Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་སྲས་ཀྱི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣམ་སྲས་ཀྱི་བསང་མཆོད།next

རྣམ་སྲས་ཀྱི་བསང་མཆོད།


CMR036_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྣམ་སྲས་ཀྱི་བསང་མཆོད་ནི། ཀྱཻ། རི་རབ་ཆེན་པོའི་བྱང་གི་ཕྱོགས། །ལྕང་ལོ་ཅན་གྱི་གནས་མཆོག་ནས། །རིན་ཆེན་གཏེར་གྱི་ཁྲི་སྟེང་ནས། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །གནོད་སྦྱིན་འབུམ་ཕྲག་ཕོ་ཉར་འགྱེད། །འཁོར་དུ་རྟ་བདག་བརྒྱད་ཀྱིས་བསྐོར། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སྙིང་པོ་ནོར་གྱི་དངོས་གྲུབ་སྩོལ། །མགོན་པོ་རྣམ་སྲས་འཁོར་བཅས་བསང་། །ཨརྱ་ཛམ་བྷ་ལ་སོགས་པའི། །ཤར་ཕྱོགས་ནོར་ལྷ་འཁོར་བཅས་བསང་། །གང་བ་བཟང་པོ་ལ་སོགས་པའི། །ལྷོ་ཕྱོགས་ནོར་ལྷ་འཁོར་བཅས་བསང་། །ནོར་བུ་བཟང་པོ་ལ་སོགས་པའི། །ནུབ་ཕྱོགས་ནོར་ལྷ་འཁོར་བཅས་བསང་། །ཀུ་བེ་ར་ལ་སོགས་པ་ཡི། །བྱང་ཕྱོགས་ནོར་ལྷ་འཁོར་བཅས་བསང་། །ཡང་དག་ཤེས་ལ་སོགས་པ་ཡི། །ཤར་ལྷོའི་ནོར་ལྷ་འཁོར་བཅས་བསང་། །འབྲོག་གནས་ནག་པོ་ལ་སོགས་པའི། །ལྷོ་ནུབ་ནོར་ལྷ་འཁོར་བཅས་བསང་།རྔས་རྩེན་སེར་སྐྱ་ལ་སོགས་པའི། །ནུབ་བྱང་ནོར་ལྷ་འཁོར་བཅས་བསང་། །ཛི་བྷི་ཀུཎྜ་ལི་ལ་སོགས། །བྱང་ཤར་ནོར་ལྷ་འཁོར་བཅས་བསང་། །ནོར་རྒྱུན་མ་ལ་སོགས་པ་


CMR036_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ནོར་ལྷ་མོ་རིགས་བརྒྱད་པོ་བསང་། ཀྱཻ། ཆོས་སྐྱོང་ནོར་ལྷ་འཁོར་བཅས་ཀྱིས། །བསང་མཆོད་དམ་པ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གཡང་ཅན་ནོར་དང་བཅུད་ཆེན་ཟས། །འཛམ་གླིང་གཏེར་དང་འཇམ་སྙན་གོས། །མཁོ་བའི་ཡོ་བྱད་མ་ལུས་རྣམས། །ཐམས་ཅད་མྱུར་དུ་བསྩལ་དུ་གསོལ། །ཅེས་རྣམ་སྲས་ཀྱི་བསང་མཆོད་བསྡུས་པ་འདི། ཨ་རཱ་གས་འཕྲལ་དུ་སྦྱར་བའོ། །སརྦ་མངྒ་ལཾ།


previousརྣམ་སྲས་ཀྱི་བསང་མཆོད།next