Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཞི་བ་དཀར་པོའི་ལྷན་ཐབས་ཞི་བ་དཀར་བླུགས་སྣང་སྲིད་ཞི་བ་དཀར་པོ་དང་ཞི་བ་དཀར་ཆེན་དང་དཀར་ཆུང་ཀུན་གྱི་དོན་བསྡུས་རྒྱུད་ཀྱི་བྱུང་ཁུངས་དང་བཅས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཞི་བ་དཀར་པོའི་ལྷན་ཐབས་ཞི་བ་དཀར་བླུགས་སྣང་སྲིད་ཞི་བ་དཀར་པོ་དང་ཞི་བ་དཀར་ཆེན་དང་དཀར་ཆུང་ཀུན་གྱི་དོན་བསྡུས་རྒྱུད་ཀྱི་བྱུང་ཁུངས་དང་བཅས་པ།next

གནམ་ཆོས་ཞི་བ་དཀར་པོའི་ལྷན་ཐབས་ཞི་བ་དཀར་བླུགས་སྣང་སྲིད་ཞི་བ་དཀར་པོ་དང་ཞི་བ་དཀར་ཆེན་དང་དཀར་ཆུང་ཀུན་གྱི་དོན་བསྡུས་རྒྱུད་ཀྱི་བྱུང་ཁུངས་དང་བཅས་པ།


CMR036_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཞི་བ་དཀར་པོའི་ལྷན་ཐབས་ཞི་བ་དཀར་བླུགས་སྣང་སྲིད་ཞི་བ་དཀར་པོ་དང་ཞི་བ་དཀར་ཆེན་དང་དཀར་ཆུང་ཀུན་གྱི་དོན་བསྡུས་རྒྱུད་ཀྱི་བྱུང་ཁུངས་དང་བཅས་པ་བཞུགས་སོ།


CMR036_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཤམམ༔ གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ གནམ་ཆོས་ཞི་བ་དཀར་པོའི་ཁ་སྐོང་དུ༔ སྣང་སྲིད་ཞི་བ་དཀར་པོའི་དོན་བསྡུས་འབྲི༔ ས་རྒོད་ཡིན་ན་རྡོ་ལེབ་ཤིང་རྩི་བཏིང་༔ དེ་སྟེང་ས་ཉོབ་བླུགས་ལ་ལེགས་པར་བཙགས༔ འོ་ཆབ་བྲན་ལ་ཐིག་གདབ་ཟླུམ་སྐོར་ལྔ༔ ལྟེ་བར་ཟླ་སྟེང་རཾ་ཡིག་དམར་པོ་ཞིག༔ དེ་རྒྱབ་པདྨ་འདབ་བཞི་ཕྱོགས་མཚོན་ཏེ༔ དེ་རྒྱབ་པདྨ་འདབ་བརྒྱད་སེར་པོ་བྱ༔ དེ་རྒྱབ་པད་དཀར་འདབ་མ་བཅུ་དྲུག་སྟེ༔ དེ་རྒྱབ་པད་འདབ་སོ་གཉིས་དམར་པོ་དང་༔ དེ་ལ་མུ་ཁྱུད་ལྗང་ཁུ་སྨུག་པོ་གཉིས༔ དེ་ལ་མེ་ཏོག་དཀར་པོ་བརྒྱད་ཅུ་བྲི༔ ཡང་ན་ཐམས་ཅད་དཀར་པོ་བྲིས་ཀྱང་རུང་༔ གླང་མ་སུར་དཀར་ལ་སོགས་ཞི་བའི་ཤིང་༔ མཐོ་མཛུབ་དོ་ཡི་ཚད་ཀྱིས་གཡས་བསྐོར་བརྩིགས༔ དེ་ནས་ཤིང་


CMR036_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཞིབ་བརྫང་སྟེ་མེ་ཚང་བཅའ༔ དེ་སྟེང་བསང་ཤིང་བསང་ཁང་ལེགས་པར་ཕུབ༔ དེ་སྟེང་མདའ་དར་དཀར་པོ་བཙུགས་ལ་བཞག༔ རས་ཕྱིང་དཀར་པོའི་སྟེང་དུ་ཚོམ་བུ་ལྔ༔ ལྷ་བཤོས་ལྔ་དང་དཀར་གཏོར་ཆུང་ངུ་དྲུག༔ ཏིང་ཆུང་ནང་དུ་མཆོད་པ་ཆེ་དྲུག་བཤམས༔ ཡམ་ཤིང་མར་གྱི་རིལ་བུ་ཟས་སྣ་དང་༔ ཕྱེ་མར་ཀུ་ཤ་ལ་སོགས་རྒྱས་པར་བཤམས༔ དེ་ནས་འདོན་སྒོམ་སྦྲགས་ལ་འདི་སྐད་དོ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ རང་ཉིད་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷནྡྷ་གཡོན༔ ཁ་ཊཾ་གྲུ་མོར་


CMR036_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དམ་ཡེ་དབྱེར་མེད་ཐུགས་སྲོག་ཧྲཱིཿ དེའི་མཐར་སྔགས་ཕྲེང་གཡས་སུ་འཁོར༔ འོད་ཟེར་འཕྲོས་པས་རྔ་ཡབ་རྒྱུནས༔ རང་འདྲ་དཔག་མེད་སྤྱན་དྲངས་ཐིམ༔ བྱིན་རླབས་གཟི་བརྗིད་འོད་དུ་འབར༔ དེ་ཡི་ངང་ལ་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨརྒྷཾ་སོགས། ཨ་མྲྀ་ཏ་བྷ་ལི་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་ཤིང་༔ ཕ་མེད་མ་མེད་པདྨའི་སྦུབས་ནས་འཁྲུངས། རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་བྷནྡྷ་འཛིན་ལ་ཕྱག་འཚལ་བསྟོད༔ དུག་ཤིང་གང་རུང་ཞིག་ལ་མེ་སྦར་ནས་དུག་ཕྱུང་བྱའོ༔ ཧཱུྃ༔ གནམ་ས་རྫུ་འཕྲུལ་བསྡེབས་པའི་བུ༔ དུག་གསུམ་དུག་ལྔ་རྣམ་རྟོག་དུག༔ དམེ་རྨུགས་ནལ་གསུམ་མི་གཙང་དུག༔ ར་གན་ཞ་ཉེ་མགྲོན་བུའི་དུག༔ རེ་ནག་ཆུ་ནག་མཁར་གོང་དུག༔ རེ་ལྕག་ཐང་ཕྲོམ་མི་ཟའི་དུག༔ མཆོད་རྫས་རྣམས་ལ་དུག་སོང་བ༔ དེ་དག་ཐམས་ཅད་དུག་མར་ཕྱུངས༔ དུག་ཕྲ་མ་ཤཱནཾ་ཀུ་རུ་ཡེ་སྭ་ཧཱཿ ཞེས་ཕྱིར་དོར་རོ༔ དེ་ནས་ཆབ་ཀྱིས་བྲན་ལ་འདི་སྐད་དོ༔ ཧཱུྃ༔ སྟོང་གསུམ་ཀུན་ན་དྲི་མཆོག་འབྱུང་གྱུར་པའི༔ སྤོས་


