Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་ནོར་ལུག་ར་ཐང་ལྷ་བཅས་ཀྱི་བསང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་ནོར་ལུག་ར་ཐང་ལྷ་བཅས་ཀྱི་བསང་།next

རྟ་ནོར་ལུག་ར་ཐང་ལྷ་བཅས་ཀྱི་བསང་།


CMR036_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བསང་བཞུགས་སོ།། བསྲོ། མཐུ་ཆེན་དམག་དཔོན་ཆེན་པོ་ནི། །ཆིབས་སུ་གླང་བུ་མགོ་ལྔ་ཆིབས། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས། །ཁྱེད་ནི་རྟ་ཡི་ལྷ་ཡང་ཡིན། །རྟ་ཡི་བྱང་དག་དཀར་པོ་ཟུངས། །ཁྱོད་ལ་དྲི་ཞིམ་བསང་མཆོད་འབུལ། །དཔལ་རབ་འཆང་བའི་མགོན་པོ་ནི། །ཆིབས་སུ་སྔོན་པོ་རྔོག་ནག་ཆིབས། །འདོ་ཕྲུག་རྟ་ཡི་དམུ་དག་འཛིན། །ཁྱོད་ནི་རྟ་ཡི་ལྷ་ཡང་ཡིན། །ཁྱོད་ལ་བསང་དང་མཆོད་པ་འབུལ། །དམག་དཔོན་ལེགས་ལྡན་ནག་པོ་ཡི། །བདག་དང་ཡོན་བདག་རྟ་ལྷ་མཛོད་། །རྟ་ལ་བསྲུང་ཞིང་བསྐྱབ་ཏུ་གསོལ། །བྲག་ལྷ་མགོན་པོས་རྟ་ལྷ་མཛོད། །ཚོགས་བདག་མགོན་པོས་རྟ་ལྷ་མཛོད། །ཁྱེད་ལ་བསང་དང་མཆོད་པ་འབུལ། །བྱི་ནུ་ར་ཙས་རྟ་ལྷ་མཛོད། །དམུ་དག་དཀར་པོ་ཁྱོད་ཀྱིས་ཟུངས། །དཔལ་རབ་འཆང་བའི་མགོན་པོ་ནི། །ངང་སེར་ཉི་མའི་མདོག་འདྲ་ཆིབས། །དར་དཀར་བ་དན་ཀླད་ལ་གཡུག །རྟ་ལ་བསྲུང་ཞིང་བསྐྱབ་ཏུ་གསོལ། །མཐུ་ཆེན་མགོན་པོ་ལེགས་ལྡན་ནི། །རྟ་ནི་མཚལ་བུ་རྟིང་དཀར་ཆིབས། །ཕྱག་ན་ཙནྡན་བེང་ཆེན་ཕྱར། །ཁྱེད་ལ་བསང་དང་མཆོད་པ་


CMR036_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ། །རྟ་ལ་བསྲུང་ཞིང་བསྐྱབ་ཏུ་གསོལ། །མཐུ་ཆེན་བྲག་ལྷ་མགོན་པོ་ནི། །རྟ་ནི་མཚལ་བུ་རྟིང་དཀར་ཆིབས། །ཕྱག་ན་ཙནྡན་བེང་ཆེན་བསྣམས། །བ་དན་དཀར་པོ་ཀླད་ལ་གཡུགས། །ཁྱེད་ལ་བསང་དང་མཆོད་པ་འབུལ། །རྟ་ཡི་མགོན་དང་སྐྱབས་མཛོད་ཅིག །དཔལ་ལྡན་མགོན་པོ་རྣམ་ཐོས་སྲས། །ཆིབས་སུ་རྩལ་ཆེན་སེང་གེ་ཆིབས། བ་དན་དཀར་པོ་གནམ་ལ་གཡུགས། །ཁྱེད་ལ་བསང་དང་མཆོད་པ་འབུལ། །རྟ་རྣམས་རྟ་ལྷས་བསྲུང་དུ་གསོལ། །ཛཾ་སེར་ཡིད་བཞིན་ནོར་བུ་དང་། །ཛཾ་དམར་དབངགི་ལྷ་ཆེན་དང་། །ཁམས་གསུམ་དབང་སྡུད་ཛཾ་བྷ་ནག།ཕོ་ཉ་ནོར་ལྷ་མཆེད་བརྒྱད་དང་། །འཁོར་ཚོགས་བྱེ་བ་འབུམ་དང་བཅས། །དྲི་ཞིམ་སྤོས་ཀྱི་མཆོད་པ་འབུལ། །བདག་ལ་ནོར་གྱི་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་རྣལ་འབྱོར་རཱ་ག་ཨ་སྱས་སྦྱར་བའོ།། ཀྱཻ། རྟ་ལྷའི་རྒྱལ་པོ་ཨཅུ་རེ་མནྟ། །ཤེལ་རྨོག་བསེ་ཁྲབ་གསོལ་ཞིང་རྟ་སྔོན་ཆིབས། །རང་འདྲ་ལྔ་བརྒྱའི་འཁོར་དང་བཅས་པ་རྣམས། །འདིར་གཤེགས་བསང་དང་གསུར་གྱི་མཆོད་པ་བཞེས། །རྐང་བཞིའི་རྟ་རྣམས་འཕེལ་


