Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དྲག་པོའི་བསང་མཆོད་ནོར་བུའི་ཕྲེང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབླ་མ་དྲག་པོའི་བསང་མཆོད་ནོར་བུའི་ཕྲེང་བ།next

བླ་མ་དྲག་པོའི་བསང་མཆོད་ནོར་བུའི་ཕྲེང་བ།


CMR036_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་བསང་མཆོད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།


CMR036_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །བླ་མ་དྲག་པོའི་བསང་མཆོད་བྱ་བར་འདོད་ན། མཆོད་རྫས་བཤམས་པ་སོགས་སྦྱོར་བའི་ཆོས་རྣམས་སོང་ནས། རྣལ་འབྱོར་པ་ལྷ་ཡི་ཏིང་འཛིན་གསལ་བའི་ངང་ནས། ཚིག་ཕྱིར་སེམས་གཞོལ་བས་དབྱངས་སྙན་རོལ་མོ་དང་བཅས་འདི་སྐད་དོ།། ཀྱཻ། ཆོས་དབྱིངས་རྣམ་དག་ལྷན་གྲུབ་ཕོ་བྲང་ནས། །སྐུ་གསུམ་བཀའ་བརྒྱུད་བླ་མ་གཤེགས་སུ་གསོལ། །བདེ་ཆེན་པདྨ་འོད་ཀྱི་དཀྱིལ་འཁོར་ནས། །གུ་རུ་དྲག་པོའི་ལྷ་ཚོགས་གཤེགས་སུ་གསོལ། །བདེ་ཆེན་ལྷུན་གྲུབ་དབྱིངས་ཀྱི་ཕོ་བྲང་ནས། །མ་ཚོགས་མཁའ་འགྲོ་རྒྱ་མཚོ་གཤེགས་སུ་གསོལ། །མི་འདའ་དམ་ཚིག་


CMR036_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

གཉན་གྱི་གཞལ་ཡས་ནས། །བཀའ་སྲུང་དམ་ཅན་ཐམས་ཅད་གཤེགས་སུ་གསོལ། །རིན་ཆེན་ཉི་ཟླ་པད་མའི་གདན་སྟེང་དུ། །རྩ་བ་གསུམ་གྱི་ལྷ་ཚོགས་བཞུགས་སུ་གསོལ། །བདག་ཅག་ལུས་ངག་ཡིད་གསུམ་གུས་པ་ཡིས། །མི་ཕྱེད་དད་པ་ཆེན་པོས་ཕྱག་འཚོལ་ལོ། ཀྱཻ། དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །སྐུ་གསུམ་ལྷུན་གྲུབ་ཡེ་ནས་དག་པ་ལ། །བསང་བྱ་དང་ནི་བསང་བྱེད་མ་མཆིས་ཀྱང་། །བདག་ཅག་གཉིས་འཛིན་འཁྲུལ་རྟོག་ལས་གྱུར་པའི། །བློ་བུར་བར་ཆད་རྐྱེན་རྣམས་ཞི་བའི་ཕྱིར། །རྩ་བ་གསུམ་གྱི་ལྷ་ཚོགས་