CMR036_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དང་སྨན་སྦྱར་ཆུ་གཙང་སྦྱར་བའི་ཁྲུས༔ ཡིད་བཞིན་སྤྲིན་ཕུང་མཁའ་ལས་ཆར་འབེབས་པའི༔ མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག༔ ཨོ་ཤུདྡྷེ་ཤོ་དྷ་ན་ཡེ་སྭཱ་ཧཱ། ཤཱཀྱ་ཐུབ་པའི་བྱིན་རླབས་ཀྱིས༔ ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་ཨཱཿ དཀར་འོད་འཕྲོས་དངོས་འཛིན་སྦྱངས༔ ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷཱ་ཝ་ཤུདྡྷོཉཧཾ། ཧཱུྃ་ལས་དངུལ་གྱི་སྣོད་མཆོག་རྒྱ་ཆེའི་ནང་༔ ཀ་ར་བུ་རམ་སྦྲང་རྩི་འོ་ཞོ་མར༔ རིན་ཆེན་ལྔ་དང་དར་ཟབ་སྟག་གཟིག་རས་བཟང་དྲུག་ཀླུ་སྨན་རྣམ་པ་སྣ་ཚོགས་དང་༔ ཞིབི་མར་སྤོས་སྤྲིན་ནམ་མཁའི་ཁམས་ཁྱབ་པ༔ དྲི་ཚོར་ཙམ་གྱིས་ནད་དང་སྡུག་བསྔལ་ཀུན༔ མ་ལུས་ཞི་བར་བྱེད་པ་ཉིད་དུ་གྱུར༔ ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱིཿ རྣམ་པར་སྣང་མཛད་བྱིན་རླབས་ཀྱིས༔ ཐལ་མོ་ཚིགས་བཅག་ཕྱག་རྒྱའི་ནང་༔ ཁཾ་སྟོང་འོད་འཕྲོས་སྣོད་བཅུད་སྤེལ༔ ༀ་ན་མསརྦ་ཏ་ཐཱ་ག་ཏ་བྷོ་བྷི་ཤྭ་མུ་ཁེ་བྷྱཿ སརྦ་ཐ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱཿ བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱིས༔ ཐལ་མོ་ཁ་གྱེད་ཕྱག་རྒྱའི་ནང་༔ ཛདམར་འོད་འཕྲོས་བདུད་རྩིར་བསྒྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔


CMR036_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས༔ མཆོག་སྦྱིན་ཕྱག་རྒྱ་ཏཱཾ་སེར་ལས༔ འོད་འཕྲོས་ཀུན་གྱིས་འབད་མེད་ཐོབ༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས༔ ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་༔ ཧ་ལྗང་འོད་འཕྲོས་ཐམས་ཅད་ཚིམས༔ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་ཨ་མྲྀ་ཏ་སྤུ་ར་རསྨི་བྷ་ཝ་མ་ཧཱ་མ་ནི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭ་ཧཱཿ ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས༔ སོར་བསྣོལ་ཕྱག་རྒྱ་ཛདམར་ལས༔ འོད་འཕྲོས་མགྲོན་རྣམས་དབང་བསྡུས་གྱུར༔ ན་མས་མན་བུདྡྷཱ་ནཾ་ག་རི་ཀྲོ་ཏི་ཤྭ་རི་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭ་ཧཱཿ དེ་ནས་དཀར་གཏོར་ཞིག་བྲན་ལ་ས་བདག་དང་ལྷ་མོ་བརྟན་མ་ལ་འབུལ༔ ས་སློང་བ་ནི༔ ཨོཾ་ཨཱཧཱུྃ་པྲི་ཐི་དེ་ཝཱི་བྷུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ དབུས་ཕྱོགས་ས་བདག་བརྟན་མ་ནི༔ གསེར་མདོག་གསེར་གྱི་བུམ་པ་འཛིན༔ ཤར་ཕྱོགས་ས་བདག་སྟག་གི་མགོ༔ ཕྱག་ན་གསེར་གྱི་འཁོར་ལོ་བསྣམས༔ ལྷོ་ཕྱོགས་ས་བདག་འབྲུག་གི་མགོ༔ ཕྱག་ན་ཆུ་ཡི་འཁོར་ལོ་བསྣམས༔ ནུབ་ཕྱོགས་ས་བདག་བྱ་ཡི་མགོ༔ ཕྱག་ན་མེ་ཡི་འཁོར་ལོ་བསྣམས༔ བྱང་


CMR036_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ས་བདག་རུས་སྦལ་མགོ༔ ཕྱག་ན་རླུང་གི་འཁོར་ལོ་བསྣམས༔ མཚམས་བཞི་སྟེང་འོག་ས་བདག་རྣམས༔ མགོ་བརྙན་སྣ་ཚོགས་འཁོར་ལོ་བསྣམས༔ བདུད་རྩིའི་གཏོར་མ་འདི་བཞེས་ལ༔ ས་འདི་བདག་ལ་བསྩལ་དུ་གསོལ༔ དེ་ལྟར་མཆོད་ཅིང་གསོལ་བཏབ་པས༔ ལྷ་མོ་འཁོར་བཅས་རབ་ཏུ་དགའ༔ ས་འདི་གནང་བས་འགྲོ་དོན་སྤྱོད༔ ཅེས་གསུངས་ས་ལ་ཐིམ་པར་བསམ༔ ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མན་ཡེ་སྭ་ཧཱཿ ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བགེགས་རིགས་འཇོམས་པའི་གཉེན་པོ་སྟེ༔ ཁྲོ་བོ་ཆེན་པོའི་གཟི་བརྗིད་ཀྱིས༔ ཞི་བ་ཆེན་པོའི་ཕྲིན་ལས་ལ༔ བར་དུ་གཅོད་པའི་བགེགས་རིགས་རྣམས༔ བྱ་སྤུ་རླུང་གིས་གཏོར་བ་བཞིན༔ འདི་རུ་མ་གནས་ཕྱིར་དེངས་ཤིག༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སུཾ་བྷ་ནི་སོགས་ཡུངས་ཀར་དང་ནས་གཏོར༔ དེ་ནས་མེ་དར་ཚུར་བླངས་ལ༔ ཨེ༔ སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་སྟེང་༔ ཧཱུྃ་དཀར་ལས་བྱུང་ཞི་བའི་ཐབ་ཁུང་ནི༔ མཚན་ཉིད་ཡོངས་རྫོགས་བུད་ཤིང་རྣམས་ཀྱིས་གང་༔ དེ་དབུས་པད་ཟླའི་སྟེང་དུ་རཾ་ཡིག་ལས༔ མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་


