Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣམ་སྲས་ཀ་བསྟོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣམ་སྲས་ཀ་བསྟོད།next

རྣམ་སྲས་ཀ་བསྟོད།


CMR036_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་ཡེ་གསོན་དང་རྒྱལ་ཆེན་རྣམ་ཐོས་སྲས། །ཁ་དོག་པདྨ་རཱ་གའི་འོད་ལྟར་འབར། །ག་ཤལ་དར་དང་རཏྣའི་རྒྱན་ཆས་བཀླུབས། །ང་ཡི་སྲུང་མར་རྟག་ཏུ་ཁྱོད་བསྟེན་གྱི། །ཅ་ཅོའི་བསྟོད་དབྱངས་སྒྲ་འདི་གསན་ལགས་སམ། །ཆ་ལུགས་དཔའ་བརྗིད་བསེ་ཡི་ཁྲབ་རྨོག་ཅན། །ཇ་ཆང་ཕུད་དང་གཏོར་མའི་མཆོད་པ་བཞེས། །ཉ་སྟོང་ཚེས་བརྒྱད་རྟག་ཏུ་འཇིག་རྟེན་ཉུལ། །ཏ་ཐཱ་ག་ཏ་ཀུན་གྱི་བསྟན་སྲུང་ཁྱོད། །ཐ་མལ་ལོག་པར་ལྟ་བའི་བསམ་པ་བསྒྱུར། །ད་ནི་མ་གཡེལ་དམ་ཚིག་དུས་ལ་བབ། །ན་མེད།གག་ལ་ཐུག་པའི་དུས་འདི་ལ། །པ་དེ་པུ་དེའི་རྟགས་མཚན་ཅི་ཞིག་བྱ། །ཕ་རོལ་དགྲ་སྡེ་མ་ལུས་དབང་དུ་བསྡུས། །བ་གླང་ལྟར་རྨོངས་ནག་པོའི་ཚོགས་རྣམས་ཀུན། །མ་ལྟར་བྱམས་དང་བརྩེ་གདུང་བསྐྱེད་པར་མཛོད། །ཙ་ཤིང་གྲངས་ལྟར་འདུན་བྱེད་མང་པོ་དང་། །ཚ་དང་ཇ་ལྟར་དམ་ཆོས་འགྲིམ་པར་མཛོད། །ཛ་ཡེའི་ས་ལ་འགྲོ་ཀུན་བཀོད་འདོད་འདི། །ཝ་ལེར་མངོན་ཤེས་བདག་ལ་མ་གཟིགས་སམ། །ཞྭ་ལྟར་རྒྱལ་མཚན་གཙུག་ཏུ་ཁུར་བྱེད་ཅིང་། །ཟ་འཐུང་ཕུད་ཀྱིས་སྲུང་མར་ཁྱེད་མཆོད་ན། །འ་རེ་འུར་རེའི་


CMR036_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་དང་གྲགས་པ་དང་། །ཡ་མཚན་ཆེ་བའི་དངོས་གྲུབ་ཐམས་ཅད་སྩོལ། །ར་དམར་ཁྱི་དམར་ལ་སོགས་རྟེན་རྫས་དང་། །ལ་ཆེན་དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས་། །ཤ་ཆང་སྨན་དང་རཀྟ་གཏོར་མར་བཅས། །ས་དང་བར་སྣང་ནམ་མཁའ་བཀང་སྟེ་འབུལ། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་བཞེས། །ཨ་ལ་ལ་ཧོ་དངོས་གྲུབ་ད་ལྟ་སྩོལ། །ཅེས་པ་རྒྱལ་པོ་བྱི་བའི་ལོ། ཕག་གི་ཟླ་བའི་བཅུ་གཉིས་ལ། རྟེན་འབྲེལ་ཞིག་གིས་ཀརྨ་རཱ་གས་བྲིས་པའོ། །མངྒ་ལཾ།། །།


previousརྣམ་སྲས་ཀ་བསྟོད།next