བླ་ཐམས་ཅད་མཆོད། །ནོར་ལྷ་རྟ་ལྷ་ལུག་ལྷ་དང་། །ཁྱིམ་ལྷ་མཁོར་ལྷ་ཞིང་ལྷ་དང་། །ཕ་ལྷ་མ་ལྷ་ཞང་ལྷ་མཆོད། །ཐབ་ལྷ་ལ་སོགས་སྲིད་པ་ཡི། །ལྷ་སྲུང་མགོན་བྱེད་ཐམས་ཅད་མཆོད། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །གུ་རུ་དྷེ་ཝ་ཌཱཀྐི་ནི། སརྦ་དྷརྨ་


CMR036_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ལ། ལོ་ཀ་པཱ་ལ། སརྦ་དེ་ཝ་ས་པ་རི་ཝཱ་ར་ཨབྷཾ་སོགས། ཤཔྟ་རུ་པ་གྷནྡྷེ་རྭ་ས་སྤརེ་ཨབྦ་མངྒ་ལཾ་དྲ་བྱ་བྷ་ལིང་ཏ་སརྦ་པུ་ཙ་པྲ་ཏིཙྪ་ཡེ་སྭཱ་ཧཱ། ཞེས་མཆོད་པ་རྣམས་རྒྱས་པར་བྱས་ནས། བསང་ཁང་བྲན་ནས་དུད་པ་ལས་འདོད་ཡོན་གྱི་ལྷ་མོ་དཔག་ཏུ་མེད་པ་འཕྲོས་ནས་ཕྱག་ན་མཆོད་རྫས་སྣ་ཚོགས་བཟུང་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་ན་བཞུགས་པ་ཐམས་ཅད་ལ་སོ་སོར་ཅི་དགྱེས་ཕུལ་བར་དམིགས་ལ་འདི་སྐད་དོ། ཀྱཻ། ཡེ་ཤེས་མེ་དང་དུད་པ་མི་དམིགས་ཀྱང་། །མཆོད་པའི་ལྷ་མོ་སྤྲིན་དཔུང་ལྟ་བུར་གཏིབས། །འདོད་ཡོན་མཆོད་པ་སྣ་ཚོགས་དཔག་ཏུ་མེད།དཔག་བསམ་ཤིང་དང་རིན་ཆེན་གཏེར་བུམ་དང་། །བདུད་རྩི་ཆུ་མིག་འདོད་འཇོའི་བ་ལ་སོགས། །མ་མོའི་ལོ་ཐོག་ལ་སོགས་རྩི་བཅུད་དང་། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །རོ་མཆོག་བརྒྱ་ལྡན་བཟའ་བཏུང་སྣ་ཚོགས་དང་། །དར་དང་ཟ་འོག་གོས་རྣམས་རེག་བྱའི་ཚོགས། །དཀར་གསུམ་རི་བོ་མངར་གསུམ་རྒྱ་མཚོའི་ཚོགས།རིན་ཆེན་སྣ་བདུན་གཡག་ལུག་ར་ཡི་གཟུགས། །འབྲུ་བཅུད་ཆང་དང་རྩི་བཅུད་སྙིང་པོ་དང་། །དཀར་མདར་མདངས་ལྡན་ཤ་ཕུད་སྤོས་ཀྱི་རིགས། །མཁོ་དགུའི་ལོངས་སྤྱོད་