CMR036_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ དབུ་སྐྲ་ཐོར་ཅོག་ཨག་ཚོམ་དུང་ལྟར་དཀར༔ གཡས་གཉིས་མཆོག་སྦྱིན་གཡོན་གཉིས་བགྲང་ཕྲེང་ནི༔ རིལ་བ་དང་ནི་བདུད་རྩིའི་གནྡྷེ་འཛིན༔ རྩིབ་རུས་བཀྲ་ཞིང་ཚངས་སྐུད་སེ་རལ་ཁ༔ ཨང་རིག་དཀར་བཅས་ར་སྐྱེས་གདན་ལ་བཞུགས༔ སྣང་ལ་རང་བཞིན་མ་གྲུབ་འོད་ཀྱི་ལུས༔ དེ་ཡི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བར༔ རང་སྣང་ལས་གྲུབ་འོད་ཀྱི་གཞལ་ཡས་དབུས༔ པད་འདབ་རིམ་བཞིའི་ལྟེ་བར་གླང་ཆེན་ཁྲི༔ ཧཱུྃ་ལས་ཞི་བ་ལྷུན་གྱིས་གྲུབ་པའི་ལྷ༔ རྡོར་སེམས་དཀར་པོ་ཞི་འཛུམ་རྡོར་དྲིལ་འཛིན༔ དར་དཀར་མུ་ཏིག་རྒྱན་སྤྲས་ཕྱེད་སྐྱིལ་བཞུགས༔ སྤྱི་གཙུག་ཀུན་བཟང་རྩ་བརྒྱུད་བླ་མས་བསྐོར༔ པད་འདབ་ནང་མར་བུདྡྷ་བཞི་བཅུ་གཉིས༔ ཕྱི་ནང་གསང་བའི་དཀོན་མཆོག་རྒྱ་མཚོའི་ཚོགས༔ པད་འདབ་གཉིས་པར་མ་མགོན་ལྕམ་དྲལ་སོགས༔ དམ་ཅན་རྒྱ་མཚོ་དཔལ་མགོན་ཡུལ་ལྷ་རྣམས༔ པད་འདབ་གསུམ་པར་འགྲོ་དྲུག་སེམས་ཅན་ཀུན༔ དེ་རྒྱབ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་བསྐོར༔ ཐམས་ཅད་ཞི་འཛུམ་འོད་ཟེར་དཀར་པོ་འཕྲོ༔ ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ་པོ་དང་༔ མེ་ལྷའི་ཐུགས་ཀར་རཾ་ལས་


CMR036_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འཕྲོས་པས༔ མེ་ལྷ་མགྲོན་རིགས་བཞི་བཅས་སྤྱན་དྲངས་ནས༔ རང་རང་རྣམས་ལ་ཐིམ་པས་དབྱེར་མེད་གྱུར༔ ཨོཾ་ཨ་ཛྷཱ་ན་ལོ་ཀ་ཧཱུྃ་བཛྲ་ས་མ་ཡ་ཛ། ཛཧཱུྃ་བཾ་ཧོ༔ དེ་ནས་མེ་རུས་ཤར་ལྷོ་ནས་སྦར་ཞིང་༔ ཧཱུྃ༔ ཕྱོགས་བཞི་དབུས་ཀྱི་མེ་ལྷ་མོ༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཕྱག་ན་མེ་ཡི་བུད་ཤིང་འཛིན༔ ཞི་བ་ཆེན་པོའི་སྒོ་ནས་ཀྱང་༔ མཆོག་དང་ཕྲིན་ལས་བཞི་སྒྲུབ་པའི༔ ཡེ་ཤེས་ལྔ་ཡི་མེ་སྦོར་ཅིག༔ ཨོ་ཚངས་སྟོང་ཨགེ་ཡེ་ཛྭ་ལ་རཾ་རཾ༔ བི་ས་ར་ཎ་ཛྭ་ལ་རཾ་རཾ་སྭ་ཧཱཿ ཤར་ནས་འབར་ན་ནད་གདོན་ཞི་བས་བཟང་༔ ལྷོ་ནས་འབར་ན་བསོད་ནམས་རྒྱས་པས་བཟང་༔ དབུས་ནས་འབར་ཞིང་མེ་ལྕེ་ཡར་བྱུང་བཟང་༔ ནུབ་དང་བྱང་ནས་འབར་ན་ངན༔ དུ་བ་དཀར་ཞིང་གྱེན་དུ་འགྲོ་ན་བཟང་༔ དུ་བ་ནག་ཅིང་དམར་ལ་ལྗང་༔ མེ་ལྕེ་དམར་ཞིང་བརྫང་འདྲ་ན༔ བྱད་ཁ་ཡོད་པས་མི་ཤིས་རྟགས༔ མེ་སྒྲ་ཆེན་པོ་དགྲ་ངོ་ཡིན༔ དུ་བ་དཀར་དང་འབར་བ་ཕོ་ལ་བཟང་༔ དུ་བས་རང་བདུག་གྲིབ་ཡོད་རྟགས༔ དུ་བས་ཡོན་བདག་བདུག་པ་ན༔ ནད་ངོ་ཡིན་པས་ཞི་བ་གྱིས༔ པྲ་བརྟག་ཨོ་རྒྱན་གསུངས་ལ་བསྟུན༔ དེ་ནས་མདའ་དར་ལེགས་པར་ཐོགས་ལ༔ མེ་མགོ་དར་གྱིས་མནན་པ་ནི༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་གཞལ་ཡས་འདིར༔ བདག་དང་མཐའ་


