Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
བསང་མཆོད་བསྡུས་པ་བདེ་ལེགས་ཀུན་འབྱུང་དངོས་གྲུབ་དཔལ་སྟེར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསང་མཆོད་བསྡུས་པ་བདེ་ལེགས་ཀུན་འབྱུང་དངོས་གྲུབ་དཔལ་སྟེར།next

བསང་མཆོད་བསྡུས་པ་བདེ་ལེགས་ཀུན་འབྱུང་དངོས་གྲུབ་དཔལ་སྟེར།


CMR036_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

བསང་མཆོད་བསྡུས་པ་བདེ་ལེགས་ཀུན་འབྱུང་དངོས་གྲུབ་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།


CMR036_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲ་ཝ་ཀཱ་ར་ཡེ། ཡུལ་ལྷ་རྣམས་ལ་བསང་མཆོད་འབུལ་འདོད་ན། །བསང་བཏང་རྒྱས་པའི་སྐབས་སུ་འདོན་པའམ། །འདི་ཉིད་ཁོ་ན་བཏང་ཡང་ཚང་བ་སྟེ། །ཐབ་དུད་ཕྱེ་མར་ཤུག་ཕྱེ་བཏབ་ཀྱང་ཆོག །འདི་ཉིད་གྱེར་སྒོམ་སྦྲགས་པས་ཚང་བ་སྟེ། །རྒྱས་པར་འདོད་ན་མཆོད་པ་བྱེད་པའམ། །དཀར་གཏོར་ཕྱེ་མར་གཡག་ལུག་ར་གསུམ་བཤམས། །མདའ་དར་གསེར་སྐྱེམས་ཡོད་ཀྱང་ལེགས་པ་ཡིན།། བླ་མ་དཀོན་མཆོག་རྣམ་གསུམ་ལ། །སྒོ་གསུམ་གུས་པས་སྐྱབས་སུ་མཆི། །འཇིག་རྟེན་བདེ་ཞིང་སྐྱིད་པའི་ཕྱིར། །བདག་གིས་བསང་མཆོད་བརྩམ་པར་བྱ། །ཆོས་ཀུན་ཡེ་ནས་སྟོང་པ་ཉིད། །སྟོང་པའི་རང་མདངས་ཅིར་ཡང་


CMR036_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། །རང་ཉིད་པདྨ་འབྱུང་གནས་གསལ། །ཧཱུྃ་ལས་རིན་ཆེན་སྣོད་ནང་དུ། །བསང་རྫས་ཀུན་བཟང་མཆོད་པའི་སྤྲིན།ཨོཾ་ཨཱཧཱུྃ་གིས་བྱིན་གྱིས་བརླབས། །བསང་ཁང་དུ་བའི་ལྷ་མོ་སྔོ། །གཡས་པས་ཁྲུས་བུམ་ཉམས་གྲིབ་བཀྲུ། །ཕྱག་གཡོན་སྨན་གྱི་གཞོང་པ་བསྣམས། །སྨན་གྱི་དུད་སྤྲིན་སྟོང་གསུམ་ཁྱབ། །དུ་བའི་ཆ་ཤས་རེ་རེ་ལ། །འདོད་ཡོན་སྣ་ཚོགས་ཆར་ལྟར་འབེབས། །དེ་འདྲའི་ངོ་མཚར་མཆོད་པ་འདིས། །ལྷ་དང་སྲུང་མ་བསང་བའི་ཕྱིར། ཀྱཻ། དད་པ་དང་ནི་དམ་ཚིག་གིས། །འོག་མིན་གནས་དང་དག་པའི་ཞིང་། །རང་


