Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྟན་སྲུང་རྡོ་རྗེ་ངེ་ནེ་མའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྟན་སྲུང་རྡོ་རྗེ་ངེ་ནེ་མའི་བསང་མཆོད།next

བསྟན་སྲུང་རྡོ་རྗེ་ངེ་ནེ་མའི་བསང་མཆོད།


CMR036_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་རྡོ་རྗེ་ངེ་ནེ་མའི་བསང་མཆོད་ནི། བྷྱོ༔ མ་མོ་ནག་མོ་མཐུ་རྩལ་ཅན། །མུ་སྟེགས་ལྷ་མོ་རྫུ་འཕྲུལ་བདག །ནོར་སྲང་གཅིག་གི་རྗེས་གཅོད་མ། །ནས་བྲེ་གང་གི་ཕྱིར་འབྲང་མ། །དཀོར་བདག་ཆེན་མོ་དེ་ནི་མ། །ཉེ་བའི་ཚནྡྷོ་ཧ་ནས་བྱོན། །འདིར་གཤེགས་བསང་གི་མཆོད་པ་བཞེས། །ཤིང་སྨན་ཟས་སྣ་ར་ཚིལ་བསྲེགས། །ཇ་ཆང་ཕུད་བྲན་སྤོས་སྤྲིན་འཁྲིགས། །ཉེར་སྤྱོད་འདོད་ཡོན་མཐུན་རྫས་རྣམས། །ནམ་མཁའ་གང་བར་བློས་སྤྲུལ་ནས། །སངས་རྒྱས་བསྟན་པའི་དཀོར་སྲུང་མ། །ཕྲིན་ལས་ལྷ་མོ་འཁོར་བཅས་བསང་། །བསིལ་བ་ཚལ་གྱི་དུར་ཁྲོད་ནས། །གནས་ཚེ་དུར་ཁྲོད་འདྲེ་མོར་གྲགས། །མུ་སྟེགས་ལྷ་མོ་སྲོག་སྒྲུབ་མ། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །སློབ་དཔོན་ཆེན་པོའི་སྤྱན་སྔ་རུ། ཁས་བླངས་དམ་བཅས་དམ་ཚིག་ཅན། །རྡོ་རྗེ་མཁའ་འགྲོ་ངས་ནུས་བསང་། །སྤྱིར་དུ་སངས་རྒྱས་བསྟན་པ་དང་། །བདག་གི་འདོད་དོན་སྒྲུབ་པའི་དཔལ། །མ་གཅིག་ཁྱོད་ཉིད་ཡིན་པའི་ཕྱིར། །རྟག་ཏུ་འགྲོགས་པར་མཛད་ནས་ཀྱང་། །བརྩེ་གདུང་སེམས་ནི་ཅི་ཆེར་མཛོད། །བདག་གི་ཚེ་དཔལ་ལོངས་སྤྱོད་དང་། །


CMR036_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གྲགས་འགྲོ་དོན་འཕེལ་རྒྱས་ཤིང་། །རྟ་ནོར་གསེར་དངུལ་ཇ་དར་གོས། །ཟས་ནོར་མཁོ་དགུ་དབང་དུ་བསྡུས། །སྡང་དགྲ་གནོད་བྱེད་དགྲ་དང་བགེགས། །ཕྱི་ནང་འགལ་རྐྱེན་རྡུལ་དུ་རློགས། །ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད། །ཀརྨ་ཨ་རཱ་གས་སོ། །མངྒ་ལཾ། ༈ གཡུ་མཚོ་ཉེ་བའི་ཚནྡྷོ་ཧ། །དཔལ་ལྡན་རྡོ་རྗེ་ངས་ནུས་མ། །དཀོར་སྲུང་ཆེན་མོ་འཁོར་བཅས་བསང་། །དགྲ་ཇག་ཆོམ་རྐུན་གནོད་པ་སྲུངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཨ་རཱ་གས་སོ།།


previousབསྟན་སྲུང་རྡོ་རྗེ་ངེ་ནེ་མའི་བསང་མཆོད།next