CMR036_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་སྣང་སྲིད་ཚོགས༔ ཉོན་མོངས་ལས་ཀྱི་ཡམ་ཤིང་ལ༔ ཡེ་ཤེས་ཆེན་པོའི་མེ་སྦར་ནས༔ སྲེག་བྱེད་ཆེན་པོའི་མེ་ལྕེ་འདི༔ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ་མེ་ལྕེ་ལམ་ལམ་ཕར་མ་འཁྱིལ༔ མེ་ལྕེ་ལམ་ལམ་ཕར་འཁྱིལ་ན༔ ཕྱོགས་བཅུའི་ལྷ་འདྲེ་ཕོ་མོ་འཚིག༔ དེ་བས་ཕྱོགས་བཅུར་མ་འཁྱིལ་ཞིག༔ གདུག་པའི་མེ་དབལ་ཞི་བ་དང་༔ ཞི་བའི་མེ་རུ་སྦར་དུ་གསོལ༔ ཡེ་ཤེས་གསལ་བའི་བདེན་པ་ཡིས༔ མེ་མགོ་དར་གྱིས་མནན་པར་བྱ༔ གནོད་བྱེད་གདུག་པ་ཞི་བ་དང་༔ དམ་ཚིག་ཆག་ཉམས་ཞི་གྱུར་ཅིག༔ མི་ནད་ཕྱུགས་ནད་ཞི་བ་དང་༔ བཙའ་སད་སེར་གསུམ་ཞི་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཞི་བ་ཤཱནྟཾ་ཀུ་རུ་ཡེ་སྭ་ཧཱཿ ཏདྱ་ཐཱ༔ ན་ཤ་བྷེ་ཏ༔ ཏི་ཐི་མུར༔ ཧུར་བྷེ་ཏི༔ ན་མ་ཏྲ་ཧ་ར་ནི༔ མེ་ས་ཏྲི་ནི༔ བྷ་ག་ཝན་ཧཱུྃ་ཧཱུྃ་སྔགས་དེས་སྲུང་སྐུད་མདུད་བྱས་ནས་ཡི་གེ་ཧྲིདམར་སེར་ཞིག་ཏུ་བསྒོམ༔ ཞི་བ་ཚར་རྗེས་བསང་གི་སྐབས་ལ་བསང་དུད་ནང་དུ་གཡུགས་བྱས་ལ༔ མི་ལ་བཏགས་ན་སྲུང་བའི་མཆོག༔ དེ་ནས་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་དང་མེ་དར་གཡབ་ལ༔ ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཕྱོགས་བཅུ་སྟོང་གི་ཤར་ལྷོ་ནས༔ ཚུར་གཤེགས་ཚུར་གཤེགས་


CMR036_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་པོ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ བསྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འདིར་གཤེགས་འབར་བའི་གདན་ལ་བཞུགསཿ་ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་དཀོན་མཆོག་གསུམ༔ སྲིད་ཞིའི་མགྲོན་ཀུན་གཤེགས་སུ་གསོལ༔ ཚུར་གཤེགས་ཚུར་གཤེགས་དཔལ་མགོན་རྣམས༔ བཀའ་སྲུང་ཡུལ་ལྷ་ཐམས་ཅད་བྱོན༔ ཚུར་གཤེགས་ཚུར་གཤེགས་རིགས་དྲུག་རྣམས༔ སྙིང་རྗེའི་ཡུལ་དུ་གྱུར་རྣམས་འདུས་ཚུར་གཤེགས་ཚུར་གཤེགས་བགེགས་རིགས་རྣམས༔ ལན་ཆགས་བུ་ལོན་ལེན་ཕྱིར་ཤོག༔ ཀུན་ཀྱང་ཞི་ཞིང་བྱམས་པ་ཡིས༔ བསྲེག་བླུགས་ཞལ་ཟས་བཞེས་སླད་དུ༔ འབར་བའི་གདན་ལ་བཞུགས་སུ་གསོལ༔ ཨོ་ཨཀྵེ་ཡི་སརྦ་ཛྙཱ་ན་ལོ་ཀ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མཱ་ཛ༔ ཛཙཧཱུྃ་བཾ་ཧོ༔ ཧཱུྃ༔ རིན་ཆེན་མཛེས་པས་བརྒྱན་པ་ཡི༔ འཇའ་ཚོན་སྤེལ་ལེགས་བཀོད་འདྲ་བའི༔ ཕོ་བྲང་ལྷ་ཡི་གཞལ་ཡས་འདིར༔ མེ་ལྷ་མགྲོན་རིགས་རྣམ་བཞི་ལ༔ གདན་ཡངས་ལེགས་པར་འབུལ་ལགས་ན༔ འདི་ཉིད་དུ་ནི་བཞུགས་སུ་གསོལ༔ ཨོཾ་པདྨ་ཀ་མ་ལཱ་ཡེ་སིཾ༔ འོ་མའི་


CMR036_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་འབུལ་བ་ནི༔ དྲི་མེད་ཡིད་དུ་འོང་བ་ཡི༔ བདུད་རྩི་གཙང་མའི་མཆོད་པ་འདི༔ མེ་ལྷའི་རྒྱལ་པོ་དྲང་སྲོང་ཚོགས༔ མགྲོན་རིགས་བཞི་པོ་འཁོར་བཅས་ལ༔ གུས་པའི་ཡིད་ཀྱིས་འབུལ་ལགས་ན༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི་ཚོགས་རྫོགས་སྒྲིབ་པ་བྱང་བ་དང་༔ སྣང་སྲིད་གདུག་པ་ཞི་བའི་ཕྱིར༔ དགྱེས་རབ་མཆོག་ཏུ་གྱུར་པ་མཉེས་རབ་ཕུལ་དུ་ཕྱིན་པར་ཤོག༔ ཨོཾ་བཛྲ་ཨནྡྷཾ་པྲ་ཏིཙྪ་སྭ་ཧཱཿ ཡམ་ཤིང་འབུལ་བ་ནི༔ དྲི་མེད་ཡིད་འོང་ཡོན་ཏན་ལྡན༔ ཡམ་ཤིང་གསལ་ཤིང་ལྡན་པ་ལ༔ སྟག་གཟིག་གསེར་གཡུ་རིན་ཆེན་ལྔ༔ ཨགེ་རཱ་ཛ་དཀོན་མཆོག་གསུམ༔ མགྲོན་རིགས་བཞི་པོ་འཁོར་བཅས་ལ༔ གུས་པའི་ཡིད་ཀྱིས་འབུལ་ལགས་ན༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ཚོགས་རྫོགས་སྒྲིབ་པ་སྦྱང་བ་དང་༔ སྣང་སྲིད་གདུག་པ་ཞི་བའི་ཕྱིར༔ དགྱེས་རབ་མཆོག་ཏུ་གྱུར་པ་སྟེ༔ མཉེས་རབ་ཕུལ་དུ་ཕྱིན་པར་ཤོག༔ ཨོཾ་བོ་དྷི་བྲིཀཱ་ཡ་སྭ་ཧཱཿ སྔགས་དེས་ཡམ་ཤིང་དུ་ཡོད་འབུལ༔ དེ་ནས་མར་ཁུའམ་འབྲང་འབྲང་འབུལ་བ་ནི༔ ༀ༔ དྲི་མེད་ཡིད་དུ་འོང་བ་ཡི༔ ཡོན་ཏན་ཀུན་དང་ལྡན་པ་ཡི༔ འབྲང་འབྲང་བདུད་རྩི་