CMR036_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བསང་བར་བགྱི། །ཧོ༔ བཀྲ་ཤིས་ཕུན་ཚོགས་བསང་བའི་རྫས་མཆོག་ནི། །ཤིང་མཆོག་ཙནྡན་དཀར་དམར་ཨ་ཀ་རུ། །བལ་བུ་མཁན་དཀར་སུར་དཀར་སྤེན་དཀར་དང་།རྒྱུ། །ཤུག་པ་སྟག་པ་དྷེ་ཝ་དྷ་རུ་དང་། །མུ་ལེ་བྲམ་ཤིང་སྦ་དང་སྨྱུག་མ་བཅས། །ཤིང་ནག་དོམ་མཁྲིས་འོམ་བུ་སྤང་སྤོས་དང་། །དེ་སོགས་བཟང་ཤིང་སྣ་ཚོགས་ཇི་སྙེད་པ། །ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །རང་བྱུང་ཡེ་ཤེས་བདུད་རྩི་རྒྱུན་དུ་གནས། །ཐབས་ཀྱི་ཤིང་མཆོག་བདུད་རྩི་ཅན་རྣམས་ལ། །ཤེས་རབ་ཡེ་ཤེས་ལྔ་ཡིས་མེ་སྦར་བས། །འདོད་ཡོན་མེ་ལྕེ་དཀར་པོ་ལྷབས་སེ་ལྷབ། །དུ་བས་མཆོད་སྤྲིན་སྣ་ཚོགས་ཐིབས་སེ་ཐིབ། །དྲི་ཞིམ་ངད་པ་ཕྱོགས་བཅུར་ཀྱི་ལི་ལི། །བཀྲ་ཤིས་ཕྱེ་མར་རི་ལྟར་སྤུངས་སེ་སྤུང་། །ཞལ་ཟས་སྣ་ཚོགས་རྫ་ལྟར་ཉི་ལི་ལི། །དཀར་གསུམ་མངར་གསུམ་སྐར་ལྟར་བཀྲམས་སེ་བཀྲམ། །སྐྱེམས་ཕུད་རྣམས་ནི་མཚོ་ལྟར་ཀྱི་ལི་ལི། །འབྲས་དྲུག་འབྲུ་སྨན་སྣ་ཚོགས་སི་ལི་ལི། །གསལ་བྱེད་མེ་ལོང་འོད་དང་ལམས་སེ་ལམ། །མདའ་དར་འཕན་གདུགས་ལ་སོགས་པུ་རུ་རུ། །དབྱངས་སྙན་རོལ་མོ་སྣ་ཚོགས་ཁྲོ་ལོ་ལོ། །ལྷ་མོ་


CMR036_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་ཚོགས་གར་བྱེད་ཁྱུགས་སེ་ཁྱུག །འདོད་ཡོན་གཏོར་མ་ཞལ་ཟས་སྤུངས་སེ་སྤུང་། །དེ་ལྟར་མཆོད་པའི་ཡོ་བྱད་ཇི་སྙེད་པ། །དངོས་སུ་འབྱོར་དང་ཡིད་ཀྱིས། སྤྲུལ་པ་དང་། །གནས་མཆོག་འདི་དང་འཇིག་རྟེན་རབ་འབྱམས་ན། །ལྷ་མའི་ལོངས་སྤྱོད་འདོད་ཡོན་ཅི་མཆིས་པ། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ཏེ།ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་བཀང་ནས། །ཀུན་བཟང་བླ་མེད་མཆོད་སྤྲིན་རྒྱ་མཚོ་འདིས། །མཆོད་དོ་བླ་མ་ཡི་དམ་མཁའ་འགྲོ་མཆོད། །བསང་ངོ་རྩ་བ་གསུམ་གྱི་ལྷ་ཚོགས་བསང་། །ཆོས་སྐུ་སྤྲོས་བྲལ་སྣང་བ་མཐའ་ཡས་བསང་། །ལོངས་སྐུ་ལྷུན་གྲུབ་ཐུགས་རྗེ་ཆེན་པོ་བསང་། །སྤྲུལ་སྐུ་འགྲོ་འདུལ་པདྨ་འབྱུང་གནས་བསང་། །དབྱིངས་ཀྱི་ཡུམ་ཆེན་ཡེ་ཤེས་མཚོ་རྒྱལ་བསང་། །རིག་འཛིན་ཆེན་པོ་རཏྣ་གླིང་པ་བསང་། །གསང་སྔགས་རྣལ་འབྱོར་པྲཛྙཱ་བྷ་ཏྲ་བསང་། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་བསང་། སྐུ་མཆོག་ལྷུན་གྲུབ་བུདྨ་ཐོད་ཕྲེང་བསང་། །ཐུགས་མཆོག་འགྱུར་མེད་བཛྲ་ཐོད་ཕྲེང་བསང་། །ཡོན་ཏན་ཀུན་རྫོགས་རཏྣ་ཐོད་ཕྲེང་བསང་། །གསུང་མཆོག་འགགས་མེད་པདྨ་


