Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་བསང་མཆོད།next

འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་བསང་མཆོད།


CMR036_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་བསང་མཆོད་བཞུགས་སོ།། ༈ བྱད་མ་རླག་བྱེད་ཁྲོ་ཆུ་དུག་གདོང་བསང་། །གསང་བའི་ཡུམ་མཆོག་དུག་ཏི་ནག་མོ་བསང་། །སྐུ་ཡི་སྤྲུལ་པ་འཆི་བདག་ནག་པོ་བསང་། །གསུང་གི་སྤྲུལ་པ་ཚེ་བདག་དམར་པོ་བསང་། །ཐུགས་ཀྱི་སྤྲུལ་པ་སྲོག་བདག་ནག་པོ་བསང་། །ཡོན་ཏན་སྤྲུལ་པ་བྷེ་ཝ་ས་ཏ་བསང་།༔ ཕྲིན་ལས་སྤྲུལ་པ་ཟ་བ་ལྗང་ནག་བསང་། །གཉིས་མེད་སྤྲུལ་པ་ཡ་མ་རཱ་ཙ་བསང་། །གཤེད་ཆེན་སྡེ་བཞི་མོན་པ་སྡེ་བཞི་བསང་། །བདུད་པོ་སྡེ་བཞི་འཆི་བདག་བཅུ་གཉིས་བསང་། །ཕོ་གཤེད་སུམ་བརྒྱ་དྲུག་ཅུ་བསང་། །མོ་གཤེད་སུམ་བརྒྱ་དྲུག་ཅུ་བསང་། །གཤིན་རྗེ་བྱེ་བ་ས་ཡ་བསང་། །སྒོ་བ་དྲེགས་པ་སྡེ་བཞི་བསང་། །སྲོག་གཅོད་རུ་ཊ་སྡེ་བཞི་བསང་། །བྱ་བ་ཁྱི་ནག་སྦྲུལ་ནག་ཉེར་གཅིག་བསང་། །སྡིག་པའི་རུ་སྦལ་ཕག་རྒོད་ཉེར་གཅིག་བསང་། །མོན་ཕོ་མོན་མོ་བཅུ་གཉིས་འཁོར་བཅས་བསང་། །དམ་ཅན་ལས་ཀྱི་གཤིན་རྗེའི་དམག་ཚོགས་བསང་། །གཤིན་རྗེ་དགུ་ཁྲི་དགུ་འབུམ་འཁོར་བཅས་བསང་། །གཞན་ཡང་དགྲ་ནག་གདོང་དྲུག་གཤེད་དམར་བསང་། །འཇིགས་བྱེད་


CMR036_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཡི་སྤུ་གྲི་ལྷ་ཚོགས་བསང་། །འཆར་ཁ་ནག་པོའི་ལྷ་ཚོགས་འཁོར་བཅས་བསང་། །ཀིང་ཀང་དམར་ནག་ལྷ་ཚོགས་འཁོར་བཅས་བསང་། །ཁྱེད་རྣམས་གསོལ་ཞིང་མཆོད་པ་ལ་བརྟེན་ནས། །སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། བྱད་ཁ་ཕུར་ཁ་ཟློག །རྦད་འདྲེ་དྲོད་གཏོང་ཟློག །མོ་ངན་ལྟས་ངན་ཟློག །ཆག་ཆེན་ཉམས་ང་ཟློག །མི་ནད་ཕྱུགས་ནད་ཟློག །མི་མཐུན་ཐམས་ཅད་དགྲ་ལ་ཟློག །ལུས་དང་གྲིབ་མ་མི་འབྲལ་བཞིན་གྲོགས་ལ་ཅི་བསམ་པའི་ཆོས་ལྡན་ཡིད་བཞིན་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཨ་རཱ་གས་སྤེལ་བའོ། །སརྦ་མངྒ་ལཾ།། །།


previousའཇམ་དཔལ་གཤིན་རྗེ་ཁྲོ་ཆུ་དུག་གདོང་བསང་མཆོད།next