Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
རྒྱུན་བསང་ཉུང་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱུན་བསང་ཉུང་བསྡུས།next

རྒྱུན་བསང་ཉུང་བསྡུས།


CMR036_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་བསང་ཉུང་བསྡུས་འདི་ལ་འོ་ཕུད་ཞོ་ཇ་ཆང་ཕྱེ་མར་སོགས་གང་འཛོམས། འབྲུ་སྣ་ཤུག་ཕྱེ་དང་བཅས་པས་མེ་གསུར་ལྟར་མཆོད་ལ་འདི་སྐད་དོ། །ཧཱུྃ། རང་བཞིན་ཆོས་དབྱིངས་དག་པའི་ཞིང་ཁམས་ན། །འཇིག་རྟེན་འདས་དང་མ་འདས་བསང་མགྲོན་རྣམས། །མཆོད་པའི་གནས་འདིར་སྐད་ཅིག་ཉིད་ལ་བྱོན། །ཡིད་སྤྲུལ་གཙོ་འཁོར་འཚམས་པའི་གདན་ལ་བཞུགས། དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ། །སོ་སོའི་ཡོན་ཏན་ཚོགས་ལ་གུས་པས་བསྟོད། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱོངས།།དུ་བའི་ཟེར་མ་ཆ་ཤས་རེ་རེ་ལ།༈ འདོད་ཡོན་ལྔ་དང་བཀྲ་ཤིས་རྫས་རྟགས་བརྒྱད། །འདི་འདྲའི་དཔག་མེད་བསང་མཆོད་དམ་པ་འདིས། །སྣང་བ་མཐའ་ཡས་ཚེ་བདག་རིགས་ལྔ་བསང་། །ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང་རྩ་བསང་། །པདྨ་འབྱུང་གནས་རྗེ་འབངས་ཉེར་ལྔ་བསང་། །བླ་མ་སྐུ་གསུམ་སྐུ་ལྔ་མཚན་བརྒྱུད་བསང་། །གུ་རུ་ཞི་དྲག་ཡེ་ཤེས་ཁྲོ་བཅུ་བསང་། །རྟ་ཕག་ཡབ་ཡུམ་གིང་ཆེན་བཅུ་དྲུག་བསང་། །རྟ་ནག་ལྕགས་རལ་དྲེགས་པ་སྡེ་བརྒྱད་བསང་། །ཛི་ལྷ་ལ་སོགས་གནོད་སྦྱིན་གཏེར་བདག་བསང་། །མ་མོ་གཟའི་དང་སྤུ་གྲི་མཆེད་གསུམ་


CMR036_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །སྒོ་མ་བཞི་དང་མུ་རིན་སྐྱོང་མཛད་བསང་། །དྲག་པོ་ཡབ་ཡུམ་གོ་ཆ་ལྷ་ལྔ་བསང་། །རིགས་བདག་བྱ་ཁྱུང་བླ་མ་ཐོད་ཕྲེང་བསང་། །དྲག་པོ་ལྷ་བཞི་མཁའ་འགྲོ་སྡེ་ལྔ་བསང་། །ཚེ་བདག་ཁྲོས་ནག་སེང་གདོང་ཕུར་པ་བསང་། །ཁྲོ་རྒྱལ་བཅུ་དང་སྒོ་བཞིའི་སྲུང་མ་བསང་། །དབང་ཆེན་ནག་པོ་ནཱ་ག་ཀླུ་འདུལ་བསང་། །མེ་འཁོར་ལྕགས་རལ་ཁྱུང་དང་སྡིག་རྒོད་བསང་། །མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་བསང་། །གཏེར་མགོན་ཕྱག་བཞི་བྱ་རོག་གདོང་ཅན་བསང་། །ཞིང་སྐྱོང་ཡབ་ཡུམ་བམ་རོ་ཕོ་མོ་བསང་། །ཨེ་ཀ་ཙ་ཏི་ཚེ་རིང་མཆེད་ལྔ་བསང་། །ཡང་འཁོར་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་བསང་། །སྡེ་དཔོན་སུམ་ཅུ་དྲེགས་པ་བཅོ་བརྒྱད་བསང་། །ཡེ་ཤེས་ཀླུ་བརྒྱད་དགེ་བསྙེན་སྨྱོ་ཁ་བསང་། །གཟའ་ཆེན་དྲང་སྲོང་ཆེན་པོ་རཱ་ཧུ་ལ། །གཟའ་བརྒྱད་གདོང་མོ་བཞི་དང་བཅས་པ་བསང་། །མགུར་ལྷ་བཅུ་གསུམ་བརྟན་མ་བཅུ་གཉིས་བསང་། གཉན་ཆེན་སྡེ་བཞི་དགེ་བསྙེན་ཉེར་གཅིག་བསང་། །གཉན་ཆེན་ཐང་ལྷ་དབུས་གཙང་རུ་བཞི་བསང་། །སྐུ་རྒྱལ་ཤེ་ནེ་མདོ་ཁམས་སྒང་དྲུག་བསང་། །རྨ་རྒྱལ་སྤོམ་ར་སོག་གི་ས་