CMR036_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

རང་གར་བཞུགས་གནས་མཆོག་ནས། །འཇིག་རྟེན་འདས་དང་མ་འདས་པའི། །བསང་མགྲོན་ཐམས་ཅད་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་འདིར་གཤེགས་ལ། །ས་དང་བར་སྣང་ནམ་མཁའ་ལ། །ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གདན། །དགྱེས་བཞུགས་བསང་མཆོད་རྒྱ་མཚོ་བཞེས། །སོ་སོའི་ཡོན་ཏན་ཐམས་ཅད་ལ། །བསྟོད་དབྱངས་རྒྱ་མཚོས་རྟག་ཏུ་བསྟོད། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །སྔོན་ཚེ་འདས་པའི་བསྐལ་པ་ལ། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཉིད། །འཇིག་རྟེན་འཁོར་ལོ་སྣ་ཚོགས་སྒྱུར། །རྒྱལ་པོ་ཆོས་ཀྱི་དབང་ཕྱུག་དེས། །སྤོས་ཀྱི་རིལ་བུ་གཅིག་བསྲེགས་ནས། །སངས་རྒྱས་བྱང་སེམས་ཐམས་ཅད་མཆོད། །ཞག་བདུན་བར་དུ་བསང་དུད་ཀྱིས།འཛམ་གླིང་ཐམས་ཅད་ཁེབས་པར་གྱུར། །དེ་ནས་བསང་བྱུང་གང་ནས་བྱུང་། །ཤཱཀ་ཐུབ་བསྟན་པའི་ཐོག་མ་ལ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། །རྡོ་རྗེ་གདན་དང་ནཱ་ལེནྡ། །གཙུག་ལག་བརྒྱ་རྩ་བཞེངས་པའི་དུས། །ས་བདག་ཀླུ་གཉན་མཆོད་པའི་ཕྱིར། །འཛམ་གླིང་སྤྱི་བསང་བསྡུས་པ་བརྩམས། །རྡོ་རྗེ་གདན་གྱི་ཤིང་དྲུང་ན། །རྡོ་


CMR036_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གྲུབ་པའི་གཙུག་ལག་འགྲུབ། །དེ་ནས་བསང་བྱུང་གང་ནས་བྱུང་། །ཤཱཀ་ཐུབ་བསྟན་པའི་དབུས་མ་ལ། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས། །བསམ་ཡས་གཙུག་ལག་བཞེངས་པའི་དུས། །ཀླུ་རྒྱལ་མ་དྲོ་གཟི་ཆེན་ཁྲོས། །བོད་ཀྱི་ལྷ་སྲིན་དབང་དུ་སྡུས། །ལྷ་ཁང་ཉིན་བརྩེགས་མཚན་མོ་བསྐྱེལ། །ས་རྡོ་ཐམས་ཅད་རང་མལ་བསྐྱལ། །ཤྭ་དང་ཐོག་སེར་ནད་ཡམས་འཕྲོས། །དེ་ཚེ་སློབ་དཔོན་པདྨ་ཡིས། །ཞི་བརྔན་བསང་གསུམ་ཆོ་ག་བརྩམས། །གཙུག་ལག་སྟོང་དང་བརྒྱ་རྩ་འགྲུབ། །བོད་ཁམས་བདེ་ཞིང་དམ་ཆོས་དར། །དེ་ནས་བསང་བྱུང་གང་ནས་བྱུང་། །ཤཱཀ་ཐུབ་བསྟན་པའི་ཕྱི་མ་ལ། །སེམས་དཔའ་རང་བྱུང་རྡོ་རྗེ་ཡིས། །སོག་གི་ཆུ་ལ་དགེ་ཟམ་བཙུགས། །དགེ་བསྙེན་རྡོ་རྗེ་རྒྱལ་པོ་སོགས། །བོད་ཡུལ་ལྷ་འདྲེ་ཆེ་དགུ་འདུས། །འཛམ་གླིང་སྤྱི་བསང་རྒྱས་པ་བརྩམས། །ཟམ་པ་ཚུགས་ཤིང་བསྟན་པ་འཕེལ། །སྔོན་བྱུང་སྲིད་པ་དེ་བཞིན་དུ། །ད་ལྟ་བདག་དང་ཡོན་བདག་གིས། །ལྷ་དང་སྲུང་མ་མཆོད་པ་དང་། །བཀྲ་ཤིས་བདེ་ལེགས་འགྲུབ་པའི་ཕྱིར། །བཟང་ཤིང་རྣམ་པ་སྣ་ཚོགས།


