Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཛམ་ལྷའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཛམ་ལྷའི་བསང་མཆོད།next

ཛམ་ལྷའི་བསང་མཆོད།


CMR036_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཛཾ་ལྷ་རིགས་ལྔ་རིགས་དགུ་ཐམས་ཅད་དང་༔ ཛཾ་དཀར་ཛ་ནག་ཛ་དམར་ཁྲ༔ ཛཾ་ལྷ་ཉེར་གཅིག་འཁོར་བཅས་ལ༔ བསང་མཆོད་འབུལ་ལོ་དངོས་གྲུབ་ཐོགས་མེད་སྩོལ༔ ཧཱུྃ༔ དཔལ་ཆེན་མ་དང་ནོར་རྒྱུན་མ༔ ཟླ་ཤེལ་མ་དང་སྦྱིན་བྱེད་མ༔ ལྷ་མོ་རབ་སྦྱིན་འཕགས་མ་ལ༔ བསང་མཆོད་འབུལ་ལོ་དངོས་གྲུབ་ཐོགས་མེད་སྩོལ༔ ལྷ་མོ་སྦས་མ་རབ་བཟང་མ༔ དབྱངས་ཅན་མ་དང་ནོར་ལྷ་འཁོར་བཅས་བསང་༔ ལྷ་མོ་ནོར་ལྷའི་རིགས་སུ་གྱུར་པ་ལ༔ བསང་མཆོད་འབུལ་ལོ་དངོས་གྲུབ།ཐོགས་མེད་སྩོལ༔ འཕྲོག་མ་གནོད་སྦྱིན་བྱེ་བ་འབུམ་སྡེ་དང་༔ ལྷ་ཀླུ་སྲིན་པོ་དྲི་ཟ་གྲུལ་བུམ་དང་༔ ཡུལ་ལྷ་གཞི་བདག་ནོར་ལྷའི་རིགས་གྱུར་ལ༔ བསང་མཆོད་འབུལ་ལོ་དངོས་གྲུབ་ཐོགས་མེད་སྩོལ༔ ལོངས་སྤྱོད་འབྱོར་དགུ་རྒྱས་པར་མཛོད༔ ཚེ་དང་སྲིད་ཀྱི་དངོས་གྲུབ་སྩོལ༔ ལོངས་སྤྱོད་ནོར་དང་མི་བཟད་ཟས༔ རྐང་བཞི་ཕྱུགས་དང་བང་མཛོད་འབྲུ༔ ཆར་པ་བཞིན་དུ་འབེབས་པར་མཛོད༔ གསེར་དངུལ་གཡུ་དང་དར་ཟབ་རྫས༔ མི་གཡང་ནོར་གཡང་ཟས་གཡང་དང་རྒྱ་མཚོ་བཞིན་དུ་བསྐྱིལ་བར་མཛོད༔


CMR036_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་དྲུག་ལོ་ཐོག་འབྲུ་སྣ་ཚོགས༔ མི་ཟད་གཏེར་དང་ཟས་གོས་རྣམས༔ ན་བུན་བཞིན་དུ་འཐིབས་པར་མཛོད༔ དེ་བས་ཐུགས་རྗེས་དགོངས་མཛོད་ལ༔ བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ༔ མི་དཔའ་རྟ་ཧྲག་དངོས་གྲུབ་སྩོལ༔་སྙན་གྲགས་གདུལ་བྱའི་དངོས་གྲུབ་སྩོལ༔ གང་བཅོལ་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ སརྦ་སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་ཛམ་ལྷ་རིགས་ལྔ་རིགས་དགུ་ཛམ་དཀར་ནག་ཁྲ་དང་ཛམ་ལྷ་ཉེར་གཅིག་འཁོར་བཅས་ལྷ་མོ་དཔལ་ཆེན་མོའི་ནོར་ལྷ་ཐམས་ཅད་བསྡུས་པའི་བསང་མཆོད་ཨ་རཱགས་མཛད་པ་དགེ་ལེགས་འཕེལ། མངྒ་ལཾ།། །།


previousཛམ་ལྷའི་བསང་མཆོད།next