CMR036_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསང་། །ཇོ་བོ་གཟེ་རྒྱལ་མཆེད་གསུམ་འཁོར་བཅས་བསང་། །ལྷ་ཡི་དགེ་བསྙེན་སྐྱ་དགུ་བྲན་བཅུ་བསང་། །དམག་དཔོན་དབྱི་རྒྱལ་ལྡག་ལྡ་རི་བཀྲ་བསང་་། །ཀླུ་ཡི་དགེ་བསྙེན་རྡོ་རྗེ་རྒྱལ་པོ་བསང་། །ངོམ་རྒྱལ་མཚོ་བཀྲ་མཚའུ་མཚལ་རྩེ་བསང་། །གཉན་པོ་ནོར་བདག་གཡས་རུའི་ས་བདག་བསང་། །དབྱི་རྒྱལ་གོ་ཕ་མཆེད་བརྒྱད་འཁོར་བཅས་བསང་། །རྫ་ནག་བྲན་གཡོག་འཁོར་དང་བཅས་པ་བསང་། །སྐུ་ཁྱིམ་དགེ་བསྙེན་ལྕམ་མོ་འཁོར་བཅས་བསང་། །རྟ་ཟམ་དགེ་བསྙེན་འཁོར་བཅོས་ཐམས་ཅད་བསང་། །ཡེ་རྒྱལ་རྨོག་དཀར་རྨོག་འདྲ་འཁོར་བཅས་བསང་། །ཇོ་བོ་སྐེད་རྒྱལ་སྤུ་རྒྱལ་ཚ་ལ་བསང་། །མོ་ནོམ་མཆེད་བརྒྱད་རྒྱལ་དིལ་འཁོར་བཅས་བསང་། རྫོང་རྒྱལ་མཆེད་གསུམ་མཚོ་སྨན་འཁོར་བཅས་བསང་། །ལྷ་ཡི་དམག་དཔོན་མངར་རྒྱལ་རག་ཕྲོམ་བསང་། །མཆེད་ཡ་གུག་ཇོ་རྫ་སྐྱ་འཁོར་བཅས་བསང་། །སྲིང་མོ་རོག་ལྕམ་འཕར་མ་འཁོར་བཅས་བསང་། །ལས་མཁན་འགམ་ནག་དགེ་བསྙེན་ལ་སོགས་དང་། །བློན་པོ་སྟག་ཤོད་རྔམ་པ་འཁོར་བཅས་བསང་། །འགམ་ཆུང་སྟག་དིལ་སྒོ་བ་ཆུ་མིག་