CMR036_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཕྲེང་བསང་། །ཕྲིན་ལས་ཐོགས་མེད་ཀརྨ་ཐོད་ཕྲེང་བསང་། །ཆགས་མེད་སྐྱོན་བྲལ་པདྨ་འབྱུང་གནས་བསང་། །ཡོན་ཏན་ཀུན་རྫོགས་པདྨ་སཾ་བྷ་བསང་། །ཤེས་བྱ་ཀུན་མཁྱེན་བློ་ལྡན་མཆོག་སྲེད་བསང་། །སྣང་སྲིད་དབང་སྡུད་པདྨ་རྒྱལ་པོ་བསང་། །རྨོངས་པའི་མུན་སེལ་ཉི་མ་འོད་ཟེར་བསང་། །བདུད་བཞི་འདུལ་མཛད་ཤཱཀྱ་སེང་གེ་བསང་།ལོག་ལྟ་བསྒྲལ་མཛད་སེང་གེ་སྒྲ་སྒྲོག་བསང་། །དྲེགས་པ་ཚར་གཅོད་རྡོ་རྗེ་གྲོ་ལོད་བསང་། །ཕྱོགས་དུས་བདེ་བཤེགས་རྩ་བ་གསུམ་གྱི་ལྷ། །དབྱེར་མེད་གཅིག་འདུས་དྲག་པོ་ཐོད་ཕྲེང་རྩལ། །འཁོར་འདས་སྣང་སྲིད་ཀུན་གྱི་རྗེར་གྱུར་པ། །ལྷག་པའི་ལྷ་མཆོག་གུ་རུ་དྲག་པོ་ཁྱེད། །གསོལ་ལོ་མཆོད་དོ་བསང་ངོ་གཟི་མདངས་བསྐྱེད། །སྐུ་གསུང་མི། །ཐུགས་ཡོན་ཕྲིན་ལས་མཉེས་གྱུར་ཅིག །བདེ་ཆེན་ཡུམ་མཆོག་རྡོ་རྗེ་ཕག་མོ་བསང་། །རིགས་བདག་མགོན་པོ་ཚེ་དཔག་མེད་པ་བསང་། །ཡོན་ཏན་སྤྲུལ་པ་ཡེ་ཤེས་ཁྱུང་ཆེན་བསང་། །སྣང་སྲིད་ཟིལ་གནོན་གུ་རུ་ཐོད་ཕྲེང་བསང་། །སྐུ་ཡི་སྤྲུལ་པ་ཁྲོ་རྒྱལ་འཇམ་དཔལ་བསང་། །གསུང་གི་སྤྲུལ་པ་དབང་ཆེན་རྟ་མགྲིན་བསང་། །ཐུགས་ཀྱི་སྤྲུལ་པ་