CMR036_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་རྒྱས་པར་མཛོད། །རཱ་གས་སོ།།་༈ ནོར་ལྷའི་རྒྱལ་པོ་ཨརྱ་ཛཾ་བྷ་ལ། །རིགས་ལྔའི་ལྷ་མོ་ནོར་རྒྱུན་མཆེད་ལྔ་བཅས། །འདིར་གཤེགས་གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །བང་མཛོད་འབྲུ་དང་ནོར་གྱི་དངོས་གྲུབ་སྩོལ། །རཱ་གས་སོ།། ༈ ཀྱེ།་ལུག་ལྷའི་རྒྱལ་པོ་གནོད་སྦྱིན་གང་བ་བཟང་། །གསེར་མདོག་གསེར་ཁྲབ་རྨོག་ཞུ་རྟ་སྔོན་ཆིབས། །ཕྱག་ན་ཟད་མེད་གཏེར་གྱི་བུམ་པ་འཛིན། །འདིར་གཤེགས་གཡུ་ཤུག་བསང་གི་དུད་པས་བསང་། །དཀར་མོ་ལུག་རྣམས་འཕེལ་བའི་དངོས་གྲུབ་སྩོལ། །ཞེས་རཱ་གས་སོ། ༈ ཀྱཻ། ར་ཡི་རྒྱལ་པོ་གནོད་སྦྱིན་ཚེར་མོ་ནི། །སྐུ་མདོག་དཀར་པོ་དུང་གི་རྨོག་ཞུ་གསོལ། །ཕྱག་ན་རིན་ཆེན་གཡུ་ཡི་སྒྲོམ་བུ་འཛིན། །འདིར་གཤེགས་གཡུ་ཤུག་བསང་གི་དུད་པས་བསང་། །ཚེ་རེ་ར་ལྷ་རྣམས་ཀྱིས་གཡང་སྩོལ་ལ། །ར་ལྷ་སྟོང་དཔོན་ཆེན་པོས་དངོས་གྲུབ་སྩོལ། །ར་ཕྱུགས་འཕེལ་དར་རྒྱས་པའི་ཕྲིན་ལས་མཛོད། །ཅེས་རཱ་གས་སོ།། ༈ ཀྱཻ། སྔོན་ཚེ་རྒྱལ་བའི་ཞལ་མཐོང་རྫུ་འཕྲུལ་ཅན། །གངས་ཅན་སྲུང་མོ་ཐང་ལྷ་གཉན་པོ་ལ། །རྟག་ཏུ་གུས་པས་མཆོད་ཅིང་


CMR036_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ལགས་ན། སྲུང་སྐྱོབ་སྟོང་གྲོགས་ཡིད་བཞིན་འགྲུབ་པར་མཛོད། ཅེས་རྭ་གས་སོ།


previousརྟ་ནོར་ལུག་ར་ཐང་ལྷ་བཅས་ཀྱི་བསང་།next