CMR036_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕྱེ་མར་ཟས་ཕུད་སྣ་ཚོགས་བསྲེགས། །བསང་གི་དུད་པ་སྤྲིན་ལྟར་འཁྲིགས། ཀྱཻ། སངས་རྒྱས་ཀུན་གྱི་སྤྱི་མྱེས་པོ། །ཆོས་སྐུ་ཀུན་ཏུ་བཟང་པོ་བསང་། །དག་པའི་ཞིང་དུ་ལོངས་སྤྱོད་རྫོགས། །ལོངས་སྐུ་རྒྱལ་བ་རིགས་ལྔ་བསང་། །མ་དག་གནས་ནས་འགྲོ་བ་འདྲེན། །སྤྲུལ་སྐུ་སངས་རྒྱས་སྟོང་རྩ་བསང་། །སྙིགས་མི་འགྲོ་ལ་བཀའ་དྲིན་ཆེ། །ཐུབ་དབང་གནས་བརྟན་བཅུ་དྲུག་བསང་། །རྒྱུད་སྡེ་བཞི་ཡི་ཆེ་བ་སྟོན། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བསང་། །སྐྱེ་འཆི་གཉིས་སྤང་རྡོ་རྗེའི་སྐུ། །ཨོ་རྒྱན་པདྨ་འབྱུང་གནས་བསང་། །གསང་སྔགས་སྔ་འགྱུར་ཆེ་བ་བཏོན། །རྗེ་འབངས་ཉི་ཤུ་རྩ་ལྔ་བསང་། །གངས་ཅན་བོད་ལ་བཀའ་དྲིན་ཆེ། །ཆོས་རྒྱལ་མེས་དབོན་རྣམ་གསུམ་བསང་། །ཕྱི་རབས་བོསྟན་པའི་ཆེ་བ་བཏོན། །ཇོ་བོ་ཁུ་རྔོག་འབྲོམ་གསུམ་བསང་། །མདོ་སྔགས་བསྟན་པའི་རྒྱལ་མཚན་བཙུགས། །ས་པཎ་འཇམ་དབྱངས་བདུན་བརྒྱུད་བསང་། །སྙིང་པོ་དོན་གྱི་བརྒྱུད་པ་འཛིན། །མཉམ་མེད་དྭགས་པོ་བཀའ་བརྒྱུད་བསང་། །ཤཱཀ་ཐུབ་བསྟན་པའི་རྨིང་རྡོ་བཙུགས། །ཤཱཀ་ཤི་ཇོ་ནང་བརྒྱུད་པ་བསང་། །