CMR036_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་དགུའི་དཔལ་འབྱོར་གྱིས། །ས་དང་བར་སྣང་ནམ་མཁའ་ཡོངས་གང་བ། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འདི། །རྣལ་འབྱོར་དྭངས་བའི་སེམས་ཀྱིས་འབུལ་ལགས་ན། །སོ་སོར་གང་ལ་ཅི་དགྱེས་བཞེས་སུ་གསོལ། །ཅེས་མཆོད་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་ཕྱག་ན་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པ་བསྣམས་ནས་བསྟོད་དབྱངས་ཡན་ལག་རྒྱ་མཚོའི་སྒྲས་བསྟོད་པར་བསྒོམས་ལ། ཀྱཻ། དུས་གསུམ་རྒྱལ་བའི་ཕྲིན་ལས་བདག །བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །མཆོག་ཐུན་དངོས་གྲུབ་ཀུན་གྱི་བདག །ཡི་དམ་ལྷ་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་ཀུན་འགྲུབ་ཐོགས་པ་མེད། །མཁའ་འགྲོ་རྣམས་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་བསྟན་པ་སྙིང་ལྟར་གཅེས། །ཆོས་སྐྱོང་རྣམས་ལ་ཕྱག་འཚལ་བསྟོད། །སྟོང་གསུམ་རིན་ཆེན་གཏེར་གྱི་བདག །ནོར་ལྷའི་ཚོགས་ལ་ཕྱག་འཚལ་བསྟོད། །ཕྱོགས་དུས་འཇིག་རྟེན་ཐམས་ཅད་སྐྱོང་། །དཀར་ཕྱོགས་དགེ་བསྙེན་ཀུན་ལ་བསྟོད། །ཅེས་བསྟོད་ནས། བསང་རབ་ནི། ཀྱཻ། སྔོན་ཚེ་གྲངས་མེད་བསྐལ་པའི་སྔོན། །ཐུབ་དབང་རྒྱལ་བུར་གྱུར་པའི་ཚེ། །སྤོས་ཀྱི་རིལ་བུ་གཅིག་བསྲེགས་ནས།


CMR036_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་སྙན་བཀྲོལ་ནས་བསང་མཆོད་མཛད། །ཞག་བདུན་སྤོས་སྤྲིན་འཛམ་གླིང་ཁྱབ། །དེ་ནས་ཤཱཀྱའི་བསྟན་པ་ལ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །འཛམ་གླིང་སྤྱི་བསང་བསྡུས་པ་མཛད། །རྡོ་རྗེ་གདན་ལ་སོགས་པ་ཡི། །རྒྱ་གར་གཙུག་ལག་བརྒྱ་རྩ་གྲུབ། །དེ་ནས་མགར་བློན་རིགས་ཅན་གྱིས། །བསང་དང་མཆོད་པ་མཛད་པ་ཡིས།ཤཱཀྱ་མུ་ནེ་གདན་དྲངས་སོ། །དེ་ནས་པདྨ་འབྱུང་གནས་ཀྱིས། །བརྔན་དང་བསང་མཆོད་མཛད་པ་ཡིས། །བསམ་ཡས་གཙུག་ལག་བརྒྱ་རྩ་བཞེངས། །དེ་ནས་རང་བྱུང་རྡོ་རྗེ་ཡིས་། །འཛམ་གླིང་སྤྱི་བསང་མཛད་པ་ཡིས། །སོག་གི་ཆུ་ལ་དགེ་ཟམ་ཚུགས། །དེ་བཞིན་རྣལ་འབྱོར་ཡོན་བདག་གི །བཀྲ་ཤིས་བདེ་ལེགས་རྒྱས་པའི་ཕྱིར། །དེ་རིང་བསང་དང་མཆོད་པ་བྱ། །དེ་ནས་བསང་གཞུང་གང་འདོད་འདོན་པའོ། །ཞེས་རིག་སྔགས་འཆང་བའི་སློབ་བུ་པདྨ་མཐར་ཕྱིན་རྡོ་རྗེ་ཞེས་བྱས་བསྐུལ་ནས་རཱ་ག་ཨ་སྱས་སྦྱར་བ་ལ། འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། པད་འབྱུང་རྩ་བ་གསུམ་ཆོས་བདག་བཀའ་སྲུང་དང་བཅས་པའི་སྤྱན་སྔར་མཐོལ་ལོ་བཤགས་སོ། །དགེ་བས་རྐྱེན་ལས་གྲོལ་ནས། གུ་རུ་པདྨའི་གོ་འཕང་མྱུར་ཐོབ་ཤོག །སརྦ་མངྒ་ལཾ།། །།


previousབསང་རབ་བསྐྱེད་ཆོག་རིན་པོ་ཆེའི་ཕྲེང་བ།next