CMR036_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བདག་གཏུམ་པོ་བསང་། །དངོས་གྲུབ་ཀུན་འབྱུང་མཁའ་འགྲོ་སྡེ་ལྔ་བསང་། །ཕྲིན་ལས་སྤྲུལ་པ་ཡཀྵ་མེ་དབལ་བསང་། །ཞི་བ་ལྷུན་གྲུབ་རྡོ་རྗེ་དྲག་པོ་བསང་། །རྒྱས་པ་མཐར་ཕྱིན་རཏྣ་ཐོད་ཕྲེང་བསང་། །དབང་སྡུད་ཐོགས་མེད་པདྨ་ཐོད་ཕྲེང་བསང་། །ཕྲིན་ལས་རྨད་བྱུང་ཀརྨ་དྲག་པོ་བསང་། །ཆོས་དབྱིངས་རྡོ་རྗེ་མཁའ་འགྲོ་ཡབ་ཡུམ་བསང་། །མཉམ་ཉིད་རིན་ཆེན་མཁའ་འགྲོ་ཡབ་ཡུམ་བསང་། །སོར་རྟོག་པདྨ་མཁའ་འགྲོ་ཡབ་ཡུམ་བསང་། །བྱ་གྲུབ་ལས་ཀྱི་མཁའ་འགྲོ་ཡབ་ཡུམ་བསང་།དམ་སྲི་འདུལ་མཛད་ཚེ་བདག་ནག་པོ་བསང་། །མོ་གདོན་འདུལ་མཛད་ཁྲོས་མ་ནག་མོ་བསང་། །དགྲ་བགེགས་ཚར་གཅོད་རྡོ་རྗེ་གཞོན་ནུ་བསང་། །བྱད་ཁ་ཟློག་བྱེད་སེང་གདོང་ནག་མོ་བསང་། །ལྷ་གདོན་འདུལ་མཛད་ཁྲོ་རྒྱལ་ཧཱུྃ་ཀར་བསང་། །དྲི་ཟའི་ཚོགས་འཇོམས་ཁྲོ་ཆེན་རྣམ་རྒྱལ་བསང་། །མེ་ལྷ་འདུལ་མཛད་ཁྲོ་རྒྱལ་དབྱུག་སྔོན་བསང་། གཤིན་རྗེའི་ཚོགས་འཇོམས་གཤིན་རྗེ་མཐར་བྱེད་བསང་། །སྲིན་པོ་འདུལ་མཛད་མི་གཡོ་མགོན་པོ་བསང་། །ཀླུ་གདོན་ཚོགས་འཇོམས་རྟ་མགྲིན་རྒྱལ་པོ་བསང་། །རླུང་ལྷ་


CMR036_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་མཛད་ཁྲོ་ཆེན་འདོད་རྒྱལ་བསང་། །གནོད་སྦྱིན་ཚོགས་འཇོམས་བདུད་རྩི་འཁྱིལ་པ་བསང་། །དབང་ལྡན་འདུལ་མཛད་ཁམས་གསུམ་རྣམ་རྒྱལ་བསང་། །ས་བདག་ལ་མཛད་ཁྲོ་རྒྱལ་སྟོབས་ཆེན་བསང་། །འགུགས་པའི་ལས་མཛད་རྟ་གདོང་དཀར་མོ་བསང་། །འཆིང་པའི་ལས་མཛད་ཕག་གདོང་ནག་མོ་བསང་། །སྡོམ་པའི་ལས་མཛད་སྤེལ་གདོང་དམར་མོ་བསང་། །མྱོ་བའི་ལས་མཛད་སྤྱང་གདོང་ལྗང་མོ་བསང་། །དུར་ཁྲོད་བརྒྱད་ཀྱི་སྲུང་མ་ཐམས་ཅད་བསང་། །ཆོས་སྐྱོང་དཔལ་མགོན་འཁོར་དང་བཅས་པ་བསང་། །སངས་རྒྱས་བསྟན་སྲུང་སྔགས་འཆང་བུ་བཞིན་སྐྱོངས། །བཀའ་སྲུང་སེང་གདོང་ཡབ་ཡུམ་ལྕམ་དྲལ་བསང་། །པདྨ་ཐོད་ཕྲེང་བཀའ་ཡི་ལས་མཁན་ནི། །བཀའ་ཉན་སྟོབས་ལྡན་བདུད་རྗེ་ནག་པོ་བསང་། །ཕྱག་བརྙན་བདུད་ཀྱི་མི་ནག་བརྒྱད་པོ་བསང་། །མགྱོགས་བྱེད་རྟ་ནག་བྱ་ནག་ཁྱི་ནག་བསང་། །ཡང་སྤྲུལ་བདུད་དམག་བྱེ་བ་འབུམ་སྡེ་བསང་། །མྱུར་མགྱོགས་བཙན་དམག་ལས་ཀྱི་སྤུ་གྲི་བསང་། །ལས་མཁན་བཙན་གྱི་མི་དམར་བརྒྱད་པོ་བསང་། །རྗེས་གཅོད་བཙན་རྟ་བྱ་དམར་ཁྱི་དམར་བསང་། །ཡང་


