Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་བསང་མཆོད།next

རྟ་མགྲིན་བསང་མཆོད།


CMR036_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་རྟ་མགྲིན་བསང་མཆོད་ནི། ཨོཾ་སྭ་བྷ་ཝ་སོགས། འདོད་ཡོན་སྤྱན་གཟིགས་ནམ་མཁའི་ཁམས་གང་བར་གྱུར། ན་མོ། བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ། །རེ་མནྟ་དང་ཉི་མའི་སྲས་པོ་ལ། །སྐྱབས་ཀྱི་འགྲོ་ཀུན་སྐྱབས་པའི་སར་འགོད་ཤོག །སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རྒྱ་གྷི་བ་ཁྲོ་རྒྱལ་རྟ་མགྲིན་སྐུ། །སྐུ་མདོག་དམར་པོ་མེ་ཡི་ཚྭ་ཚྭ་འཕྲོས། །ཕྱག་གཡས་དབྱུག་ཏོ་གཡོན་པས་ཐོད་ཁྲག་འཛིན། །དབུ་སྐྲའི་གསེབ་ནས་རྟ་མགོ་ལྗང་ཞུར་འཚེར། །ཕྲ་རགས་གླག་ལྟ་རྟ་ནད་བརྒྱལ་ཞིང་དེངས། མེ་དཔུང་ཀློང་བཞུགས་པདྨ་ཉི་ཟླའི་སྟེང་། །རང་འདྲའི་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས། །བསང་མགྲོན་ཐམས་ཅད་སྐད་ཅིག་སྤྱན་དྲངས་གྱུར། །རཾ་ཡཾ་ཁཾ་གིས་མཆོད་རྫས་དྲི་མ་བསྲེགས། །བསང་ཁང་ནང་དུ་དུད་པའི་ལྷ་མོ་སྔོ། །མཛེས་སྡུག་མཚུངས་མེད་ལྷ་སྲུང་ཉམས་གྲིབ་འཁྲུ། །བཛྲ་དྷུ་པེ་ཧཱུྃ་གིས་བྱིན་གྱིས་རློབས། །འདི་འདྲའི་ངོ་མཚར་བསང་གི།་མཆོད་པ་འདིས། །སྐྱབས་གནས་མཆོག་གསུམ་རྒྱ་གྷི་ཝ་དང་། །རེ་མན་དང་ཅང་ཤེས་ཉི་མའི་སྲས། །ཡེ་ཤེས་འཇིག་རྟེན་ལྷ་ཚོགས་མ་ལུས་དང་། །སྟོང་གསུམ་ས་བདག་


CMR036_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་ཡུལ་གྱི་བདག །མ་ལུས་འཁོར་དང་བཅས་ལ་བསང་མཆོད་ཕུལ། །ཚེ་རབས་ཀུན་ཏུ་དཔལ་འབྱོར་ཕུན་ཚོགས་ནས། ཁྱད་པར་རྟ་ཕྱུགས་འཕེལ་བའི་གྲོགས་མཛོད་ཅིག །ཅེས་པ་འདི་རཱ་ག་ཨ་སྱས་མཛད་པའོ།


previousརྟ་མགྲིན་བསང་མཆོད།next