Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྲུང་མ་ཀུན་འདུས་ཀྱི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲུང་མ་ཀུན་འདུས་ཀྱི་བསང་མཆོད།next

སྲུང་མ་ཀུན་འདུས་ཀྱི་བསང་མཆོད།


CMR036_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མ་ཀུན་འདུས་ཀྱི་བསང་མཆོད་བཞུགས་སོ། །ན་མོ་མ་ཧཱ་ཀཱ་ལ་ཡེ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི། །ཕྲིན་ལས་དྲག་པོའི་སྐུ་བཞེངས་ནས། །གདུལ་ཀའི་འགྲོ། བ་འདུལ་མཛད་པ། །ཡེ་ཤེས་མགོན་པོ་བེར་ནག་ཅན།།ལེགས་ལྡན་མ་ནིང་ཕྱག་བཞི་པ། །སེང་གེའི་གདོང་ཅན་དུར་ཁྲོད་བདག །ཕོ་རྒྱུད་མགོན་པོ་ཐམས་ཅད་བསང་། །རང་བྱུང་དུད་སོལ་རེ་མ་ཏི། །སྔགས་སྲུང་ཨེ་ཀ་ཙ་ཏི་སོགས། །མོ་རྒྱུད་ལྷ་མོ་ཐམས་ཅད་བསང་། །བསང་མཆོད་འབུལ་ལོ་ཐུགས་རྗེས་གཟིགས། །དེང་སང་སྙིགས་མ་ལྔ་ཡི་དུས། །སངས་རྒྱས་བསྟན་པ་དར་བ་དང་། །བསྟན་འཛིན་དབུ་འཕང་མཐོ་བ་དང་། །བདག་དང་སློབ་མ་བརྒྱུད་པར་བཅས། །བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ། །བསླབ་གསུམ་རྒྱན་གྱིས་རབ་མཛེས་ཤིང་། །བསྐྱེད་རྫོགས་གཉིས་ལ་བརྟན་ཐོབ་ནས། །ཚེ་གཅིག་སངས་རྒྱས་འགྲུབ་པར་མཛོད། །ཁྱད་པར་ལུས་བསྟན་འདི་ཉིད་ཀྱིས། །བསྟན་པ་དང་ནི་འགྲོ་བའི་དོན། །རླབས་ཆེན་འགྲུབ་པའི་ཕྲིན་ལས་མཛོད། །ཁྱེད་རྣམས་ཐུགས་དམ་ཞལ་བཞེས་ནས། །བདག་གི་འདོད་དོན་གཅིག་པའི་ཕྱིར། །རིགས་མི་


CMR036_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཀྱང་དམ་ཚིག་གཅིག །དེ་ཕྱིར་མ་གཡེལ་ཕྲིན་ལས་མཛོད། །ཅེས་རཱ་ག་ཨ་སྱས་སྨྲས་པའོ། །སརྦ་མངྒ་ལཾ། །དགེའོ།།


previousསྲུང་མ་ཀུན་འདུས་ཀྱི་བསང་མཆོད།next