CMR036_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་བཙན་དམག་བྱེ་བ་འབུམ་སྡེ་བསང་། །རྔམ་བརྗིད་ཀླུ་རྒྱལ་དུག་གི་སྤུ་གྲི་བསང་། །ཕོ་ཉ་ཀླུ་ཡི་མི་སྔོན་བརྒྱད་པོ་བསང་། །མྱུར་མགྱོགས་རྟ་སྔོན་བྱ་སྔོན་་ཁྱི་སྔོན་བསང་། །ཡང་སྤྲུལ་ཀླུ་དམག་བྱེ་བ་འབུམ་སྡེ་བསང་། །གཏེར་སྲུང་སྤུ་གྲི་མཆེད་གསུམ་འཁོར་བཅས་བསང་། །གསོལ་ལོ་མཆོད་དོ་བསང་ངོ་གཟི་མདངས་བསྐྱེད། །སྲུང་མ་མྱུར་མགྱོགས་མཐུ་རྩལ་ལྡན་གྱུར་ཅིག །པདྨ་ཐོད་ཕྲེང་བཀའ་ཡི་བྱ་ར་མཁན། །གཏེར་སྲུང་གཟའ་བདུད་གྲི་བསང་། །གཏེར་སྲུང་དགེ་བསྙེན་སྨྱོ་ཁ་འཁོར་བཅས་བསང་། །གསོལ་ལོ་མཆོད་དོ་བསང་ངོ་གཟི་མདངས་བསྐྱེད། །སྲུང་མ་མྱུར་མགྱོགས་མཐུ་རྩལ་ལྡན་གྱུར་ཅིག །བརྟན་མ་ཆེན་མོ་བཅུ་གཉིས་འཁོར་བཅས་བསང་། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་བསང་། །གསོལ་ལོ་མཆོད་དོ་བསང་ངོ་མཉེས་གྱུར་ཅིག །བླ་མ་དྲག་པོ་རྡོ་རྗེ་ཐོད་ཕྲེང་རྩལ། །རྩ་བ་གསུམ་གྱི་ལྷ་ཚོགས་མ་ལུས་དང་།་ནི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །རྟེན་འབྲེལ་བསང་མཆོད་རྒྱ་ཆེན་འདི་འབུལ་བས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཉེས་གྱུར་ཅིག །རྩ་གསུམ་ལྷ་དང་སྲུང་མ་


CMR036_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ། །བདག་ཅག་མ་རིག་འཁྲུལ་བའི་དབང་གྱུར་པས། །དམ་ཚིག་ཆག་ཉམས་འགལ་འཁྲུལ་ཅི་མཆིས་པ། །ཐམས་ཅད་བཤགས་སོ་བསང་ངོ་དག་པར་མཛོད་། །ཉམས་གྲིབ་བཙོག་གྲིབ་ཐབ་གཞོབ་འཁོན་གྲིབ་དང་། །དམེ་ནལ་མཛེ་ཡུགས་ཟས་གོས་གྲིབ་ལ་སོགས། །ཐམས་ཅད་མ་ལུས་བསང་ངོ་དག་པར་མཛོད། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་གྱུར་པའི། །མི་མཐུན་འཇིགས་པ་བརྒྱད་ལ་སོགས་པ་ཡི། །རྟེན་འབྲེལ་རྨི་ལམ་མཚན་ལྟས་ངན་པ་དང་། །འབྱུང་བའི་ཀག་རིགས་སུམ་བརྒྱ་དྲུག་ཅུ་དང་། །མ་རིག་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །འདུས་པའི་ནད་རིགས་བཞི་བརྒྱ་རྩ་བཞི་དང་། །བརྡ་ཐན་ལྟས་ངན་བརྒྱད་ཅུ་རྩ་གཅིག་དང་། །བར་ཆད་ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་། །མི་མཐུན་གློ་བུར་ཉི་ཁྲི་ཆིག་སྟོང་དང་། །དེ་རྣམས་ལས་གྱུར་བར་ཆད་རྐྱེན་གྱི་ཚོགས། །ཐམས་ཅད་མ་ལུས་ཞི་བར་མཛད་དུ་གསོལ། །འབྱོར་དྲུག་ལ་སོགས་བདེ་ལེགས་ཕུན་སུམ་ཚོགས། །ཐམས་ཅད་དར་ཞིང་རྒྱས་པར་མཛད་དུ་གསོལ། །སྣང་སྲིད་འཁོར་བཅས་སྐྱེ་འགྲོ་