CMR036_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དམ་པ་འདི༔ མེ་ལྷ་མཆོག་དང་དཀོན་མཆོག་གསུམ༔ མགྲོན་རིགས་བཞི་པོ་འཁོར་བཅས་ལ༔ གུས་པའི་ཡིད་ཀྱིས་འབུལ་ལགས་ན༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ཚོགས་རྫོགས་སྒྲིབ་པ་སྦྱང་བ་དང་༔ སྣང་སྲིད་གདུག་པ་ཞི་བའི་ཕྱིར༔ དགྱེས་རབ་མཆོག་ཏུ་གྱུར་པ་སྟེ༔ མཉེས་རབ་ཕུལ་དུ་ཕྱིན་པར་ཤོག༔ ཨོ་ཨཀྵེ་ཡེ་སྭ་ཧཱཿ སྔགས་དེས་འབྲང་འབྲང་དུ་ཡོད་འབུལ༔ དེ་ནས་འབྲུ་སྣ་ཇ་ཕུད་སོགས་མཆོད་པ་དུ་ཡོད་ཕལ་ཆེར་འབུལ་ཞིང་༔ ཨོ༔ དྲི་མེད་ཡིད་འོང་གཙང་ཆབ་ལ༔ བདུད་རྩི་འོ་མའི་སྒྲོན་མེ་བལྟམས༔ ཁ་དོག་དབྱིབས་ལེགས་ཧ་ལོ་མཛེས༔ ཙམ་པ་ཀ་ཡི་ཕྲེང་བས་བརྒྱན༔ ཙནྡན་དཀར་དམར་སྡོང་པོ་ལ༔ སྨན་སྣ་ལྔ་དང་དྲི་དང་སྤོས༔ འབྲུ་མར་རྩི་མར་སྦྱར་བ་ལ༔ ཡེ་ཤེས་མེ་ལྔའི་སྒྲོན་མེ་བལྟམས༔ བདུད་རྩིའི་ཆུ་ཡི་རྒྱ་མཚོ་ལ༔ སྤོས་མཆོག་ལྔ་ཡི་སྒྲོན་མེ་རྩལ༔ རོ་བརྒྱ་ལྡན་པའི་ཞལ་ཟས་ལ༔ དྲི་རོ་རེག་བྱ་ཕུན་སུམ་ཚོགས༔ གྲོ་མ་མར་ཁུའི་གཟུགས་མཛེས་ལ༔ ཀ་ར་བུ་རམ་སྦྲང་རྩིས་བྲན༔ དམ་རྫ་ས་སྤྱན་གཟིགས་མཆོད་པ་ལ༔ དཀར་དང་དམར་གྱི་རྒྱན་བཏགས་པ༔ དྲི་དང་ཁ་དོག་ལྡན་པ་


CMR036_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ དཀར་གསུམ་ཐུད་ཕྲུམ་རྒྱན་བཏགས་པ༔ གྲོ་དང་ནས་སོགས་འབྲུ་ཡི་ཚན༔ དཀར་གསུམ་མངར་གསུམ་སྤྱོད་ཀྱིས་བྲན༔ དར་དང་ཟ་འོག་ལ་སོགས་པ༔ འཇམ་མཉེན་རེག་བྱ་དམ་པ་དང་༔ ཆ་ལང་དྲིལ་ཆེན་གནྡྷེ་དང་༔ པི་ཝཾ་གླིང་བུ་སིལ་སྙན་སོགས༔ ཀ་ལ་པིང་ཀའི་སྒྲ་དབྱངས་བཞིན༔ ཕྱག་གཙང་ཨགྷི་རཱ་ཛ་དང་༔ སྲིད་ཞུའི་མགྲོན་དང་ཡོན་ཏན་མགྲོན༔ སྙིང་རྗེའི་མགྲོན་དང་ལན་ཆགས་མགྲོན༔ འཁོར་དང་བཅས་པ་ཐམས་ཅད་ལ༔ གུས་པའི་ཡིད་ཀྱིས་འབུལ་ལགས་ན༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ཚོགས་རྫོགས་སྒྲིབ་པ་སྦྱང་བ་དང་༔ སྣང་སྲིད་གདུག་པ་ཞི་བའི་ཕྱིར༔ དགྱེས་རབ་མཆོག་ཏུ་གྱུར་པ་སྟེ༔ མཉེས་རབ་ཕུལ་དུ་ཕྱིན་པར་ཤོག༔ ཨོ་བཛྲ་པུཥྛ་དྷུ་པེ་ཨཱ་ལོ་ཀེ་གནེ་ནེ་ཝི་དུ་ཤརྡ་པྲ་ཏིཙྪ་སྭ་ཧཱཿ དེ་ནས་ཕྱེ་མར་འབུལ་བ་ནི༔ ཧཱུྃ༔ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་གཞལ་ཡས་འདིར༔ དམ་རྫས་གཙང་མའི་སྦྱིན་སྲེག་འདི༔ ཨགེ་རཱ་ཛ་བདེ་གཤེགས་སྲས་དང་བཅས༔ ཡེ་ཤེས་འཇིག་རྟེན་དཔལ་མགོན་ཡུལ་ལྷའི་ཚོགས༔ ཕ་མ་རིགས་དྲུག་གནོད་བྱེད་གདོན་བགེགས་