CMR036_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ཆོས་ཀྱི་གཏེར་ཁ་ཕྱེས། །གཏེར་སྟོན་བརྒྱ་དང་རྩ་བརྒྱད་བསང་། །རང་སེམས་ཆོས་སྐུ་མཛུབ་ཚུབ་མཛད། །དྲིན་ཅན་རྩ་བའི་བླ་མ་བསང་།དབང་ལུང་གདམས་ངག་ཆུ་རྒྱུན་འབེབས། །དྲིན་ཅན་རྩེ་བརྒྱུད་བླ་མ་བསང་། །གཙང་སྦྲ་ཅན་ལ་དངོས་གྲུབ་སྟེར། །བྱ་བའི་རྒྱུད་ཀྱི་ལྷ་ཚོགས་བསང་། །བཟླས་བརྗོད་ཅན་ལ་དངོས་གྲུབ་སྟེར། །སྤྱོད་པའི་རྒྱུད་ཀྱི་ལྷ་ཚོགས་བསང་། །ཕྱག་རྒྱ་མཁན་ལ་དངོས་གྲུབ་སྟེར། །རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་བསང་། །ཏིང་འཛིན་གསལ་ན་དངོས་གྲུབ་སྟེར། །བླ་མེད་རྒྱུད་ཀྱི་ལྷ་ཚོགས་བསང་། །གདུག་པ་འདུལ་བའི་མཐུ་རྩལ་ཅན། །རྡོ་རྗེ་ཕུར་པའི་ལྷ་ཚོགས་བསང་། །སངས་རྒྱས་ཀུན་གྱི་དགོངས་པ་འདུས། །དགོངས་འདུས་དཀྱིལ་འཁོར་ལྷ་ཚོགས་བསང་། །སྔ་འགྱུར་ལྷ་ཚོགས་ཐམས་ཅད་རྫོགས། །སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་བསང་། །རང་གི་ལུས་ལ་རྟག་ཏུ་བཞུགས། །ཞི་ཁྲོ་དམ་པ་རིགས་བརྒྱ་བསང་། །སྣང་སྲིད་ལྷ་འདྲེའི་གཉེན་གཅིག་པུ། །གུ་རུ་ཞི་དྲག་ལྷ་ཚོགས་བསང་། །རྟ་མགྲིན་ཁྲོ་ཆུ་བདེ་དགྱེས་གསང་། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་


CMR036_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །ཕག་ཁྲོས་སེང་གདོང་རིག་བྱེད་སོགས། །མ་རྒྱུད་མཁའ་འགྲོའི་ལྷ་ཚོགས་བསང་། །ཚེ་ཡི་དངོས་གྲུབ་སྩོལ་མཛད་པ། །ཚེ་དཔག་སྒྲོལ་དཀར་ལྷ་ཚོགས་བསང་།བེར་ནག་གུར་མགོན་ཕྱག་བཞི་དྲུག །ཕོ་རྒྱུད་མགོན་པོའི་ལྷ་ཚོགས་བསང་། །མ་ནིང་ལྷ་མོ་དཔལ་འབར་མ། །དཔལ་མགོན་ལྷ་ཚོགས་ཐམས་ཅད་བསང་། །དུད་སོལ་རང་བྱུང་རེ་མ་ཏི། །མོ་རྒྱུད་ལྷ་ཚོགས་ཐམས་ཅད་བསང་། །རྣམ་སྲས་ཛཾ་ལྷ་ནོར་རྒྱུན་མ། །ནོར་ལྷ་གཏེར་བདག་ཐམས་ཅད་བསང་། །རེ་མཱནྟ་དང་ཀུ་བེ་ར། །འདོ་བ་རྟ་ཡི་ལྷ་རྣམས་བསང་། །ཛམྦྷ་ལ་དང་གང་བ་བཟང་། །གཡང་དཀར་ལུག་གི་ལྷ་རྣམས་བསང་། །རྡོར་ལེགས་སྐྱོགས་ཆེན་གདོང་ར་སོགས། །ཚེ་རེ་ར་ཡི་ལྷ་རྣམས་བསང་། །ས་ཡི་ལྷ་མོ་བརྟན་མ་སོགས། །འབྲས་དྲུག་ཞིང་གི་ལྷ་རྣམས་བསང་། ཀྱཻ། བསྟན་སྲུང་དམ་ལྡན་ཆེན་པོ་ནི། །དམ་ཅན་མགར་བ་དམར་ནག་བསང་། །བཀའ་ཉན་གིང་ཆེན་སྡེ་བཞི་སོགས། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་བསང་། །དགྱེས་སྡེ་བརྟན་མ་བཅུ་གཉིས་སོགས། །ཕོ་ཉ་འཛིན་གིང་བཞི་བཅུ་བསང་། །ལྷ་ཀླུ་བདུད་བཙན་གནོད་སྦྱིན་དང་། །


