Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསང་མཆོད་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསང་མཆོད་བསྡུས་པ།next

ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསང་མཆོད་བསྡུས་པ།


CMR036_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསང་མཆོད་བསྡུས་པ་ནི། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། བསིལ་བ་ཚལ་ལམ་དུར་ཁྲོད་བརྒྱད་ནས་དཔལ་མ་ཧཱ་ཀཱ་ལ་ལྕམ་དྲལ་འཁོར་དང་བཅས་པ་སྤྱན་དྲངས། ཧཱུྃ། དུར་ཁྲོད་བསིལ་ཚལ་འཇིགས་པའི་གནས། །བཅོམ་ལྡན་ཐུགས་སྤྲུལ་ནག་པོ་ཆེ། །དཔལ་ལྡན་མ་ཧཱ་ཀཱ་ལ་བསང་།ལས་མགོན་ནག་པོ་བྱ་རོག་གདོང་། །ནག་པོ་སྟོང་གིས་བསྐོར་བ་བསང་། །ཡུམ་མཆོག་དམར་མོ་རྩ་འཇིབ་མ། །མ་མོ་བྱེ་བས་བསྐོར་བ་བསང་། །ཤ་ཟ་ནག་མོ་སེང་གེའི་ལྟ་གདོང་། །ཤ་ཟ་འབུམ་གྱིས་བསྐོར་བ་བསང་། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་བཅས། །འཁོར་ཚོགས་དམ་ཅན་རྒྱ་མཚོ་བསང་། །ཁྱོད་ལ་མཆོད་པའི་དམ་རྫས་ནི། །མ་ཉམས་ཕུད་རྒོད་གཙང་མ་ཡིས། །ཤ་ཁྲག་བརྒྱན་པའི་གཏོར་མ་འབུལ། །བྱ་ནག་ཁྱི་ནག་གཡག་ནག་ལུག །ཤིང་རྩི་སྣ་ཚོགས་དུད་པ་འདིས། །ནག་པོ་ཆེན་པོ་འཁོར་བཅས་ལ། །གསོལ་ལོ་མཆོད་དོ་མཉེས་གྱུར་ཅིག །ཁྱོད་ལ་བཅོལ་བའི་ཕྲིན་ལས་ནི། །སངས་རྒྱས་བསྟན་པ་དར་བར་མཛོད། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད།


CMR036_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། །ཆོས་བཞིན་སྤྱོད་པའི་སྐྱེས་བུ་ཡི། །བསམ་པ་ཡིད་བཞིན་འགྲུབ་པར་མཛོད། འཆང་མགོན་པོ་ཚེ་དབང་གིས་བསྐུལ་ངོར་རཱ་ག་ཨ་སྱས་སྦྱར་བའོ།། །།


previousཡེ་ཤེས་མགོན་པོ་ཕྱག་བཞི་པའི་བསང་མཆོད་བསྡུས་པ།next