CMR036_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས༔ ཀུན་ལ་སྦྱིན་སྲེག་མཆོད་པ་འདི་འབུལ་ལོ༔ ཞི་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཨོཾ་ནད་གདོན་སྡིག་སྒྲིབ་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭ་ཧཱཿ དེ་ནས་ཀུ་ཤ་འབུལ་བ་ནི༔ ཨོཾ༔ དྲི་མེད་ཡིད་འོང་ཡོན་ཏན་ལྡན༔ རིན་ཆེན་མདངས་ལྡན་ཀུ་ཤ་ལ༔ དར་སྣ་ལྔ་ཡི་ཅོད་པན་བཏགས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་དང་༔ མགྲོན་རིགས་བཞི་པོ་འཁོར་བཅས་ལ༔ གུས་པའི་ཡིད་ཀྱིས་འབུལ་ལགས་ན༔ བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ ཚོགས་རྫོགས་སྒྲིབ་པ་སྦྱང་བ་དང་༔ སྣང་སྲིད་གདུག་པ་ཞི་བའི་ཕྱིར༔ དགྱེས་རབ་མཆོག་ཏུ་གྱུར་པ་སྟེ༔ མཉེས་རབ་ཕུལ་དུ་ཕྱིན་པར་ཤོག༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་སྭ་ཧཱཿ དེ་ནས་བསྟོད་པ་བྱ་བ་ནི༔ ཨོ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ འབྱུང་པོ་ཡོངས་ལ་སྐྱོབ་པའི་ཕྱིར༔ ཐུགས་རྗེའི་དབང་གིས་སྐུ་སྤྲུལ་ཞིང་༔ རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ༔ ཉོན་མོངས་བསྲེག་པའི་ཤེས་རབ་འོད༔ བསྐལ་པའི་མེ་ལྟར་གཟི་བརྗིད་འབར༔ མངོན་ཤེས་རྫུ་འཕྲུལ་སྟོབས་དང་ལྡན༔ ཐབས་ཀྱི་ཐེག་མཆོག་ར་སྐྱེས་ཆིབས༔ བགྲང་ཕྲེང་འཛིན་ཅིང་


CMR036_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རིག་སྔགས་གསུང་༔ བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས༔ ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ༔ ཉེས་པའི་སྐྱོན་སྤངས་ཚངས་པར་སྤྱོད༔ འཇིག་རྟེན་གནས་ཀྱང་མྱ་ངན་འདས༔ ཞི་བ་མཉེས་བྱེད་ཐུགས་རྗེ་ཆེ༔ དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ བླ་མ་སངས་རྒྱས་བླ་མ་ཆོས༔ བླ་མ་དཔལ་ལྡན་རྡོ་རྗེ་འཆང་༔ ཀུན་གྱི་བྱེད་པོ་བླ་མ་ཡིན༔ བླ་མ་རྣམས་ལ་ཕྱག་འཚལ་བསྟོད༔ སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ༔ སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ༔ འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ༔ བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན༔ མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད༔ སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ༔ དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་ནམ་མཁའ་བཞིན་དུ་དབྱེར་མེད་པར༔ གཟུགས་སྐུ་འཇའ་ཚོན་བཞིན་དུ་སོ་སོར་གསལ༔ ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས་པའི༔ རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ༔ ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས༔ གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ༔


CMR036_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ༔ ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང་༔ བྱང་ཆུབ་སེམས་དཔའ་རྒྱལ་སྲས་མ་ལུས་ཚོགས༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི༔ བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཚངས་དང་བརྒྱ་བྱིན་རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ་དང་གཙང་རིགས་ཀྱི༔ དཔལ་མགོན་བདུན་ཅུ་རྩ་ལྔ་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ༔ སྒྲུབ་པ་བྱེད་པའི་གང་ཟག་ལ༔ བུ་བཞིན་སྐྱོང་བར་ཞལ་བཞེས་པའི༔ ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་བསྟོད༔ ཨོཾ༔ འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས༔ འདོད་ལྷ་ལྷ་མིན་གླིང་བཞི་མི༔ དུད་འགྲོ་ཡི་དྭགས་དམྱལ་བ་དང་༔ འགྲོ་བ་རིགས་དྲུག་མ་ལུས་ལ༔ མཆོད་ཅིང་བསྟོད་དེ་སྦྱིན་སྲེག་འབུལ༔ བི་ན་ཡ་ཀའི་གཙོར་བྱས་པའི༔ ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་༔ འབྱུང་པོ་སྲིན་པོ་མིའམ་ཅི༔ ལྟོ་འཕྱེ་གྲུལ་བུམ་ཡི་དྭགས་དང་༔ སྐེམ་བྱེད་བརྗེད་བྱེད་སྨྱོ་བྱེད་དང་༔ ནམ་གྲུ་ཤ་ཟ་ས་བདག་སོགས༔ བགེགས་


CMR036_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་སྟོང་ཕྲག་བརྒྱད་ཅུ་ལ༔ མཆོད་ཅིང་བསྟོད་དེ་སྦྱིན་སྲེག་འབུལ༔ སྦྱིན་སྲེག་མཆོད་པ་འདི་ཕུལ་བས༔ སྐུ་གསུང་ཐུགས་ལ་ཐིམ་གྱུར་ཅིག༔ སྐུ་གསུང་ཐུགས་ལ་ཐིམ་ནས་ཀྱང་༔ དགྱེས་རབ་མཆོག་ཏུ་གྱུར་པ་སྟེ༔ མཉེས་རབ་ཕུལ་དུ་ཕྱིན་པར་ཤོག༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བསམ་དོན་མྱུར་དུ་འགྲུབ་པ་ཡི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ དེ་ནས་དཀར་གཏོར་ལྔ་པོ་སོ་སོར་བྲན༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་དྱ་ནུཏྤནྣ་ཏཏྟ་ཨོ་ཨཱཧཱུྃ་ཕཊ་སྭ་ཧཱཿ ཞེས་བྱིན་གྱིས་བརླབས་ལ༔ རིམ་པ་བཞིན་དུ་མེ་ནང་དུ་འབུལ༔ ཨོཾ་ཨཀྵེ་ཡེ་དེ་ཝི་ས་པ་རི་ཝཱ་ར་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་མེ་ལྷའི་རྒྱལ་པོ་འཁོར་བཅས་ཀྱིས༔ བསྲེག་བླུགས་གཏོར་མ་འདི་བཞེས་ལ༔ སྔོན་གྱི་དམ་བཅའ་མནའ་དོར་ལྟར༔ མེ་དང་དབྱེར་མེད་བཞུགས་ནས་ཀྱང་༔ མགྲོན་རིགས་བཞི་པོའི་ཞལ་རྣམས་ཀྱང་༔ མེ་དང་དབྱེར་མེད་བྱིན་རློབས་ལ༔ མཆོད་རྫས་བསྲེག་རྫས་དེ་དག་ཀུན༔ མ་བོ་མ་ཟག་མ་གོད་པར༔ མགྲོན་རིགས་བཞི་པོའི་ཞལ་དུ་སྟོབ༔ མགྲོན་ཀུན་མཉེས་ཤིང་ཚིམ་པ་ཡི༔ དྲང་སྲོང་ཁྱོད་ཀྱི་ཕྲིན་ལས་དེ༔ དུས་ལ་བབ་བོ་ས་མ་ཡ༔ ཨགྷི་རཱ་ཛ་