CMR036_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །ཚ་རྒྱལ་སྐུག་རྣ་མཛེ་རག་ཚྭ་སྨན་བསང་། །ཁྱད་པར་ས་ཕྱོགས་འདི་རུ་གནས་པ་ཡི། །ལྷ་ཀླུ་གཞི་བདག་གཉུག་མར་གནས་པ་བསང་། །དེ་ལྟར་བསང་བའི་མགྲོན་རིགས་ཐམས་ཅད་ལ། །གཡུ་ཤུག་ཕྱེ་མར་གསུར་གྱི་མཆོད་པས་བསང་། །དེ་ལྟར་མཆོད་ནས་ཕྲིན་ལས་བཅོལ་བ་ནི། །བདག་དང་བསྲུང་བྱ་མི་ནོར་ཐམས་ཅད་ལ། །ནད་གདོན་གནོད་པ་བར་ཆད་ཐུབ་པར་སྲུངས། །ཡེ་ཤེས་པ་རྣམས་སྔོན་གྱི་དམ་ཚིག་དགོངས། །དམ་ཚིག་པ་རྣམས་བདག་ལ་སྲུང་སྐྱོབ་མཛོད། །འཇིག་རྟེན་པ་རྣམས་སྔོན་གྱི་དམ་ཚིག་དགོངས། །མཐུ་སྟོབས་ཅི་འདུག་ལྟ་བོ་དྲེགས་པའི་ཚོགས། །ལེ་ལོ་སྙོམས་ལས་གཡེལ་བ་མ་མཛད་པར། །བདག་གི་འདོད་དགུ་ཡིད་བཞིན་འགྲུབ་པར་མཛོད། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་དང་དམ་ཚིག་ལ་ནི་བཞག་པ་ཡི། །ཇི་ལྟར་བཀའ་བསྒོས་དམ་ཚིག་དྲན་མཛོད་ལ། །བདག་གི་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ། །གནོད་ཅིང་འཚེ་བའི་བསམ་པ་ཀུན་སྤྱོངས་ནས། །རང་གི་ལུས་ལ་གནོད་པའི་དཔེ་ལོང་ལ། །གཞན་ལ་མ་གནོད་


CMR036_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་པའི་སེམས་ལྡན་མཛོད། །འཇིག་རྟེན་འདས་དང་མ་འདས་བསང་མགྲོན་རྣམས། །བསང་དང་མཆོད་པ་འདི་ཡི་མཉེས་གྱུར་ཅིག །འགྲོ་བའི་དུས་སུ་ལམ་ལྷ་གཉེན་པོ་མཛོད། །འདུག་པའི་དུས་སུ་རྒྱབ་རྟེན་དཔུང་གཉེན་མཛོད། །ཉིན་མཚན་དུས་སུ་བྱ་ར་མེལ་ཚེ་མཛོད། །སྡང་དགྲ་སོད་ལ་གནོད་པའི་བགེགས་རྣམས་ཐུལ།སྡང་བའི་དགྲ་བོ་ཐམས་ཅད་ཆམ་ལ་ཕོབ། །འགྲས་པའི་དགྲ་བོ་ཐམས་ཅད་དབང་དུ་བསྡུས། །རྣལ་འབྱོར་བདག་གི་སྡོང་གྲོགས་རྒྱབ་རྟེན་མཛོད། །ལོ་ལེགས་འབྲུ་འཕེལ་ཟས་ནོར་གཡང་དུ་ལེན། །བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བསང་མགྲོན་ཐམས་ཅད་རང་རང་གནས་སུ་གཤེགས། །བདག་གི་ཐུགས་ཀའི་ཧཱུྃ་ཐིམ་གྱེན་རྫོགས། །བརྗོད་མེད་བློ་འདས་ཆོས་སྐུ་རྗེན་པར་བུད། །དགེ་བས་འགྲོ་ཀུན་བདེ་དང་ལྡན་གྱུར་ཅིག །འགྲོ་ཀུན་བསམ་པ་ཡིད་བཞིན་འགྲུབ་པར་ཤོག །བདག་གི་འདོད་པའི་།དོན་རྣམས་འགྲུབ་གྱུར་ཅིག །བཅོལ་བའི་ཕྲིན་ལས་རྣམ་པ་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་སྔགས་འཆང་༧ ཨ་རཱ་གས་སྔགས་འཆང་ཨོ་རྒྱན་གྱིས་བསྐུལ་ངོར་བྲིས་པ་འདི། རྒྱུན་བསང་སྐབས་ཤུག་ཕྱེ་དང་།


CMR036_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་སྣ། ཕྱེ་མར་ཅུང་ཞིག་དང་། འོ་ཞོ་ཇ་ཕུད་ཆུ་གཙང་གང་འཛོམ་བྲན་ཅིང་འདོན་ལ། རང་འགྲོ་འདུག་སྤྱོད་ལམ་རྣམ་པ་གཞིར་བྱས་ནས་བར་ཆད་ཉེར་འཚེ་ཐམས་ཅད་ཞི་ཞིང་། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་འགྱུར་རོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱུན་བསང་ཉུང་བསྡུས།next