Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕྱག་བཞི་པའི་བསང་དང་དཔལ་ལྡན་ཡེ་ཤེས་མགོན་པོའི་བསང་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕྱག་བཞི་པའི་བསང་དང་དཔལ་ལྡན་ཡེ་ཤེས་མགོན་པོའི་བསང་བསྡུས།next

ཕྱག་བཞི་པའི་བསང་དང་དཔལ་ལྡན་ཡེ་ཤེས་མགོན་པོའི་བསང་བསྡུས།


CMR036_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞི་པའི་བསང་བཞུགས་སོ།། ཀྱཻ། མི་མཇེད་ཞིང་འདིར་བཀའ་དྲིན་ཅན། །སྟོན་པ་ཤཱཀྱ་ཐུབ་པ་བསང་། །གངས་ཅན་བོད་ལ་བཀའ་དྲིན་ཅན། །ཡི་དམ་ཐུགས་རྗེ་ཆེན་པོ་བསང་། །བོད་ཡུལ་རྣམས་ལ་ལྷག་པར་བརྩེ། །རྗེ་བཙུན་འཕགས་མ་སྒྲོན་མ་བསང་། །ལྷ་སྲིན་དྲེགས་པ་འདུལ་མཛད་པ། །ཨོ་རྒྱན་པདྨ་འབྱུང་གནས་བསང་། །པད་འབྱུང་ཐུགས་སྤྲུལ་རྫུ་འཕྲུལ་ཅན། །མཁའ་སྤྱོད་ནམ་མཁའ་རྒྱལ་མཚན་བསང་། །མཁས་སྒྲུབ་མཚུངས་མེད་འཛམ་གླིང་རྒྱན། །སྒམ་པོ་ཆོས་ཀྱི་རྒྱལ་མཚན་བསང་། །པདྨས་ལུང་བསྟན་གྲུབ་པ་བརྙེས། །བྱ་བྲལ་ཀུན་དགའ་བཀྲ་ཤིས་བསང་། །བསྐྱེས་རྫོགས་དོན་ལ་བརྟན་པ་ཐོབ། །རིག་འཛིན་བརྒྱུད་པའི་བླ་མ་བསང་། །བཅོམ་ལྡན་འཁོར་ལོ་བདེ་བའི་མཆོག །དྲུག་ཅུ་རྩ་གཉིས་ལྷ་ཚོགས་བཅས། །བཀའ་བབས་བརྒྱུད་པའི་ཡི་དམ་བསང་། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ལས་མགོན་བྱ་རོག་གདོང་པ་ཅན།སྒོ་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་ལ་སོགས་པའི། །བཀའ་བབས་བརྒྱུད་པའི་ཆོས་སྐྱོང་བསང་། །ཁྱད་པར་མྱུར་མཛད་ཕྱག་དྲུག་པ། །གནོད་སྦྱིན་བཞི་དང་ལྷ་མོར་


CMR036_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །ཕ་མྱེས་བརྒྱུད་པའི་ཆོས་སྐྱོང་བསང་། །བླ་མ་ཡི་དམ་ཆོས་སྐྱོང་རྣམས། །བསང་མཆོད་དམ་པ་འདི་བཞེས་ལ། །ལུས་ངག་ཡིད་གསུམ་སྲུང་བ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཅེས་པ་ཨ་རཱ་གས་སྦྱར་བའོ།། །།དཔལ་ལྡན་ཡེ་ཤེས་མགོན་པོའི་བསང་བསྡུས་བཞུགས་སོ།། ཧཱུྃ། སྐུ་གསུམ་རིགས་ཀྱི་ཞིང་ཁམས་ནས།དཔལ་ལྡན་མ་ཧཱ་ཀཱ་ལ་ཆེ། །འཁོར་དང་བཅས་པ་ཐམས་ཅད་ཀུན། །དད་དང་གདུང་བས་སྤྱན་འདྲེན་བཞུགས། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །ཕྱི་ནང་གསང་བ་མཆོད་པའི་རྫ་ས། །མ་ཚང་མེད་པ་ཕུན་སུམ་ཚོགས། །སྔགས་རྒྱ་ཏིང་འཛིན་རོལ་པས་འབུལ། །དག་བྱེད་ཤིང་སྣའི་དུད་པས་བསང་། །སྐུ་གསུང་ཐུགས་ལ་མཉེས་པའི་ཚོགས། །ཉམས་ཆག་སྡིག་སྒྲིབ་དག་གྱུར་ཅིག །དགྱེས་ཚིམ་མཉེས་པའི་མཆོག་གྱུར་ཤོག །བདག་ཅག་ཕྱི་ནང་འཕྲལ་ཡུན་གྱི། །འགལ་རྐྱེན་བར་ཆད་མ་ལུས་སོལ། ཐུན་མོང་མཆོག་གི་དངོས་གྲུབ་རྣམས། །ཉེ་བར་སྩོལ་བ་ཉིད་དུ་མཛོད། །ཨ་རཱ་གས་སོ།། །།


previousཕྱག་བཞི་པའི་བསང་དང་དཔལ་ལྡན་ཡེ་ཤེས་མགོན་པོའི་བསང་བསྡུས།next