CMR036_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་མཆོད་པས༔ ཉམས་ཆག་སྡིག་སྒྲིབ་ནད་གདོན་ཀུན༔ ཐམས་ཅད་མ་ལུས་ཞི་བར་མཛོད༔ ཨོཾ་ཞི་བ་ཤཱནྟཾ་ཀུ་རུ་ཡེ་སྭ་ཧཱཿ ཞེས་བརྗོད་མེ་ལྷའི་གཏོར་མ་འབུལ༔ པོ་ཏ་ཁ་ཁ་ཁཱ་ཧི༔ ཕྱོགས་བཅུ་དུས་གསུམ་བདེ་བར་གཤེགས༔ སྲས་དང་སློབ་མར་བཅས་པ་དང་༔ བླ་མ་ཡི་དམ་མཁའ་འགྲོ་ལ༔ མཆོད་པ་བླ་ན་མེད་པས་མཆོད༔ སངས་རྒྱས་དངོས་གྲུབ་ཐོབ་བྱའི་ཕྱིར༔ བདག་ལ་ཐུགས་རྗེས་དགོངས་ནས་ཀྱང་༔ འགྲོ་ལ་ཕན་པའི་བརྩེ་ཆེན་གྱིས༔ སྨན་པར་དགོངས་ཏེ་བཞེས་སུ་གསོལ༔ སྦྱིན་སྲེག་མཆོད་པ་འདི་ཕུལ་བས༔ སྐུ་གསུང་ཐུགས་ལ་ཐིམ་པར་ཤོག༔ སྐུ་གསུང་ཐུགས་ལ་ཐིམ་ནས་ཀྱང་༔ དགྱེས་རབ་མཆོག་ཏུ་གྱུར་པ་སྟེ༔ མཉེས་རབ་ཕུལ་དུ་ཕྱིན་པར་ཤོག༔ སྣང་སྲིད་སྡིག་སྒྲིབ་མ་ལུས་རྣམས༔ ཁྱེད་ཀྱི་ཐུགས་རྗེས་སྦྱང་དུ་གསོལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བླ་མེད་བྱང་ཆུབ་ཐོབ་པར། ཤོག༔ ཉམས་ཆག་སྡིག་སྒྲིབ་ཐམས་ཅད་ཞི་བ་ཤཱནྟཾ་ཀུ་རུ་ཡེ་སྭ་ཧཱཿ ཞེས་ཕུལ་ལོ༔ ཨོཾ་སརྦ་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བྷུ་མི་པ་ཏི་ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ མ་མགོན་དམ་ཅན་རྒྱ་


CMR036_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཚོགས༔ དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ ཡུལ་ལྷ་གཞི་བདག་ཐམས་ཅད་ལ༔ བསྲེག་བླུགས་གཏོར་མ་འདི་འབུལ་ལོ༔ དེ་དག་སོ་སོའི་སྤྱན་ལམ་དུ༔ འདོད། ཡོན་དཔག་མེད་འབྱུང་འགྱུར་ཞིང་༔ དགའ་མགུ་ཡི་རང་ལྡན་གྱུར་ཅིག༔ བདག་དང་ཡོན་བདག་འཁོར་བཅས་ཀྱི༔ ཡིད་ལ་བསམ་པའི་དོན་རྣམས་ཀུན༔ འབད་མེད་ལྷུན་གྱིས་གྲུབ་པ་དང་༔ ནད་དང་གདོན་དང་བར་ཆད་བགེགས༔ ཐམས་ཅད་མ་ལུས་ཞི་བར་མཛོད༔ ཨོ་ཞི་བ་ཤཱནྟཾ་ཀུ་རུ་ཡེ་སྭ་ཧཱཿ ཞེས་ཕུལ༔ ཨོ་ཨ་ནི་སུ་ཏྲི་ཏྲེ་དུ་ཛཨི་དཾ་བྷ་ལཾ་ཏ་ཁ་ཁ་ཁཱ་ཧི༔ འགྲོ་བ་རིགས་དྲུག་བར་དོར་བཅས༔ སྙིང་རྗེའི་མགྲོན་དུ་གྱུར་པ་ལ༔ བསྲེག་བླུགས་གཏོར་མ་འདི་ཕུལ་བས༔ རང་རང་སྡུག་བསྔལ་ཞི་ནས་བདེ་སྐྱིད་ལྡན༔ སྒྲིབ་གཉིས་བྱང་ནས་བྱང་ཆུབ་མྱུར་ཐོབ་ཤོག༔ ཨོཾ་ཞི་བ་ཤཱནཾ་ཀུ་རུ་ཡེ་སྭ་ཧཱཿ ཞེས་ཕུལ༔ ཨོཾ་སརྦ་བིགྷཱན་ཨི་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི༔ བི་ན་ཡ་ཀ་ལ་སོགས་པའི༔ ལན་ཆགས་གདོན་བགེགས་ཐམས་ཅད་ལ༔ བསྲེག་བླུགས་གཏོར་མ་འདི་འབུལ་བས༔ ལན་ཆགས་བུ་ལོན་བྱང་གྱུར་ཅིག༔ རླུང་མཁྲིས་བད་ཀན་འདུས་པ་ལས༔ གྱུར་པའི་ནད་