CMR036_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་པ། །ཐམས་ཅད་མ་ལུས་དབང་དུ་འདུ་བར་མཛོད། །སྡང་བར་བྱེད་པའི་དགྲ་བགེགས་ཚོགས་རྣམས་ཀུན།།མངོན་སྤྱོད་ལས་ཀྱིས་བསྒྲལ་བའི་ཕྲིན་ལས་མཛོད། །བདེ་ལེགས་འདོད་པའི་དོན་རྣམས་ལྷུན་གྲུབ་ཅིང་། །ས་ལམ་རིམ་པ་ཐམས་ཅད་མཐར་ཕྱིན་ནས། །ལྷུན་གྲུབ་ཡོངས་རྫོགས་ཆེན་པོའི་ས་ཐོབ་སྟེ། །ཆོས་སྐུ་མངོན་གྱུར་ལོངས་སྐུ་ལྷུན་གྲུབ་སྟེ། །སྤྲུལ་སྐུ་འགགས་མེད་ཕྲིན་ལས་རྣམ་བཞི་ཡིས། །འབད་མེད་འགྲོ་བའི་དོན་ལ་སྤྱོད་པར་ཤོག །བསང་བྱ་དང་ནི་བསང་བྱེད་ཀྱི་མཁན་པོ་ཐམས་ཅད།སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་མཉམ་པར་བཞག་པར་བྱའོ། །རྗེས་སུ་བསྔོ་བ་སྨོན་ལམ་བཀྲ་ཤིས་དགའ་སྟོན་རྒྱས་པར་བྱའོ། །རཱ་ག་ཨ་སྱས་འདི་ལྟར་སྒྲུབ་པའི་ཉེས་སྐྱོན་འཁྲུལ་པ་རྣམས། རྩ་བ་གསུམ་གྱི་ལྷ་ལ་བཤགས་སུ་གསོལ།ལེགས་གྱུར་དགེ་ཚོགས་འགྲོ་བའི་དོན་ལ་བསྔོ། །ཀུན་བཟང་བདེ་ཆེན་ས་ལ་གནས་པར་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR036_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་དྲག་པོའི་བསང་མཆོད་ནོར་བུའི་ཕྲེང་བ་བཞུགས་སོ། །ན་མོ་བཛྲ་ཀྲོ་དྷ་ཡེ། གུ་རུ་དྲག་པོའི་རྒྱུན་བསང་བྱ་བ་ནི། འབྲུ་སྣ་ཕྱེ་མར་ཟས་ཕུད་རྣམས་བསྲེགས། ཇ་ཕུད་འོ་ཕུད་མཆོད། ཀྱཻ། ལྷོ་ནུབ་ཟ་བྱེད་སྲིན་པོའི་ཡུལ། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །སྤྱན་འདྲེན་གཤེགས་སོ་པདྨ་ཉི་ཟླའི་གདན། །དགྱེས་བཞུགས་ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་དགྱེས་མཆོད་སྣ་ཚོགས་དང་། །ཤུག་པ་བལ་བུ་མཁན་དཀར་ཨ་ག་ར། །ཕྱེ་མར་དཀར་གསུམ་ཇ་ཆང་ཟས་ཕུད་མཆོད། །ལྗོན་ཤིང་སྣ་ཚོགས་བསྲེགས་པའི་དུད་པ་འདིས། ཀྱཻ། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས། །སྤྲུལ་སྐུ་པད་འབྱུང་མཁའ་འགྲོ་མཚོ་རྒྱལ་དང་། །གཏེར་སྟོན་རཏྣ་གླིང་པ་ལ་སོགས་པའི། །དྲིན་ཆེན། རྩ་བར་བརྒྱུད་པའི་བླ་མ་བསང་། །སྣང་སྲིད་ལྷ་འདྲེ་འདུལ་མཛད་པའི། །ཨོ་རྒྱན་པདྨ་འབྱུང་གནས་བསང་། །སྐུ་གསུམ་སྐུ་ལྔ་མཚན་བརྒྱད་བསང་། །གུ་རུ་དྲག་པོ་ཐོད་ཕྲེང་བསང་། །ཡུམ་ཆེན་རྡོ་རྗེ་ཕག་མོ་བསང་། །རིགས་བདག་སྣང་བ་མཐའ་ཡས་བསང་། །དྲག་པོ་རིགས་བཞི་ཡུམ་བཞི་བསང་། །ཁྱུང་དང་གོ་ཆ་ལྷ་ལྔ་བསང་། །བདུད་


