Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་མོའི་བཟང་མཆོད་ནད་རིམ་ཟློག་བྱེད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་མོའི་བཟང་མཆོད་ནད་རིམ་ཟློག་བྱེད།next

ལྷ་མོའི་བཟང་མཆོད་ནད་རིམ་ཟློག་བྱེད།


CMR036_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མོའི་བསང་མཆོད་རིམས་ནད་ཟློག་བྱེད་བཞུགས་སོ།། ན་མོ་དེ་ཝི་ཀཱ་ལི་ཡེ། ཧྲཱི༔ སངས་རྒྱས་ཀུན་ལ་དགྱེས་པའི་ཀུན་བཟང་ཡུམ། །སྲིད་པ་ཀུན་གྱི་སྐྱེད་བྱེད་སྲིད་རྒྱལ་མོ། །་ཡེ་ནས་རྫོགས་སངས་རྒྱས་ཀྱང་འཇིག་རྟེན་ཚུལ། །ལྷ་ཀླུ་གནོད་སྦྱིན་ཀུན་གྱི་བུ་མོ་སྟེ། །ཡེ་ཤེས་མཁའ་འགྲོ་ཀུན་དང་མཉམ་སྦྱོར་མ། །འཇིག་རྟེན་ལྷ་འདྲེ་ཀུན་གྱི་དགྱེས་སྡེ་མོ། །སྐྱེ་བ་རྣམ་བཞི་ཟ་བའི་ཁ་མོ་ཆེ། །མི་ཕྱུགས་ཁྲམ་ལ་འདེབས་པའི་བདུད་མོ་ཆེ། །སྲོག་གཅོད་དབུགས་ལ་དགའ་བའི་གཤིན་རྗེ་མོ། །མ་མོ་མཁའ་འགྲོ་ཀུན་གྱི་ཡང་རྗེ་མོ། །ཕྱི་ནང་དཀྱིལ་འཁོར་ཀུན་གྱི་མཐའ་སྐྱོང་མ། །ཕུད་ལ་བསྡུད་ཅིང་ལྷག་ལ་ལེན་པ་མོ། །དམ་ལྡན་རྣལ་འབྱོར་བདག་གི་ཚེ་འཛིན་མ། །དམ་ཉམས་མནའ་ཟན་ཀུན་གྱི་སྲོག་གཅོད་མ། །རླུང་ནག་འཚུབ་མ་སྲིད་པའི་རླུང་སྦྱར་མ། །འགྲོ་དྲུག་འདྲེན་མཛད་ཡེ་ཤེས་མཁའ་འགྲོ་མ། །ལེགས་ཉེས་སྟངས་འཛིན་སྲིད་པའི་བྱ་ར་མ། །ཉིན་མཚན་དུས་ཉི་དྲུག་རྒྱུག་པའི་རྐང་ཡང་མ། །སུམ་མདོ་རི་རྩེ་འགྲིམ་པའི་ལྷ་འདྲེ་མ། །དུར་ཁྲོད་ཀུན་ཏུ་རྒྱུག་པའི་ཤ་ཟ་མ། །དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་སྲུང་མ། །ཡེ་ཤེས་མགོན་


CMR036_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཀུན་གྱི་ཡུམ་གཅིག་མ། །གཙུག་ལག་ཆོས་འཁོར་ཀུན་གྱི་དཀོར་བདག་མོ། །ལྷ་སྲིན་དྲེགས་པ་ཀུན་གྱི་དམག་དཔོན་མ། །ནད་རིམས་དལ་ཡམས་ཟློག་པའི་ནད་བདག་མོ། །ལྟས་ངན་ཆོ་འཕྲུལ་གཏོང་བའི་ཐན་བདག་མོ། །ཟས་ནོར་ལོངས་སྤྱོད་འཕེལ་བའི་གཡང་བདག་མོ། །བཀྲ་ཤིས་བདེ་ལེགས་སྩོལ་བའི་དཔལ་འབར་མ། །ཁྲོས་ན་སྲིད་གསུམ་བརླག་པའི་མཐུ་མོ་ཆེ། །དགའ་ན་བདེ་སྐྱིད་ཆར་འབེབས་དགའ་བ་མོ། །བཅོལ་ན་ཕྲིན་ལས་ཀུན་འགྲུབ་ནོར་བུ་མ། །མཆོད་ན་ཚོགས་གཉིས་རྫོགས་པའི་མཆོད་སྡོང་། །ས་བརྒྱད་སེམས་མ་རེ་ཏི་འཁོར་བཅས་བསང་། །དཔལ་ལྡན་ལྷ་མོ་དཔོན་གཡོག་འཁོར་བཅས་བསང་། །ལྷ་མོ་དུད་སོལ་འཁོར་དང་བཅས་པ་བསང་། །སྔགས་སྲུང་ཨེ་ཀ་ཙ་ཏི་བསང་། །མ་རྒྱུད་ལྷ་མོའི་ལྷ་ཚོགས་བསང་། །ལྷ་མོ་ཁྱོད་ལ་མཆོད་པའི་བསོད་ནམས་ཀྱིས། །བདག་དང་བདག་ལ་འབྲེལ་ཐོགས་འགྲོ་བ་ཀུན། །བྱང་ཆུབ་སྒྲུབ་ལ་བར་ཆད་མེད་པར་མཛོད། །ཚེ་གཅིག་སངས་རྒྱས་འགྲུབ་པའི་དངོས་གྲུབ་སྩོལ། །བདག་ནི་གར་གནས་གར་སོང་ས་ཕྱོགས་དེར། །མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆོད་


CMR036_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །བདེ་ལེགས་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་སྐེ་སྟོད་ཆུ་ཆེན་ཁ་རུ་ཆོས་ར་བྱེད་ཤོམ་ཡིན་ཚེ། རྨི་ལམ་དུ་སྒར་གྱི་གཡོན་ཕྱོགས་དེར། ལྷ་མོ་རེ་ཏི་ནད་ཀྱི་རྐྱལ་པ་མགོ་གསུམ་ཡོད་པ་གཅིག །དྲེའུ་ལ་ཕྱི་ཤ་བཏགས་ཏེ་བྱུང་བ་ཞིག་མཐོང་སྙམ་བྱེད། ཕྱིར་ཉིན་ལྷ་འབུམ་གྱི་སྡེ་ལ་ཕན་པའི་ཡམས་ཟློག་གཅིག་བཅའ་དགོས་ཟེར་ནས། །སྦྱིན་སྲེག་བརྒྱ་རྩ་བྱེད་དུས་ཨ་རཱ་གས་བྲིས་པ་དགེའོ།།


previousལྷ་མོའི་བཟང་མཆོད་ནད་རིམ་ཟློག་བྱེད།next