CMR036_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་འཁོར་ཚོགས་གྲངས་མེད་བསང་། །ཏི་སེ་ཐང་ལྷ་སྤོམ་ར་སོགས། །རྗེ་ཡི་མགུར་ལྷ་བཅུ་གསུམ་བསང་། །ཚེ་རིང་མཆེད་ལྔ་ལ་སོགས་པའི།བོད་ཁམས་བརྟན་སྐྱོང་བཅུ་གཉིས་བསང་། །མ་གཅིག་དཔལ་ལྷ་ཨ་ཕྱི་སོགས། །ཆོས་འཁོར་སྲུང་མ་ཐམས་ཅད་བསང་། །ཞིང་སྐྱོང་དཀར་པོ་སྤྲག་བཙན་སོགས།།སྒོམ་གྲྭའི་སྲུང་མ་ཐམས་ཅད་བསང་། །དཀོར་རྣམས་སྲུང་ཞིང་སྤེལ་མཛད་པ། །ངན་ནེ་མ་སོགས་དཀོར་སྲུང་བསང་། །རྣོ་མྱུར་ནུས་པ་ཐོགས་པ་མེད། །སྔགས་བདག་དྲེགས་པ་བཅོ་བརྒྱད་བསང་། །ཕྱོགས་སྐྱོང་རྒྱལ་ཆེན་གཟའ་རྒྱུ་སྐར། །དཔལ་མགོན་བདུན་ཅུ་རྩ་ལྔ་བསང་། །བོད་ཁམས་བསྟན་པའི་བྱ་ར་བ། །དགེ་བསྙེན་ཉི་ཤུ་རྩ་གཅིག་བསང་། །ཙཱ་རི་ཟམ་བུ་འབྲས་མོ་སོགས། །གནས་ཆེན་བརྒྱ་རྩའི་སྲུང་མ་བསང་། །གཟེ་རྒྱལ་མཆེད་ལྔ་ལ་སོགས་པའི། །གཉན་ཆེན་བཞི་བཅུ་རྩ་གཉིས་བསང་། །དབྱི་རྒྱལ་རབ་རྗེ་ལ་སོགས་པའི། །ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་བསང་། །རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །གངས་ཅན་བོད་ཀྱི་གཞི་བདག་བསང་། །ཇོ་བོ་ཆེན་པོ་ལ་སོགས་པའི། །


CMR036_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྟོད་ཀྱི་དབུས་གཙང་ས་བདག་བསང་། །ཡུལ་འདིར་གནས་པའི་གཞི་བདག་དང་། །གཉན་པོ་ནོར་བདག་ལ་སོགས་བསང་། །ཇོ་མོ་ལྷ་སྒྲོན་རྟ་འདྲ་སོགས། །མོ་མ་པྲ་ལ་དགའ་བ་བསང་། །སྐུ་རྒྱལ་ངོམ་རྒྱལ་གཏམ་རྒྱལ་སོགས། །རྒྱལ་ཆེན་བཅོ་བརྒྱད་འཁོར་བཅས་བསང་། །རྡོ་ཟེ་དབྱི་དོ་ལ་སོགས་པའི། །ངོམ་གྱི་མཚོ་སྨན་སྤུན་གསུམ་བསང་། །རྒྱལ་མོ་བུ་དཔང་ལ་སོགས་པའི། །ངོམ་གྱི་རྒྱལ་མོ་མཆེད་བཞི་བསང་། །ཟླ་རྒྱལ་དབྱི་རྒྱལ་དགེ་བསྙེན་སོགས། །ཟླ་རྒྱུད་མདོ་ཁམས་ས་བདག་བསང་། །འབོ་ཇོ་ཆེན་པོ་ལ་སོགས་པའི། །ལྕི་རྒྱུད་ཉིན་སྲིབ་ས་བདག་བསང་། །སྨུག་པོ་རི་ལ་སོགས་པ་ཡི། །ཚ་བ་སྒང་གི་ས་བདག་བསང་། །ཁྱད་པར་བདག་གིས་གར་མཆོད་པའི།ཡུལ་ཕྱོགས་འདི་ཡི་གཞི་བདག་བསང་། །ཕ་མཚུན་དགྲ་བླ་ཝེར་མ་སོགས། །འགོ་བའི་ལྷ་དང་སྲུང་མ་བསང་། །དེ་ནས་བསང་གི་ཁ་འཛིན་ནི། རྩ་བརྒྱུད་བླ་མ་ཐམས་ཅད་ཀྱིས་། །བྱིན་རླབས་འཇུག་པའི་ཁ་འཛིན་མཛོད། །ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱིས། །དངོས་གྲུབ་ཐོབ་པའི་ཁ་འཛིན་མཛོད། །སངས་རྒྱས་བྱང་སེམས་ཐམས་ཅད་


