Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དམ་ཅན་སྐྱེས་བུ་ཆེན་པོའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདམ་ཅན་སྐྱེས་བུ་ཆེན་པོའི་བསང་མཆོད།next

དམ་ཅན་སྐྱེས་བུ་ཆེན་པོའི་བསང་མཆོད།


CMR036_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་སྐྱེས་བུ་ཆེན་པོའི་བསང་མཆོད་བཞུགས་སོ།། ཀྱཻ། འོག་མིན་གནས་དང་མ་ལ་ཡ། །རྒྱ་གར་ཕ་ཝང་ལོང་བུའི་མཁར། །གཙུག་ལག་གནས་ཆེན་ཐམས་ཅད་ནས།སྐྱེས་བུ་ཆེན་པོ་འཁོར་དང་བཅས། །འདིར་བྱོན་བསང་དང་གསུར་མཆོད་བཞེས།། །ས་བཅུའི་སེམས་དཔའ་རྣམ་སྣང་འཁོར། །ཡེ་ཤེས་རྡོ་རྗེ་ལེགས་པ་བསང་། །ཕྱག་རྡོར་བཀའ་ཉན་རྣལ་འབྱོར་སྐྱོངས། །དམ་ཚིག་རྡོ་རྗེ་ལེགས་པ་བསང་། །རྒྱུ་གར་ནུབ་ཕྱོགས་དུར་ཁྲོད་ནས། །གནོད་སྦྱིན་མགར་བ་ནག་པོ་བསང་། །ཟམ་བུ་ལུང་གི་སྒོ་སྲུང་བ། །གཙང་བཙན་རྡོ་རྗེ་ལེགས་པ་བསང་། །མཐའ་དབུས་གཙུག་ལག་བརྒྱ་རྩའི་བདག །དཀོར་སྲུང་རྡོ་རྗེ་ལེགས་པ་བསང་། །བོད་ཡུལ་གཏེར་ཁ་བརྒྱ་རྩའི་བདག །གཏེར་སྲུང་རྡོ་རྗེ་ལེགས་པ་བསང་། །རྟ་མགྲིན་ཐུགས་སྤྲུལ་དྲག་རྩལ་ཅན། །དམ་ཅན་སྐྱེས་བུ་ཆེན་པོ་བསང་། །སེང་ཆིབས་འཁོར་བཅས་ནམ་མཁར་རྒྱུ། །གནམ་ལྷ་སྐྱེས་བུ་ཆེན་པོ་བསང་། །འབྲུག་ཆིབས་འཁོར་བཅས་བར་སྣང་རྒྱུ། །ཝེར་མ་སྐྱེས་བུ་ཆེན་པོ་བསང་། །ར་ཆིབས་འཁོར་བཅས་ས་གཞིར་རྒྱུ། །ཆོས་སྐྱོང་སྐྱེས་བུ་ཆེན་པོ་བསང་། །བན་


CMR036_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བོན་ཡོངས་ཀྱི་སྲུང་མ་སྟེ། །བཀའ་སྲུང་སྐྱེས་བུ་ཆེན་པོ་བསང་། །སྐྱེ་བོ་ཡོངས་ཀྱི་དགྲ་བླ་མཛད། །དགྲ་བླ་སྐྱེས་བུ་ཆེན་པོ་བསང་། །དམག་དང་ཇག་གི་དཔུང་རོགས་མཛད། །དམག་དཔོན་སྐྱེས་བུ་ཆེན་པོ་བསང་། །ཚོང་དང་མགྲོན་གྱི་སྡོང་གྲོགས་མཛོད། །དམག་དཔོན་མགྲོན་དཔོན་ཆེན་པོ་བསང་། །སྐྱེས་བུའི་དགྱེས་སྡེ་ཆེན་པོ་བསང་། །ཀོང་བཙུན་དེ་མོ་འཁོར་བཅས་བསང་། །སྐྱེས་བུའི་སྤུན་ཟླ་འཁོར་གྱི་ཚོགས། །མཆེད་ཟླ་སུམ་བརྒྱ་དྲུག་ཅུ་བསང་། །སྐྱེས་བུའི་སྐྱེ་བ་སྔོན་གྱི་ཡབ། །དམ་ཅན་ཆོས་ཀྱི་རྒྱལ་པོ་བསང་། །སྐྱེས་བུའི་འཁོར་དང་སྡེ་རིགས་ཏེ། །དགྲ་བླ་ཝེར་མ་འཁོར་བཅས་བསང་། །སྐྱེས་བུ་ཤིན་ཏུ་མཉེས་པའི་རྫས། །ར་ཤ་ར་ཚིལ་གསུར་དུད་དང་།མ་ཉམས་ཆང་ཕུད་གཙང་མས་བྲན། །མཆོད་དོ་སྐྱེས་བུ་ཆེན་པོ་མཆོད། །འཁོར་བཅས་མཉེས་ཤིང་ཚིམས་གྱུར་ཅིག །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད། །ཁྱད་པར་སྐྱེས་བུ་ཆེན་པོ་དང་། །ཡུལ་འདིའི་གཞི་བདག་ཁྱེད་རྣམས་ཀྱིས། །ཡུལ་དུ་འདུག་ན་རྒྱབ་རྟེན་མཛོད། །བྱེས་སུ་འགྲོ་ན་ཁ་འཛིན་མཛོད། །དགྲ་རྐུན་གཅན་གཟན་མ་བཏང་


CMR036_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག །ཡམས་ནད་རིམས་ནད་ཞི་བར་མཛོད། །དུས་རྣམས་ཀུན་ཏུ་བསྲུང་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །ཅི་བསམ་འགྲུབ་པའི་ཁ།ཀརྨ་རཱ་ག་ཨ་སྱས་སོ། །སརྦ་མངྒ་ལཾ།། །།


previousདམ་ཅན་སྐྱེས་བུ་ཆེན་པོའི་བསང་མཆོད།next