Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་གི་བསང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་ཛཾ་ལྷ་ཉེར་གཅིག་གི་བསང་།next

བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་གི་བསང་།


CMR036_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་ཛཾ་ལྷ་ཉེར་གཅིག་གི་བསང་བཞུགས་སོ།། ཀྱཻ། པདྨ་འབྱུང་གནས་ཐུགས་རྗེའི་རོལ་པ་ལས། །སྐུ་ཡི་དངོས་གྲུབ་ཀུན་གྱི་བདག །བཅོམ་ལྡན་ཛཾ་བྷ་དཀར་པོ་བསང་།གསུང་གི་དངོས་གྲུབ་ཀུན་གྱི་བདག །ཨརྱ་ཛཾ་བྷ་དམར་པོ་བསང་། །ཐུགས་ཀྱི་དངོས་གྲུབ་ཀུན་གྱི་བདག །འཕགས་པ་ཛམ་བྷ་སྔོན་པོ་བསང་། །ཡོན་ཏན་དངོས་གྲུབ་ཀུན་གྱི་བདག །འཕགས་པ་ཛཾ་ལྷ་སེར་པོ་བསང་། །ཕྲིན་ལས་དངོས་གྲུབ་ཀུན་གྱི་བདག །བཅོམ་ལྡན་ཛཾ་ལྷ་ལྗང་གུ་བསང་། །མཆོག་གི་དངོས་གྲུབ་ཀུན་གྱི་བདག།ཨརྒྱ་ཛཾ་ལྷ་དམར་པོ་བསང་། །ཐུན་མོང་དངོས་གྲུབ་ཀུན་གྱི་བདག །བཅོམ་ལྡན་ཛོ་ལྷ་ལྗང་གུ་བསང་། །སྣ་ཚོགས་དངོས་གྲུབ་ཀུན་གྱི་བདག །འཕགས་པ་ཛ་ལྷ་ཁྲ་བོ་བསང་། །དཔལ་དང་འབྱོར་པ་དངོས་གྲུབ་བདག། བཅོམ་ལྡན་ཛཾ་ལྷ་ཁྲ་བོ་བསང་། །དེ་བཞིན་རིགས་ཀྱི་དངོས་གྲུབ་བདག །དབུས་ཀྱི་ཛཾ་ལྷ་འཁོར་བཅས་བསང་། །རྡོ་རྗེ་རིགས་ཀྱི་དངོས་གྲུབ་བདག །ཤར་གྱི་ཛཾ་ལྷ་འཁོར་བཅས་བསང་། །རིན་ཆེན་རིགས་ཀྱི་དངོས་གྲུབ་བདག །ལྷོ་ཡི་ཛཾ་ལྷ་འཁོར་བཅས་བསང་། །པདྨ་རིགས་ཀྱི་དངོས་གྲུབ་བདག །ནུབ་ཀྱི་ཛཾ་ལྷ་འཁོར་བཅས་བསང་། །ལས་ཀྱི་རིགས་ཀྱི་དངོས་གྲུབ་བདག །


CMR036_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་གི་ཛཾ་ལྷ་འཁོར་བཅས་བསང་། །དམ་ཚིག་རིགས་ཀྱི་དངོས་གྲུབ་བདག །ཤར་ལྷོའི་ཛཾ་ལྷ་འཁོར་བཅས་བསང་། །སྣ་ཚོགས་རིགས་ཀྱི་དངོས་གྲུབ་བདག །ལྷོ་ནུབ་ཛཾ་ལྷ་འཁོར་བཅས་བསང་། །ཐམས་ཅད་རིགས་ཀྱི་དངོས་གྲུབ་བདག །ནུབ་བྱང་ཛ་ལྷ་འཁོར་བཅས་བསང་། །འཇིག་རྟེན་རིགས་ཀྱི་དངོས་གྲུབ་བདག །བྱང་ཤར་ཛཾ་ལྷ་འཁོར་བཅས་བསང་། འཛད་མེད་གཏེར་གྱི་དངོས་གྲུབ་བདག །གཏེར་བདག་ཛཾ་ལྷ་སེར་པོ་བསང་། །ཅི་བསམ་འགྲུབ་པའི་དངོས་གྲུབ་བདག །འཕགས་པ་སྨུག་འཛིན་དམར་པོ་བསང་། །ཁྱེད་རྣམས་འཁོར་དང་བཅས་པ་ལ། །ཇེ་ཆང་སྐྱེམས་ཀྱིས་གསོལ་ཞིང་མཆོད། །གཡང་རྫས་ཚོགས་ཀྱི་ཐུགས་དམ་བསྐང་། །བཙན་ཕྱུག་འཕེན་དར་དངོས་གྲུབ་སྩོལ། །ཕྱུག་པོའི་ཞིང་ཁམས་ཐམས་ཅད་ནས་། །དངོས་གྲུབ་ཁྱུ་གཡང་དུས་འདིར་སྩོལ། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་ནས། །བསམ་པའི་དོན་རྣམས་ལེགས་འགྲུབ་ནས། །སྙིགས་དུས་མུ་གེའི་སྐལ་པ་ཟློག །ཐུགས་དམ་དུས་བབ་ས་མ་ཡ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །འདི་ནི་ཛ་ལྷ་ཉེར་གཅིག་གི་བཀྲ་ཤིས་དངོས་འགྱུར་བ་ཡིན་ཕྱིར། ཨ་རཱ་གས་མཛད་པ་འགྲོ་དོན་བསོད་ནམས་འཕེལ་ཕྱིར་སར་འགོད་ཤོག །སརྦ་མངྒ་ལཾ།


previousབཅོམ་ལྡན་ཛཾ་ལྷ་ཉེར་གཅིག་གི་བསང་།next