CMR036_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞི་གྱུར་ཅིག༔ རྨི་ལམ་ངན་དང་མཚན་མ་ངན༔ པྲ་ལྟས་ངན་པ་ཞི་གྱུར་ཅིག༔ བཙའ་སད་སེར་གསུམ་ལ་སོགས་པའི༔ ལོ་ནད་ཐམས་ཅད་ཞི་གྱུར་ཅིག༔ བདུད་རྩི་ཅན་གྱི་ཤིང་རྣམས་དང་༔ ཞིབ་མར་ཟས་སྣ་བསྲེགས་པ་ཡིས༔ སྣང་སྲིད་ས་བདག་ཀླུ་གཉན་དང་༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡི༔ དུག་ལྔ་གདུག་པའི་ནད་རྣམས་དང་༔ ག་གདུག་རྩུབ་ཞི་གྱུར་ཅིག༔ ཨོ་ཞི་བ་ཤནི་ཀུ་རུ་ཡེ་སྭ་ཧཱཿ ཞེས་ཕུལ་ལོ༔ དེ་ལས་རྒྱས་པར་སྤྲོ་ན་སྣང་སྲིད་ཞི་བ་དཀར་ཆེན་དང་༔ གཉན་གྱི་ཞི་བ་དཀར་ཆུང་ཡང་འདོན། ཧཱུྃ༔ དད་པ་དང་ནི་དམ་ཚིག་གིས༔ ཞེས་སོགས་གནམ་ཆོས་ཞི་བ་དཔོན་སློབ་མང་ན་རབ་བརྒྱ་རྩ༔ འབྲིང་ལོ་གྲངས༔ ཐ་མ་ཡང་བཅུ་བདུན་གསུམ་སོགས་སྐབས་དང་བསྟུན༔ དེ་ནས་གནམ་ཆོས་ཀྱི་རྒྱུན་བསང་ཚར་གཅིག་འདོན། རྒྱས་པར་སྤྲོ་ན་གསེར་ལོ་མའམ། འཛམ་གླིང་སྤྱི་བསང་། སྣང་བརྒྱད་ཉེས་པ་ཀུན་སེལ། དག་པ་གསེར་ཐིག །བཀྲ་ཤིས་བརྩེགས་མདོ་འདོན། དེ་ནས་ཁུ་ཡེ་དང་རྗེས་ཆོག་གཤེགས་གསོལ་བཀྲ་ཤིས་རྣམས་བསང་སྤྱི་ལྟར་འདོན། འདི་ནི་སྣང་སྲིད་ཞི་བ་དཀར་ཆེན་ཞེས། ཀཐོག་ཕྱོགས་སུ་དར་སྲོལ་ཆེ་བ་དང་། གུ་རུ་ཆོས་དབང་གི་གཏེར་ནས་ཕྱུང་པའི་འདོན་ཆ་གཏེར་སྟོན་ཉིད་ཀྱིས་མཛད་པ་ཤིན་ཏུ་ཟབ་བོ། །སྣང་སྲིད་ཞི་བ་དཀར་ཆེན་ཞེས་བྱ་


CMR036_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་མཛད། །གཉན་གྱི་ཞི་བ་དཀར་ཆུང་ཞེས་བྱ་བ། །ཨོ་རྒྱན་སློབ་དཔོན་པདྨས་མཛད་པ་དང་། །དེ་དག་རྣམས་ཀྱི་དོན་ནི་ཀུན་འདུས་པ། །གནམ་ཆོས་ཞི་བ་འདི་ཉིད་ཡིན་པ་སྟེ།འདི་ནི་བསང་ཡང་ཡིན་ལ་སྦྱིན་སྲེག་ཀྱང་། །ཡིན་ཕྱིར་མགྲོན་རིགས་བཞི་ལ་བསྔོ་རུང་ཞིང་། །འདི་་་སྤྱན་རས་གཟིགས་དབང་པདྨ་དྲྭ་བའི་རྒྱུད་ལས་གསུངས་པ་མཆན། ཉིད་བསང་དང་སྦྱིན་སྲེག་ཕན་ཡོན་ནི། །སྦྱིན་སྲེག་གིས་ནི་ལྷ་དགྱེས་ཤིང་། །སྔགས་སྒྲུབ་སྔགས་ཀྱི་ལས་རྣམས་འགྲུབ། །དྲང་སྲོང་ཚོགས་རྣམས་ཐམས་ཅད་དང་། །དྲི་ཟའི་ཚོགས་རྣམས་ཐམས་ཅད་དང་། །འབྱུང་པོའི་ཚོགས་རྣམས་ཐམས་ཅད་ནི། །སྦྱིན་སྲེག་གིས་ནི་རབ་དགའ་ནས། །རྣལ་འབྱོར་གྲོགས་བྱེད་སྲུང་བ་དང་། །སྐྱབས་ཕྱིར་ཚེ་རིང་དཔལ་འཕེལ་ཞིང་། །ནད་མེད་ལོངས་སྤྱོད་རྒྱས་པ་དང་། །བསམ་པ་བཞིན་དུ་འགྲུབ་པར་འགྱུར། །ཞེས་ཀྱང་གསུང་ཕྱིར་ཤིན་ཏུ་ཟབ། །ཁྱད་པར་ནད་མུག་གཅོད་པའི་མཆོག་ཡིན།ཞི་བ་རྒྱས་པ་རྣམས་ཀྱི་དོན་བསྡུས་ནས་གནམ་ཆོས་ཞི་བ་དཀར་པོའི་ཁ་སྐོང་དུ། །གཏེར་བློན་རཱ་ག་ཨ་སྱས་སྨྲས་པ་ལྟར། །དགེ་སློང་བརྩོན་འགྲུས་ཞེས་བྱས་ཡི་གེར་བཀོད། །ཉེས་འགལ་མཆིས་ན་སྲུང་མ་རྣམས་ལ་བཤགས། །སྙིགས་དུས་འགྲོ་བ་ནད་ཀྱིས་གདུང་བའི་ཚེ། །འདི་ཉིད་མགོན་དང་སྐྱབས་སུ་འགྱུར་བར་ཤོག །ཤུ་བྷཾ་མ་སྐུ་སརྦ་ཛ་ག་ཏཾ།། །།


previousགནམ་ཆོས་ཞི་བ་དཀར་པོའི་ལྷན་ཐབས་ཞི་བ་དཀར་བླུགས་སྣང་སྲིད་ཞི་བ་དཀར་པོ་དང་ཞི་བ་དཀར་ཆེན་དང་དཀར་ཆུང་ཀུན་གྱི་དོན་བསྡུས་རྒྱུད་ཀྱི་བྱུང་ཁུངས་དང་བཅས་པ།next