Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྨན་བླའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྨན་བླའི་བསང་མཆོད།next

སྨན་བླའི་བསང་མཆོད།


CMR036_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་སྐྱབས་མཆི་འགྲོ་དོན་བྱ། །རང་ཉིད་ཡི་དམ་ལྷར་གསལ་མདུན་གྱི་ཞིང་། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པའི་ཚོགས། །ཡིད་འོང་མ་ཚང་མེད་པས་གང་བར་གྱུར། ཀྱཻ། དད་པ་དང་ནི་དམ་ཚིག་བདེ་ཆེན་པོའི། །ཐུགས་དམ་ཐུགས་རྗེའི་དབང་གིས་སྤྱན་འདྲེན་ན། །འགྲོ་མགོན་མཆོད་འོས་རྒྱ་མཚོ་མ་ལུས་ཀུན། །སྐད་ཅིག་ཡུད་བྱོན་གང་མོས་གདན་ཁྲི་ལ། །དགྱེས་བཞུགས་མཆོད་འབུལ་འགྲོ་ཀུན་དགྱེས་པར་བཞེས། །ཆོས་དབྱིངས་མཁའ་ལ་ཡེ་ཤེས་སྒྱུ་མའི་གར། །རོལ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། །མཆེད་བདུན་རིགས་ལྔ་བྱང་ཆུབ་སེམས་དཔའ་གསུམ། །ཕྱི་ནང་དྲང་སྲོང་གྲུབ་པའི་རིག་འཛིན་ཚོགས། །ཡེ་ཤེས་ཁྱེའུ་ཆུང་སྨན་བླ་འཁོར་བཅས་བསང་། །ཀླུ་སྒྲུབ་རྟ་དབྱངས་པད་འབྱུང་གཡུ་ཐོག་མགོན། །དྭགས་པོ་ལྷ་རྗེ་མཉམ་ཉིད་རྡོ་རྗེ་དང་། །མཁས་པ་ཆེན་པོ་མི་དགུ་ལ་སོགས་པའི། །གསོ་རིགས་རྒྱུད་པའི་བླ་མ་ཐམས་ཅད་བསང་། །པད་འབྱུང་གར་གྱི་དབང་ཕྱུག་རྟ་མཆོག་དཔལ། །རྡོ་རྗེ་ཕག་མོ་རིགས་བཞི་ཌཱཀྐིའི་ཚོགས། །ཡི་དམ་ཞི་ཁྲོ་རབ་འབྱམས་མ་ལུས་


CMR036_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཐམས་ཅད་བསང་། །བཀའ་སྲུང་ཆེན་པོ་རྡོ་རྗེ་བདུད་འདུལ་དང་། །ལྷ་མོ་རལ་གཅིག་གཟའ་མཆོག་ལྕེ་སྤྱང་མོ། །གནོད་སྦྱིན་ཤན་དམར་དམ་ཅན་སྲིན་པོ་རྒྱལ། །བདུད་མོ་ཤིནྟཾ་སྲོག་བདག་ཧབ་སེ་དང་། །ཕྱོགས་སྐྱོང་རྒྱལ་ཆེན་དགེ་བསྙེན་བཅུ་གཉིས་སོགས། །སྨན་སྐྱོང་རྣམས་དང་དཀར་ཕྱོགས་གཙང་རིགས་ཀྱི། །མགོན་པོ་བདུན་ཅུ་སྨན་གྱི་ཕྲིན་ལས་བདག །གཞི་བདག་གནས་བདག་གྲོང་བདག་ཐམས་ཅད་བསང་། །ཁྱེད་རྣམས་བསང་བའི་ཐུགས་དགོངས་རབ་རྫོགས་ནས། བདག་དང་མཐའ་ཡས་འགྲོ་ལ་མཁྱེན་བརྩེའི་ནུས། །མཐུ་སྟོབས་རྫུ་འཕྲུལ་ཡོན་ཏན་ཕྲིན་ལས་ཀྱིས། །ཚེ་བསོད་དཔལ་འབྱོར་མངའ་ཐང་བདེ་སྐྱིད་སོགས། །འདོད་དགུའི་དངོས་གྲུབ་མྱུར་དུ་སྩོལ་བར་མཛོད། །ཉེས་པ་ཀུན་བཤགས་ཡེ་ཤེས་ལྷ་རྣམས་གཤེགས། །དམ་ཚིག་རང་ཐིམ་ཆོས་སྲིད་བསྟན་པ་མཆོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིག །ཅེས་པ་སྨན་བླའི་བསང་ཡིག་རཱ་ག་ཨ་སྱས་མཛད་པའོ།། བྷ་ཝནྟུ།


previousསྨན་བླའི་བསང་མཆོད།next