CMR036_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ་ཁྲོ་བཅུ་སྒོ་མ་བསང་། །གུ་རུ་དྲག་པོའི་ལྷ་ཚོགས་རྣམས། །འདིར་གཤེགས་བསང་གི་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ནག་ཕྱོགས་ལྷ་འདྲེ་ཟིལ་གྱིས་ནོན། །གནོད་བྱེད་དགྲ་བགེགས་བཟློག་པ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དཔལ་མགོན་མ་ནིང་ནག་པོ་བསང་། །བཀའ་སྲུང་སེང་གདོང་ཡབ་ཡུམ་བསང་། །ལས་མཁན་སྤུ་གྲི་མཆེད་གསུམ་བསང་། །གཏེར་སྲུང་དགེ་བསྙེན་སྨྱོ་ཁ་བསང་། །ཇོ་བོ་དགེ་བསྙེན་མཁའ་རི་བསང་། །བརྟན་མ་ཆེན་མོ་བཅུ་གཉིས་བསང་།ཚེསྣང་སྲིད་ལྷ་སྲིན་སྡེ་བརྒྱད་བསང་། །བོད་ཁམས་བདེ་ཞིང་སྐྱིད་པར་མཛོད། །ལོ་ལེགས་འབྲུ་འཕེལ་དམ་ཆོས་དར། །བཀྲ་ཤིས་བདེ་ལེགས་ཀུན་འབྱུང་ཞིང་། །ཚེ་རིང་ནད་ཟམེད་ཉམས་རྟོགས་འཕེལ། །སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག །བསང་མཆོད་ཕུལ་བའི་དགེ་བ་འདིས། །ཚེ་བསོད་ཡར་ངོའི་ཟླ་བཞིན་འཕེལ། །ཕྱི་མ་བདེ་ཆེན་ཞིང་ཁམས་སུ། །འོད་དཔག་མེད་མགོན་མཇལ་བར་ཤོག །ཅེས་རཱ་ག་ཨ་སྱས་བྲིས་པ་ལ་ཉེས་འགལ་གང་མཆིས་གུ་རུ་དྲག་པོའི་ཚོགས་ལ་བཤགས། དགེ་བས་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། །།


previousབླ་མ་དྲག་པོའི་བསང་མཆོད་ནོར་བུའི་ཕྲེང་བ།next