CMR036_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །བྱང་ཆུབ་ཐོབ་པའི་ཁ་འཛིན་མཛོད། །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱིས། །ཕྲིན་ལས་སྒྲུབ་པའི་ཁ་འཛིན་མཛོད། །ནོར་ལྷ་གཏེར་བདག་ཐམས་ཅད་ཀྱིས། །ཚེ་བསོད་རྒྱས་པའི་ཁ་འཛིན་མཛོད། །ཡུལ་ལྷ་གཞི་བདག་ཐམས་ཅད་ཀྱིས། །ཅི་བསམ་འགྲུབ་པའི་ཁ་འཛིན་མཛོད། །ཁུ་ཡེ་ནི།་རིག་འཛིན་བརྒྱུད་པའི་བྱིན་རླབས་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །ཡི་དམ་ཞི་ཁྲོའི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །གནས་གསུམ་མཁའ་འགྲོའི་རྟེན་འབྲེལ་དེ། །ཁུ་ཡེ་ཕྲུ་དང་གཡང་དུ་ལེན། །ཡེ་ཤེས་འཇིག་རྟེན་སྲུང་མ་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །རྨ་གཡང་ཟས་ཀྱི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །བང་མཛོད་འབྲུ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱྭ་དང་གཡང་དུ་ལེན། །འཆི་མེད་ཚེ་ཡི་དངོས་གྲུབ་དེ། །ཁུ་ཡེ་ཕྱུ་དང་གཡང་དུ་ལེན།རྗེས་ཆོ་ག་ནི། ལྷ་ཚོགས་ཀུན་ལ་མཆོད་ཅིང་བསྟོད། །མཆོད་པའི་ཕུད་ཉམས་འབག་བཙོག་སོགས། །ཉེས་པ་གང་མཆིས་ཐམས་ཅད་བཤགས། །ཡེ་ཤེས་


CMR036_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་རྣམས་ཆོས་དབྱིངས་མུཿ །དམ་ཚིག་པ་རྣམས་བདག་ལ་ཐིམ། །འཇིག་རྟེན་སོ་སོའི་གནས་སུ་གཤེགས། །བསངས་མཆོད་བྱས་པའི་དགེ་ཚོགས་འདིས། །ཚེ་འདིར་བཀྲ་ཤིས་ཕུན་སུམ་ཚོགས། །ཕྱི་མ་བདེ་ཆེན་ཞིང་བགྲོད་ཤོག །སྣོད་བཅུད་རང་ཐིམ་རང་ཉིད་ཀྱང་། །ཧཱུྃ་ཐིམ་དེ་ཡང་རྫོགས་པ་ཆེ། །ཀ་དག་སྤྲོས་བྲལ་རྗེན་པར་བུད། །ཨ་ཨ། ཞེས་པ་མཆོད་གནས་ལྷ་ལུའི་བསྐུལ་ངོར་ཤིང་རྟ་ལོའི་རྒྱལ་ཟླའི་ཚེས་བཅུའི་སྔ་དྲོ་རྫོགས་པར་བྲིས་པ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་དགེ་བས་འཇིག་རྟེན་ཐམས་ཅད་བདེ་བར་གྱུར་ཅིག །ཨ་རཱགས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབསང་མཆོད་བསྡུས་པ་བདེ་ལེགས་ཀུན་འབྱུང་དངོས་གྲུབ་དཔལ་སྟེར།next