Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་མ་ནིང་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམགོན་པོ་མ་ནིང་བསང་མཆོད།next

མགོན་པོ་མ་ནིང་བསང་མཆོད།


CMR036_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ། དཔལ་ཆེན་དངོས་སྤྲུལ་ནག་པོ་ཆེན་པོའི་སྐུ། །འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད། །ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ།དཔལ་ཆེན་ནག་པོའི་ལྷ་ཚོགས་འཁོར་བཅས་བསང་། ཀྱཻ། སྐུ་ཡི་མགོན་པོ་གུར་མགོན་བསང་། །གསུང་གི་མགོན་པོ་ཕྱག་དྲུག་བསང་། །ཐུགས་ཀྱི་མགོན་པོ་གྲི་ཐོད་བསང་། །ཡོན་ཏན་མགོན་པོ་ཕྱག་བཞི་བསང་། །ཕྲིན་ལས་མགོན་པོ་གདོང་བཞི་བསང་། །དཔལ་ལྡན་ཡེ་ཤེས་མགོན་པོ་ལ། །ནག་པོ་སྟོང་གིས་བསྐོར་བ་བསང་། ཡུམ་ཆེན་ཨེ་ཀ་ཙ་ཏི་བསང་། །མ་གཅིག་འདོད་ཁམས་དབང་ཕྱུག་བསང་། །རེ་མ་ཏི་དང་རེ་མ་ཛ། །རེ་མ་ཛུ་ལ་སོགས་པ་ཡི། །དུས་བཞི་ལྷ་མོ་འཁོར་བཅས་བསང་། །དཔལ་ལྡན་ལྷ་མོ་ནག་མོ་ལ། །མ་མོ་འབུམ་གྱིས་བསྐོར་བ་བསང་། །བདུད་པོ་མི་ཟན་ནག་པོ་ལ། །རོལ་པ་བརྒྱད་ཀྱིས་བསྐོར་བ་བསང་། །ཆོས་སྐྱོང་བྱ་རོག་མཚན་ཅན་རྒྱུ་ལ། །ཁྲག་འཐུང་འབུམ་གྱིས་བསྐོར་བ་བསང་། །ཧཱུྃ། དབང་དྲག་པདྨའི་བཀའ་ཉན་པ། །གཏེར་སྲུང་སྤུ་གྲི་མཆེད་གསུམ་བསང་། ཀྱཻ། རི་རབ་ཆེན་པོའི་བྱང་ཕྱོགས་


CMR036_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །ལྕང་ལོ་ཅན་གྱི་ཕོ་བྲང་ན། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །ས་བརྒྱད་སེམས་དཔའ་བཞུགས་པ་དེ། །ནོར་ལྷ་བརྒྱད་པོ་འཁོར་བཅས་བསང་། ཀྱཻ། དམ་ཅན་སྐྱེས་བུ་བཛྲ་ཐིག་ལེ་རྩལ། །ལྷ་མི་འཇིག་རྟེན་ཁམས་ན་དབང་བསྒྱུར་ཞིང་། །དབང་རྟགས་རྡོ་རྗེ་དགྲ་བོའི་ཙིཏྟ་བསྣམས།།དམ་ཅན་སྐྱེས་བུ་འཁོར་དང་བཅས་པ་བསང་། ཞེས་སྔགས་འཆང་རཱ་ག་ཨ་སྱས་མཛད་པའོ།། །།


previousམགོན་པོ་མ་ནིང་བསང་མཆོད།next