Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་བསང་བསྡུས་པ་དང་རྟ་ལྷའི་བསང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་བསང་བསྡུས་པ་དང་རྟ་ལྷའི་བསང་།next

རྟ་བསང་བསྡུས་པ་དང་རྟ་ལྷའི་བསང་།


CMR036_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བསང་བསྡུས་པ་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། བཅོམ་ལྡན་ཤཱཀྱའི་རྒྱལ་པོ་དང་། །སེམས་དཔའ་ཅང་ཤེས་ཉི་མ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །རྔོག་ཆགས་འདི་རྣམས་བསྐྱབ་ཏུ་གསོལ། །དུད་འགྲོའི་ནང་ནས་ཐོབ་དཀའི་ལུས། །དུན་མིན་འཆི་བ་མེད་པར་མཛོད། །འཕགས་པ་རྟ་མགྲིན་རྒྱལ་པོ་ལ། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བསྲུང་བྱའི་རྟ་རྣམས་བསྲུང་དུ་གསོལ། །རྟ་བགེགས་གནོད་པ་ཚར་ཆོད་ཅིག །སྲིད་པའི་རྟ་ལྷ་རེ་མནྟ། །ཕྱག་འཚལ་བསང་དང་མཆོད་པ་འབུལ།ཁྱུ་རྔོག་ཆགས་རྟ་དྲེལ་འདི་རྣམས་ལ། །བྱིན་རླབས་སྲུང་སྐྱོབ་འཕེལ་རྒྱས་མཛོད།།དམ་ཅན་ཐུགས་དམ་དུས་ལ་བབ། །སྲིད་པའི་རྟ་རྫི་ཀུ་བེ་ར། །ཕྱག་འཚལ་བསང་དང་མཆོད་པ་འབུལ། །བསྲུང་བྱའི་རྟ་རྣམས་འཚོ་སྐྱོངས་མཛོད། །རལ་གྲི་བསམ་ཆོད་འབར་བ་ཡིས། །རྟ་ལ་གནོད་བྱེད་ཚར་ཆོད་ཅིག །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །རྟ་ལྷ་ཀུན་ལ་བསང་མཆོད་འབུལ། །རྟ་ལྷ་ཀུན་གྱི་བདེན་པའི་མཐུས། །རྟ་ཡི་གོད་ཁ་ཞི་གྱུར་ཅིག །ལས་མཁན་སྤུ་གྲི་མཆེད་གསུམ་པོ། །བཀའ་སྲུང་གཏེར་སྲུང་ཐམས་ཅད་


CMR036_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སྔོན་ཚེ་པདྨ་འབྱུང་གནས་ཀྱིས། །ལས་ཚོགས་བརྒྱད་ཀྱིས་དབང་བསྐུར་ལྟར། །དམ་ཚིག་དུས་བབ་རྟ་གོད་ཆོད། །དམ་ལ་མ་འདའ་ས་མ་ཡ། །ཅེས་རྟ་གོད་འགའ་བྱུང་། ཡུལ་ཕྱོགས་སུ་རྟ་ནད་གདུག་པ་ཅན་ཞིག་དར་འདུག་པས་རཱ་ག་ཨ་སྱས་སྦྱར་བའོ།། ༈ རྟ་ལྷའི་བསང་ནི། ཧཱུྃ། རྟ་ལྷའི་རྒྱལ་པོ་ཨཱརྱ་རེ་མ། །ཤེལ་རྨོག་བསེ་ཁྲབ་གསོལ་ཞིང་རྟ་སྔོན་ཆིབས། །རང་འདྲ་ལྔ་བརྒྱའི་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བསང་དང་གསུར་གྱི་མཆོད་པ་བཞེས། །རྐང་བཞིའི་རྟ་རྣམས་འཕེལ་ཞིང་རྒྱས་པར་མཛོད། །རྟ་ལྷ་ཁྱོད་རྣམས་བསང་བའི་ཡོན་ཏན་གྱིས། །རྟ་ནད་འཚེར་རྩུབ་བཟློག་པའི་ཕྲིན་ལས་མཛོད། །ཅེས་པ་ཀརྨ་ཨ་རཱ་གས་སྨྲས་སོ།།


previousརྟ་བསང་བསྡུས་པ་དང་རྟ་ལྷའི་བསང་།next